ཞུ་ཆེན་གསུང་འབུམ།

དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་གཤིན་རྗེ་གཤེད་དམར་སྤྲོས་མེད་ཀྱི་བླ་མ་བརྒྱུད་པའི་གསོལ་འདེབས་ཀྱི་ཁ་སྐོང་ནི།

2020 ལོའི་ཟླ 11 ཚེས 21 ཉིན། སྟག་ལྗོངས་འཆི་མེད། 0

རིགས་གསུམ་རྣམ་འཕྲུལ་གསུམ་ལ་གསོལ་བ་འདེབས་ཞེས་པའི་རྗེས་སུ། །མཁྱེན་རབ་དབང་ཕྱུག་ནམ་མཁའ་དཔལ་བཟང་དང༌། །གསང་རྒྱུད་མངའ་བདག་ནམ་མཁའ་སངས་རྒྱས་དང༌། །འགྲོ་མགོན་མཚུངས་མེད་བསོད་ནམས་རྒྱ་མཚོ་སྟེ། །རྒྱལ་བའི་རྣམ་འཕྲུལ་གསུམ་ལ་གསོལ་བ་འདེབས། །ཆོས་སྨྲ་ཆེན་པོ་སངས་རྒྱས་དཔལ་བཟང་དང༌། །མཁས་གྲུབ་དེད་དཔོན་སངས་རྒྱས་ཕུན་ཚོགས་ཞབས། །རྒྱལ་བསྟན་སྨན་མཛད་ཀུན་དགའ་ཆོས་འཕེལ་ཏེ། །ཐུགས་རྗེའི་གཏེར་ཆེན་གསུམ་ལ་གསོལ་བ་འདེབས། །ཀུན་མཁྱེན་བསྟན་པའི་གསོས་སྨན་བཀྲ་ཤིས་བཟང༌། ། དེ་ལས་མང་་་

ཞུ་ཆེན་གསུང་འབུམ།

རྒྱུད་གསུམ་བླ་མ་བརྒྱུད་པའི་གསོལ་འདེབས་ཀྱི་ཁ་སྐོང་འཕྲོ་ནི།

2020 ལོའི་ཟླ 11 ཚེས 21 ཉིན། སྟག་ལྗོངས་འཆི་མེད། 0

ལྷུན་གྲུབ་བུདྡྷའི་མཚན་ཅན་ལ་གསོལ་བ་འདེབས་ཞེས་པའི་རྗེས་སུ། ཤེས་བཟང་ཚུལ་ཁྲིམས་«་་་་་དང་པོ་གསུམ་དང་དྲུག་པས་བུདྡྷའི་མཚན་ཅན་ལས་གསན། »དཔལ་བཟང་བསོད་ནམས་དཔལ། །«འདི་པས་གཉིས་པ་དང་གསུམ་པ་ལས་གསན།་་་་་»བསོད་ནམས་བཟང་དང་«འདི་པས་དང་པོ་ལས་གསན།་་་་་»བཀྲས་ལྷུན་ཚུལ་ཁྲིམས་ལྷུན། །ནམ་མཁའ་བསམ་འགྲུབ་«་་་་་འདི་པ་གཉིས་ཀས་གཉིས་པ་དང་གསུམ་པ་ལས་གསན། »དཔལ་ལྡན་«་་་་་འདི་པ་གཉིས་ཀས་གཉིས་པ་དང་གསུམ་པ་ལས་གསན། »ཆོས་སྐྱོང་ཞབས། །རིན་ཆེན་«་་་་་འདི་པས་དྲུག་པ་ལས་གསན། དེ་ལས་མང་་་

ཞུ་ཆེན་གསུང་འབུམ།

ག༽ ལམ་ཟབ་བླ་མ་མཆོད་པའི་བརྒྱུད་རིམ་ཁ་སྐོང་ནི།

2020 ལོའི་ཟླ 8 ཚེས 27 ཉིན། སྟག་ལྗོངས་འཆི་མེད། 0

ལམ་ཟབ་བླ་མ་མཆོད་པའི་བརྒྱུད་རིམ་ཁ་སྐོང་ནི། དཀོན་མཆོག་དཔལ་ལྡན་གྱི་རྗེས་སུ། །ཤེས་བྱ་ཀུན་གཟིགས་བྲང་ཏི་པཎྜི་ཏ། །རྒྱལ་བའི་དགོངས་པ་སྨྲ་མཁས་དཔལ་གྲུབ་པ། །རྡོ་རྗེ་འཆང་ཆེན་དཔལ་མཆོག་རྒྱལ་མཚན་ལ། །གུས་པས་ཕྱག་འཚལ་བརྩེ་བས་བྱིན་གྱིས་རློབས། །གསང་ཆེན་མཛོད་འཛིན་དམ་ཆོས་བསམ་འགྲུབ་དང༌། །སྙིགས་དུས་བསྟན་པའི་སྣང་བྱེད་བུདྡྷའི་མཚན། །ཐུགས་རྗེའི་གཏེར་ཆེན་བསོད་ནམས་དཔལ་ལྡན་ལ། །གུས་པས་ཕྱག་འཚལ་བརྩེ་བས་བྱིན་གྱིས་རློབས། །ཐམས་ཅད་«་་་་་ཡང་ན་ཐམས་ཅད་གཟིགས་པ་ཚུལ་ཁྲིམས་ལྷུན་ དེ་ལས་མང་་་

ཞུ་ཆེན་གསུང་འབུམ།

ཁ༽ རྡོ་རྗེ་འཇིགས་བྱེད་རྭ་ལུགས་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ་དངོས་གྲུབ་མི་ཟད་འདྲེན་པའི་ཤིང་རྟ།

2020 ལོའི་ཟླ 8 ཚེས 27 ཉིན། སྟག་ལྗོངས་འཆི་མེད། 0

རྡོ་རྗེ་འཇིགས་བྱེད་རྭ་ལུགས་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ་དངོས་གྲུབ་མི་ཟད་འདྲེན་པའི་ཤིང་རྟ་ཞེས་བྱ་བ་བཞུགས་སོ།། ༄༅། །སྭ་སྟི་བི་ཛ་ཡནྟུ། རྡོ་རྗེ་འཆང་དང་གཤིན་རྗེའི་གཤེད་སོགས་ནས་ཀུན་དགའ་བཟང་པོ་པཎྜི་ཏ། ཞེས་པའི་བར་ཕྲིན་ལས་ཆར་འབེབས་ནང་མཆོད་འབུལ་སྐབས་ལྟར་བརྗོད། དེ་ནས། ལེགས་འབྱུང་སངས་རྒྱས་རིན་ཆེན་དང༌། ས་སྐྱ་ལོ་ཙཱ་ལྷ་མཆོག་པ། །དཀོན་མཆོག་ལྷུན་གྲུབ་སངས་རྒྱས་སེང༌། །དཀོན་མཆོག་དཔལ་ལྡན་བྲང་ཏི་པ། །ཀུན་དགའ་བཀྲ་ཤིས་དཔལ་གྲུབ་མཚན། །ཤེར་ དེ་ལས་མང་་་

ཞུ་ཆེན་གསུང་འབུམ།

ཀ༽ རྣལ་འབྱོར་དབང་ཕྱུག་བི་རཱུ་པའི་སྲུང་བ་ཐུན་མོང་མ་ཡིན་པའི་བྱིན་རླབས་ཀྱི་བརྒྱུད་པའི་གསོལ་འདེབས།

2020 ལོའི་ཟླ 8 ཚེས 27 ཉིན། སྟག་ལྗོངས་འཆི་མེད། 0

རྡོ་རྗེ་འཆང་དང་གྲུབ་ཆེན་བི་རཱུ་པ། །ཀུན་དགའ་སྙིང་པོ་རྩེ་མོ་གྲགས་རྒྱལ་མཚན། །ས་སྐྱ་པཎ་ཆེན་ཚོགས་སྒོམ་ཉན་ཆེན་པར། །གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་སོལ། །བྲག་ཕུག་པ་དང་བསོད་ནམས་རྒྱལ་མཚན་ཞབས། །དཔལ་ལྡན་ཚུལ་ཁྲིམས་གྲུབ་ཆེན་བུདྡྷ་ཤྲཱི། །ངོར་ཆེན་ཀུན་དགའ་བཟང་པོ་སེམས་དཔའ་ཆེར། །གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་སོལ། །ཀུན་དགའ་དབང་ཕྱུག་ཡོངས་འཛིན་དཀོན་མཆོག་འཕེལ། །ལྷ་མཆོག་སེང་གེ་དཀོན་མཆོག་ལྷུན་གྲུབ་ཞབས། །སངས་རྒྱས་སེང་གེ་ནམ་མཁའ་དཔལ་བཟང་ལ། །གསོལ་བ་ དེ་ལས་མང་་་

ཞུ་ཆེན་གསུང་འབུམ།

༠༠༦ ༼ག༽རྣལ་འབྱོར་དབང་ཕྱུག་བི་རཱུ་པའི་རྟོགས་བརྗོད་ལས་འཕྲོས་པའི་བསྟོད་པ་ཨུཏྤ་ལའི་ཕྲེང་བ།

2020 ལོའི་ཟླ 8 ཚེས 27 ཉིན། སྟག་ལྗོངས་འཆི་མེད། 0

རྣལ་འབྱོར་དབང་ཕྱུག་བི་རཱུ་པའི་རྟོགས་བརྗོད་ལས་འཕྲོས་པའི་བསྟོད་པ་ཨུཏྤ་ལའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།། སྭ་སྟི་བི་ཛ་ཡནྟུ། རྒྱལ་བའི་དགོངས་དོན་སྨྲ་བའི་ཤིང་རྟ་ཆེར། །གྲགས་པའི་རོལ་མོ་ཕྱོགས་བྲལ་རྣ་བའི་དཔྱིད། །འཇིགས་བྲལ་བི་རཱུ་པ་ཡི་སྐུའི་ཆེ་བ། །ཅུང་ཟད་གླེང་བའི་རྒྱུད་མངས་འཁྲོལ་བར་བགྱི། །མངོན་མཐོའི་རྒྱལ་སྲིད་སྤངས་ནས་ནཱ་ལེནྡཱར། །གཞི་ཀུན་ཡོད་སྨྲའི་སྡེ་ལས་རབ་ཏུ་བྱུང༌། །གཞུང་ལུགས་རྒྱ་མཚོའི་མཐར་སོན་མཁས་པའི་མཆོག །མཁན་པོ་དཔལ་ལྡན་ཆོས་སྐྱོང་གྲགས་ལ་འདུད། །བཤད་ དེ་ལས་མང་་་

ཞུ་ཆེན་གསུང་འབུམ།

བཀའ་དྲིན་ཆེ་ལྡན་བླ་མའི་རྣལ་འབྱོར་ཉམས་སུ་བླང་ཚུལ་དངོས་གྲུབ་འདོད་པ་འཇོ་བ་ཞེས་བྱ་བ་བཞུགས་སོ།།

2020 ལོའི་ཟླ 5 ཚེས 24 ཉིན། སྟག་ལྗོངས་འཆི་མེད། 0

གང་ཞིག་དགྱེས་པའི་འཛུམ་ཟླས་རེག་པའི་འཕྲལ། །བསྐལ་པར་བསྒྲུབ་འོས་བྱང་ཆུབ་སྙིང་པོའི་མཛའ། །བརྟན་ལྡན་ཉིད་ཀྱང་ཚེ་གཅིག་འགྲུབ་ངེས་པའི། །སྐྱབས་གནས་ཀུན་འདུས་འཁོར་ལོའི་མགོན་པོས་སྐྱོངས། །རྣམ་འདྲེན་ཀུན་གྱི་ཡོན་ཏན་བཀོད་པའི་དཔལ། །ཇི་སྙེད་གང་སྐུར་རྫོགས་པའི་སྒྱུ་འཕྲུལ་གར། །འགྲོ་བ་སྨིན་མཛད་རྡོ་རྗེ་སློབ་དཔོན་མཆོག །གུས་པས་བསྙེན་འདི་རྒྱལ་ཀུན་བགྲོད་གཅིག་ལམ། །ཟབ་ལམ་རྣལ་འབྱོར་སྲོལ་ཆེན་མང་པོ་ལས། །རང་ཉིད་སྐུ་དྲིན་རྨད་བྱུང་བླ་མ་གཅིག །སྐྱབས་ཡུལ་ཀུན་འདུས་ཡིད་བཞིན་ནོར་ལྟར་བསྟེན།
དེ་ལས་མང་་་

ཞུ་ཆེན་གསུང་འབུམ།

གསུང་ངག་རིན་པོ་ཆེའི་ཟབ་མོ་བླ་མའི་རྣལ་འབྱོར་མཆོད་པའི་ཆོ་ག་དང་བཅས་པ་ཚོགས་གཉིས་ཆུ་གཏེར་རྫོགས་པའི་སྤྲིན་ཆེན་ཞེས་བྱ་བ་བཞུགས་སོ།།

2020 ལོའི་ཟླ 5 ཚེས 24 ཉིན། སྟག་ལྗོངས་འཆི་མེད། 0

གསུང་ངག་རིན་པོ་ཆེའི་ཟབ་མོ་བླ་མའི་རྣལ་འབྱོར་མཆོད་པའི་ཆོ་ག་དང་བཅས་པ་ཚོགས་གཉིས་ཆུ་གཏེར་རྫོགས་པའི་སྤྲིན་ཆེན་ཞེས་བྱ་བ་བཞུགས་སོ།། ཕྱོགས་བཅུའི་རྣམ་པ་ཐམས་ཅད་མཁྱེན་ཀུན་གྱི། །སྒྱུ་འཕྲུལ་ཚུལ་ཁྲིམས་བསླབ་ལྡན་རྣམ་རོལ་གྱིས། །སེམས་ཅན་རེ་སྐོང་གྱ་ནོམ་ཡོན་ཏན་དང༌། །ཕྲིན་ལས་ལྷུན་གྲུབ་བླ་མས་རྟག་ཏུ་སྐྱོངས། །ཐ་སྙད་གཙུག་ལག་ཉིན་མོར་བྱེད་པ་ནས། །སྨིན་གྲོལ་ཡིད་བཞིན་ནོར་བུ་མནོས་ཀྱི་བར། །དྲིན་ཆེན་སློབ་དཔོན་ཐམས་ཅད་རྒྱལ་བ་དང༌། །རྒྱལ་བའི་གདུང་འཚོབ་ངེས་པའི་ དེ་ལས་མང་་་

ཞུ་ཆེན་གསུང་འབུམ།

ནཱ་རོ་མཁའ་སྤྱོད་སྐབས་ཀྱི་ཚོགས་བསགས་བླ་མའི་རྣལ་འབྱོར་གྱི་ངག་འདོན་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།། 

2020 ལོའི་ཟླ 5 ཚེས 24 ཉིན། སྟག་ལྗོངས་འཆི་མེད། 0

གང་ལ་བརྟེན་ནས་མཐོང་ཆོས་ས་བོན་ནས། །སྐུ་བཞིའི་སྙེ་མ་གཡུར་དུ་ཟ་བའི་བར། །ཅི་འདོད་ལག་རྩེར་སྦྱིན་མཆོག་རྡོ་རྗེ་ཡི། །སློབ་དཔོན་རྟག་ཏུ་བསྙེན་པའི་རྣལ་འབྱོར་འདྲི། །འདིར་ནཱ་རོ་མཁའ་སྤྱོད་སྐབས་ཀྱི་ཚོགས་བསགས་བླ་མའི་རྣལ་འབྱོར་གྱི་ངག་འདོན་ཚིགས་སུ་བཅད་པར་བསྡེབས་པ་ལ། ཟུར་དུ་ཉམས་སུ་ལེན་ན་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང༌། སྒྲུབ་ཐབས་དང་འབྲེལ་བའི་ཚེ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ཀྱི་རྗེས་ཐོགས་སུ། མདུན་གྱི་ནམ་མཁར་རིན་ཆེན་སེང་གེའི་ཁྲི། །སྣ་ཚོགས་པདྨ་ དེ་ལས་མང་་་

ཞུ་ཆེན་གསུང་འབུམ།

ནཱ་རོ་མཁའ་སྤྱོད་མའི་བླ་མའི་རྣལ་འབྱོར་གྱི་ངག་འདོན་རིན་ཆེན་མགུལ་རྒྱན་ཞེས་བྱ་བ་བཞུགས།། 

2020 ལོའི་ཟླ 5 ཚེས 24 ཉིན། སྟག་ལྗོངས་འཆི་མེད། 0

ནཱ་རོ་མཁའ་སྤྱོད་མའི་བླ་མའི་རྣལ་འབྱོར་གྱི་ངག་འདོན་རིན་ཆེན་མགུལ་རྒྱན་ཞེས་བྱ་བ་བཞུགས།། ༄༅། །བླ་མ་མཆོག་དང་དབྱེར་མེད་པའི། །མཁའ་སྤྱོད་དབང་མོ་ལ་བཏུད་དེ། །ཆེས་ཟབ་བླ་མའི་རྣལ་འབྱོར་གྱི། །ངག་འདོན་རིན་ཆེན་མགུལ་རྒྱན་འདྲི། །དེའང་ཚོགས་བསགས་ཀྱི་ཡུལ་ཐུན་མོང་བ་དཔའ་བོ་རྡོ་རྗེ་ཆོས་ཀྱི་རྣམ་པ་ཅན་དུ་བསྐྱེད་པ་ནི་སྒྲུབ་ཐབས་ཉིད་དུ་གསལ་ལ། འདིར་ཐུན་མོང་མ་ཡིན་པ་ཁྲིད་ཡིག་ནས་བསྟན་པ་ལྟར་ཉམས་སུ་བླང་བའི་ཚུལ་གྱི་ངག་འདོན་ནི། མདུན་གྱི་ནམ་ དེ་ལས་མང་་་

ཞུ་ཆེན་གསུང་འབུམ།

ཀུན་བཟང་བླ་མའི་རྣལ་འབྱོར་བྱིན་རླབས་བདུད་རྩི་འབྱུང་བའི་ཟླ་བ།

2020 ལོའི་ཟླ 5 ཚེས 24 ཉིན། སྟག་ལྗོངས་འཆི་མེད། 0

ཀུན་བཟང་བླ་མའི་རྣལ་འབྱོར་བྱིན་རླབས་བདུད་རྩི་འབྱུང་བའི་ཟླ་བ་ཞེས་བྱ་བ་བཞུགས།། རྒྱལ་བའི་རྒྱལ་ཚབ་ཆེན་པོ་རྗེ་བཙུན་ཀུན་དགའ་བཟང་པོའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །འདིར་གང་ཟག་དད་པ་དང་ལྡན་ཞིང་རང་གཞན་ཐམས་ཅད་ལེགས་པའི་ལམ་དུ་འགོད་པར་འདོད་པ་དག་གིས། རྒྱལ་བས་ལུང་བསྟན་པའི་རྒྱལ་ཚབ་ཆེན་པོ་རྗེ་བཙུན་ཀུན་དགའ་བཟང་པོའི་བླ་མའི་རྣལ་འབྱོར་ཐུན་མོང་གི་འགྲོ་བའི་སྣང་ཚུལ་དང་མཐུན་པར་ཉམས་སུ་ལེན་པའི་ཚུལ་ནི། སྔོན་འགྲོ་དངོས་གཞི་རྗེས་གསུམ་ དེ་ལས་མང་་་

ཞུ་ཆེན་གསུང་འབུམ།

གྲུབ་བརྙེས་བརྒྱད་ཅུ་རྩ་བཞི་ལ་ཡན་ལག་བདུན་པ་འབུལ་བ་ཚོགས་ཟུང་རྒྱ་མཚོ་འཕེལ་བའི་ཟླ་འོད།

2020 ལོའི་ཟླ 5 ཚེས 24 ཉིན། སྟག་ལྗོངས་འཆི་མེད། 0

འཛམ་«་་་་་ཁྱད་འཕགས་ཕུལ་དུ་བྱུང་བ། »བུ་རྐང་འཐུང་གིས་མཚན་པའི། །གླིང་གི་དམ་པར་ཀུན་མཁྱེན་ཆོས། །སྣང་བྱས་རྣམས་ཀྱི་བཀའ་དྲིན་མཐའ། །ཁྱབ་འཇུག་གནས་ཀྱིས་གཞལ་དུ་ཅི། །ཆོས་«་་་་་ཡན་ལག་གསུམ་པའི་གཟུགས་ཅན། »འདུལ་ཁྲིམས་ཀྱི་རྩ་བ་བརྟན། །གཞན་ཕན་སྤྱོད་པའི་ཡལ་འདབ་རྫོགས། །རིམ་གཉིས་ཟུང་འཇུག་འབྲས་བུས་དུད། །དངོས་གྲུབ་ལེགས་བརྙེས་གང་དག་བྱོན། །བཟོ་«་་་་་མ་བསྡུས་པའི་གཟུགས་ཅན། »དང་གསོ་བའི་གོམ་སྟབས་བདེ། །སྒྲ་ཚད་རིག་པའི་མཆེ་བ་རྣོ། །མདོ་རྒྱུད་གདམས་པའི་ཁུར་ཆེན་འདེགས། །རིག་སྨྲའི་ཁྱུ་ དེ་ལས་མང་་་

ཞུ་ཆེན་གསུང་འབུམ།

སངས་རྒྱས་ཀྱི་རྟོགས་པ་བརྗོད་པའི་ཚིགས་སུ་བཅད་པ་རིན་ཆེན་དོན་འདུས།

2020 ལོའི་ཟླ 5 ཚེས 24 ཉིན། སྟག་ལྗོངས་འཆི་མེད། 0

བསམ་གྱིས་མི་ཁྱབ་ཕྲིན་ལས་འདབ་མ་ཡངས་ཕྱེ་བ། །སྟོན་མཆོག་རྒྱལ་བའི་མྱ་ངན་མེད་པ་གཙུག་ན་མཆོད། །ཚངས་པའི་བུ་མོ་དར་བབ་མགྲིན་པ་ལོངས་སྤྱོད་ཀྱི། །འཁོར་ལོ་ལ་དགྱེས་བག་མར་ཁུགས་པའི་དགའ་སྟོན་དུ། །སངས་རྒྱས་རྟོགས་བརྗོད་སྙན་དངགས་གླུ་རུ་འཇོ་བ་ལ། །དགེ་དབང་ཡབ་སྲས་མཁས་པའི་ཟླ་འོད་སྲིད་ན་དཀར། །དེ་ཡི་ཚིག་དོན་ཟབ་བརླིང་ཡོངས་འདུའི་འཁྲི་ཤིང་གི །ཡལ་འདབ་ཇི་སྙེད་འཁྲུངས་པར་གྱུར་པའི་གྲངས་དེ་སྙེད། །ཚིགས་བཅད་མེ་ཏོག་གསར་དུ་འཛུམ་པ་གུས་སྦྱོར་གྱི། །སྲད་ དེ་ལས་མང་་་

ཞུ་ཆེན་གསུང་འབུམ།

དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ཞེས་བྱ་བ་ལས་གླེགས་བམ་གཉིས་པའི་ནང༌།

2020 ལོའི་ཟླ 5 ཚེས 24 ཉིན། སྟག་ལྗོངས་འཆི་མེད། 0

ཤིན་ཏུ་ཡོངས་སུ་དག་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་མདོ་སྡེ་མང་པོར་ལན་གཅིག་མ་ཡིན་པར་བཀའ་སྩལ་པ་ལྟར། ཆོས་ཀྱི་རྣམ་གྲངས་རེ་རེ་ཙམ་ཐོས་པར་གྱུར་ནའང༌། བསོད་ནམས་ཀྱི་ཕུང་པོའི་ཚད་ནི་ནམ་ཡང་མུར་ཐུག་པ་མ་མཆིས་སོ་སྙམ་ནས་ཡིད་ཀྱི་དབང་པོ་དེར་ཕྲོགས་པར་བརྟེན། ཡང་དག་པའི་དགེ་བའི་བཤེས་ཀྱི་ཞབས་ཟུང་གི་ཆུ་སྐྱེས་དག་སྤྱི་བོས་བསྟེན་ཅིང་གུས་པས་མཉན་པ་ལ། བཀའ་དང་པོ་བདེན་བཞིའི་ཆོས་འཁོར་ལས་བྱུང་བ་འདུལ་བ་ལུང༌། བར་པ་ དེ་ལས་མང་་་

ཞུ་ཆེན་གསུང་འབུམ།

དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ཞེས་བྱ་བ་ལས་གླེགས་བམ་གཉིས་པའི་ནང༌།

2020 ལོའི་ཟླ 5 ཚེས 24 ཉིན། སྟག་ལྗོངས་འཆི་མེད། 0

ཀུན་མཁྱེན་ཉི་མའི་གཉེན་གྱི་ལུང་རྟོགས་ཆོས་ཀྱི་སྣང་བྱེད་ཆེན་པོ། ངོར་ཆེན་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱི་བཀའ་འབུམ་གྱི་ལུང་ཐོས་པའི་ཆོས་ཀྱི་རྣམ་གྲངས་ལ། འདྲེན་མཆོག་ཆོས་ཀྱི་རྒྱལ་པོ་ལ་བསྟོད་པ་སྒྲ་རྒྱན་མེ་ཏོག་དཀར་པོའི་ཕྲེང་བ། ཡང་དེ་ལ་བསྟོད་པ་དངོས་གྲུབ་ཀུན་འབྱུང༌། དེ་ལ་གསོལ་བ་འདེབས་པ་བླ་མ་རྒྱང་འབོད། མུས་ཆེན་སངས་རྒྱས་རིན་ཆེན་ལ་བསྟོད་པ་དད་པའི་ཕོ་ཉ། དེ་ལ་གསོལ་བ་འདེབས་པ་བླ་མ་རྒྱང་འབོད། གློ་བོ་མཁན་ཆེན་བསོད་ དེ་ལས་མང་་་

1 2 3 4