ག༽ ལམ་ཟབ་བླ་མ་མཆོད་པའི་བརྒྱུད་རིམ་ཁ་སྐོང་ནི།

༄༅། །ལམ་ཟབ་བླ་མ་མཆོད་པའི་བརྒྱུད་རིམ་ཁ་སྐོང་ནི། དཀོན་མཆོག་དཔལ་ལྡན་གྱི་རྗེས་སུ། །ཤེས་བྱ་ཀུན་གཟིགས་བྲང་ཏི་པཎྜི་ཏ། །རྒྱལ་བའི་དགོངས་པ་སྨྲ་མཁས་དཔལ་གྲུབ་པ། །རྡོ་རྗེ་འཆང་ཆེན་དཔལ་མཆོག་རྒྱལ་མཚན་ལ། །གུས་པས་ཕྱག་འཚལ་བརྩེ་བས་བྱིན་གྱིས་རློབས། །གསང་ཆེན་མཛོད་འཛིན་དམ་ཆོས་བསམ་འགྲུབ་དང༌། །སྙིགས་དུས་བསྟན་པའི་སྣང་བྱེད་བུདྡྷའི་མཚན། །ཐུགས་རྗེའི་གཏེར་ཆེན་བསོད་ནམས་དཔལ་ལྡན་ལ། །གུས་པས་ཕྱག་འཚལ་བརྩེ་བས་བྱིན་གྱིས་རློབས། །ཐམས་ཅད་«་་་་་ཡང་ན་ཐམས་ཅད་གཟིགས་པ་ཚུལ་ཁྲིམས་ལྷུན་གྲུབ་དང་ནམ་མཁའ་བསམ་འགྲུབ་དཔལ་ལྡན་ཆོས་སྐྱོང་རྣམས་གང་རུང་བསྒྱུར། »གཟིགས་པ་བཀྲ་ཤིས་ལྷུན་གྲུབ་ཞབས། །གཞན་ཡང་ཟབ་ལམ་བརྒྱུད་པའི་བླ་མ་དང༌། །སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་ལ། །གུས་པ་ཕྱག་འཚལ་བརྩེ་བས་བྱིན་གྱིས་རློབས། །ཞེས་པ་འདིའང་དོན་གཉེར་བྱམས་པ་བཀྲ་ཤིས་ཀྱི་ངོར། བནྡེ་ཚུལ་ཁྲིམས་རིན་ཆེན་གྱིས་བྲིས་པའོ།།  

རྩོམ་སྒྲིག་པ། སྟག་ལྗོངས་འཆི་མེད།

ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།

དྲ་བའི་སྦྲེལ་ཐག  www.gyalyongsachen.com

རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*