རྒྱུད་གསུམ་བླ་མ་བརྒྱུད་པའི་གསོལ་འདེབས་ཀྱི་ཁ་སྐོང་འཕྲོ་ནི།

༄༅། །རྒྱུད་གསུམ་བླ་མ་བརྒྱུད་པའི་གསོལ་འདེབས་ཀྱི་ཁ་སྐོང་འཕྲོ་ནི། 

༄༅། །ལྷུན་གྲུབ་བུདྡྷའི་མཚན་ཅན་ལ་གསོལ་བ་འདེབས་ཞེས་པའི་རྗེས་སུ། ཤེས་བཟང་ཚུལ་ཁྲིམས་«་་་་་དང་པོ་གསུམ་དང་དྲུག་པས་བུདྡྷའི་མཚན་ཅན་ལས་གསན། »དཔལ་བཟང་བསོད་ནམས་དཔལ། །«འདི་པས་གཉིས་པ་དང་གསུམ་པ་ལས་གསན།་་་་་»བསོད་ནམས་བཟང་དང་«འདི་པས་དང་པོ་ལས་གསན།་་་་་»བཀྲས་ལྷུན་ཚུལ་ཁྲིམས་ལྷུན། །ནམ་མཁའ་བསམ་འགྲུབ་«་་་་་འདི་པ་གཉིས་ཀས་གཉིས་པ་དང་གསུམ་པ་ལས་གསན། »དཔལ་ལྡན་«་་་་་འདི་པ་གཉིས་ཀས་གཉིས་པ་དང་གསུམ་པ་ལས་གསན། »ཆོས་སྐྱོང་ཞབས། །རིན་ཆེན་«་་་་་འདི་པས་དྲུག་པ་ལས་གསན། »མི་འགྱུར་རྒྱལ་མཚན་ལ་གསོལ་བ་འདེབས། །སྐྱབས་གནས་སོགས་དང་སྦྲེལ་ལོ། །ཞེས་འདི་དག་གཅིག་ནས་གཅིག་ཏུ་བརྒྱུད་པའི་འགྲོས་ནི་མཆན་བུས་གསལ་བ་ཡིན་མོད། འདིར་སློབ་ཚོགས་མང་པོ་འདུས་པའི་ཚོགས་འདོན་གྱི་ཚེ་ཐུས་ཆེ་བའི་དབང་དུ་བྱས་པ་ཡིན་གྱི། གཞན་དུ་ན། བུདྡྷའི་མཚན་ཅན་རྗེས་བཟུང་བསོད་ནམས་དཔལ། །གཉིས་ཀ་ལས་མནོས་ཚུལ་ཁྲིམས་ལྷུན་གྲུབ་ཞབས། །དེ་སྲས་རིན་ཆེན་མི་འགྱུར་རྒྱལ་མཚན་སོགས། །དངོས་བརྒྱུད་བླ་མ་ཐམས་ཅད་ལ་གསོལ་བ་འདེབས། །ཞེས་པ་ལྟ་བུའམ། ཡང་ན། བུདྡྷའི་མཚན་ཅན་རྗེས་བཟུང་བསོད་ནམས་དཔལ། །རྡོ་རྗེ་འཆང་དངོས་དཔལ་ལྡན་ཆོས་སྐྱོང་སོགས། །གཞན་ཡང་བཀའ་སྲོལ་བརྒྱུད་པ་ཐ་དད་རྒྱུན། །ཡོངས་འཛིན་བླ་མ་ཐམས་ཅད་ལ་གསོལ་བ་འདེབས། །ཞེས་པ་ལྟ་བུ་བརྒྱུད་པ་བར་མ་ཆད་དུ་ཡོད་པ་ཞིག་དགོས་ཀྱི། གདན་རབས་ལྟ་བུ་ཐར་ཆགས་སུ་བསྒྲིགས་པས་མི་ཆོག་པར་སེམས་སོ། །ཞེས་པའི་ཁ་སྐོང་གི་འཕྲོ་འདིའང་ལྷུན་གྲུབ་སྟེང་གི་དབུ་མཛད་བླ་མ་ཀུན་དགའ་བསོད་ནམས་པའི་གསུང་གིས་བསྐུལ་ངོར། བནྡེ་ཚུལ་ཁྲིམས་རིན་ཆེན་གྱིས་བྲིས་པ་དགེ་བར་གྱུར་ཅིག། །།

རྩོམ་སྒྲིག་པ། སྟག་ལྗོངས་འཆི་མེད།

ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།

དྲ་བའི་སྦྲེལ་ཐག  www.gyalyongsachen.com

རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*