དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ཞེས་བྱ་བ་ལས་གླེགས་བམ་གཉིས་པའི་ནང༌།

   ཀུན་མཁྱེན་ཉི་མའི་གཉེན་གྱི་ལུང་རྟོགས་ཆོས་ཀྱི་སྣང་བྱེད་ཆེན་པོ། ངོར་ཆེན་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱི་བཀའ་འབུམ་གྱི་ལུང་ཐོས་པའི་ཆོས་ཀྱི་རྣམ་གྲངས་ལ། འདྲེན་མཆོག་ཆོས་ཀྱི་རྒྱལ་པོ་ལ་བསྟོད་པ་སྒྲ་རྒྱན་མེ་ཏོག་དཀར་པོའི་ཕྲེང་བ། ཡང་དེ་ལ་བསྟོད་པ་དངོས་གྲུབ་ཀུན་འབྱུང༌། དེ་ལ་གསོལ་བ་འདེབས་པ་བླ་མ་རྒྱང་འབོད། མུས་ཆེན་སངས་རྒྱས་རིན་ཆེན་ལ་བསྟོད་པ་དད་པའི་ཕོ་ཉ། དེ་ལ་གསོལ་བ་འདེབས་པ་བླ་མ་རྒྱང་འབོད། གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ་ལ་བསྟོད་པ་ངོ་མཚར་མེ་ཏོག་གི་ཕྲེང་བ། དཔལ་ས་སྐྱ་ལོ་ཙཱ་བ་ལ་བསྟོད་པ་དད་པའི་སྙེ་མ། དེ་ལ་གསོལ་བ་འདེབས་པ་བླ་མ་རྒྱང་འབོད། རྩ་བའི་བླ་མ་ངོར་མུས་ས་གསུམ་ལ་གདུང་དབྱངས་ཀྱི་སྒོ་ནས་གསོལ་བ་འདེབས་པ་སྙིང་གི་ཐིག་ལེ། ཡང་དེ་གསུམ་ལ་གདུང་དབྱངས་ཀྱི་སྒོ་ནས་གསོལ་བ་འདེབས་པ་དད་པའི་གསལ་འདེབས། མཁན་ཆེན་ཐམས་ཅད་མཁྱེན་པ་ལ་ཕུལ་བའི་ཞུ་ཡིག བདག་ཆེན་འཇམ་པའི་དབྱངས་ལ་ཕུལ་བའི་ཞུ་ཡིག ཡུལ་ཁྱད་པར་ཅན་ལ་མཆོད་བརྗོད་ཀྱི་ཚིག་ངག་གི་འདོད་འཇོ། ཕུད་མཆོད་དགོས་འདོད་ཀུན་འབྱུང༌། རྣལ་འབྱོར་དབང་ཕྱུག་གི་སྐུ་ཡི་རྣམ་འགྱུར་དྲུག་ལ་ནང་གི་རྣམ་དག་དང་མཐུན་པར་བསྟོད་པ། རྗེ་རྡོ་རྗེ་འཆང་ལ་སྙན་ངག་འཁོར་ལོའི་སྒོ་ནས་བསྟོད་པ་བདུད་རྩིའི་འོད་ཅན། རི་ཁྲོད་པ་ཀུན་དགའ་མཆོག་ལྡན་ལ་བསྟོད་པ་བྱིན་རླབས་མྱུར་འཇུག རྗེ་ལྷ་མཆོག་སེངྒེ་ལ་བསྟོད་པ་མཚན་རིན་པོ་ཆེའི་ཕྲེང་བ། མཁས་པ་ལྷ་དབང་བློ་གྲོས་ལ་བསྟོད་པ་རིན་པོ་ཆེའི་མགུལ་རྒྱན། དཔལ་ས་སྐྱ་པའི་ཡབ་ཆོས་རྒྱུད་གསུམ་མན་ངག་དང་བཅས་པའི་བླ་མ་བརྒྱུད་པའི་གསོལ་འདེབས་བྱིན་རླབས་མྱུར་དུ་འཇུག་པའི་ཕོ་ཉ།དེའི་ཁ་སྐོང་ཤླཽ་ཀ་གཅིག ལམ་ཟབ་བརྒྱུད་འདེབས་ཀྱི་ཁ་སྐོང༌། འཁོར་ལོ་བདེ་མཆོག་གི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ་བྱིན་རླབས་ཆར་འབེབས།ཤིན་ཏུ་སྤྲོས་མེད་ཀྱི་བརྒྱུད་འདེབས་འོད་གསལ་སྙེ་མ། ཚེ་དཔག་མེད་ཀྱི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ། མགོན་པོའི་ཆོས་སྐོར་གྱི་བརྒྱུད་འདེབས་ཕྲིན་ལས་མྱུར་འགྲུབ། བྱམས་པའི་རྣམ་ཐར་བསྟོད་པ་བྱམས་ཆོས་ཀྱི་ལམ་རིམ་གྱི་སྒོ་ནས་གསོལ་བ་འདེབས་པ་མི་ཕམ་དགོངས་རྒྱན། འཇམ་པའི་དབྱངས་ལ་བསྟོད་པ་ཡོན་ཏན་མེ་ཏོག་གི་ཕུར་མ། དབྱངས་ཅན་མ་ལ་བསྟོད་པ་དོན་རྒྱན་རྣམ་པར་བཀོད་པའི་ཕྲེང་བ། སྒྲོལ་མ་དཀར་མོ་ལ་བསྟོད་པ་འཆི་མེད་རྡོ་རྗེའི་གླུ་དབྱངས། གཉན་སྒྲོལ་དང་འབྱུང་འདུལ་ལ་བསྟོད་པ་ཤླཽ་ཀ་རེ། རྗེ་རང་ལ་བསྟོད་པ་ཆེ་ཆུང་གསུམ། དགེ་སྦྱོང་གི་ཆོས་བཞི་བསྒྲུབ་པའི་དམ་བཅའ་སྨོན་ལམ་དུ་བྱས་པ། རང་ལ་བསྐུལ་བ་ཐེག་ཆེན་ལམ་གྱི་གསལ་འདེབས། རང་ལ་གདམས་པ་གཅེས་པ་དྲུག་ལྡན། སྡོམ་གསུམ་འགལ་མེད་དུ་ཉམས་སུ་ལེན་ཚུལ་སྟོན་པ་གདམས་པ་སྒོ་དྲུག ས་སྐྱ་པའི་གདུང་རབས་ཡ་རབས་ཀྱི་ཁ་རྒྱན། ཧོར་གྱི་རྒྱལ་རབས་འཕྲོས་ཅུང་ཟད་དང་བཅས་པ། སངས་རྒྱས་ཀྱི་བསྟན་རྩིས་ཉུང་ངུ་རབ་གསལ། དུས་འཁོར་ལུགས་ཀྱི་བསྟན་རྩིས་མཁས་པའི་ཁ་རྒྱན། འདྲེན་མཆོག་ཆོས་ཀྱི་རྒྱལ་པོའི་རྣམ་ཐར་ངོ་མཚར་ཉིན་བྱེད་སྣང་བ། ས་ལོ་ཙཱ་བ་ཆེན་པོའི་རྣམ་ཐར་འཇམ་པའི་དབྱངས་ཀྱི་ཡོན་ཏན་རྣམ་པར་བཀོད་པ། དམ་པའི་ཆོས་གསན་པའི་ཡི་གེ་ཐུབ་བསྟན་རྒྱས་པའི་ཉིན་བྱེད། ལམ་ཟབ་མོ་བླ་མའི་རྣལ་འབྱོར་གྱི་ཉམས་ལེན་གསང་བའི་ཉེ་ལམ་ཚར་གསུམ་ཁུག་པ། གསུང་ངག་རིན་པོ་ཆེའི་དམིགས་རིམ་དང་མཐུན་པའི་གསོལ་འདེབས་ཟབ་དོན་སྙིང་པོ། གསུང་ངག་རིན་པོ་ཆེའི་ལམ་ཁྱེར་གྱི་སྨོན་ལམ་བདུད་རྩིའི་ཐིགས་པ། མན་ངག་གི་བརྡ་འགྲོལ་ཟབ་དོན་སྣང་བ། གཞུང་ཇི་ལྟ་བ་བཞིན་བཀྲི་བའི་གཞུང་ཤིང་ལས་འཕྲོས་པའི་དྲི་བ་ཚིགས་བཅད་མ། ཚུལ་དང་པོ་གསུམ་གྱི་དོན་ཉུང་ངུའི་ངག་གིས་སྟོན་པ་ཚུལ་གསུམ་གསལ་བར་བྱེད་པའི་རྒྱན། རྒྱུད་ཀྱི་མངོན་པར་རྟོགས་པའི་དོན་ཉུང་ངུའི་ངག་གིས་སྟོན་པ་ལྗོན་ཤིང་མཛེས་པར་བྱེད་པའི་རྒྱན། མངོན་རྟོགས་ལྗོན་ཤིང་གི་གསལ་བྱེད། ལེགས་པར་བཤད་པ་གོང་མའི་དགོངས་རྒྱན། བདག་མེད་མའི་བསྟོད་པའི་བསྡུས་དོན། རྡོ་རྗེའི་ཚིག་རྐང་གི་བསྡུས་དོན་ཚང་བདེ་ཉུང་གསལ། གསུང་ངག་གི་སྔོན་འགྲོའི་ཉམས་ལེན་སྣང་གསུམ་མཛེས་པར་བྱེད་པའི་རྒྱན། ལམ་གྱི་དངོས་གཞིའི་ཁྲིད་ཡིག་རྒྱུད་གསུམ་མཛེས་པར་བྱེད་པའི་རྒྱན། དབང་གི་སྔོན་འགྲོའི་སེམས་བསྐྱེད། སློབ་མ་རྗེས་གཟུང་གི་ཆོ་ག ཀྱེ་རྡོ་རྗེའི་དབང་བཤད་ལུང་དང་མན་ངག་གི་གཏེར་མཛོད། ཀྱེ་རྡོ་རྗེའི་དབང་གི་མཚམས་སྦྱོར་ལུང་དང་མན་ངག་གི་སྙིང་པོ་བསྡུས་པ།ས་ཆོག་མདོར་བསྡུས། དབང་གི་ཆུ་བོ་ཆེན་པོ་མཛེས་པར་བྱེད་པའི་རྒྱན། རྡུལ་ཚོན་ཆུ་བོར་སྤྱན་འདྲེན་པའི་ཆོ་ག དཔལ་ཀྱེ་རྡོ་རྗེའི་སྒྲུབ་ཐབས་བསྙེན་སྒྲུབ་ཡན་ལག་བཞི་ལྡན། དེའི་མངོན་རྟོགས་ཡན་ལག་དྲུག་པའི་མཛེས་རྒྱན། ལམ་དུས་ཀྱི་དབང་རྒྱས་འབྲིང་བསྡུས་གསུམ་གྱི་ངག་འདོན་ལུས་དཀྱིལ་མཛེས་རྒྱན། སྦྱིན་སྲེག་གི་ཆོ་ག་ལག་ལེན་གསལ་བའི་མེ་ལོང༌། དེ་ལ་ལྟོས་པའི་རྒྱས་པའི་སྦྱིན་སྲེག་གི་ཐོ་ཡིག བདག་མེད་མའི་སྒྲུབ་དཀྱིལ་གྱི་ཐོ་ཡིག འགྲེལ་པ་ལུགས་ཀྱི་ཀྱེ་རྡོ་རྗེའི་སྒྲུབ་དཀྱིལ་ཌོམྦི་མཛེས་རྒྱན། པདྨ་ལུགས་ཀྱི་ཀྱེ་རྡོ་རྗེའི་སྒྲུབ་དཀྱིལ་མཚོ་སྐྱེས་མཛེས་རྒྱན། ནག་པོ་ལུགས་ཀྱི་སྐུ་གསུང་ཐུགས་སྙིང་པོ་ཀྱེ་རྡོ་རྗེའི་སྒྲུབ་དཀྱིལ་ནག་པོ་མཛེས་རྒྱན། ཡི་དམ་ཆོས་སྐྱོང་གི་གཏོར་ཆོག་མཛེས་རྒྱན། མགོན་པོའི་བསྙེན་པ་བྱེད་ཚུལ་རྡོ་རྗེ་གུར་གྱི་སྒྲུབ་དཀྱིལ་གྱི་གསལ་བྱེད་རབ་གསལ་སྣང་བ། སམྤུ་ཊ་རྡོ་རྗེ་དབྱིངས་ཀྱི་སྒྲུབ་དཀྱིལ་གྱི་གསལ་བྱེད་ཉུང་ངུ་རབ་གསལ། བདེ་མཆོག་ལོ་ནག་གཉིས་ཀྱི་དཀྱིལ་ཆོག་གསལ་བྱེད་ཁྱད་པར་བཞི་ལྡན། ནཱ་རོ་མཁའ་སྤྱོད་ཀྱི་རྣལ་འབྱོར་བཅུ་གཅིག་ཉམས་སུ་ལེན་ཚུལ། འདི་མཆོག་བཅུ་གསུམ་མའི་སྒྲུབ་ཐབས་གཙུག་གི་ནོར་བུའི་རྒྱན། དེའི་དཀྱིལ་འཁོར་གྱི་ཆོ་ག་རིན་ཆེན་སྒྲོན་མེ། བདེ་མཆོག་དཔའ་བོ་དྲུག་དང་དཔའ་མོ་དྲུག་གི་སྒྲུབ་ཐབས་བྱིན་རླབས་ཀྱི་ཆོ་ག་དང་བཅས་པ་རེ། རྡོ་རྗེ་ལྷ་མོའི་བཟླས་བསྒོམ་ལ་བརྟེན་ནས་འཆི་མེད་སྒྲུབ་པའི་མན་ངག གསང་འདུས་འཕགས་ལུགས་ཀྱི་སྒྲུབ་དཀྱིལ་གྱི་གསལ་བྱེད་མཁས་པའི་ཡིད་འཕྲོག གཤིན་རྗེའི་གཤེད་དམར་པོའི་སྒྲུབ་དཀྱིལ་གྱི་གསལ་བྱེད་འཆི་མེད་བདུད་རྩིའི་སྙིང་པོ། དེའི་སྦྱིན་སྲེག་གི་ཆོ་ག་བཀླག་པས་དོན་གྲུབ། དཀྱིལ་འཁོར་གྱི་བཀྲ་ཤིས།འཇིགས་བྱེད་སྐྱ་ལུགས་ཀྱི་ཁྲིད་ཡིག་གསུང་སྒྲོས་མ། འཇིགས་བྱེད་རྭ་ལུགས་ཀྱི་སྒྲུབ་ཐབས་བདུད་འཇོམས་སྣང་བ། དེའི་དཀྱིལ་འཁོར་གྱི་ཆོ་ག་རབ་གསལ་སྣང་བ། དེའི་སྒྲུབ་ཐབས་དང་གཏོར་ཆོག་གི་གསལ་བྱེད་བསྙེན་སྒྲུབ་རྣམ་རོལ། རྭ་ལུགས་ལྷ་བཅུ་གསུམ་མའི་སྒྲུབ་དཀྱིལ་གྱི་ཐོ་ཡིག་ཉིན་བྱེད་སྣང་བ། འཇིགས་བྱེད་ཀྱི་སྦྱིན་སྲེག ལས་གཤིན་ལྷ་བཅུ་གསུམ་མའི་གཏོར་ཆོག་རྗེས་གནང་གི་ཆོ་ག་དང་བཅས་པ། ཀུན་རིག་དབང་གི་མཚམས་སྦྱོར་བློ་གསལ་ཀུན་དགའ། ཀུན་རིག་གི་སྦྱིན་སྲེག་རོ་སྲེག་སཱཙྪ་རབ་གནས་ཀྱི་ཆོ་ག་དང་བཅས་པ། བྱ་སྤྱོད་ཀྱི་ཐིག་ཚོན་བྱིན་རླབས། ཚེ་དཔག་མེད་ལྷ་དགུའི་དཀྱིལ་ཆོག་འཆི་མེད་གྲུབ་པའི་ལམ་བཟང༌། མི་འཁྲུགས་པའི་དཀྱིལ་ཆོག་ལས་སྒྲིབ་རྣམ་སྦྱོང༌། དེའི་སྦྱིན་སྲེག བུམ་གཏེར་གཞུག་ཚུལ། ཌོམྤི་པའི་ཉིན་སྲུང་མཚན་སྲུང་གི་བྱིན་རླབས་ཀྱི་ཐོ། ཀུ་རུ་ཀུལླེའི་སྒྲུབ་ཐབས། དེའི་རྗེས་གནང་བྱེད་ཚུལ། དེའི་སྦྱིན་སྲེག་གི་ཆོ་ག འདོད་རྒྱལ་གྱི་སྒྲུབ་ཐབས། དེའི་རྗེས་གནང་གི་ཡིག་རྙིང་ལ་མཆན་བུ་བཏབ་པ། ཚོགས་བདག་གི་སྒྲུབ་ཐབས། དེའི་རྗེས་གནང་གི་ཆོ་ག ཐུགས་རྗེ་ཆེན་པོ་དང་ཕྱག་རྒྱ་ཆེན་པོ་ཟུང་འཇུག་ཏུ་ཉམས་སུ་ལེན་ཚུལ།སྒྲུབ་ཐབས་བརྒྱ་རྩའི་ཐོ་ཡིག་མུན་སེལ་སྒྲོན་མེ། གཙུག་ཏོར་རྣམ་རྒྱལ་གྱི་སྒྲུབ་ཐབས་སྟོང་མཆོད་རྗེས་གནང་གི་ཆོ་ག་དང་བཅས་པ། རྡོ་རྗེ་རྣམ་འཇོམས་ཀྱི་བུམ་ཆོག་རྗེས་གནང་གི་ཆོ་ག་དང་བཅས་པ། ཚེ་དཔག་མེད་དཀར་པོའི་མངོན་རྟོགས་རྗེས་གནང་གི་ཆོ་ག་དང་བཅས་པ། བཅུ་གཅིག་ཞལ་གྱི་སྒྲུབ་ཐབས་རྗེས་གནང་གི་ཆོ་ག་དང་བཅས་པ། སེངྒེ་སྒྲའི་སྒྲུབ་ཐབས་རྗེས་གནང་གི་ཆོ་ག་དང་བཅས་པ། སྒྲོལ་དཀར་གྱི་སྒྲུབ་ཐབས། དེའི་རྗེས་གནང་གི་ཆོ་ག གཉན་སྒྲོལ་གྱི་སྒྲུབ་ཐབས། དེའི་རྗེས་གནང་གི་ཆོ་ག འབྱུང་འདུལ་གྱི་སྒྲུབ་ཐབས། དེའི་རྗེས་གནང་གི་ཆོ་ག ཨུ་ཙཱརྻའི་སྒྲུབ་ཐབས། དེའི་རྗེས་གནང་གི་ཆོ་ག ཛམ་སེར་ནག་གི་མངོན་རྟོགས་རྗེས་གནང་གི་ཆོ་ག་དང་བཅས་པ་རེ། མི་གཡོ་བ་དཀར་སྔོན་གྱི་མངོན་རྟོགས་རྗེས་གནང་གི་ཆོ་ག་དང་བཅས་པ་རེ། སོ་འབྲང་གི་སྒྲུབ་ཐབས། འཆི་མེད་རང་གཟུངས་ཞེས་བྱ་བ་ལུས་བསྲུང་བའི་མན་ངག་གི་སྒོམ་བཟླས། ཡེ་ཤེས་མགོན་པོ་ཕྱག་བཞི་པའི་སྒོ་ནས་འཆི་མེད་སྒྲུབ་པའི་གདམས་ངག ཀླུ་སྒྲུབ་ལུགས་ཀྱི་ཕྱག་བཞི་པའི་མངོན་རྟོགས། ཕྱག་བཞི་པ་ལྷ་མང་གི་རྗེས་གནང་གི་ཆོ་ག རྣམ་སྲས་ཀྱི་གཏོར་ཆོག དེའི་རྗེས་གནང་གི་ཆོ་གཡོངས་རྫོགས་དགེ་བསྙེན་གྱི་བསླབ་བྱ། ཡས་གཏམ་རིན་པོ་ཆེའི་ཕྲེང་བ། བསྔོ་བའི་བསྟན་བཅོས་རིན་པོ་ཆེའི་མེ་ཏོག མཁས་པ་བློ་གྲོས་བཟང་པོ། བསམ་ཡས་ལྷ་བཙུན་པ། ཀུན་མཁྱེན་ཤེས་རབ་འོད་ཟེར། ཞུ་སྟོན་བཀྲ་ཤིས་རྒྱ་མཚོ། གནས་འཇི་ཆོས་རྗེ། བླ་མ་བྱང་ཆུབ་རྒྱལ་མཚན། བཤེས་གཉེན་བཀྲ་ཤིས་དཔལ་ལྡན། བཤེས་གཉེན་ཚུལ་ཁྲིམས་དཔལ་བཟང༌། ཆོས་རྗེ་ལེགས་བློ་བ། རབ་འབྱམས་འོད་བློ་བ། ཆོས་རྗེ་གྲགས་པ་བ། ཆོས་རྗེ་ཀུན་དགའ་རྒྱལ་མཚན། ཝར་སྐྱ་ཆོས་རྗེ། ཆོས་རྗེ་བསམ་འཕེལ་བ། ཤི་རི་ཆོས་རྗེ་ཁུ་དབོན་གསུམ། རི་ཁྲོད་པ་སྦྱིན་པ་འོད་ཟེར་རྣམས་ལ་བསྟོད་པ་རེ། ཀུན་མཁྱེན་ཤེས་རབ་འོད་ཟེར་ལ་ཕུལ་བའི་ཞུ་ཡིག་མེ་ཏོག་གི་ཆུན་པོ། ལྷ་བཙུན་མ་གུར་རྒྱལ་ལ་ཕུལ་བ་ཆོས་གཏམ་བདུད་རྩིའི་ཐིགས་པ། མི་དབང་ངག་དབང་རྣམ་རྒྱལ་ལ་ཕུལ་བ་གཟུགས་ཀྱི་མེ་ལོང༌། དེ་ལ་ཕུལ་བའི་ཞུ་ཡིག་ཡི་གེའི་མ་མོ་ལ་སྤེལ་བ། སྡེ་པ་རིན་ཆེན་དབང་རྒྱལ་ལ་ཕུལ་བ། པ་ནམ་ལྷུན་གྲུབ་རྩེར་ཕུལ་བ་གཉིས། ཤི་རི་ཆོས་རྗེ། དབོན་བཙུན་སེངྒེ་རྒྱ་མཚོ། ནང་སོ་དཔལ་ལྡན་དོན་གྲུབ་རྣམས་ལ་གདམས་པ་རེ། འཛམ་ཐང་སྐུ་སྐྱེ། གནས་འཇི་ཆོས་རྗེ། བླ་མ་བྱང་ཆུབ་རྒྱལ་མཚན། བླ་མ་བཀྲ་ཤིས་དཔལ་ལྡན། རབ་འབྱམས་པ་ཤེས་རབ་བཟང་པོ་གྲོགས་མཆེད། གློ་བོ་སྡེ་པ། མི་ཆེན་དཔོན་རྣམས་ལ་ཕུལ་བའི་ཞུ་ཡིག་རེ། རུ་ཐོག་ཇོ་བོ་ལ་ཕུལ་བ་གསུམ། དཔོན་ཆོས་མཛད་པ་ལ་གདམས་པ། མངོན་རྟོགས་ལྗོན་ཤིང་ལས་འཕྲོས་པའི་དྲིས་ལན་ངེས་དོན་གསལ་བ། གསང་བ་སྒོ་འབྱེད་ལས་འཕྲོས་པའི་དྲིས་ལན་ཟབ་དོན་སྙིང་པོ། ཨ་ལྡོང་བླ་མའི་དྲིས་ལན་ངང་པའི་ཕོ་ཉ། གནས་བརྟན་ཆོས་སྐྱོང་དཔལ་ལྡན་གྱི་དྲིས་ལན། ཀུན་གཞིའི་སྐབས་ཀྱི་དཀའ་གནས་གསལ་བྱེད། བརྒལ་ལན་ཚངས་པའི་རིག་སྔགས་ཀྱི་དོན་བསྡུས་དོན་ཚན་བརྒྱད་པ། བརྒལ་ཞིང་བརྟགས་པའི་ལན་མཐའ་བྲལ་བདུད་རྩིའི་རོལ་མཚོ། མདོ་ཁམས་སུ་འཕུལ་བསྐུལ་གྱི་ཡི་གེ དཀར་ཆག་གི་ཡི་གེ་ངོ་མཚར་དཔལ་གྱི་ཕྲེང་བ། རྔ་བོ་ཆེ་ལ་བསྔགས་པའི་རབ་ཏུ་བྱེད་པ་སོགས་ཚིགས་བཅད་ཐོར་བུ་བ་ཁ་ཡར་རྣམས་བཅས་ཀྱི་ལུང་ཐོབ་པའི་བརྒྱུད་པ་ནི། མཚུངས་མེད་དཀོན་མཆོག་ལྷུན་གྲུབ། རྗེ་བཙུན་བྲང་ཏི་པ། མཁས་གྲུབ་དཔལ་ལྡན་དོན་གྲུབ། ཐམས་ཅད་མཁྱེན་པ་དཔལ་མཆོག་རྒྱལ་མཚན། མཁས་གྲུབ་སངས་རྒྱས་ཕུན་ཚོགས། མཚུངས་མེད་བསོད་ནམས་དཔལ་ལྡན། ཐམས་ཅད་མཁྱེན་པ་དཔལ་ལྡན་ཆོས་སྐྱོང༌། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་སྩལ་ཏོ།།    །།ཨེ་ཝཾ་ཐར་པ་རྩེ་པའི་མ་ཧཱ་པཎྜི་ཏ་ནམ་མཁའ་དཔལ་བཟང་གི་གསུང་འབུམ་གྱི་ལུང་ཐོས་པའི་ཆོས་ཀྱི་རྣམ་གྲངས་ལ། ཐོག་མར་བཀའ་དྲིན་ཐོབ་པའི་བླ་མ་རྣམས་ཀྱི་བསྟོད་པ་མཚན་རྣམ་པར་སྤེལ་བ་ཞེས་བྱ་བ། སོ་ཐར་བརྒྱུད་པའི་བླ་མ་རྣམས་ལ་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ། རྗེ་དཀོན་མཆོག་ལྷུན་གྲུབ་ལ་བསྟོད་པ་ཚོགས་གཉིས་ཆུ་གཏེར་མ། རྗེ་སངས་རྒྱས་སེངྒེ་ལ་བསྟོད་པ། རྗེ་ཤེས་རབ་རྒྱལ་མཚན་ལ་བསྟོད་པ་རྒྱ་ཆེན་ཡེ་ཤེས་ཞེས་བྱ་བ། རྡོར་ཕྲེང་བླ་མ་བརྒྱུད་པའི་གསོལ་འདེབས་དད་པའི་ཆར་འབེབས། རྡོར་ཕྲེང་བརྒྱུད་འདེབས་མངའ་རིས་ཚུལ་འོད་པས་མཛད་པའི་ཁ་སྐོང༌། རང་བསྟོད་ཐུགས་རྗེ་ནམ་ཡང་མ་ཞེས་བྱ་བ། ཡང་གང་གི་བློ་གྲོས་མ། བརྟན་བཞུགས་ཀྱི་གསོལ་འདེབས་ཉུང་གསལ་ཞེས་བྱ་བ། བདག་པོ་ཀུན་དགའ་བདེ་ལེགས་ལ་བསྟོད་པ་བརྩེ་ཆེན་ཀུན་དགའ་ཞེས་བྱ་བ། ཆོས་རྗེ་བློ་གྲོས་གྲགས་པ་ལ་བསྟོད་པ། རྗེ་སངས་རྒྱས་སེངྒེའི་བཀའ་འབུམ་དཀར་ཆག རྗེ་ཤར་ཁང་པའི་གསུང་འབུམ་དཀར་ཆག བཤེས་གཉེན་བསོད་ནམས་རྒྱ་མཚོ་ལ་བསྟོད་པ། རྗེ་ལྷ་མཆོག་སེངྒེའི་རྣམ་ཐར། རྗེ་སངས་རྒྱས་སེངྒེའི་རྣམ་ཐར་དད་པའི་མེ་ཏོག་གི་ཕྲེང་བ་ཞེས་བྱ་བ། རྗེ་ཤེས་རབ་རྒྱལ་མཚན་གྱི་རྣམ་ཐར་དད་པའི་རྒྱ་མཚོ་རིན་པོ་ཆེའི་ལྗོན་ཤིང་ཞེས་བྱ་བ། བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོས་པའི་ཚུལ་ལེགས་པར་བཤད་པའི་ཡི་གེ་དཔག་བསམ་ལྗོན་ཤིང་ཞེས་བྱ་བ། ལམ་ཟབ་བླ་མའི་རྣལ་འབྱོར་གྱི་བྱིན་རླབས་ཀྱི་ཆོ་ག ལམ་ཟབ་བླ་མའི་རྣལ་འབྱོར་གྱི་ཉམས་ལེན། བིར་སྲུང་ཐུན་མོང་བའི་བྱིན་རླབས་བྱ་ཚུལ། ས་བདག་ལྟོ་འཕྱེའི་ལག་ལེན་འཁྲུལ་མེད། ཀྱེ་རྡོར་རབ་གནས་ཀྱི་རྟེན་བསྐྱེད་ཀྱི་ཆོ་གའི་གསལ་བྱེད་བསོད་ནམས་རབ་རྒྱས། ཀྱེ་རྡོ་རྗེའི་དབང་བཤད་ལས་སྤྱིའི་བཤད་པ་མདོར་བསྡུས། ཀྱེ་རྡོར་ལ་བརྟེན་པའི་དུས་ཐ་མའི་ཆོ་གའི་ལག་ལེན་གཞན་ཕན་མཐའ་ཡས། ལས་བཞིའི་སྦྱིན་སྲེག དྲག་པོའི་སྦྱིན་སྲེག་གི་སྡོམ།གུར་གྱི་ཆོ་གའི་ཐོ། སམྤུ་ཊའི་ཟིན་བྲིས་པདྨ་ཁ་འབྱེད། ཀུ་རུ་ཀུལླེ་ལྷ་ལྔའི་སྒྲུབ་དཀྱིལ། བདེ་མཆོག་དྲིལ་བུ་པའི་དབང་གི་མཚམས་སྦྱོར་ཐོ་ཡིག་དང་བཅས་པ། རྣལ་འབྱོར་མའི་བྱིན་རླབས་ཀྱི་ཆོ་ག་བྱ་ཚུལ་མཐོང་བ་དོན་ལྡན། བདེ་མཆོག་སངས་རྒྱས་མཉམ་སྦྱོར་གྱི་སྒྲུབ་ཐབས་གསང་དོན་རབ་གསལ། དེའི་སྨིན་བྱེད་ཀྱི་ཐོ་ཡིག་གསང་དོན་རབ་གསལ་བཀོད་པ། གསང་འདུས་འཕགས་ལུགས་ཀྱི་དབང་གི་མཚམས་སྦྱོར་ཕྲིན་ལས་རྒྱ་མཚོ་མཛེས་པར་བྱེད་པའི་རྒྱན།ཡང་གསང་འདུས་འཕགས་ལུགས་ཀྱི་དབང་གི་མཚམས་སྦྱོར་ཟབ་དོན་བསྡུས་པ། གསང་འདུས་འཇམ་རྡོར་གྱི་ལྷན་ཐབས་རིན་པོ་ཆེའི་ཕྲེང་མཛེས། དེའི་དབང་བཤད་སོགས་ཀྱི་བསྡུས་པ། གཤེད་དམར་གྱི་དབང་གི་མཚམས་སྦྱོར་ཞེས་སོགས་བསྡུས་པ། རྡོ་རྗེ་ཕྲེང་བའི་སྒྲུབ་དཀྱིལ་མཛེས་རྒྱན་རྣམས་དང༌།གཞན་ཡང་ཀུན་རིག་རྩ་བའི་དཀྱིལ་འཁོར་དུ་དབང་བསྐུར་བའི་མཚམས་སྦྱོར་གཞན་ཕན་མཛེས་པར་བྱེད་པའི་རྒྱན་ཞེས་བྱ་བ། སྦྱོང་རྒྱུད་ནས་གསུངས་པའི་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་ཆོག་གཞན་ཕན་རྒྱ་མཚོ། ཕྱག་རྡོར་འཆི་འཇོམས་ཀྱི་བསྙེན་པ་བྱེད་ཚུལ། བར་དོ་ཆོས་བཤད། གདོན་འགྲོལ་གྱི་ཆོ་ག་རིན་ཆེན་ཕྲེང་མཛེས། ཚེ་དཔག་མེད་ལྷ་དགུའི་དབང་གི་མཚམས་སྦྱོར་འཆི་མེད་གྲུབ་པའི་ལམ་བཟང་མཛེས་པར་བྱེད་པའི་རྒྱན། ཚེ་དཔག་མེད་འཆི་མེད་རྔ་སྒྲའི་དཀྱིལ་འཁོར་གྱི་ཆོ་ག་ཐོ་ཡིག་འཆི་མེད་ཆར་འབེབས། ཡང་ཚེ་དཔག་མེད་ཀྱི་དབང་བཤད། ཚེ་དཔག་མེད་ཀྱི་དབང་གི་ཆོ་ག་འཆི་མེད་འདོད་དགུའི་ཆར་འབེབས།«་་་་་ཚིགས་བཅད་བྱས་པ་གཅིག་ཀྱང་སྣང༌། »རབ་གནས་མདོར་བསྡུས་ཀྱི་ཕྱག་ལེན། སྒྲུབ་ཐབས་རྒྱ་མཚོ་ནས་བཤད་པའི་ལྷ་ཚོགས་རྣམས་ཀྱི་མངོན་རྟོགས་རྗེས་གནང་གི་ཆོ་ག་དང་བཅས་པའི་ཐོ་ཡིག་དོན་འགྲེལ་འདོད་དགུའི་ལྗོན་ཤིང་རིན་པོ་ཆེའི་སྙེ་མ། འཇམ་དབྱངས་ཨ་ར་པ་ཙ་ན་དཔའ་བོ་གཅིག་གྲུབ་ཀྱི་སྒྲུབ་ཐབས་རྗེས་གནང༌། འཇམ་དཀར་གྱི་སྒྲུབ་ཐབས་རྗེས་གནང༌། ཇོ་བོ་རྗེ་ནས་བརྒྱུད་པའི་དམེ་བརྩེགས་ལྗང་ནག་གི་སྒྲུབ་ཐབས་རྗེས་གནང༌། དབྱངས་ཅན་ལྷ་མོའི་སྒྲུབ་ཐབས་རྗེས་གནང༌། དེའི་ཁ་སྐོང༌། སངས་རྒྱས་སྨན་བླ་མཆེད་བདུན་གྱི་རྗེས་གནང་བྱ་ཚུལ། སེངྒེའི་གདོང་ཅན་སྔོན་མོའི་སྒྲུབ་ཐབས་རྗེས་གནང༌། སེང་གདོང་དམར་མོའི་སྒྲུབ་ཐབས་རྗེས་གནང༌། རྟ་མགྲིན་ཟླ་རྒྱལ་ལུགས་ཀྱི་སྒྲུབ་ཐབས་རྗེས་གནང༌། རྟ་མགྲིན་ཇོ་བོ་ལུགས་ཀྱི་སྒྲུབ་ཐབས་རྗེས་གནང༌། རི་ཁྲོད་མའི་སྒྲུབ་ཐབས་རྗེས་གནང༌། ཡང་རི་ཁྲོད་མའི་རྗེས་གནང་བྱ་ཚུལ། སོ་འབྲང་གི་རྗེས་གནང་གི་ཐོ། ཤེས་ཕྱིན་གྱི་རྗེས་གནང༌། དཔའ་བོ་གྲུབ་པའི་རྗེས་གནང༌། ནོར་རྒྱུན་མའི་སྒྲུབ་ཐབས་རྗེས་གནང༌། འཇམ་དཔལ་སྨྲ་སེང་གི་བསྙེན་པ་སྦྱིན་སྲེག སྣ་ཚོགས་ཡུམ་གྱི་སྒྲུབ་ཐབས་ཚིགས་བཅད་མ། ལྷ་མོ་སྣ་ཚོགས་ཡུམ་གྱི་སྒྲུབ་ཐབས་རྗེས་གནང༌། སྒྲོལ་མ་དམར་མོའི་སྒྲུབ་ཐབས། རྣམ་འཇོམས་ཀྱི་རྗེས་གནང་སོགས་བྱ་ཚུལ། འཕགས་པ་སྤྱན་རས་གཟིགས་གཙོ་འཁོར་གསུམ་པའི་ཆོ་ག གཤེད་དམར་གྱི་སྒྲུབ་ཐབས་རྗེས་གནང༌། རྡོ་རྗེ་ནག་པོ་ཆེན་པོ་ལྷ་བཅུ་གཉིས་ཀྱི་རྗེས་གནང་སོགས།གཉན་མགོན་དང་པུ་ཏྲའི་རྗེས་གནང༌། མགོན་པོ་སྟག་ཞོན་འཁོར་བཅས་ཀྱི་གཏོར་ཆོག་དང་རྗེས་གནང༌། མགོན་པོ་ཕྱག་བཞི་པ་ལྷ་མངས་ཀྱི་གཏོར་ཆོག་དང་རྗེས་གནང་བྱ་ཚུལ་བཀླག་པས་དོན་གྲུབ། མགོན་པོ་ཏྲཀྵད་ལྕམ་དྲལ་འཁོར་དང་བཅས་པའི་གཏོར་ཆོག་དང་རྗེས་གནང་བྱ་ཚུལ། དཔལ་ལྡན་ས་སྐྱའི་ཤར་དབྱངས་སུ་གྲགས་པའི་དབྱངས་ཆེན་བཅོ་བརྒྱད་ཀྱི་གྲངས་འདྲེན་ཚུལ། གཏོར་མ་བརྒྱ་རྩའི་ཁ་སྐོང་བསམ་འཕེལ་དོན་གྲུབ། བདེ་མཆོག ཀྱེ་རྡོར།འཇིགས་བྱེད། ཀུན་རིག ཚེ་དཔག་མེད་རྣམས་ཀྱི་བསྙེན་ཐབས། དྲིས་ལན་མདོར་བསྡུས། མཁའ་ལྡིང་དང༌། འཇིགས་བྱེད་ཕྱག་གཉིས་པའི་སྒྲུབ་ཐབས།འདུལ་བའི་ལས་ཆོག བསྔོ་བའི་བསྟན་བཅོས། མདོ་ཁམས་སུ་འབུལ་བསྐུལ་གྱི་ཡི་གེ དགེ་བསྙེན་དང་སྐྱབས་འགྲོའི་སྡོམ་པ་འབོགས་ཆོག གཎྜིའི་རྣམ་དག་ལྔ་བསྡུས་གཟའ་ལྔ་སོགས་ཀྱི་རྩིས། བདེ་གཤེགས་མཆོད་རྟེན་བརྒྱད་ཀྱི་ཐིག་རྩ་རྣམས་ཐོབ་པའི་བརྒྱུད་པ་ནི། པཎ་ཆེན་ནམ་མཁའ་དཔལ་བཟང༌། བྱམས་པ་ཀུན་དགའ་བཀྲ་ཤིས།«་་་་་འདི་གཉིས་ཀ་དགོས་མི་དགོས་བརྟགས།་་་་་»མཁས་གྲུབ་དཔལ་ལྡན་དོན་གྲུབ། ཤར་པ་ཤེས་རབ་འབྱུང་གནས། «དེའི་དབོན།་་་་་»ཤར་པ་ཡེ་ཤེས་བཟང་པོ། མཁན་«་་་་་འདི་མན་ཅུང་ཟད་བརྟག་དགོས། »ཆེན་སངས་རྒྱས་ཕུན་ཚོགས། ཚུལ་ཁྲིམས་རིན་ཆེན་ལའོ།།    །།མཁས་ཤིང་གྲུབ་པ་མཆོག་གི་ས་ལ་གཤེགས་པ་ཨེ་ཝཾ་སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ་ཀྱི་གསུང་འབུམ་གྱི་ལུང་ཐོས་པའི་ཆོས་ཀྱི་རྣམ་གྲངས་ལ། ཐོག་མར་རྗེ་ཉིད་ཀྱིས་མཛད་པའི་དཀར་ཆག བྲང་ཏི་ནམ་མཁའ་དཔལ་བཟང་གི་གསུང་འབུམ་གྱི་དཀར་ཆག པཎ་ཆེན་དེ་ཉིད་ཀྱི་རྣམ་ཐར་ཚིགས་བཅད་མ་བྱིན་རླབས་ཀྱི་གཏེར་ཆེན་དད་ལྡན་ཀུན་གྱི་རེ་སྐོང་ཞེས་བྱ་བ། བླ་མའི་སྤྱན་སྔར་ཡན་ལག་བདུན་པ་ཚིག་རྒྱན་གསལ་བྱེད་ཅེས་བྱ་བ། བྲང་ཏི་པཎ་ཆེན་ནམ་མཁའ་དཔལ་བཟང་ལ་བསྟོད་པ་དད་པའི་ཆུ་སྐྱེས། མུས་ཆེན་ནམ་མཁའ་དཔལ་བཟང་ལ་བསྟོད་པ། ཡང་དེ་ཉིད་ལ་བསྟོད་པ་ཤླཽ་ཀ་གཅིག ངག་དབང་མཆོག་ལེགས་རྡོ་རྗེ་ལ་བསྟོད་པ་སྐལ་ལྡན་དད་སྐྱེས། རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ལ་བསྟོད་པ་བོད་ཀྱི་དབྱངས་གསལ་དང་སྤེལ་བ་དད་པའི་ཞིང་ས་ཞེས་བྱ་བ།འཁོན་སྟོན་འཇམ་པའི་དབྱངས་ཀུན་དགའ་བློ་གྲོས་ལེགས་པའི་འབྱུང་གནས་ལ་གསོལ་བ་འདེབས་པའི་ཚིགས་བཅད་ཟོལ་མེད་པད་དཀར་ཕྲེང་བ། བྱང་སེམས་སྡོམ་པའི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ་དད་པའི་ལྗོན་ཤིང་ཞེས་བྱ་བ། གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ་བྱིན་རླབས་ཀྱི་གཏེར་ཆེན་ཞེས་བྱ་བ། རྡོ་རྗེ་འཇིགས་བྱེད་ཀྱི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ། འབྱུང་པོ་འདུལ་བྱེད་ཀྱི་རྗེས་གནང་གི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པའི་རབ་ཏུ་བྱེད་པ། འཇམ་དབྱངས་སྨྲ་བའི་སེངྒེའི་རྗེས་གནང་གི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ་བློ་གྲོས་རྒྱས་བྱེད། དཔལ་ལྡན་བླ་མ་དམ་པ་ལ་ཐུགས་རྗེས་བསྐུལ་བའི་ཕྱིར་རྒྱང་ནས་འབོད་ཅིང་གསོལ་བ་འདེབས་པ་དངོས་གྲུབ་ཀྱི་ཆར་འབེབས། བླ་མ་ལྔ་བཅུ་པའི་བསྡུས་དོན། བླ་མ་ལྔ་བཅུ་པའི་འགྲེལ་པ་ལུང་གི་སྙེ་མ། སྟོན་མཆོག་ཤཱཀྱའི་རྒྱལ་པོ་ལ་ཕྱག་འཚལ་བའི་ཚིགས་བཅད། རྗེ་བཙུན་མ་སྒྲོལ་མ་དཀར་མོ་ལ་བསྟོད་པ། དབྱངས་ཅན་མ་ལ་བསྟོད་པ་ཤླཽ་ཀ་གཅིག སྒྲོལ་མ་ལ་གསོལ་བ་འདེབས་པ་ཐུགས་དམ་གནད་ནས་བསྐུལ་བའི་སྒྲ་དབྱངས། སྒྲོལ་མ་བཅུ་བདུན་མའི་མངོན་པར་རྟོགས་པ་སྐལ་བཟང་ལམ་མཆོག འཇམ་དབྱངས་དམར་སེར་གྱི་སྒྲུབ་ཐབས་གེགས་སེལ་དང་བཅས་པ། འཇམ་དབྱངས་སྨྲ་བའི་སེངྒེའི་སྒྲུབ་ཐབས་ཉིན་བྱེད་ཅེས་བྱ་བ་བློ་གྲོས་ཀྱི་པདྨོ་ཁ་འབྱེད་ཅིང་མི་ཤེས་སྨག་རུམ་སེལ་བྱེད། འཇམ་དཔལ་སྨྲ་བའི་སེངྒེའི་རྗེས་གནང་གི་ཆོ་ག་བཀླག་པས་དོན་གྲུབ།ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་གྱི་ཆོ་ག་འཕགས་པ་མཉེས་བྱེད་དམར་ཁྲིད་ཀྱི་འཕོ་བ། ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཚེམ་བུ་ལུགས་ཀྱི་ཉམས་ལེན་གྱི་སྙིང་པོ་རབ་ཏུ་གསལ་བ། སྒྲོལ་མ་དམར་མོའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་ཁམས་གསུམ་འགུགས་པའི་ལྕགས་ཀྱུ། ཕག་དཀར་ཤེས་རབ་གསལ་བྱེད་ཀྱི་སྒྲུབ་ཐབས། དེའི་བྱིན་རླབས་ཀྱི་ཆོ་ག སེངྒེའི་སྒྲའི་བསྙེན་ཐབས། དཔལ་རྡོ་རྗེ་འཇིགས་བྱེད་ལ་བརྟེན་ནས་ཆར་པ་འབེབས་པའི་ཆོ་ག་འདོད་དོན་ལྷུན་གྲུབ། རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ལ་ལམ་འབྲས་ཀྱི་བཀའ་རྒྱ་ཐིམ་པའི་གཟིགས་སྣང་གི་གསལ་བྱེད། རྒྱུད་ཀྱི་མངོན་པར་རྟོགས་པ་རིན་པོ་ཆེའི་ལྗོན་ཤིང་མཛེས་པར་བྱེད་པའི་རྒྱན་ཞེས་བྱ་བའི་བསྟན་བཅོས་ཀྱི་སྔོན་འགྲོ་རྒྱ་ཆེར་བཤད་པ་བློ་གསལ་རབ་དགའ། དཔལ་ཀྱེ་རྡོ་རྗེ་ལ་བརྟེན་ནས་ལས་བཞིའི་སྦྱིན་སྲེག་གི་རྣམ་པར་བཤད་པ་ཡེ་ཤེས་མེ་དཔུང༌། དཔལ་གསང་བ་འདུས་པའི་རྩ་རྒྱུད་འགྲེལ་པ་དང་བཅས་པའི་བསྡུས་དོན་གསང་གསུམ་རིགས་གསུམ་སྤྱིའི་སློབ་མ་སྟ་གོན་གྱི་སྐབས་ཀྱི་ཐོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་གླེགས་བམ་སྲིད་གསུམ་མུན་སེལ་ལ་ན་བཟའ་སྣ་ལྔ་ཕུལ་བའི་ཚེ་ཚིགས་སུ་བཅད་པ། ཆོས་གླིང་དྲུང་པ་ཀུན་དགའ་རྒྱལ་མཚན་ལ་གདམས་པ། བར་དོ་ངོ་སྤྲོད་ཀྱི་གདམས་ངག་ཐར་ལམ་གསལ་བྱེད། ཡོངས་སུ་བསྔོ་བའི་རྣམ་པར་གཞག་པ་གསེར་འགྱུར་རྩིའི་ཕུང་པོ། བསྔོ་བ་བསྡུས་པ། རྒྱལ་མོ་རོང་པ་བློ་གྲོས་རྒྱལ་མཚན་གྱི་དྲིས་ལན། མཁས་པའི་དྲིས་ལན་འཁྲུལ་མེད་རབ་གསལ་ཞེས་བྱ་བའི་འབྲུ་གནོན། རབ་འབྱམས་ཀུན་དགའ་བཀྲ་ཤིས་ཀྱི་དྲིས་ལན་དོན་ཚན་ལྔ་པ། གཙུག་ཏོར་རྣམ་པར་རྒྱལ་མའི་ཆོས་སྐོར་གྱི་རྣམ་གཞག་རབ་ཏུ་གསལ་བ། རྗེ་ཉིད་ཀྱི་སྐུ་བསྟོད་ཤླཽ་ཀ་གཅིག ཡང་བསྟོད་པ་རྣམ་དག་སྨོན་ལམ་མ། བྲང་ཏི་ནམ་མཁའ་སངས་རྒྱས་ལ་བསྟོད་པ་ནམ་མཁའ་ལྟ་བུར་ཡངས་པའི་མཁྱེན་རབ་མ། བློ་གསལ་མགོན་པོ་དཔལ་བཟང་ལ་བསྟོད་པའི་ཚིགས་སུ་བཅད་པ་བདུད་རྩིའི་ཐིགས་པ། ལྷ་མོ་ལ་འདོད་དོན་བཅོལ་བ། དཔལ་མགོན་ལེགས་ལྡན་མཆེད་གསུམ་ལ་གཏོར་མ་ཕུལ་བའི་ཆོ་ག་བར་ཆད་ཀུན་སེལ། དཔལ་མགོན་པོ་ལེགས་ལྡན་མཆེད་གསུམ་གྱི་རྗེས་གནང་བྱ་ཚུལ།འཇམ་དབྱངས་སྨྲ་བའི་སེངྒེའི་སྒྲུབ་སྐོར་ཉིན་བྱེད་སྣང་བ། ལམ་འབྲས་«་་་་་འདི་དེ་སྔོན་མ་ཐོབ། »སློབ་བཤད་སྣང་གསུམ་ཁྲིད་ཡིག་ལ་དཔྱད་པ། གསུང་རབ་ཀྱི་གནད་ལ་བྲིས་«་་་་་འདི་མ་བྱུང༌། »པ་ཚིགས་སུ་བཅད་པ་ལྷག་བསམ་རབ་དཀར། རྣལ་འབྱོར་མའི་བསྙེན་ཐབས། རྡོ་རྗེ་མི་འཁྲུགས་པའི་བསྙེན་ཐབས། འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་གྱི་བཀྲ་ཤིས་ཕུན་ཚོགས་རྒྱ་མཚོ། ཟླ་བ་ཡར་ངོའི་ཚེས་གྲངས་ཀྱིས་མཚོན་པའི་ཚེག་བར་དང་ཚིགས་བཅད་སོགས་ཡོངས་རྫོགས་ཐོབ་པའི་བརྒྱུད་པ་ནི། མཁས་གྲུབ་དཔལ་ལྡན་དོན་གྲུབ། འཇམ་མགོན་དཔལ་མཆོག་རྒྱལ་མཚན། ཁམས་སྟོན་ཀུན་དགའ་ཚེ་བརྟན། གྲུབ་དབང་བཀྲ་ཤིས་བཟང་པོ། མཚུངས་མེད་ནམ་མཁའ་དཔལ་བཟང༌། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ།།    །།བརྩེ་ཆེན་སྙིང་པོའི་བསྟན་པའི་སྣང་བྱེད་ཆེན་པོ་འཇམ་དཔལ་དབྱངས་སངས་རྒྱས་ཕུན་ཚོགས་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་པའི་གསུང་རབ་རྣམས་ཀྱི་ལུང་ནོས་པའི་ཆོས་ཚན་གྱི་རྣམ་གྲངས་ལ། རྒྱས་པའི་བླ་མའི་རྣལ་འབྱོར་རིན་འབྱུང་གི་སྐོར་གྱི་ཡིག་རྙིང་དང་རྗེ་རང་གིས་མཛད་པ་རྣམས་ཕྱོགས་གཅིག་བསྟར་བ་ལས།དང་པོ་པཎྜི་ཏའི་གསུང་དམར་ཆོས་ཀྱི་རྒྱལ་པོས་ཟིན་བྲིས་སུ་བཀོད་པ། གཉིས་པ་སྤྱན་སྔ་ཆེན་པོ་ཚུལ་ཁྲིམས་བཟང་པོའི་ཟིན་བྲིས། གསུམ་པ་མངའ་རིས་ཚུལ་འོད་ཀྱིས་མཛད་པ། བཞི་པ་ཀུན་མཁྱེན་གོ་རམས་པས་མཛད་པའི་བསྟོད་པ། ལྔ་པ་ས་སྐྱ་ལོ་ཙཱས་མཛད་པ། དྲུག་པ་བྲང་ཏི་པཎ་ཆེན་གྱིས་མཛད་པ།བདུན་པ་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་ཉམས་ལེན་བྱིན་རླབས་དང་བཅས་པ་རྣམས། གོང་མ་རྣམས་ཀྱི་གསུང་རབ་དང་གསོལ་འདེབས་འདོད་དོན་ལྷུན་གྲུབ་ཕན་ཡོན་དང་བཅས་ཁྲིགས་ཆགས་སུ་བཀོད་པ། བླ་མ་རིན་འབྱུང་གི་བསྙེན་ཐབས་དཔལ་འབྱོར་རབ་རྒྱས། བླ་མའི་རྣལ་འབྱོར་གྱི་ལྷན་ཐབས་ཇོ་འབུམ་མའི་དགོངས་དོན། རྒྭ་ཨ་གཉན་དམ་པ་ཀུན་དགའ་གྲགས་ཀྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད། རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་ཐར་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ། བྲང་ཏི་པཎ་ཆེན་ནམ་མཁའ་སངས་རྒྱས་ཀྱི་རྣམ་ཐར་འཕྲོས་དང་བཅས་པ། རྗེ་བཙུན་བླ་མ་དམ་པ་དཔལ་མཆོག་རྒྱལ་མཚན་གྱི་རྣམ་ཐར་དད་པའི་གསལ་འདེབས། རྒྱལ་རྩེ་པ་ངག་དབང་བསོད་ནམས་རྒྱལ་མཚན་གྱི་རྣམ་ཐར་བྱིན་རླབས་ཆར་འབེབས། མཁན་ཆེན་རྡོ་རྗེ་འཆང་ལྷུན་གྲུབ་དཔལ་ལྡན་གྱི་རྣམ་ཐར་ལེགས་བྱས་དཔལ་གྱི་དགའ་སྟོན། དམ་པའི་ཆོས་ཀྱི་བྱུང་ཚུལ་བསྟན་པའི་རྒྱ་མཚོར་འཇུག་པའི་གྲུ་ཆེན་ཁ་སྐོང་དང་བཅས་པ། དེའི་ས་བཅད། འཕགས་པ་སྤྱན་རས་གཟིགས་ཀྱི་གནས་མཆོག་པོ་ཏཱ་ལའི་ཞིང་བཀོད་ཁང་བཟང་གི་དཀར་ཆག་བདེ་སྐྱིད་དཔལ་འབྱོར་ཡོངས་འདུའི་ཚལ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྐྱེད་རྫོགས་ཀྱི་ཉམས་ཁྲིད་རྭ་རྩེ་སེམས་འཛིན་གྱི་མན་ངག་སྐུ་གསུམ་ལམ་བྱེད་སྙིང་གི་ཐིག་ལེ། རྡོ་རྗེ་འཇིགས་བྱེད་ཀྱི་དྲུག་ཅུ་པའི་གཏོར་ཆོག་ཕྲིན་ལས་ཆར་འབེབས་ཀྱི་གོ་དོན་ནོར་བུའི་ཕྲེང་བ། རྡོ་རྗེ་འཇིགས་བྱེད་ཀྱི་ཚོགས་འཁོར་པཎ་ཆེན་ནམ་མཁའ་དཔལ་བཟང་གིས་མཛད་པའི་བདུད་རྩིའི་རོལ་མཚོའི་ངག་འདོན་བཀོད་པ། བསྐང་གསོའི་ཕྱག་ལེན་བརྗེད་ཐོ། གནོད་སྦྱིན་ཆེན་པོ་བེག་ཙེ་ལྕམ་དྲལ་གྱི་ཕྱི་རྟེན་ཟུང་འཛུགས་པའི་ལག་ལེན་གྱི་ཆོ་ག་འདོད་དོན་ལྷུན་གྲུབ་རྣམས་དང༌། །རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ལ་གསོལ་འདེབས་བྱིན་རླབས་སྤྲིན་ཕུང༌། ཡན་ལག་བདུན་པ་ཕུལ་བའི་ཚིགས་བཅད། བླ་མ་ལ་གསོལ་འདེབས་ཕུར་ཚུགས། མཁན་ཆེན་ལྷུན་གྲུབ་དཔལ་ལྡན་ལ་བསྟོད་པ། ཤར་པ་ཡེ་ཤེས་བཟང་པོ་ལ་བསྟོད་པ། ཡང་དེ་ཉིད་ཁུ་དབོན་ལ་བརྟན་བཞུགས། ཤེས་རབ་རྒྱ་མཚོར་བརྟན་བཞུགས། ཕུན་ཚོགས་རྡོ་རྗེར་གསོལ་འདེབས། ཀུན་ལེགས་ལ་བསྟོད་པ།དམ་ཆོས་བསམ་འགྲུབ་ལ་གསོལ་འདེབས། ཀུན་དགའ་དཔལ་འབྱོར་ལ་བསྟོད་པ། སངས་རྒྱས་དཔལ་བཟང་ལ་བསྟོད་པ། རང་བསྟོད་ཁ་སྐོང་བཅས།སངས་རྒྱས་བསྟན་འཛིན་ལ་བསྟོད་པ་གཉིས། ཤེས་བྱ་བཟང་པོར་བསྟོད་པ་གཉིས། ཀུན་རིན་ལ་བརྟན་བཞུགས། ཤེས་རབ་དོན་བཟང་ལ་བསྟོད་པ།གསེར་མདོག་མཁན་པོ་ལ་བསྟོད་པ། ཤེས་རབ་རིན་ཆེན་ལ་བསྟོད་པ་གཉིས། གནམ་ཁའུ་པར་བསྟོད་པ། བ་རི་ལོ་ཙཱ་བ་ལ་གསོལ་འདེབས། གྲུབ་ཐོབ་ཐང་སྟོང་རྒྱལ་པོར་བསྟོད་པ། བདག་ཆེན་ཀུན་དགའ་བཀྲ་ཤིས་ལ་བརྟན་བཞུགས། བདེ་མཆོག་མཁའ་འགྲོ་རྒྱ་མཚོའི་དབང་བཀའི་བླ་བརྒྱུད་ལ་གསོལ་འདེབས།དྲིལ་བུ་པ་ལུགས་ཀྱི་བརྒྱུད་འདེབས། འཇིགས་བྱེད་རྭ་ལུགས་བརྒྱུད་འདེབས་ཀྱི་ཁ་སྐོང༌། གསེར་མིག་འཁྱིལ་པའི་བརྒྱུད་འདེབས། རྣམ་དག་མ། རིགས་ལྔའི་ཁྱབ་བདག་མ། ཚེ་དཔག་ལྷ་དགུ། ཀུན་རིག གཤེད་དམར་ལྷ་ལྔ། ཀུན་ཁྱབ་མ། ལམ་ཟབ་རྣམས་ཀྱི་བརྒྱུད་འདེབས་ཁ་སྐོང་རེ། བློ་སྦྱོང་དོན་བདུན་བརྒྱུད་འདེབས། གུ་རུ་མཚོ་སྐྱེས་རྡོ་རྗེར་བསྟོད་པ། ལྷ་མོ་དབྱངས་ཅན་མར་བསྟོད་པ། བདེ་གཤེགས་མཆོད་རྟེན་བརྒྱད་ལ་བསྟོད་པ། བཀའ་འགྱུར་པོད་གྲངས། མཚན་ཉིད་སྐབས་ཀྱི་གྲངས་ཆེན་ཐོ། བྷཊྚ་ར་ཀའི་གསུང་ཟེར། གྲགས་པ་རྒྱལ་མཚན་བླ་མའི་རྣལ་འབྱོར། བླ་མ་མཆོད་པའི་ཆོ་ག ནཱ་རོ་མཁའ་སྤྱོད་ཀྱི་རྣམ་བཤད་མཁའ་སྤྱོད་ལམ་བཟང༌། ཀུ་ས་ལིའི་ཚོགས་བསགས་ཀྱི་ངག་འདོན། ལུས་དཀྱིལ་གྱི་ངག་འདོན། ཡུམ་བཀའི་འཕོ་བ་ཁྲིགས་ཆག་ཏུ་བཀོད་པ།རྣལ་འབྱོར་མར་ཉེར་མཁོའི་རེག་ཟིག བསྟོད་གསོལ་བྱིན་རླབས་མྱུར་འཇུག ཨོཾ་གསུམ་མའི་སྔགས་དོན་འཇམ་དབྱངས་གྲགས་པའི་གསུང་ལན། གནས་ལུགས་སྒོམ་པའི་ལྷན་ཐབས་ཡིད་ཀྱི་མུན་སེལ། ཁྲིད་ཀྱི་སྙིང་པོ་གནས་ལུགས་གཅེར་མཐོང༌། ལྟ་སྒོམ་འབེལ་གཏམ་བྱུང་བའི་བརྗེད་ཐོ། རྒས་པོ་མཛུབ་ཚུགས་ཀྱི་གདམས་ངག ཀྱེ་རྡོར་ལམ་དུས་ལ་མཁོ་བའི་ཟིན་བྲིས། གཞལ་ཡས་ཁང་གི་ཆ་ཚད་མདོར་བསྡུས། རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་བདུད་འཇོམས་སྣང་བའི་གོ་དོན་བདུད་རྩིའི་ཉིང་ཁུ། རྡོ་རྗེ་མྱུ་གུའི་གོ་དོན་རགས་བསྡུས། ཐུགས་རྗེ་ཆེན་པོའི་དམར་ཁྲིད་ངེས་དོན་དཔྱིད་ཀྱི་ཐིག་ལེ། ཡང་དམར་ཁྲིད་ཀྱི་ཐོ། སྤྱན་རས་གཟིགས་ལ་ཡན་ལག་བདུན་པ་ཕུལ་བའི་ཚིགས་བཅད་དང་གདུང་དབྱངས་གསོལ་འདེབས་གཉིས། སྐྱེར་སྒང་ལུགས་ཀྱི་ཡིག་དྲུག་ཉེར་མཁོ། མགོན་པོ་ཁྲོ་བཅུའི་ཕྱི་ཁྲིད་བདུད་དཔུང་ཚར་གཅོད། དེའི་ཞི་བའི་སྦྱིན་སྲེག་གི་ཐོ། གུར་མགོན་ལྷ་དགུའི་སྦྱིན་སྲེག་གི་ལྷན་ཐབས། གསུང་ངག་ལམ་འབྲས་འཆད་པའི་ཐོ་ཡིག་གནད་ཀྱི་ལྡེ་མིག ཡང་ལམ་འབྲས་འཆད་སྐབས་ཀྱི་ཐོ་ཆུང༌། འཁོར་ལོ་བདེ་མཆོག་ལཱུ་ནག་གཉིས་ཀྱི་དབང་གི་མཚམས་སྦྱོར། མཁའ་འགྲོ་རྒྱ་མཚོའི་དབང་གི་མཚམས་སྦྱོར་དམ་པའི་ཞལ་ལུང༌། མཁའ་འགྲོ་རྒྱ་མཚོའི་དབང་གི་དངོས་གཞིའི་སྡོམ། མཁའ་འགྲོ་རྒྱ་མཚོའི་གསུང་སྒྲོས་ཕྱག་ལེན་ཡིད་ཀྱི་མུན་སེལ། མཁའ་འགྲོ་རྒྱ་མཚོའི་ཞི་བའི་སྦྱིན་སྲེག་མེ་ཤེལ་རབ་འབར། བདག་མེད་མའི་སྒྲུབ་དཀྱིལ་གྱི་ཐོ་ཡིག་གི་གསལ་བྱེད། གུར་རིགས་བསྡུས་ཀྱི་དབང་གི་མཚམས་སྦྱོར། འཇིགས་བྱེད་རྭ་ལུགས་ཀྱི་དབང་གི་མཚམས་སྦྱོར། འཇིགས་བྱེད་ས་ལུགས་ཀྱི་དབང་གི་ཟུར་འདེབས། གྲི་གུག་ལྷ་ལྔ་སྙན་བརྒྱུད་མ་དང༌། མགོན་པོ་ལྷ་བཅུ་བདུན་མའི་དབང་གི་ཟུར་འདེབས། ལས་གཤིན་ལྷ་བཅུ་གསུམ་མའི་རྗེས་གནང་གི་སྤྱི་བཤད། ཚེ་དཔག་ལྷ་དགུའི་སྦྱིན་སྲེག སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྦྱིན་སྲེག སྒྲོལ་དཀར་ཟུར་འདེབས། སྒྲོལ་མ་འདོན་ཐབས་ཀྱི་བརྗེད་བྱང༌། མགོན་དཀར་སྒྲུབ་ཐབས་དབང་གི་རྒྱལ་པོ། མགོན་དཀར་ཀྱི་སྦྱིན་སྲེག་བཀླག་པས་དོན་གྲུབ། མགོན་པོ་སྟག་ཞོན་གྱི་བསྐང་གསོ་ཕྲིན་ལས་མྱུར་འགྲུབ། ཕྱག་དྲུག་ནག་པོའི་གཏོར་བསྔོ་བསྡུས་པ། དུར་ཁྲོད་བདག་པོའི་གཏོར་བསྔོ་བསྡུས་པ། རྣམ་ཐོས་སྲས་ཀྱི་གཏོར་བསྔོ་བསྡུས་པ། བཀྲ་ཤིས་ཚེ་རིང་མ་མཆེད་ལྔའི་གཏོར་བསྔོ་བསྡུས་པ། རྒྱུན་ཁྱེར་གྱི་བསངས་ཡིག་བསྡུས་པ་རྣམས་དང༌། །དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོའི་འགྲེལ་པ་དབང་གི་རྒྱལ་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པའི་བསྡུས་དོན། སོ་ཐར་གྱི་མདོའི་སྡོམ་ཚིགས་སུ་བཅད་པ། གྲུབ་མཐའ་སྨྲ་བ་བཞིའི་ངོས་འཛིན། ཁ་ཊྭཱཾ་གའི་ཐོ་ཆུང༌། འཕགས་པ་འཇིག་རྟེན་དབང་ཕྱུག་སེངྒེ་སྒྲའི་བརྒྱུད་ཁུངས་དང་ཕྱག་ལེན་གྱི་ཐོ། ཀ་ལཱ་པའི་སྤྱི་དོན་ཉུང་ངུ༌། ཨེ་ཝཾ་སྒྲ་སྒྲུབ། གསུང་ངག་རིན་པོ་ཆེའི་བླ་མ་བརྒྱུད་པ་སྤྱིའི་རྣམ་ཐར་གྱི་འཕྲོས། དཔལ་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་ནོར་བུའི་ཕྲེང་བ། རྗེ་བཙུན་པ་རང་གི་རྟོགས་བརྗོད་ངེས་འབྱུང་གཏམ་གྱི་རོལ་མཚོ། རྗེ་རང་ལ་གྲོས་འདེབས་གནས་ལུགས་གསལ་བ། རྗེ་རང་ལ་བསྐུལ་བ་སརྒ་གསུམ་པ། རྗེ་རང་ལ་བསྐུལ་བ་བརྩོན་འགྲུས་ལྕགས་འདེབས། མ་ཡེངས་དྲན་བསྐུལ། ཆོས་ལ་བསྐུལ་བའི་ཡི་གེ ཡིད་འབྱུང་སྐྱོ་བའི་ཉམས་མགུར། དམ་བཅའ་བརྟན་པའི་གསལ་འདེབས། གདོང་བཞི་པར་ཕྲིན་བཅོལ་རང་མཚང་གསལ་བའི་མེ་ལོང༌། སྐྱོ་ཤས་ཀྱི་གདུང་གླུ། ཉམས་ལེན་ཆིག་དྲིལ་གྱི་གདམས་པ། སྙིགས་མའི་སྣང་ཚུལ་ལ་སྐྱོ་བའི་གཏམ། དཔལ་ལྡན་བླ་མ་ལེགས་པའི་མཚན་ཅན་གྱི་གསུང་ལན། དགེ་སློང་དཔལ་ལྡན་རིན་ཆེན་གྱི་དྲིས་ལན། རབ་འབྱམས་པ་བློ་གྲོས་རབ་གསལ་གྱིས་ལམ་འབྲས་སྣང་གསུམ་སྐབས་ཀྱི་དོགས་སེལ། ལ་སྟོད་ལྷ་ལུང་གདན་ས་པས་ལམ་འབྲས་ལ་དྲིས་པའི་ལན། ཤེས་རབ་རིན་ཆེན་གྱིས་ཀྱེ་རྡོ་རྗེའི་བསྐྱེད་རྫོགས་ལ་དྲིས་ལན་གསལ་བའི་མེ་ལོང༌། འཇིགས་བྱེད་ཆོས་སྐོར་གྱི་དྲིས་ལན། དགེ་སློང་དཔལ་ལྡན་ཕྲིན་ལས་དང་ཡེ་ཤེས་རྡོ་རྗེ་དཔལ་ལྡན་རིན་ཆེན་རྣམས་ཀྱི་དྲིས་ལན་རེ། ཤར་པ་ཡེ་ཤེས་བཟང་པོ་ལ་ཕུལ་བའི་ཞུ་ཤོག འབུམ་རབ་འབྱམས་པ་བཀྲ་ཤིས་ཆོས་འཕེལ་དང༌། རང་གི་སློབ་མ་ཤེས་རབ་ལྷུན་གྲུབ། བཀའ་བཅུ་པ་ཀུན་དགའ་བསམ་འགྲུབ་རྣམས་ལ་གདམས་པ་རེ། རབ་གླིང་བླ་མར་བསྐུར་བའི་སྨོན་གསོལ། ངོར་ལུགས་སྒྲུབ་མཆོད་ཀྱི་ཚོགས་སྐད་བཅའ་འགྲིགས། བསྔོ་སྨོན་སོགས་ཁང་བྲིས་པའི་ཚིགས་བཅད་བསྔོ་བའི་བསྟན་བཅོས་ལ་དགོས་རྒྱུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཟབ་དོན་གཅོད་ཀྱི་ཁྲིད་ཡིག་ཐེག་ཆེན་ལམ་གྱི་གསལ་འདེབས། ཐེག་པ་ཆེན་པོ་གཅོད་ཀྱི་སྙིང་པོ་བསྡུས་པའི་ལག་ལེན། གཅོད་ཀྱི་ཉམས་ལེན་མདོར་བསྡུས་སྙིང་པོ་གསལ་བ། གཅོད་ཟབ་མོ་དོན་གྱི་ཉིང་ཁུ། གཉགས་སྟོན་སངས་རྒྱས་དཔལ་ཐང་པ་བསམ་གཏན་འོད་ཟེར་གྱིས་མཛད་པའི་དབང་བསྐུར་བྱིན་རླབས་རྒྱ་མཚོའི་ཟུར་འདེབས། ཁྲོས་ནག་ལྷ་ལྔའི་ཕྱག་ལེན་གྱི་དོགས་དཔྱོད། ཁྲོས་ནག་བསྙེན་པའི་ཁ་སྐོང་གི་སྦྱིན་སྲེག་གི་ཐོ། འཆི་མེད་རྔ་སྒྲའི་དབང་ཆོག་གི་ཟུར་འདེབས། ཚེ་དབང་ལྕགས་གདོང་མའི་ལྷན་ཐབས། བུམ་གཏེར་གྱི་ལྷན་ཐབས། སིལ་གཏོར་བརྒྱ་རྩའི་ལྷན་ཐབས། གུར་དྲག་ཕྲིན་ལས་ཀྱི་གཞུང་བསྡུས་ཐབས་ཀྱི་ཐོ། རོ་སྲེག་ཉེར་མཁོའི་ལྷན་ཐབས་ཉུང་ངུ༌། ཀྱེ་རྡོར་ལ་བརྟེན་པའི་དུས་ཐ་མའི་ཆོ་གའི་ལག་ལེན་གཞན་ཕན་མཐའ་ཡས་ལས་རོ་སྲེག་ཟུར་ཕྱུང༌། ཀུན་རིག་ལ་བརྟེན་པའི་རབ་གནས་འབྲིང་པོ། ཀྱེ་རྡོར་ལ་བརྟེན་པའི་རབ་གནས་བསྡུས་པ་དཔྱིད་ཀྱི་ཉིང་ཁུ། བླ་མའི་སྐུ་རིམ་བརྟན་བཞུགས་ཀྱི་ཆོ་ག་ཚོགས་གཉིས་ལྷུན་པོ། གཏོར་བསྔོ་བརྒྱ་རྩ་སོགས་བྱེད་པའི་ཕྱག་ལེན་འདོད་དོན་ལྷུན་གྲུབ། ཕྱག་ན་རྡོ་རྗེ་གཏུམ་པོ་ཁྱུང་ལྔའི་མངོན་རྟོགས་རྗེས་གནང་རབ་ཏུ་གསལ་བ། ཁྱུང་ནག་གི་རྗེས་གནང་གསལ་བའི་སྒྲོན་མེ། མགོན་པོ་ཁྲོ་བཅུའི་རྗེས་གནང་བདུད་ལས་རྣམ་རྒྱལ། འདོད་ལྷ་རྣམས་ཀྱི་བསྙེན་པའི་ལག་ལེན་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པའི་ཡི་གེ་དངོས་གྲུབ་བང་མཛོད་དུ་བཞུགས་པ་ནི།གོ་«»རམས་པས་མཛད་པའི་བསྙེན་ཐབས་བདུད་རྩིའི་བུམ་བཟང༌། ས་ལོས་སྟག་ལུང་«»སྒྲུབ་ཆེན་ལ་གནང་བ། དཀོན་མཆོག་དཔལ་ལྡན་«»པས་མཛད་པའི་ཡི་དམ་ཆོས་སྐྱོང་གི་བསྙེན་ཐབས། བྲང་ཏི་པཎ་«»ཆེན་གྱིས་མཛད་པའི་ཀྱེ་རྡོར་གཞི་བསྙེན་བྱེད་པའི་ཐབས། ཡང་«»འཁོར་ལོ་བདེ་མཆོག་གི་བསྙེན་ཐབས། རྣལ་འབྱོར་མའི་བསྙེན་«»ཐབས་ཚོགས་བསགས་པས་མཛད་པ། འཇིགས་བྱེད་ཀྱི་བསྙེན་ཐབས་«»བྲང་ཏི་པས་མཛད་པ། ཡང་དེས་མཛད་པའི་ཀུན་རིག་གི་བསྙེན་«»ཐབས་དང༌། ཚེ་དཔག་«»མེད་ཀྱི་བསྙེན་ཐབས། མི་འཁྲུགས་«༡༠»པའི་བསྙེན་ཐབས་དཔལ་ལྡན་དོན་གྲུབ་ཀྱིས་མཛད་པ། ཡང་སེངྒེ་«༡༡»སྒྲའི་བསྙེན་ཐབས་དཔལ་གྲུབ་པས་མཛད་པ། རྡོ་རྗེ་རྣམ་«༡༢»འཇོམས་ཀྱི་བསྙེན་ཐབས། ཆོས་སྐྱོང་གི་བསྙེན་ཐབས་«༡༣»དཀོན་མཆོག་ལྷུན་གྲུབ་པས་མཛད་པ། གཉན་«༡༤»མགོན་གྱི་བསྙེན་ཐབས་པཎ་ཆེན་གྱིས་མཛད་པ། བཅུ་གཅིག་«༡༥»ཞལ་གྱི་བསྙེན་ཐབས་དྲི་མེད་ཕྲེང་བ། ཨ་ར་«༡༦»པ་ཙ་ན་དཔའ་གཅིག་བསྙེན་ཐབས། རིགས་གསུམ་སྤྱིའི་བསྙེན་«༡༧»ཐབས་ཚོགས་གཉིས་ལྷུན་གྲུབ། བདེ་མཆོག་དྲིལ་«༡༨»བུ་པའི་བསྙེན་ཐབས། ཡིག་«༡༩»བརྒྱའི་བསྙེན་ཐབས། དབྱངས་ཅན་«༢༠»མའི་བསྙེན་ཐབས། གུར་དྲག་«༢༡»ཉང་ལུགས་ཀྱི་བསྙེན་ཐབས།གུ་རུ་དྲག་«༢༢»མཐིང་རྒོད་ལྡེམ་གྱི་བསྙེན་ཐབས། ལས་«༢༣»གཤིན་བསྙེན་ཐབས། རང་གཞན་གྱིས་སྙན་ཤལ་ཕུལ་བའི་ཞལ་བྱང་སྣ་ཚོགས་པ་མང་རབ་ཞིག་དང༌། སྡེ་དགེའི་ལྕགས་རྫོང་མགོན་ཁང་གི་དཀར་ཆག སྙན་ཤལ་གྱི་ཞལ་ཡིག བརྒྱད་སྟོང་གསར་བྲིས་སུམ་བིད་ཀྱི་དཀར་ཆག གདོང་སྤྲས་རྟེན་བཞེངས་ཀྱི་དཀར་ཆག དཔོན་བིར་ཐུ་ཁའི་བཀའ་འགྱུར་བཞེངས་བྱང༌། སངས་རྒྱས་རྒྱ་མཚོར་བསྟོད་པ། བསོད་ནམས་བརྟན་པའི་རིང་འཚོ། རྣལ་འབྱོར་པ་གཡོས་དགེ་བར་བསྒྱུར་བའི་གདམས་པ། རང་ལ་བསྐུལ་བའི་ཚིགས་བཅད་ཡི་གེའི་མ་མོ་ལ་སྤེལ་བ། སྡོམ་གསུམ་བརྒྱུད་འདེབས་སྙིང་གི་བདུད་རྩི། སྤྱན་རས་གཟིགས་གཙོ་འཁོར་གསུམ་པའི་བརྒྱུད་པའི་གསོལ་འདེབས། ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཚེམ་བུ་ལུགས་ཀྱི་འཕོ་བའི་གསོལ་འདེབས་གནས་སྦྱར་མ། སྒྲོལ་མར་བྱིན་རླབས་གནད་འབེབས་ཀྱི་སྨྲེ་སྔགས། བླ་མ་རྒྱང་འབོད་དཔྱིད་ཀྱི་རྒྱང་གླུ། འཇམ་དབྱངས་ཨ་ར་པ་ཙ་ན་དཀར་པོ་ལྷ་ལྔའི་སྒྲུབ་དཀྱིལ།དབང་གི་བརྗེད་བྱང་བཀླག་ཆོག་ཡིད་ཀྱི་མུན་སེལ། སྒྲོལ་མ་མཎྜལ་བཞིའི་ཆོ་ག་བཀླག་ཆོག་འདོད་དོན་ལྷུན་གྲུབ། ཤེས་ཕྱིན་ཉམས་ལེན་གྱི་ལྷན་ཐབས།གྲིབ་མ་ཁྲུས་སེལ་གྱི་ལྷན་ཐབས། ཚེ་སྒྲུབ་ཞག་བདུན་མའི་ལྷན་ཐབས་སངས་རིན་གྱིས་མཛད་པ་ལ་སྦྱོར་རྒྱུ། སངས་རྒྱས་ཀླུ་དབང་རྒྱལ་པོའི་བསྙེན་ཐབས་བྲིས་སྐུའི་དམིགས་བསལ་བཅས། ཁྱུང་ནག་གཏོར་མའི་གསལ་བྱེད། དབྱངས་ཅན་ཉམས་ལེན་ཡན་ལག གསུང་བསྔོ། ནཱ་རོ་མཁའ་སྤྱོད་བརྒྱུད་འདེབས་པད་དཀར་བཞད་པའི་ཁ་སྐོང༌། སྐུ་སྐྱེ་བསོད་ནམས་བརྟན་པར་ཕྲིན་ཡིག ཆོས་རྗེ་དོན་གྲུབ་རྒྱལ་མཚན་གྱིས་ཀུན་རིག་དབང་གི་དོགས་གཅོད། ཀུན་རིག་སྐྱབས་ཡུལ་གྱི་ཐོ་ཆུང༌། རྣམ་དག་དཀྱིལ་འཁོར་མའི་ཚིག་འགྲེལ་མདོར་བསྡུས། ལམ་ཟབ་བླ་མཆོད་བརྒྱུད་པའི་ཁ་སྐོང༌། སྒྲོལ་དཀར་ཚེ་ཁྲིད་བརྒྱུད་པའི་ཁ་སྐོང༌། མགོན་པོའི་ཆོས་སྐོར་བརྒྱུད་པའི་གསོལ་འདེབས་ཁ་སྐོང༌། རྣམ་རྒྱལ་མཆོད་རྫས་ཀྱི་ཤིས་བརྗོད། སྡེ་དགེའི་མགོན་ཁང་གི་བློས་སློང་དང་འཆམས་སྐུ་རྣམས་ཀྱི་ཚིགས་བཅད། ཤ་ཆང་སྤང་བའི་དམ་བཅའ་བརྟན་བྱེད། རྣམ་བཅུ་དབང་ལྡན་གྱི་མཚན་དོན་མདོར་བསྡུས། ཚེ་རིང་ལྗོངས་ཀྱི་ཚིགས་བཅད། ལམ་འབྲས་གསེར་བྲིས་བཞེངས་བྱང༌། ཀུན་དགའ་རྒྱ་མཚོས་ཀུན་རིག་ཞུས་ལན། བྲག་རྫོང་མའི་དབང་གི་སྦྱིན་སྲེག བྲག་རྫོང་མའི་རྒྱས་པའི་སྦྱིན་སྲེག དགོན་གནས་ཀྱི་བཅའ་ཡིག་ལྷག་བསམ་རབ་དཀར། བསྐོར་ཕྱག་གི་ཕན་ཡོན་རྣམས་དང༌། བརྗེད་བྱང་ལུང་གི་བེ་བུམ་དགོས་འདོད་ཀུན་འབྱུང༌། ལྷ་སའི་བཅུ་གཅིག་ཞལ་ལ་ཡན་ལག་བདུན་པ་ཕུལ་བའི་ཚིགས་བཅད། སྡེ་དགེ་གྲྭ་ཚང་ལ་གདམས་པ། བྱིན་རླབས་ཐུགས་རྗེའི་དབང་གི་སྔོན་འགྲོ་བསྡུས་པ། སྐྲ་སེན་གྱི་སྦྱིན་སྲེག མན་ངག་གཅེས་པ། རྟག་གཏོར་གྱི་གསལ་བྱེད། མི་མིན་གཅོད་པ་ཟླ་བ་ལ་གཏམ་དུ་བརྗོད་པ། དམ་པའི་ཆོས་ཐོས་པའི་ཡི་གེ་དབང་གི་རྒྱལ་པོ་རྣམས་ཏེ་གླེགས་བམ་རིན་པོ་ཆེ་བཞི་བཞུགས་པའི་གླེགས་བམ་དང་པོ་གཉིས་ཀྱི་ལུང་ཐོབ་པའི་བརྒྱུད་པ་ནི། བསྟན་པའི་སྣང་བྱེད་སངས་རྒྱས་ཕུན་ཚོགས།མཚུངས་མེད་བསོད་ནམས་དཔལ་ལྡན། གླེགས་བམ་ཕྱི་མ་གཉིས་ཀྱི་ལུང་ཐོབ་པའི་བརྒྱུད་པ་ནི། མཁན་ཆེན་སངས་རྒྱས་ཕུན་ཚོགས་ནས། མཚུངས་མེད་བསོད་ནམས་དཔལ་ལྡན། ཐམས་ཅད་མཁྱེན་པ་ཚུལ་ཁྲིམས་ལྷུན་གྲུབ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་སྩལ་ཏོ།།  །།གཉིས་པ་ནི། དེ་དག་ཀུན་གྱི་རྩ་བར་གྱུར་པ་སྟོན་པའི་བཀའ་ལུང་རིན་པོ་ཆེ་གངས་ཅན་པའི་བརྡར་འགྱུར་རོ་ཅོག་གི་སྐོར་ལས་རང་གི་སྐལ་བ་མཆོག་གི་སྣོད་དུ་ཆ་ཤས་ལྷུང་བ་ནི། སྤྱིར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་ནི་ཐོག་མཐའ་བར་གསུམ་དུ་དགེ་བ་སྟེ། དེའང་ལྷ་ཀླུ་མི་དང་དྲི་ཟ་ལ་སོགས་པའི་གདུལ་བྱར་གྱུར་པའི་འགྲོ་བ་རྣམས་ཀྱི་ཁམས་དང་བསམ་པ་དང༌། བག་ལ་ཉལ་བ་ལ་བརྟེན་ནས་དབང་པོར་འཚམ་པའི་དྲང་ངེས་ཀྱི་ཆོས་སོ་སོའི་སྐད་དང་མཐུན་པར་བཀའ་སྩལ་པ་ནི་ནམ་མཁའི་ཕ་མཐའ་བཞིན་རྟོགས་པར་དཀའ་བས་ཉན་རང་གི་སློབ་མི་སློབ་ཀྱི་འཕགས་པ་རྣམས་དང་སྲིད་པ་རྒྱུན་གྱི་ཐ་མའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་འདི་ཙམ་མོ་ཞེས་ཚད་གཟུང་བར་མི་ནུས་ན་སོ་སོ་སྐྱེ་བོ་རྣམས་ཀྱི་ཡུལ་ལྟ་ག་ལ་ཞིག འོན་ཏེ་རྒྱ་མཚོ་ཆེན་པོ་ལས་ཆུ་ཐིགས་ཙམ་ཞིག་ཡུལ་དབུས་འགྱུར་འཆང་སོགས་སུ་བྱང་ཆུབ་སེམས་དཔའི་དགེ་འདུན་དང་འཕགས་པ་དགྲ་བཅོམ་པ་རྣམས་ཀྱིས་བཀའ་བསྡུ་བ་རིམ་པ་གསུམ་མཛད། འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས་དང༌། མངོན་པར་རྟོགས་པའི་ཡོན་ཏན་གྱི་ས་ལམ་མཐོན་པོར་གཤེགས་པའི་གྲུབ་ཆེན་བརྒྱད་ཅུ་རྩ་བཞི་སོགས་སྐྱེས་ཆེན་དུ་མས་འཐོར་བ་སྡུད་པ་དང་འཆད་ཉན་གྱིས་གཏན་ལ་ཕབ་པའི་དམ་པའི་ཆོས་ཀྱི་བདུད་རྩི་རིན་ཆེན་འབྱུང་གནས་ཆེན་པོའི་མཆེད་ཟླར་འཕགས་པའི་ཡུལ་དུ་བཞུགས་པ་ལས་བྱང་ཕྱོགས་གངས་རིའི་རྭ་བས་བསྐོར་བའི་སྨན་ལྗོངས་འདིར་མོད་རྒྱུད་ཆུ་ཀླུང་གི་རྒྱུན་ལྟར་ཇི་སྙེད་ཅིག་ཉེ་བར་བབས་པའི་ཐོག་མ་ཕོ་བྲང་ཡམ་བུ་གླ་སྒང་གི་ཡང་ཐོག་ཏུ་དཔལ་ཀུན་དུ་བཟང་པོའི་རྣམ་པར་སྤྲུལ་པ་ལྷ་ཐོ་ཐོ་རི་བཞུགས་པའི་ཕྱག་ཏུ་ཉི་ཟེར་དང་ལྷན་ཅིག་པར་གསེར་ཤོག་ལ་བཻ་ཌཱུརྻས་བྲིས་པའི་དཔང་སྐོང་ཕྱག་བརྒྱ་པ། མདོ་སྡེ་ཟ་མ་ཏོག་བབས་པས་བསྟན་པའི་དབུ་བརྙེས། ལག་ན་པདྨ་མིའི་གཟུགས་ཅན་སྲོང་བཙན་སྒམ་པོའི་དུས་འཇམ་པའི་དབྱངས་ཀྱི་སྤྲུལ་པ་ཐུ་མི་སམྦྷོ་ཊས་རིན་པོ་ཆེ་ཏོག་གི་གཟུངས། ཤེར་ཕྱིན་འབུམ་པ། ཐུགས་རྗེ་ཆེན་པོའི་མདོ་རྒྱུད་ཉི་ཤུ་རྩ་གཅིག་རྣམས་བསྒྱུར་བ་སོགས་ཀྱིས་བསྟན་པའི་སྲོལ་བཏོད། འཇམ་དཔལ་རྡོ་རྗེའི་སྤྲུལ་པ་རྗེ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ་མཁན་སློབ་གཉིས་དང་བཻ་རོ་ཙ་ན་ལ་སོགས་པའི་བསྟན་པའི་སྣང་བྱེད་དུ་གྱུར་པའི་ལོ་པཎ་མང་པོ་བླའི་མཆོད་གནས་སུ་བཀུར་ཏེ་ཐེག་པ་ཆེ་ཆུང་གི་བཀའ་དང་དགོངས་འགྲེལ་མཐའ་ཀླས་པ་བསྒྱུར་ནས་བསྟན་པ་དར་རྒྱས་སུ་མཛད། སད་ན་ལེགས་མཇིང་ཡོན་གྱི་དུས་བནྡེ་དཔལ་བརྩེགས། ཆོས་ཀྱི་སྙིང་པོ། དེ་ཝནྡྷེ། དཔལ་གྱི་ལྷུན་པོ་སོགས་ཀྱིས་ཕང་ཐང་ཀ་མེད་ཀྱི་གཙུག་ལག་ཁང་ན་བཞུགས་པའི་གསུང་རབ་རྣམས་ལ་ཤླཽ་ཀ་བམ་གྲངས་ཐེམས་བྱང་བཀོད་པར་དཀར་ཆགས་ཊང་ཐང་མ་ཞེས་བཀའ་འགྱུར་ཕྱོགས་གཅིག་ཏུ་བསྒྲིགས་པའི་ཐོག་མ་ཡིན་ཞིང༌། དེ་རྗེས་བནྡེ་དཔལ་བརྩེགས་དང་འཁོན་ཀླུའི་དབང་པོས་བསྲུངས་སོགས་ཀྱིས་སྟོང་ཐང་ལྡན་དཀར་ན་བཞུགས་པའི་གསུང་རབ་རྣམས་བསྒྲིགས་ནས་དཀར་ཆག་ལྡན་དཀར་མ་མཛད། བཙན་པོ་ཁྲི་ལྡེའུ་སྲོང་བཙན་འོན་ལྡང་རྡོ་ན་བཞུགས་པའི་དུས་སུ་ཉི་འོག་གི་མཁན་པོ་ཨཱ་ཙཱརྻ་ཛི་ན་མི་ཏྲ། སུ་རེནྡྲ་བོ་དྷི། ཤཱི་ལེནྡྲ་བོ་དྷི། དཱ་ན་ཤཱི་ལ། བོ་དྷི་མི་ཏྲ་དང༌། བོད་ཀྱི་མཁན་པོ་རཏྣ་རཀྵི་ཏ། དྷརྨ་ཏཱ་ཤཱི་ལ།ལོ་ཙཱ་བ་ཛྙཱ་ན་སེ་ན། ཛ་ཡ་རཀྵི་ཏ། མཉྫུ་ཤྲཱི་ཝརྨ། ནཱ་ལེནྡ་རཏྣེནྡྲ་ཤཾ་ལ་སོགས་ལོ་པཎ་རྣམས་ལ་སྔོན་ལྷ་སྲས་ཡབ་མེས་ཀྱི་རིང་ལ་ལོ་པཎ་རྣམས་ཀྱིས་ཆོས་སྐད་བོད་ལ་མ་གྲགས་པ་ལས་མིང་དུ་བཏགས་པ་མང་དག་ཅིག་མཆིས་པའི་ནང་ནས་འགའ་ཞིག་ཆོས་ཀྱི་གཞུང་དང་བྱཱ་ཀ་ར་ཎའི་ལུགས་དང་མི་མཐུན་པ་རྣམས་དཔྱད་པ་གྱིས་ཤིག་པར་བཀའ་གནང་སྟེ་འགྱུར་རྙིང་མི་བཅོས་སུ་མི་རུང་བ་རྣམས་ཀྱང་བཅོས་སྐད་ཀྱི་མིང་གཅེས་སོ་འཚལ་གྱིས་ཀྱང་བསྣན་ནས་ཐེག་པ་ཆེ་ཆུང་གི་གཞུང་ལས་ཇི་ལྟར་འབྱུང་བ་དང་གཞན་པའི་མཁན་པོ་ཆེན་པོ་ནཱ་གཱརྫུ་ན་དང་བ་སུ་བནྡྷུ་སོགས་ཀྱིས་ཇི་ལྟར་བཤད་པ་དང་བྱཱ་ཀ་ར་ཎའི་ལུགས་དང་ཡང་བསྟུན་ཏེ་འཇལ་དཀའ་བ་རྣམས་ཀྱང་ཚིག་སོ་སོར་ཕྲལ་ནས་གཏན་ཚིགས་ཀྱིས་བཤད་དེ་གཞུང་དུ་བྲིས། སྐད་རྐྱང་པ་བཤད་མི་འཚལ་བ་སྒྲ་ཇི་བཞིན་དུ་བསྒྱུར་བར་རིགས་པ་རྣམས་ཀྱང་སྒྲ་བཙན་པར་བགྱིས་ཏེ་མིང་དུ་བཏགས། སྐད་ཁ་ཅིག་དོན་བཞིན་དུ་གདགས་པར་རིགས་པ་རྣམས་ཀྱང་དོན་བཙན་པར་བགྱིས་ཏེ་མིང་དུ་བཏགས་ནས་ལོ་པཎ་རྣམས་ཀྱིས་རྗེ་བློན་གདན་འཛོམ་པ་ལ་ཞུས་ནས་སྐད་གསར་བཅད་བྱེ་བྲག་ཏུ་རྟོགས་བྱེད་ཆེ་འབྲིང་ཆུང་གསུམ་གྱིས་གཏན་ལ་ལེགས་པར་ཕབ། སྔར་མ་འགྱུར་བ་མང་པོ་གསར་དུ་བསྒྱུར། བསྟན་པ་ཕྱི་དར་ལ་པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་ཀཱིརྟི། ཇོ་བོ་ཆེན་པོ་མར་མེ་མཛད། ཁ་ཆེ་པཎ་ཆེན་བསོད་སྙོམས་པ་ཤཱཀྱ་ཤྲཱི་སོགས་འཕགས་ཡུལ་གྱི་པཎྜི་ཏ་དུ་མ་དང༌། ལོ་ཆེན་རིན་བཟང་དང་འབྲོག་མི་སོགས་འཇིག་རྟེན་གྱི་མིག་གཅིག་པུ་མང་དུ་བྱོན་ཏེ་མདོ་རྒྱུད་ཀྱི་བཀའ་བསྟན་བཅོས་མཐའ་ཀླས་པ་བསྒྱུར་ཞིང༌། བཅོམ་ལྡན་རལ་གྲིའི་སློབ་མ་འཇམ་དགག་པ་ཤིས་རྒྱ་ནག་ནས་བཀའ་འགྱུར་རོ་ཅོག་བཞེང་བའི་ཆ་རྐྱེན་དུ་དངོས་པོ་མང་དུ་བསྐུར་བ་ལ་བརྟེན་ནས་འདུལ་བ་ལུང་གི་མ་དཔེ་སྔོན་མཆིམས་ནམ་མཁའ་གྲགས་ཀྱིས་བཞེངས་པ་དང༌། མདོ་སྡེའི་སྐོར་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེའི་ཐུགས་དམ་ལྷ་མིའི་རྒྱན་མཆོག གཙང་ཆུ་མིག་རིང་མོའི་མདོ་མང་འདར་ཕྱར་བས་བཞེངས་པ།གྲུ་སྤངས་རྩའི་ཐུགས་དམ་འཛམ་གླིང་རྒྱན། ཞྭ་ལུ་གསེར་ཁང་གི་མདོ་མང་མཆིམས་ཀྱི་ཐུགས་དམ་གསེར་གཞུང་མ། ཕྱུགས་རྒྱལ་མ། དགོན་གསར་མ་ལེ་ཚན། སྤུན་གསུམ་གཙུག་ལག་ཁང་ན་ཞུགས་པའི་མདོ་མང་སོགས་གུང་བསྒྲིགས། ཤེར་ཕྱོགས་རྒྱུད་འབུམ་དང་བཅས་པ་དབུས་པ་བློ་གསལ་སངས་རྒྱས་འབུམ། ལོ་ཙཱ་བ་བསོད་ནམས་འོད་ཟེར། རྒྱང་རོ་བྱང་ཆུབ་འབུམ་སོགས་མཁས་པ་མང་པོས་སྒོ་བསྟུན་ཏེ་གོ་རིམ་འཁྲུལ་པ་མེད་པར་དཔལ་སྣར་ཐང་གི་གཙུག་ལག་ཁང་དུ་བཞེངས། མཁས་པ་ཆེན་པོ་བཅོམ་ལྡན་རལ་གྲིས་དཀར་ཆག་ཉི་མའི་འོད་ཟེར་མཛད། མ་ཕྱི་དེ་ཉིད་ལས་ཚལ་པ་སི་ཏུ་དགེ་བའི་བློ་གྲོས་«་་་་་སི་ཏུ་ཐམས་ཅད་མཁྱེན་པར་གྲགས་པས་ཐམས་ཅད་མཁྱེན་པ་བུ་སྟོན་ཚལ་དུ་བཀའ་འགྱུར་གྱི་རབ་གནས་ལ་གདན་དྲངས་དུས་ཚལ་པ་དབོན་པོའི་ཁ་ཡ་བྱེད་དགོས་ཡོད་ཅེས་དཔེ་མང་པོ་བསྣམས་ནས་ལམ་དུ་གཟིགས་སྐད་དོ།། »ཀྱིས་སྐྱིད་ཤོད་ཚལ་གུང་ཐང་གི་གཙུག་ལག་ཁང་དུ་བཞེངས་པས་ཚལ་པ་བཀའ་འགྱུར་ཞེས་གྲགས་ཆེ། བཀའ་འགྱུར་སྔོན་མ་རྣམས་ཀྱི་རྒྱུད་འབུམ་དུ་གསང་འདུས་གཉིས་མེད་རྣམ་རྒྱལ་རྒྱ་ཕོ་བ་ལུང་པས་བརྩམས་པ་སོགས་རྒྱུད་བརྫུས་མ་ཁ་ཡར་དང་མདོ་མང་ནས་ཀྱང་དོགས་པའི་གནས་སུ་གྱུར་པ་རྣམས་ཕྱིར་དབྱུང༌། གསང་སྔགས་སྔ་འགྱུར་གྱི་རྒྱུད་རྣམས་སླར་ཞུས་དག་ཅིག་མཛད་བཞེད་ཀྱིས་རེ་ཞིག་བཏང་སྙོམས་སུ་བཞག་སྟེ་ཤིན་ཏུ་ཁ་གཙང་བ་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེས་དཀར་ཆག་ཏུ་བཏབ་ནས་ཞྭ་ལུ་གསེར་ཁང་གི་གཙུག་ལག་ཁང་དུ་བཞུགས་སུ་གསོལ། དེ་ནས་རིམ་གྱི་མཆེད་པ་རྣམས་ལ་ཐེམ་སྤང་མར་གྲགས་པ་སྟེ། དེ་དག་ལས་མཆེད་དེ་བོད་དང་བོད་ཆེན་པོའི་རྒྱལ་ཁམས་སུ་བཀའ་འགྱུར་རོ་ཅོག་གི་གླེགས་བམ་ལུས་ཅན་བསོད་ནམས་ཀྱི་རྟེན་དུ་མང་པོར་འཕེལ་ཏེ། དེ་དག་ཡི་གེར་འདྲི་བ་ལས་ཀྱང་ཐོས་བསམ་སྒོམ་གསུམ་དུ་བྱ་བ་ནི་ཆོས་སྤྱོད་བཅུའི་ནང་ནས་ཀྱང་ཆེས་མཆོག་ཏུ་བསྔགས་པ་ལ་དགོངས་ནས་སྔོན་བྱོན་དམ་པ་དུ་མས་འབད་པ་ཆེན་པོས་ཉེ་བར་བཙལ་བའི་ལུང་གི་རྒྱུན་མཚན་ཉིད་པ་ཉན་བཤད་བྱ་བ་ནི། ཆོས་སྤྱོད་བཅུའི་ནང་ནས་ཆེས་མཆོག་ཏུ་གྱུར་པར་བསྔགས་པ་དང༌།བསྟན་པ་རིན་པོ་ཆེ་ཡུན་དུ་གནས་པའི་བྱ་བ་ཡང་ཉན་བཤད་སྒོམ་གསུམ་ལས་གཞན་འགའ་ཡང་མེད་པ་ལ་དགོངས་ནས། བསིལ་ལྡན་ལྗོངས་འདིར་གང་དག་བྱོན་པའི་བསྟན་སྐྱོང་གི་སྐྱེས་བུ་དམ་པ་རྣམས་ཀྱིས་དམ་པའི་ཆོས་ལ་གཟུ་ལུམ་དབང་ཆེར་སྤྱོད་པའི་སྲོལ་ངན་ཐོག་མཐའ་བར་གསུམ་མར་གྲགས་པའི་ལུང་དང༌། དབའ་བ་ཤུར་མར་གྲགས་པའི་ལུང་དང༌། འཐོར་ཀློག་མར་གྲགས་པའི་ལུང་དང༌། ལྕགས་རི་མར་གྲགས་པའི་ལུང་དང༌། སྔ་མའི་ཐོབ་ཡིག་གི་ལུང་གནང་བས་དེར་གསལ་གྱི་ལུང་མཐའ་དག་ཐོབ་པར་འདོད་པ་དང༌། དཔེ་ཁང་དུ་ཁྲིད་ནས་སྨོན་ལམ་མཛད་པས། དེར་བཞུགས་སོ་ཅོག་གི་ལུང་ཐོབ་པར་འདོད་པ་དང༌། དཔོན་སློབ་ངོས་ཀྱིས་མ་མཇལ་བར་དགོངས་པ་གཏད་པ་ལས་བྱུང་བའི་དབང་ལུང་དགོངས་གཏད་མ་ཞེས་གྲགས་པའི་རང་དགའི་ལྷ་ཆོས་ཐོས་ལོ་ཙམ་གྱིས་བསྟན་པ་ལ་རྨ་སྲོལ་འབྱིན་པའི་ལུགས་ངན་གྱི་རྒྱུན་མཐུད་ལྟ་བུ་མ་ཡིན་པར། མཐར་ཆགས་སུ་བཀླགས་པའི་ལུང་གི་རྒྱུན་ཚད་ལྡན་གང་དག་བཞུགས་པ་ལས། ཁེངས་པ་བསྐྱུངས་ཏེ་འབད་རྩོལ་ཆེན་པོས་གསན་པ་དང་བཤད་པའི་རྒྱུན་མི་ནུབ་པར་ཆུ་བོ་ཆེན་པོའི་རྒྱུན་བཞིན་དུ་ད་ལྟའི་བར་དུ་དར་རྒྱས་སུ་བཞུགས་པ་ལས། རང་གིས་ཀྱང་ཅུང་ཟད་རེ་མཉན་དུ་ཡོད་པ་ནི། དལ་འབྱོར་གྱི་ལུས་ལས་སྙིང་པོ་མཆོག་བླངས་པར་འགྲོ་བ་ཡང༌། སངས་རྒྱས་ཀྱི་སྟོབས་བསྐྱེད་པའི་ཆོ་འཕྲུལ་རྣམ་པར་འཕྲུལ་པ་བསྟན་པའི་མདོ་ལས་རིགས་ཀྱི་བུ་གང་ལ་ལ་ཞིག་གིས་ཛམྦཱུའི་གླིང་གི་སེམས་ཅན་དེ་དག་ཐམས་ཅད་འཕགས་པའི་ལམ་ཡན་ལག་བརྒྱད་ལ་འཇོག་ཅིང༌། བཞག་ནས་ལྷའི་ལོ་སྟོང་དུ་ཡོ་བྱད་ཐམས་ཅད་ཀྱིས་མི་བྲེལ་བར་རྗེད་ཅིང་མཆོད་པ་བས། གང་གི་ཆོས་ཀྱི་རྣམ་གྲངས་འདི་ལས་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ཙམ་ཡང་ཉན་པ་དང༌། འཆང་བ་དང༌། འདྲི་བ་དང༌། འདྲིར་བཅུག་པ་དང༌། གཞན་ལ་རྒྱས་པར་བྱེད་ན། དེ་བས་འདི་ཆེས་བསོད་ནམས་མང་དུ་འཕེལ་ལོ་ཞེས་དང༌། དམ་པའི་ཆོས་པདྨ་དཀར་པོ་ལས་ཀྱང༌། གང་གིས་དམ་པའི་ཆོས་པདྨ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་དང༌། གང་ཡི་གེར་འདྲི་བ་དང༌། གང་ཡི་གེར་འདྲིར་འཇུག་པ་དང༌། སྐར་མའི་རྒྱལ་པོ་མེ་ཏོག་ཀུན་དུ་རྒྱས་པ་མངོན་པར་ཤེས་པ་གང་གིས་ཆོས་ཀྱི་རྣམ་གྲངས་འདི་ཟུང་ངམ། བསྟན་ཏམ། ཐོས་སམ། ཡི་གེར་བྲིས་སམ། ཡི་གེར་འདྲིར་འཇུག་གམ། གླེགས་བམ་དུ་བྱས་ཏེ་བསྟི་སྟང་དུ་བྱེད་པ་དང༌། བཙུན་པར་བྱེད་པ་དང༌། བཀུར་སྟིར་བྱེད་པ་དང༌། མཆོད་པ་བྱེད་པ་ལ་སོགས་པ་རྒྱ་ཆེར་གསུངས་ནས། རིགས་ཀྱི་བུ་གང་ལ་ལ་ཆོས་ཀྱི་རྣམ་གྲངས་འདི་འཛིན་པའམ། ཀློག་པའམ། སྟོན་པའམ། ཡི་གེར་འདྲི་བ་རུང་སྟེ། རིགས་ཀྱི་བུ་དེ་མིག་གི་ཡོན་ཏན་བརྒྱད་བརྒྱ་ཐོབ་པར་འགྱུར་རོ། །རྣ་བའི་ཡོན་ཏན་སྟོང་ཉིས་བརྒྱ་ཐོབ་པར་འགྱུར་རོ། །སྣའི་ཡོན་ཏན་བརྒྱད་བརྒྱ་ཐོབ་པར་འགྱུར་རོ། །ལྕེའི་ཡོན་ཏན་སྟོང་ཉིས་བརྒྱ་ཐོབ་པར་འགྱུར་རོ། །ལུས་ཀྱི་ཡོན་ཏན་བརྒྱད་བརྒྱ་ཐོབ་པར་འགྱུར་རོ། །ཡིད་ཀྱི་ཡོན་ཏན་སྟོང་ཉིས་བརྒྱ་ཐོབ་པར་འགྱུར་རོ། །དེ་ཡོན་ཏན་བརྒྱ་ཕྲག་མང་པོས་དབང་པོ་དྲུག་གི་གྲོང་ཡོངས་སུ་དག་ཅིང༌། >རྗེས་མ།>>>

རྩོམ་སྒྲིག་པ། སྟག་ལྗོངས་འཆི་མེད།

ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།

དྲ་བའི་སྦྲེལ་ཐག  www.gyalyongsachen.com

རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*