དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ཞེས་བྱ་བ་ལས་གླེགས་བམ་གཉིས་པའི་ནང༌།

ཤིན་ཏུ་ཡོངས་སུ་དག་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་མདོ་སྡེ་མང་པོར་ལན་གཅིག་མ་ཡིན་པར་བཀའ་སྩལ་པ་ལྟར། ཆོས་ཀྱི་རྣམ་གྲངས་རེ་རེ་ཙམ་ཐོས་པར་གྱུར་ནའང༌། བསོད་ནམས་ཀྱི་ཕུང་པོའི་ཚད་ནི་ནམ་ཡང་མུར་ཐུག་པ་མ་མཆིས་སོ་སྙམ་ནས་ཡིད་ཀྱི་དབང་པོ་དེར་ཕྲོགས་པར་བརྟེན། ཡང་དག་པའི་དགེ་བའི་བཤེས་ཀྱི་ཞབས་ཟུང་གི་ཆུ་སྐྱེས་དག་སྤྱི་བོས་བསྟེན་ཅིང་གུས་པས་མཉན་པ་ལ། བཀའ་དང་པོ་བདེན་བཞིའི་ཆོས་འཁོར་ལས་བྱུང་བ་འདུལ་བ་ལུང༌། བར་པ་མཚན་ཉིད་མེད་པའི་ཆོས་འཁོར་ལས་བྱུང་བ་ཤེར་ཕྱོགས། མཐའ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་ལས་བྱུང་བ་དཀོན་བརྩེགས་དང་ཕལ་ཆེན། འཁོར་ལོ་གསུམ་པོ་ཅི་རིགས་པར་གཏོགས་པ་སྡེ་ཚན་ཕྱོགས་གཅིག་བསྒྲིགས་པ་མདོ་མང༌། ཐེག་པ་ཐམས་ཅད་ཀྱི་ཡང་རྩེར་སོན་པ་རྒྱུད་འབུམ་དང་ལྔ། དང་པོ་ནི། ཆོས་མངོན་པ་ལ་དགྲ་ལན་གསུམ་བྱུང་ཟེར་བའི་ལོ་རྒྱུས་དང་མཚུངས་པ་ལུང་ཞུ་བའི་འགྲེལ་པར་བྲམ་ཟེའི་རྒྱལ་པོ་རྒྱལ་ཤེས་ཀྱིས་མཆོད་རྟེན་བཤིག དགེ་འདུན་གྱི་ཀུན་དགའ་རྭ་བ་དག་མེ་ལ་བསྲེགས། དགེ་སློང་མང་དུ་བསད། གླེགས་བམ་རྣམས་ཀྱང་ཞུགས་ཀྱི་ཕུང་པོར་སྦྱངས་པས་བསྟན་པ་ལ་འཕེལ་འགྲིབ་བྱུང་བར་བརྟེན། དགེ་སློང་རྣམས་ཀྱིས་ཡུལ་གཞན་དག་ནས་འདུལ་བའི་སྡེ་སྣོད་ཀྱི་གླེགས་བམ་མང་དུ་བསྡུས་ཀྱང་གཞུང་བླ་མའི་གླེགས་བམ་མ་རྙེད་པས་ནམ་ཞིག་ན་ཁ་ཆེའི་ཡུལ་གྱི་དགེ་སློང་ཞིག་གི་བློ་ནས་འདོན་པ་ཐོས་ཏེ་རྩད་བཅད་པས་དགེ་སློང་དེས་ཅུང་ཟད་གཅིག་ནི་དྲན་ཅུང་ཟད་གཅིག་ནི་མི་དྲན་ནོ་ཞེས་སྨྲས་པ་ན་དྲན་པ་བཞིན་དུ་འདོན་དུ་བཅུག་ནས་དགེ་སློང་རྣམས་ཀྱིས་གཞུང་བླ་མ་ཡི་གེར་བཀོད། སླར་རྣམ་པར་དཔྱད་པར་བྱའོ་སྙམ་པའི་ངང་ནས་གཡེང་བས་ལུས་པ་ཡུལ་མང་པོར་འཕེལ་ཞིང༌། དེ་ལ་མ་ཚང་བ་དང་མ་དག་པ་བྱུང་བས་བྲམ་ཟེའི་བཙུན་པ་ཡོན་ཏན་འོད་ཀྱི་འདུལ་བའི་རྣམ་བཤད་ཀྱི་ཞུ་བ་ལས་འདི་སྐད་བྱུང་ངོ་ཞེས་དོགས་གནས་སུ་ཡང་ཡང་བཀོད་ཅིང༌། དེའི་ཕྱིར་འཕགས་པ་ཉེ་བར་འཁོར་གྱིས་ཞུས་པ་ཁ་ཆེ་བ་ཞེས་བྱ་སྟེ་ཞེས་འབྱུང་བས་ཞུ་བ་རྫོགས་པ་དང་བཅས་པའི་གཞུང་དམ་པ་ནི་ཡང་དག་པར་བསྡུས་པའི་གཞི་ཕོ་ཉམས་པས་མ་དག་ཅིང༌། སྔར་གསུང་རབ་རྣམས་མེར་བསྲེགས་པའི་དུས་ཐལ་བའི་ཁྲོད་ནས་རྙེད་པར་གྲགས་པའི་དང་པོའི་གཞུང་མ་ཉམས་པ་ཡུལ་དབུས་ཀྱི་དགེ་སློང་འགའ་ཞིག་གི་བློ་ལ་སྣང་བ་འཕགས་པའི་གནས་བརྟན་ཆེན་པོ་རྣམས་དང་སྡེ་སྣོད་འཛིན་པའི་མཁས་པ་མང་པོས་དབུས་འགྱུར་འཆང་དུ་གཏོགས་པའི་གྲོང་ཁྱེར་ཆེན་པོ་བཅོམ་བརླག་ཏུ་བསྡུས་པའི་ལུང་ཞུ་བ་མ་རྫོགས་པ་འདི་དག་པ་ཡིན་ལ། དེའང་གངས་རིའི་ལྗོངས་སུ་འགྱུར་རོ་ཅོག་གི་ལུང་སྡེ་བཞིའི་བཞུགས་ཚུལ་ལ་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ་སོགས་མཁས་པ་མང་དག་གིས་ཕའི་སོ་ཐར་མདོའི་ཚིག་གི་འགྲེལ་པ་ཕའི་རྣམ་འབྱེད་ཡིན་པས་དང་པོར་ཕའི་སོ་ཐར་དང་རྣམ་འབྱེད། དེ་ནས་མའི་སོ་ཐར་དང་རྣམ་འབྱེད། དེ་ནས་སོ་ཐར་མདོའི་དོན་གྱི་འགྲེལ་པ་ལུང་གཞི། དེ་གཉིས་ཀྱི་ཁ་སྐོང་བ་ཕྲན་ཚེགས། དེ་དག་གི་དོན་ཞུས་ལན་གྱིས་གཏན་ལ་འབེབས་པ་ལུང་ཞུ་བའམ་གཞུང་བླ་མར་མཛད་ནས་རྒྱལ་རྩེ་ཐེམ་སྤངས་མ་སོགས་གོ་རིམ་དེ་ལྟར་ཡོད། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པའི་གསན་ཡིག་ཏུ་རྩ་བའི་ལུང་དགེ་སློང་ཕ་མའི་སོ་ཐར་གཉིས། དེ་ནས་ལུང་སྡེ་བཞིའི་དང་པོ་ལུང་གཞི། གཉིས་པ་ལུང་རྣམ་འབྱེད། གསུམ་པ་བླ་མའམ་དམ་པ། བཞི་པ་ཕྲན་ཚེགས་ཀྱི་གོ་རིམས་སུ་མཛད། ཚལ་པའི་བཀའ་འགྱུར་དུ་སྔོན་གྱི་སྐ་ཅོག་སོགས་ཀྱི་བཞེད་པ་དཀར་ཆག་ཕང་ཐང་མ་སོགས་ལས་བྱུང་བ་ལྟར་དང་པོ་ལུང་གཞི། གཉིས་པ་སོ་ཐར་གྱི་མདོ་དང་རྣམ་འབྱེད། གསུམ་པ་ཕྲན་ཚེགས། བཞི་པ་གཞུང་བླ་མའམ་ཞུ་བར་མཛད་པའི་ལུགས་གསུམ་ག་ཁུངས་ཤིན་ཏུ་བཙུན་པར་འདུག་པས་གང་གི་རྗེས་སུ་འབྲངས་ཀྱང་ཁྱད་པར་མི་འདུག་ནའང༌། ཚལ་པ་བཀའ་འགྱུར་གྱི་སྟེང་ནས་ལུང་ནོས་པ་དང་མཁས་གྲུབ་སྨན་ལུང་པའི་གསན་ཡིག་ཀྱང་དེ་ཁོ་ན་ལྟར་མཛད་པ་ནས་དེའི་རྗེས་སུ་འབྲངས་ཏེ་བཀོད་པ་ལ། འདུལ་བ་གཞི་ཤླཽ་ཀ་སུམ་ཁྲི་ཉིས་སྟོང་བདུན་བརྒྱ་བམ་པོ་བརྒྱ་དང་དགུ་བཞུགས་པའི་གླེགས་བམ་ཀ་པ་ལ་རབ་བྱུང་གི་གཞི། གསོ་སྦྱོང་གི་གཞི། དགག་དབྱེའི་གཞི། དབྱར་གནས་ཀྱི་གཞི། ཀོ་ལྤགས་ཀྱི་གཞིའི་སྟོད་རྣམས། ཁ་པ་ལ་ཀོ་ལྤགས་ཀྱི་གཞིའི་སྨད་ཆ་དང་སྨན་གྱི་གཞིའི་སྟོད་ཆ། ག་པ་ལ་སྨན་གྱི་གཞིའི་སྨད་ཆ། གོས་ཀྱི་གཞི། སྲ་བརྐྱང་གི་གཞི།ཀཽ་ཤམྦྷིའི་གཞི། ལས་ཀྱི་གཞི། དམར་སེར་ཅན་གྱི་གཞི། གང་ཟག་གི་གཞི། སྤོ་བའི་གཞི། གསོ་སྦྱོང་བཞག་པའི་གཞི། གནས་མལ་གྱི་གཞི། རྩོད་པའི་གཞི།དབྱེན་གྱི་གཞིའི་སྟོད་ཆ་དང་བཅས་པ་རྣམས། ང་པ་ལ་དབྱེན་གྱི་གཞིའི་མཇུག་སྟེ་གཞི་བཅུ་བདུན་རྣམས་པཎྜི་ཏ་སརྦ་ཛྙཱ་དེ་ཝ། བིདྱཱ་ཀ་ར་པྲ་བྷ། དྷརྨྨ་ཀ་ར།བོད་ཀྱི་ལོ་ཙཱ་བ་བནྡེ་དཔལ་གྱི་ལྷུན་པོ་རྣམས་ཀྱིས་བསྒྱུར་ཅིང༌། སླད་ཀྱི་པཎྜི་ཏ་བིདྱཱ་ཀ་ར་པྲ་བྷ་དང་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་ཞུས་ཏེ་གཏན་ལ་ཕབ་པ། ཅ་པ་ལ་དགེ་སློང་ཕའི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་མདོར་བསྡུས་ཏེ་སྟོན་པ་ཕའི་སོ་སོར་ཐར་པའི་མདོ་ཤླཽ་ཀ་བདུན་བརྒྱ་བམ་པོ་གཉིས་པ་ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་ཛི་ན་མི་ཏྲ་དང་ཞུས་ཆེན་གྱི་ལོ་ཙཱ་བ་བནྡེ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། དེ་རྒྱ་ཆེར་སྟོན་པ་ཕའི་རྣམ་འབྱེད་ཤླཽ་ཀ་ཉི་ཁྲི་བཞི་སྟོང་དགུ་བརྒྱ་བམ་པོ་བརྒྱད་«་་་་་གོང་དཀར་བའི་གསན་ཡིག་ན་འདི་ལྟར་སྣང་ཞིང་དཔེ་ལ་ལར་ཉི་ཁྲི་ལྔ་སྟོང་ཞེས་འབྱུང་བ་དཔྱད།»ཅུ་རྩ་གསུམ་པ་ལས་མི་གཙང་སྤྱོད་སོགས་ཕམ་པ་བཞི། ཁུ་བ་འབྱིན་པ་སོགས་ལྷག་མ་བཅུ་གསུམ་གྱི་བཅུ་པ་དབྱེན་བྱེད་པའི་སྟོད་ཆ་ཡན། ཆ་པ་ལ་བཅུ་པའི་སྨད་ཆ་མན། མ་ངེས་པའི་ཆོས་གཉིས། འཆང་བའི་སྤང་ལྟུང་སོགས་སྤང་ལྟུང་སུམ་ཅུ། རྫུན་བྱེད་པའི་ལྟུང་བྱེད་སོགས་ལྟུང་བྱེད་འབའ་ཞིག་པ་དགུ་བཅུའི་བཅུ་གཅིག་པ་སྐྱེ་བ་འཇིག་པ་ཡན། ཇ་པ་ལ་བཅུ་གཉིས་པ་འཆའ་བའི་ལྟུང་བྱེད་ནས་བདུན་ཅུ་རྩ་གཉིས་པ་ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་པ་ཡན། ཉ་པ་ལ་བདུན་ཅུ་རྩ་གསུམ་པ་ས་བརྐོ་བའི་ལྟུང་བྱེད་མན་སོ་སོར་བཤགས་པར་བྱ་བ་བཞི། ཤམ་ཐབས་ཟླུམ་པོར་བགོ་བ་ལ་བསླབ་པ་ནས་བཟུང་ཤིང་ལ་མི་གང་ཙམ་ལས་མཐོ་བར་མི་འཛེག་པར་བསླབ་པའི་བར་བསླབ་པའི་ཆོས་མང་པོ་རྣམས་དང་རྩོད་པ་ཞི་བྱེད་ཀྱི་ཆོས་བདུན་རྣམས་སྒྱུར་བྱེད་ཀྱི་ལོ་པཎ་གོང་དང་འདྲ་བ། ཏ་པ་ལ་དགེ་སློང་མའི་ཁྲིམས་སུམ་བརྒྱ་དྲུག་ཅུ་རྩ་བཞི་བསྡུས་ནས་སྟོན་པ་མའི་སོ་སོར་ཐར་པ་ཤླཽ་ཀ་བརྒྱད་བརྒྱ་«་་་་་ཚལ་པ་བཀའ་འགྱུར་དཀར་ཆག་ན་ཤླཽ་ཀ་ཉིས་བརྒྱ་ཞེས་སྣང་བ་བརྟག »བམ་པོ་གཉིས་སྒྱུར་བྱེད་ཀྱི་ལོ་པཎ་གོང་དང་འདྲ་བ། དེ་རྒྱས་པར་སྟོན་པ་མའི་རྣམ་འབྱེད་ཤླཽ་ཀ་བརྒྱད་«་་་་་རྡོ་རྗེ་གདན་པའི་གསན་ཡིག་ན་བམ་པོ་དྲུག་ཡན་བཞུགས་གསུང་བ་བརྒྱུད་པ་དེ་ལ་དྲུག་མན་གྱི་ལུང་མ་བྱུང་བ་འདྲ་ཞིང་བག་སྟོན་པ་དང་དམར་སྟོན་པའི་བརྒྱུད་ལུགས་འདི་ལ་ཉི་ཤུ་རྩ་བརྒྱད་ཚང་མར་ལུང་མཛད་སྲོལ་ཡོད་པར་བརྟེན་རིན་པོ་ཆེ་སྨན་ལུང་ནས་ཀྱི་གསན་ཡིག་ཏུའང་ཉེར་བརྒྱད་རང་ཡོད་དོ།། »སྟོང་བཞི་བརྒྱ་དང་བམ་པོ་ཉི་ཤུ་རྩ་བརྒྱད་པ་པཎྜི་ཏ་སརྦ་ཛྙཱ་དེ་ཝ། དྷརྨྨ་ཀ་ར། བིདྱུ་ཀ་ར་པྲ་བྷ། ལོ་ཙཱ་བ་དཔལ་གྱི་ལྷུན་པོ་རྣམས་ཀྱིས་བསྒྱུར་ཅིང་སླད་ཀྱི་བིདྱཱ་གང་དང་དཔལ་བརྩེགས་ཀྱིས་གཏན་ལ་ཕབ་པ། ཐ་པ་ལ་ལུང་ཕྲན་ཚེགས་སྒོ་བརྒྱད་ཀར་རྫོགས་པ་ཤླཽ་ཀ་ཆིག་ཁྲི་བདུན་སྟོང་བདུན་བརྒྱ་བམ་པོ་ལྔ་བཅུ་རྩ་དགུའི་བམ་པོ་ཉེར་བདུན་པ་ཡན། ད་པ་ལ་བམ་པོ་ཉེར་བརྒྱད་ནས་ལྔ་བཅུ་རྩ་དགུའི་བར་རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ། དྷརྨྨ་ཤྲཱི་པྲ་བྷ། ལོ་ཙཱ་བ་བནྡེ་དཔལ་འབྱོར་གྱིས་བསྒྱུར་བ། ན་པ་ལ་གཞུང་བླ་མའི་ཞུ་བ་མ་རྫོགས་པ་ཤླཽ་ཀ་སུམ་སྟོང་དྲུག་བརྒྱ་བམ་པོ་བཅུ་གཉིས། ཞུ་བ་རྫོགས་པ་ཤླཽ་ཀ་ཆིག་ཁྲི་ལྔ་སྟོང་དགུ་བརྒྱ་བམ་པོ་ལྔ་བཅུ་རྩ་གསུམ་གྱི་ཉི་ཤུ་རྩ་གཉིས་པ་ཡན། པ་པ་ལ་དེའི་འཕྲོས་བམ་པོ་ཉེར་གསུམ་ནས་ལྔ་བཅུ་རྩ་གསུམ་པའི་བར། ཞུ་བ་གཉིས་པོ་འདི་ལ་ཚལ་པ་བཀའ་འགྱུར་དུ་ལོ་ཙཱ་བ་ཀླུའི་རྒྱལ་མཚན་ལ་སོགས་པའི་དུས་བསྒྱུར་མོད་ཀྱི་ཞེས་པ་ཙམ་ལས་སྒྱུར་བྱེད་ཀྱི་ལོ་པཎ་གསལ་བ་མ་བྱུང༌། བླ་མ་གཉིས་བསྡོམས་པར་ཤླཽ་ཀ་ཆིག་ཁྲི་དགུ་སྟོང་ལྔ་བརྒྱ། སོ་ཐར་གཉིས། བླ་མ་མ་ཚང་བ་གསུམ་མ་གཏོགས་ཀུན་དྲིལ་བར་ཤླཽ་ཀ་དགུ་ཁྲི་དགུ་སྟོང་བདུན་བརྒྱ།«་་་་་རྣམ་འབྱེད་ཡན་ཆད་ལ་ཤླཽ་ཀ་ཕྱེད་དང་བཞི་བརྒྱ་དང་རྣམ་འབྱེད་ནས་བཟུང་བཞི་བརྒྱ་རེ་ལ་བམ་པོར་མཛད་དོ།། »གཞུང་བླ་མ་མ་རྫོགས་པ་མ་གཏོགས་པའི་ཁྱོན་བསྡོམས་ཤླཽ་ཀ་ཆིག་འབུམ་ཆིག་སྟོང་ཉིས་བརྒྱ། བླ་མ་མ་རྫོགས་པའང་བསྣན་པར་བམ་པོ་སུམ་བརྒྱ་དང་བཞི་བཅུ་རྩ་བཞི་བམ་པོ་གཅིག་གི་སུམ་ཆ་གཅིག་ཤླཽ་ཀ་ཆིག་འབུམ་བཞི་སྟོང་བརྒྱད་བརྒྱའི་ཚད་དུ་ཡོད་པ་ལེགས་པར་ཐོབ་པའི་བརྒྱུད་པ་ནི། «ཡང་དག་པར་རྫོགས་པའི་སངས་རྒྱས།་་་་་»སཾ་མྱཀྶཾ་བུདྡྷཿ མ་ཧཱ་ཀཱ་ཤྱེཿ«་་་་་འོད་སྲུངས་ཆེན་པོ། དགྲ་བཅོམ་པ་བདུན་ནི། ཀུན་དགའ་བོ།་་་་་»ཨཱ་ནནྡཿ ཤ་ན་«་་་་་ཤ་ནའི་གོས་ཅན།»བསྟབཾ། ཨུ་པ་གུཔྟཿ«་་་་་ཉེར་སྦས། »བྷ་ཝཱ་ནནྡཿ«་་་་་རྡོ་རྗེ་གདན་པའི་གསན་ཡིག་ན་དྷི་དྷི་ཀ་ཞེས་མཆན་སྣང་ཞིང་བྷ་ཤཱ་ཟེར་བ་འདུག་གོ །སྲིད་དགའ།»མེ་«་་་་་ནག་པོ་པ། »ཙ་ཀཿ པཱུརྞཿ«་་་་་གང་པོ། »ཨཱ་ཙཱརྻ་«་་་་་སློབ་དཔོན་རྟ་དབྱངས། »ཨ་ཤྭ་གྷོ་ཥཿ«་་་་་རྒྱ་གར་དབུས་ཀྱི་པཎྜི་ཏ་བདུན་ནི།» ཀུ་མཱ་ར་ལ་ལཱི་ཏཿ«་་་་་གཞོན་ནུ་རོལ་པ། »ཤྲཱི་མ་«་་་་་ཆོས་རྗེ་དཔའ་བོའི་གསན་ཡིག་ན་ཤྲཱི་ལ་ལཱི་ཏ་ཞེས་སྣང་བ་ནོར་བ་འདྲའོ། »ཏི།«་་་་་བློ་གྲོས་དཔལ། »ཧ་རི་བྷ་དྲཿ«་་་་་སེངྒེ་བཟང་པོར་དོན་གྱིས་བསྒྱུར་ཀྱང་རུང༌། འཕྲོག་བྱེད་བཟང་པོ། »ཤུ་ར་བཿ«་་་་་དཔའ་བོ། »བ་སུ་མི་«་་་་་དབྱིག་གཉེན་ཞེས་དོན་བསྒྱུར་ཀྱང་རུང༌། ནོར་བཤེས། »ཏྲཿ བ་སུ་ལིཿ«་་་་་དབྱིག་ལེན། »སཾ་གྷ་བྷ་དྲཿ«་་་་་དགེ་འདུན་བཟང་པོ། ཁ་ཆེའི་པཎྜི་ཏ་བརྒྱད་ནི། དབང་ཕྱུག་་་་་»སཱི་ཤྭ་རཿ «ཕུང་པོ་ལེན།་་་་་»སྐམདྷ་ལིཿ སཾ་«་་་་་དགེ་འདུན་ནོར། »གྷ་བ་སུཿ པཱུརྞ་མི་«་་་་་གང་བའི་བཤེས་གཉེན། »ཏྲཿ དྷརྨྨ་དཏྟཿ«་་་་་ཆོས་སྦྱིན། »བུདྡྷ་དེ་ཝཿ«་་་་་སངས་རྒྱས་ལྷ། »དྷ་ར་དཏྟཿ«་་་་་འཛིན་སྦྱིན། »པུཎྱ་སེ་«་་་་་བསོད་ནམས་སྡེ། »ནཿ སཾ་གྷ་སེ་«་་་་་དགེ་འདུན་སྡེ། »ནཿ པུཎྱ་ནནྡཿ«་་་་་བསོད་ནམས་དགའ་བ།» ཛྙཱ་ན་ཙནྡྲཿ«་་་་་ཡེ་ཤེས་ཟླ་བ།» ཛྙཱ་ན་སོ་«་་་་་ཡེ་ཤེས་ཟླ་བ། »མཿ ཨ་ཤོ་རཀྵི་ཏཿ«་་་་་མྱ་ངན་མེད་འཚོ། »སརྦ་རཀྵི་ཏཿ«་་་་་ཐམས་ཅད་བསྲུངས། »དྷརྨ་ཀོ་ཥཿ«་་་་་ཆོས་ཀྱི་མཛོད།» དྷརྨ་«་་་་་ཡུ་གུར་གྱི་སློབ་དཔོན་ཉི་ཤུ་ནི། »རཀྵི་ཏ།«་་་་་ཆོས་འཚོ།» ཀ་ལྱཱ་ཎ་རཀྵི་ཏཿ«་་་་་དགེ་བ་འཚོ། »པྲཛྙཱ་རཀྵི་ཏཿ«་་་་་ཤེས་རབ་འཚོ། »ཤྲཱི་«་་་་་ལམ་ཉེ་བར་སྟོན་པའི་དཔལ། »མརྒགོ་པ་དེ་ཤཿ མོཀྵ་རཀྵི་ཏཿ«་་་་་ཐར་པ་འཚོ། »ཀ་ལྱཱ་ཎ་«་་་་་དགེ་ལེགས་འཚོ། »རཀྵི་ཏཿ«་་་་་གང་དཀར་བའི་གསན་ཡིག་ན་འདི་ལྟར་བྱུང་ཞིང་དཔའ་བོའི་གསན་ཡིག་ན་ཀ་ལྱཱ་བྷ་དྲ་ཞེས་སྣང་བ་བརྟག» བི་«་་་་་རྣམ་པར་རྒྱལ་བའི་འོད། »ཛི་ན་པྲ་བྷ་ཝཿ ཨ་མྲྀ་ཏ་ཝ«་་་་་འཆི་མེད་གོ་ཆ། »རྨཿ པྲ་བྷཱ་«་་་་་འོད་ཀྱི་འབྱུང་གནས་སྡེ། »ཀ་ར་སེ་ནཿ«་་་་་ཁུ་སེན་གྱི་སློབ་དཔོན་བརྒྱད་ནི། དཔའ་བོའི་གསན་ཡིག་ན་བྷ་ཐུང་བྱས་ཏེ་འོད་བྱེད་དུ་བསྒྱུར་འདུག་གོ །»ཨཱ་«་་་་་ཉི་མའི་སྡེ། »དི་ཏེ་སེ་ནཿ མརྒགོ་པ་«་་་་་ལམ་ཉེ་བར་སྟོན་པ། »དེ་ཤཿ སཾ་གྷ་«་་་་་དགེ་འདུན་སྡེ། »སེ་ནཿ ཤཱི་ལ་«་་་་་ཚུལ་ཁྲིམས་འབངས། »དཱ་སཿ ཡ་«་་་་་སྙན་གྲགས་འབངས། »ཤོ་དཱ་སཿ «སངས་རྒྱས་འབངས་་་་་་»བུདྡྷ་དཱ་སཿཤི«་་་་་བསླབ་པ་བཟང་པོ། »ཀྵ་བྷ་དྲཿ གུ་ཎ་སོ་«་་་་་ཡོན་ཏན་ཟླ་བ། »མཿ ཨ་«་་་་་མྱ་ངན་མེད་པའི་བཤེས་གཉེན་»ཤོ་ཀ་མི་ཏྲཿ ཤུ«་་་་་དཀར་པོའི་བཤེས་གཉེན། »ཀླ་མི་ཏྲཿ ཤཱཀྱ་མི་ཏྲཿ«་་་་་ཤཱཀྱ་བཤེས་གཉེན། »ཤཱི་ལ་«ཚུལ་ཁྲིམས་བཤེས་གཉེན་་་་་་»མི་ཏྲཿ«་་་་་ཀ་ཡོལ་གྱི་སློབ་དཔོན་ཡིན། »ཨ་ཐ་«་་་་་དེ་ནས་དགེ་བའི་བཤེས་གཉེན་དབུས་པ་བློ་གསལ་སངས་རྒྱས་འབུམ། »བྷོ་ཊ་སྱ་བྷིཀྵུ་མི་ཏྲ་མ་དྷྱཱ་མི་ཀ་བུདྡྷ་ལཀྵཿ ཏྲི་བྷཱུ་མི་ནཱ་ཐ་དྷརྨྨསྱ་རཱ་ཛཱ་དྱ་རཏྣཿ«་་་་་ས་གསུམ་གྱི་མགོན་པོ་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ།་་་་་ཀུན་མཁྱེན་རྡོ་རྗེ་གདན་པའི་གསན་ཡིག་ཏུ་དབུས་པ་བློ་གསལ་ལ་འཕགས་པ་རིན་པོ་ཆེས་གསན་པའི་ཕྱག་ཕྱིར་དབུས་ཀྱི་དགའ་ལྡན་བདེ་བ་ཅན་པ་བཀྲ་ཤིས་དཔལ་གྱིས་གསན་ཚུལ་དང༌། འབྲི་གུང་དུ་བཞུགས་པའི་བཀའ་འགྱུར་དཀར་ཆག་བཤེས་གཉེན་རྒྱལ་མཚན་གྱིས་མཛད་པར་ལོ་རྒྱུས་དེ་ལྟར་དྲངས་པའི་བཀྲ་ཤིས་དཔལ་ལ་རིན་ཆེན་འོད་ཟེར་གྱིས་གསན་ཟེར་བ་སྣང་ཡང༌།བརྒྱུད་མ་གཞན་འཕགས་པ་རིན་པོ་ཆེར་བཀྲ་ཤིས་དཔལ་གྱིས་གསན་ཟེར་བའང་འདུག་གོ །»གུ་རུ་«་་་་་བླ་མ་རིན་ཆེན་འོད་ཟེར། »རཏྣ་རསྨིཿ མ་ཧོ་པ་དྷྱ་«་་་་་མཁན་ཆེན་བཟོད་པ་དཔལ། »ཡ་ཀྵཱནྟི་ཤྲཱི «དགའ་གཟུངས་པ།་་་་་»ནནྡ་དྷཱ་ར་ཎིཿ སྭཱ་མི་པུཎྱ་ཤཱི་ལཿ«་་་་་རྗེ་བསོད་ནམས་ཚུལ་ཁྲིམས། »པྲ་བརྨ་ཧོ་པ་«་་་་་པྲ་བར་མཁན་ཆེན་ཤེས་རབ་རྡོ་རྗེ། »དྷྱ་ཡ་པྲཛྙཱ་བཛྲ། མ་ཧོ་དྷཱིཿཀཱ་ཤཿ«་་་་་མཁན་ཆེན་བློ་གསལ་བ། »རཱ་ག་ཤཱསྟ་«་་་་་དམར་སྟོན་དཔལ་ལྡན་རིན་ཆེན། »ཤྲཱི་མཏྲཧྣཿ «དམར་སྟོན་རྒྱ་མཚོ་རིན་ཆེན།་་་་་»རཱ་ག་ཤཱསྟྲ་རྞ་བ་རཏྣཿ སྭ་མི་«རྗེ་བསོད་ནམས་རིན་ཆེན།་་་་་»པུཎྱ་རཏྣཿ མ་ཧེ་པ་དྷྱ་ཡ་སུ་ག་ཏི་གརྦ་«་་་་་མཁན་ཆེན་འགྲོ་བས་སྙིང་པོ་»ཿ བི་ན་མ་དྷ་ར་ཤྲཱི་མདྡྷྭ་ཛཿ«་་་་་འདུལ་འཛིན་དཔལ་ལྡན་རྒྱལ་མཚན། »ལ་ཀྵམྦར་ས་རི་ཏ་«་་་་་འབུམ་རམ་པ་རིན་ཆེན་ཆོས་དབང༌། »ཀ་རཏྣ་དྷརྨྨེ་ཤཿ པྲ་ས་རི་ཏ་ཤཱི་ལེ་ཤྭ་རཿ«་་་་་རབ་འབྱམས་པ་ཚུལ་ཁྲིམས་དབང་ཕྱུག» བཱི་ར་དྷརྨ་རཱ་ཛཱརྠ་སིདྡྷཿ«་་་་་དཔའ་བོ་ཆོས་རྒྱལ་དོན་གྲུབ།» «སྤྱན་སྔར་དཀོན་མཆོག་འབངས་་་་་་»ཨ་གྲ་ཏ་རཏྣ་དཱ་སཿ མཱུ་ལི་ཀ་ལ་ཤོ྅རྠ་སིདྡྷཿ«་་་་་དྲུང་པ་གྲགས་པ་དོན་གྲུབ། »ཡ་ཏི་དྭི་ག་ཎ་ཤྲཱི་སིདྡྷཿ«་་་་་སྡོམ་བརྩོན་ཚོགས་གཉིས་དཔལ་གྲུབ། »མནྟྲ་བནྡེ་སིདྡྷི་རྭ་ཛ།«་་་་་སྔགས་བཙུན་གྲུབ་པའི་རྡོ་རྗེ།་་་་་ཁྱབ་བདག་དགོན་པོ་བསོད་ནམས་མཆོག་ལྡན་གྱིས་འདུལ་ལུང་སྔར་ནས་གསན་གྲུབ་པ་དང་བཅས་མདོ་མང་ཤེར་ཕྱོགས་ཀྱི་ལུང་འཚོལ་བར་རྗེ་སྨན་ལུང་པས་བྱོན་སྐབས་མ་གསན་འདུག་ཀྱང་རྗེས་སུ་སྡོམ་བརྩོན་བསོད་སྙོམས་པ་འདི་ལ་རང་རི་ལུང་སྦུག་ཏུ་ཆེད་གཉེར་གྱི་གསན་པར་སྣང་ངོ༌།། »པྲ་གྷུ་ནཱ་ཐ་པུཎྱ་ཝ་རིཿ«་་་་་ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན། »ནིརྨྨ་ཀཱ་ཡ་སཾ་བྷ་དྲ་ཀརྨྨཿ«་་་་་སྤྲུལ་སྐུ་ཀུན་བཟང་པདྨ་ཕྲིན་ལས། »པི་ན་ཡ་དྷ་ར་ཝཱ་གཱིནྡྲ་པྲ་ཏིཥྛཾ།«་་་་་འདུལ་འཛིན་ངག་དབང་རབ་བརྟན། »མ་ཧཱ་བོ་ཙརྦརྟྟི་ཀ་བུདྡྷ་ཤཱ་ས་ན་སྱ་དྷྭ་ཛཿ«་་་་་བཀའ་འགྱུར་བ་ཆེན་པོ་སངས་རྒྱས་བསྟན་པའི་རྒྱལ་མཚན། »ཝཱ་གཱིནྡྲཱ་ནནྡ་སཱདྷྭཱ་ཀ་རཿ«་་་་་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས། »མཉྫུ་གྷོ་ཥ་དྷ་ར་ནི་རཱ་«་་་་་འཇམ་པའི་དབྱངས་བསྟན་འཛིན་ལྷུན་གྲུབ། »བྷོ་གཿ པྲ་ས་«་་་་་བཀའ་དྲིན་མཉམ་མེད་འདུལ་བ་འཛིན་མཆོག་བསོད་ནམས་བློ་གྲོས། »དཱ་ས་མ་བཱི་ན་ཡ་དྷ་རཱ་གྲ་པུཎྱ་མ་ཏིཿ ཏེ་ནཱཏྨ་བནྡེ་ཤཱི་ལ་རཏྣ་ཀེ་པྲ་ས་དཱ་པྲ་«་་་་་དེས་བདག་བཙུན་པ་ཚུལ་ཁྲིམས་རིན་ཆེན་ལ་བཀའ་དྲིན་སྩལ་ཏོ།། »ཡཙྪཿ ཡང་ན་དབུས་པ་སངས་རྒྱས་འབུམ་ནས། ནེའུ་པཎ་ཆེན། བྲག་ཚབ་མཁན་པོ་གཞོན་ནུ་བསོད་ནམས། བྲག་ཚབ་སློབ་དཔོན་བསོད་ནམས་རྡོ་རྗེ། དམར་སྟོན་དཔལ་ལྡན་རིན་ཆེན་མན་འདྲ། ཡང་ན་འཕགས་པ་རིན་པོ་ཆེ་ནས། བདེ་བ་ཅན་པ་བཀྲ་ཤིས་དཔལ། སྐྱོར་ལུང་མངོན་པ་བ་རིན་ཆེན་འོད་ཟེར། འདུལ་འཛིན་བསོད་ནམས་ཡེ་ཤེས། འདུལ་འཛིན་བསོད་ནམས་བཟང་པོ། བག་སྟོན་གཞོན་ནུ་ཚུལ་ཁྲིམས། ཀུན་སྤངས་ཆོས་གྲགས་དཔལ་བཟང༌། རྗེ་འཇིགས་མེད་གྲགས་པ། བླ་མ་ནམ་མཁའ་རྒྱ་མཚོ། མང་ཐོས་རྒྱལ་མཚན་བཟང་པོ། དྭགས་རམས་པ་ཆོས་རྒྱལ་བསྟན་པ། དཔའ་བོ་ཆོས་རྒྱལ་དོན་གྲུབ་མན་འདྲ། ཡང་ན་མངོན་པ་བ་རིན་ཆེན་འོད་ཟེར་ནས། སྐྱོར་ལུང་པ་འཕགས་པ་རྒྱལ་མཚན། ཉང་རོ་བ་དཀོན་ཅོག་སེངྒེ། བསོད་ནམས་ཡེ་ཤེས་མན་གོང་བཞིན་ནོ། །གཞུང་བླ་མ་དང་སོ་ཐར་གྱི་མདོ་གཉིས་ཀྱི་བརྒྱུད་ལུགས་གཅིག་ནི། འདུལ་འཛིན་བསོད་ནམས་བཟང་པོ་ནས། བླ་མ་དཀོན་མཆོག་སེངྒེ། རྗེ་བསོད་ནམས་ཡེ་ཤེས། དེ་ལ་བཀའ་བཞི་པ་གྲགས་གཞོན་དང་བྱང་སེམས་པ་གཉིས་ཀས་གསན།གཉིས་ཀ་ལ་མཁན་བསོད་ནམས་བཟང་པོ། སློབ་དཔོན་དཔལ་ལྡན་བཟང་པོ། མཁན་ནམ་མཁའ་རྒྱལ་མཚན། སློབ་དཔོན་བསོད་ནམས་རིན་ཆེན། རྗེ་ནམ་མཁའ་རྒྱ་མཚོ། དྭགས་རམས་པ་ཆོས་རྒྱལ་བསྟན་པ་མན་འདྲ། རྒྱལ་དབང་ལྔ་པ་སོགས་ཀྱི་གསན་ཡིག་ལས་དེ་ལྟར་འབྱུང་ཞིང༌། རྗེ་སངས་རྒྱས་རྒྱལ་མཚན་པའི་གསན་ཡིག་ཏུ། རྡོར་གྲགས་སྤྲུལ་སྐུ་པདྨ་ཕྲིན་ལས་པས། དགེ་སློང་མའི་སོ་ཐར་བློ་མཆོག་རྡོ་རྗེ་དང༌། དེ་མིན་རྣམས་བཀའ་འགྱུར་བ་ལས་གསན་པའི་བརྒྱུད་པ་སོ་སོར་བགྲང་སྣང་བ་ལྟར་ན། མའི་སོ་ཐར་གྱི་བརྒྱུད་པ་ནི་གོང་གི་བརྒྱུད་པ་སྔོན་མ་དེའི་ནང་གི་མགོན་པོ་བསོད་ནམས་མཆོག་ལྡན་གྱི་ཚབ་ཏུ་བློ་མཆོག་རྡོ་རྗེ་བཅུག་པ་སོར་བཞག དེ་འཕྲོས་འདུལ་བ་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། སྐྱོར་ལུང་མངོན་པ་བ་ཡན་འདྲ། དེ་ནས་སྐྱོར་ལུང་མཁན་པོ་ཐམས་ཅད་མཁྱེན་པ། ཡང་དབེན་མཁན་པོ་ཐམས་ཅད་མཁྱེན་པ། ཐང་པོ་ཆེའི་མཁན་པོ་འདུལ་འཛིན། མཁན་རིན་པོ་ཆེ་བཟང་པོ། ཁུ་སྟོན་བཀྲ་ཤིས་བཟང་པོ། ཆོས་སྒོ་བ་ཚུལ་ཁྲིམས་བཟང་པོ། གུ་རུ་སིངྷའི་མཚན་ཅན། སྤྱན་སྔ་གྲགས་པ་དོན་གྲུབ། བཀའ་འགྱུར་ཤཱཀྱ་རྒྱལ་མཚན། ཀུན་མཁྱེན་རྡོ་རྗེ་གདན་པ།ཆག་ལོ་རིན་ཆེན་ཆོས་རྒྱལ། མཁན་ཆེན་ཆོས་གྲུབ་སེངྒེ། དོལ་ཆོས་འཁོར་སྒང་གི་ཆོས་རྗེ་རྣམ་རྒྱལ་བ། མཁན་ཆེན་རིན་ཆེན་ཀུན་ལྡན། འདུལ་འཛིན་རྡོ་རྗེ་གྲགས་པ། ཡོངས་འཛིན་དགེ་འདུན་ལེགས་གྲུབ། དཔལ་འབྱོར་གླིང་བ་ངག་དབང་རྣམ་རྒྱལ། མགོན་པོ་བསོད་ནམས་མཆོག་ལྡན། སྤྲུལ་སྐུ་པདྨ་ཕྲིན་ལས།ཞེས་འདུག་པ། པདྨ་ཕྲིན་ལས་པས་བཀའ་འགྱུར་བ་ལས་འདུལ་པ་ཡོངས་རྫོགས་གསན་ཡོད་ཚེ་བརྒྱུད་པ་སོ་སོར་སྨོས་པ་འདི་མི་དགོས་པས་སླར་དཔྱད།།  ༈  །།གཉིས་པ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་ལས་བྱུང་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱོགས་ལ། ཡུམ་རྒྱས་པ་འབུམ་པ་ནི་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཀྱིས་ཀླུའི་ཡུལ་ནས་སྤྱན་དྲངས་པའི་ཚེ་བྱམས་ཞུས། ཆོས་འཕགས། རྟག་ཏུ་ངུ༌། ཡོངས་གཏད་དེ་ལེའུ་བཞི་གདེངས་ཅན་རྣམས་ཀྱི་མཆོད་གནས་སུ་བཞག་པས་མིའི་ཡུལ་དུ་མ་འདྲོངས། དེང་སང་བྱམས་ཞུས་དང་ཆོས་འཕགས་བསྡོམས་པའི་ལེའུ། རྟག་ཏུ་ངུའི་ལེའུ། ཡོངས་གཏད་དེ་ལེའུ་གསུམ་དུ་སྣང་བ་ཉི་ཁྲི་དང་བརྒྱད་སྟོང་པ་ནས་ཁ་བསྐངས་པ་འགོས་ཆོས་གྲུབ་ཀྱིས་རྒྱ་ནག་ནས་བསྒྱུར་བ་ཡོད་པས་དངོས་བསྟན་དུ་འཁྲུལ་གཞི་མི་བྱ་ཞིང༌། དེའང་ལྷ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་རླངས་ཁམས་པ་གོ་ཆས་འབུམ་ཐུགས་ལ་བཟུང་ནས་བསྒྱུར་བས་རླངས་ཀྱི་ཐུགས་འགྱུར་མ། རྗེ་བཙད་པོའི་མཚལ་ཁྲག་དང་ར་དཀར་གྱི་འོ་མ་སྦྱར་ནས་བྲིས་པའི་དུམ་པ་བཞི་པ་ལ་རེག་ཟིག་དམར་པོ་ལྷ་ས་གོང་གི་སོ་ཕག་མཆོད་རྟེན་གྱི་ནང་བཞུགས་ལ་ཡོད་པར་གྲགས། ལ་ལ་ཀོང་པོ་བུ་ཆུར་ཡོད་ཟེར་བ་ནི་མཁན་སློབ་འཚོག་གསུམ་གྱི་ཤངས་མཚལ་གྱི་འབུམ་དམར་སྤྲུལ་སྐུ་དྲི་མེད་ལྷུན་པོས་གཏེར་ནས་སྤྱན་དྲངས་པ་དང་ནོར་གཞི་བྱུང་བར་མངོན། སྦས་མཉྫུ་ཤྲཱི་དང་ཉང་ཨིནྡྲ་ཝ་རོ་གཉིས་ཀྱིས་བླངས་པའི་རྒྱ་དཔེའི་སྟེང་ནས་ལོ་བྱད་རྣམས་མངའ་འབངས་ལ་དཔྱ་ཁྲལ་བསྡུས་ནས་བསྒྱུར་བས་དཔྱ་འབུམ་དུ་གྲགས་པ། རྗེའི་དབུ་སྐྲའི་གཞོབ་ར་མས་ལ་བསྲེས་ཏེ་ར་དཀར་གྱི་འོ་མ་དང་སྦྱར་ནས་བྲིས་པའི་རེག་ཟིག་སྔོན་པོ་དུམ་པ་བཞི་པ་དེ་ལ་ལྕགས་ཐུར་བརྒྱུས་པས་ལྕགས་ཐུར་ཅན་དུ་གྲགས་པ་དང་པོར་བསམ་ཡས་སུ་བཞུགས་པར་གྲགས་ཀྱང་དེང་སང་འདིར་ཡོད་མི་གསལ། རེག་ཟིག་སྔོ་དམར་གཉིས་རྫུ་འཕྲུལ་གྱིས་ཡབ་ཡོབ་ཏུ་བསྒྱུར་བས་དེའི་མིང་དུ་ཐོགས་ཤིང་བླ་འགྱུར་ཆུང་བར་ཡང་ངོས་འཛིན། རེག་ཟིག་ཅེས་པ་བཀས་བཅད་ཀྱི་བརྡ་རྙིང་དུ་དབུས་པ་བློ་གསལ་བཞེད་པ་དོན་དུ་ཟིན་བྲིས་ཀྱི་མིང་ཡིན་པ་གླེགས་བམ་འདི་རྣམས་ཧ་ཅང་བསྡུས་པའི་ཟིན་བྲིས་ལྟ་བུར་སོང་བས། སླར་འཇིག་རྟེན་གྱི་མིག་གཅིག་པུ་བཻ་རོ་ཙ་ནས་རྒྱ་དཔེ་དང་བསྟུན་ནས་ཞུ་ཆེན་དུ་མཛད་པར་དུམ་བུ་དྲུག་པ་གླེགས་ཤིང་ལ་གྲས་ནས་ཐོགས་པ་དང༌། གསུང་རབ་ཀྱི་བར་དུ་ཕ་ཝང་གི་ཚང་བཅས་པས་ཕ་ཝང་ཅན་དུའང་བརྗོད་པ་བླ་འགྱུར་འབྲིང་པོ། འབྲོམ་བཟའ་བྱང་ཆུབ་སྨན་གྱིས་ཀེ་ཏུ་གླིང་དུ་གཡོས་མལ་བཅས་ནས་ཟས་སྣ་བཅུ་གསུམ་རེས་སད་མི་མི་བདུན་སོགས་རབ་བྱུང་སུམ་བརྒྱ་ལ་བསྙེན་བཀུར་ཏེ་ཡུམ་རྒྱས་པ་བམ་པོ་རེ་ལ་ཤོག་དྲིལ་རེ་བྱས་པའི་སྟེང་ནས་གདུགས་ཚོད་ཐོན་པ་དང་ཚར་རེ་སྒྲོགས་པའི་ཤོག་དྲིལ་རྣམས་ཀྱི་སྣོད་ཤ་སྒྲོ་ཞིག་ཡོད་པས་དེར་ཐོགས་ཤིང་མཆིམས་ཕུ་ན་བཞུགས་པར་གྲགས། མངའ་བདག་ཁྲི་སྡེ་སྲོང་བཙན་གྱི་དུས་ལོ་པཎ་རྣམས་ཀྱིས་འཕན་ཡུལ་གྱི་སྨད་ཀ་བ་ན་མོ་ཆེར་འགྱུར་བཅོས་ཀྱི་ཞུ་ཆེན་ལ་བརྟེན་དུམ་བུ་བཅུ་དྲུག་ཏུ་བཞེངས། འཇུག་སྣོད་ལས་གྲས་ཏེ་ཤ་སྒྲོ་ཅན་དུ་བཏགས་པ་བླ་འགྱུར་ཆེན་མོ། འདི་སྔོན་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་དུས་བྱུང་བའི་ཤ་སྒྲོ་ཅན་དང་ནི་མི་གཅིག གཞན་ཡང་ཉང་དང་ལྕེ་ཁྱི་འབྲུག་སོགས་ལོ་ཙཱ་བ་ཁྱོན་བསྡོམས་དྲུག་གི་འགྱུར་བྱང་ཡོད་པར་གྲགས། དེའང་ཡུམ་ཆེན་མོ་བཞེང་བ་རྗེ་མ་གཏོགས་འབངས་ཀྱིས་བཞེང་མི་ནུས་པས་ཁྲི་ལྡེ་གཙུག་གི་བླ་འབུམ་སྐྱ་བོ། མཇིང་ཡོན་གྱི་སྤུག་འབུམ། གཙང་མའི་ཕྱེ་འབུམ། རལ་པ་ཅན་གྱི་དྲུག་འབུམ། གནམ་ལྡེ་ལྷའི་ཞལ་དམར་ཅན། དར་མའི་ཤོག་སེར་ཅན་ཙམ་ལས་མ་འཕེལ་བ་རྗེས་སུ་འབངས་ཀྱིས་བཞེངས་པའི་འབུམ་ཚར་བཅུ་དགུ་ཙམ་བྱུང༌། དེ་ནས་མི་རིང་བར་རུ་མཚམས་ཀྱི་ལྕང་རྡོ་རྗེ་ཚུལ་ཁྲིམས་ཀྱིས་འབུམ་བཅུ་དགུ་པོ་ཐམས་ཅད་ལ་གཏུགས་ནས་བཞེངས་པས་ཤིན་ཏུ་དག་ཅིང༌། དེ་ལས་མཆེད་པ་འབུམ་ཚར་དྲུག་ཅུ་སྐོར་དང༌། དེའི་རྒྱུན་ལས་ཡར་ཀླུངས་ཇོ་བོས་བཞེངས་པའི་འབུམ་ལ་མ་ཕྱི་བྱས་ནས་དུམ་པ་བཅུ་གཉིས་བམ་པོ་སུམ་བརྒྱ་དང་གསུམ་ལེའུ་བདུན་བཅུ་དོན་ལྔ། ཤླཽ་ཀ་འབུམ་དང་ཆིག་སྟོང་ཡོད་པ། མངའ་བདག་ཁྲི་རལ་གྱི་དུས་གཏན་ལ་ཕབ་པ་ལས་རྙེད་པར་གྲགས་པའི་དཔེ་རྒྱུན་ཞིག་ཀྱང་འདུག་ཅིང༌། བལ་ཡུལ་ཕམ་ཐིང་གི་གཙུག་ལག་ཁང་གི་འབུམ་ལ་ཤེས་རབ་སྒྲོན་མ། སྣང་བ་གསལ་བ། ཟླ་བའི་སྒྲོན་མེ་གསུམ་ལྷག་པོར་ཡོད་པ་རྔོག་ལོས་གསེར་ཞོ་གསུམ་གྱི་རྔན་པ་བྱིན་ནས་བསྣན་པས་སྔོན་མ་རྣམས་ལ་ཏིང་ངེ་འཛིན་བརྒྱ་བཅུ་དགུ་ལས་མེད་པར་བརྒྱ་ཉེར་གཅིག་ཏུ་མཛད། སྒོ་གསུམ། རྣམ་གྲངས་བཅུ་གཅིག ཞུས་ལན་བརྒྱ་དང་ཉི་ཤུ། འགྲེས་རིང་བརྒྱ་ལྔ་བཅུ། ཕྱོགས་སྐོར་བདུན་ཅུ་རྩ་བཞི། མཚོན་བྱེད་ཀྱི་ཆོས་བདུན་ཅུ། འགྲེས་རྩ་བདུན་བརྒྱ་དང་བཅུ་གཅིག འགྲེས་ཐུང་བསྣན་པའི་འགྲེས་རྩ་ཁྲི་དང་བཞི་བརྒྱ་ཉེར་དགུ། བམ་པོ་སུམ་བརྒྱ་དང་ལེའུ་དོན་གཉིས་བྱུང་ཞིང་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པའི་གསན་ཡིག་ཏུའང་རྔོག་འགྱུར་གྱི་ལེའུ་དང་བམ་གྲངས་ཀྱི་རྗེས་སུ་འབྲངས་འདུག་པས་གཙོ་ཆེ་བར་མངོན་ནོ། །དེ་ལྟར་ཡུམ་རྒྱས་པའི་ལུང་ལེགས་པར་མནོས་པའི་བརྒྱུད་པ་ནི།ཡང་དག་པར་རྫོགས་པའི་སངས་རྒྱས། རྗེ་བཙུན་བྱམས་པ། འཕགས་པ་ཐོགས་མེད། སློབ་དཔོན་དབྱིག་གཉེན། མཁས་པ་བློ་གྲོས་བརྟན་པ། པཎ་ཆེན་རིག་པའི་ཁུ་བྱུག འགྲེལ་མཛད་མཆེ་བའི་སྡེ། ཁ་ཆེ་བཟང་པོའི་ཞབས། མར་མེ་མཛད་བཟང་པོ། ཁ་ཆེ་གཾ་གཱ་དྷ་ར། པཎྜི་ཏ་ཀ་ན་ཀ་ཤྲཱི། པཎྜི་ཏ་པུཎྱ་ཤྲཱི་མི་ཏྲ། ཁ་ཆེ་དགོན་པ་བ་སྤྱན་གཅིག ཁ་ཆེ་དྷརྨྨ་ཤྲཱི།«་་་་་རྡོ་རྗེ་གདན་པའི་གསན་ཡིག་ན་རྒྱ་མཚོ་དང་འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ན་དཀྱུས་ལྟར་བྱུང་བས་དཔའ་བོའི་གསན་ཡིག་ན་འདི་གཉིས་གཅིག་ཏུ་བྱས་པ་ཡིག་སྐྱོན་ནོ།། »བ་རེག་ལོ་ཙཱ་བ་བསོད་ནམས་རྒྱལ་མཚན། དེ་སྲས་བ་རེག་སྟོན་སྐྱབས། དགེ་བསྙེན་དགའ་བ་རཱ་ཛ། བླ་མ་བཀྲ་ཤིས་རྡོ་རྗེ། བླ་མ་འོད་ཟེར་ཤེས་རབ། སྟག་སྟོན་སྤྱིལ་ཕུ་བ། བླ་མ་དར་མ་འོད་ཟེར། ཞང་ཆོས་ཀྱི་བླ་མ། སློབ་དཔོན་ཇོ་བཙུན། སློབ་དཔོན་བསམ་གཏན་གྲུབ། འདུལ་འཛིན་སེའུ་བློ་གྲོས་བཟང་པོ། མཉྫུ་གྷོ་ཥ་རཏྣ། འདུལ་འཛིན་སྟན་གཅིག་པ་བློ་གྲོས་བྱང་ཆུབ། སློབ་དཔོན་ཤཱི་ལ་བྷ་དྲ། སློབ་དཔོན་བསོད་ནམས་སེངྒེ། ཚལ་རིན་པོ་ཆེ་གྲགས་དོན་པ། བླ་མ་རིན་ཆེན་གྲགས་པ། བཀའ་འགྱུར་བ་ཤཱཀྱ་རྒྱལ་མཚན། ཀུན་མཁྱེན་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ། ཐུགས་སྲས་ཐུ་བཙུན་ཀུན་དགའ་རྒྱལ་པོ། འབུམ་རབ་འབྱམས་པ་རིན་ཆེན་ཆོས་དབང༌། རབ་འབྱམས་ཆོས་རྗེ་ཚུལ་ཁྲིམས་དབང་ཕྱུག མང་ཐོས་ཆོས་རྒྱལ་དོན་གྲུབ། སྤྱན་སྔ་དཀོན་ཅོག་འབངས། དྲུང་པ་གྲགས་པ་དོན་གྲུབ། བླ་མ་ཚོགས་གཉིས་དཔལ་གྲུབ། དྷཱི་ཚ་སྤྲུལ་སྐུ་འཇིག་རྟེན་དབང་ཕྱུག ཁྲ་ཚང་པ་བློ་མཆོག་རྡོ་རྗེ། མགོན་པོ་བསོད་ནམས་མཆོག་ལྡན། ཀུན་བཟང་པདྨ་ཕྲིན་ལས། སྐད་གཉིས་སྨྲ་བ་དགེ་སློང་ངག་དབང་རབ་བརྟན། བསམ་ཡས་པ་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ། ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས། འཇམ་དབྱངས་མཁྱེན་རབ་བསྟན་འཛིན་ལྷུན་གྲུབ། བཀའ་དྲིན་ཟླ་མེད་འདྲེན་མཆོག་བསོད་ནམས་བློ་གྲོས་དཔལ་བཟང་པོ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ཅན་ལ་སྩལ་ཏོ། །ཡུམ་འབྲིང་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་«་་་་་གང་དཀར་བའི་གསན་ཡིག་ན་འདི་ལྟར་སྣང་ཚལ་བ་བཀའ་འགྱུར་དཀར་ཆག་དང་རིན་པོ་ཆེ་སྨན་ལུང་པའི་གསན་ཡིག་ཏུ་བམ་པོ་བདུན་ཅུ་དོན་བརྒྱད་ཅེས་འདུག »བམ་པོ་བརྒྱད་ཅུ་རྩ་གསུམ་ཤླཽ་ཀ་བརྒྱ་ལེའུ་བདུན་ཅུ་དོན་དྲུག་པ་ཐོབ་པའི་བརྒྱུད་པ་ནི། སློབ་དཔོན་དབྱིག་གཉེན་ཡན་གོང་ལྟར་ལ། དེ་ནས་འཕགས་པ་རྣམ་གྲོལ་སྡེ། བཙུན་པ་གྲོལ་སྡེ། མཆོག་གི་སྡེ། དུལ་བའི་སྡེ། མཁན་པོ་རྣམ་སྣང་མཛད། སློབ་དཔོན་སེངྒེ་བཟང་པོ། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས། གུ་ཎ་མི་ཏྲ། རཏྣ་བུརྤ་ཐ། སློབ་དཔོན་ཤཱནྟི་པ། པཎྜི་ཏ་འབུམ་ཕྲག་གསུམ་པ། རྔོག་ལོ་ཙ་བ་བློ་ལྡན་ཤེས་རབ། འབྲོ་ཤེས་རབ་འབར། ཨར་བྱང་ཆུབ་ཡེ་ཤེས། ཁུ་ཤེས་རབ་བརྩོན་འགྲུས། སློབ་དཔོན་དཀར་ཆུང་རིང་མོ། ཞང་ཡེ་བ་ཆེན་པོ། གཉལ་ཞིག་འཇམ་རྡོར། རྒྱ་ཤེས་རབ་དབང་ཕྱུག ཆུ་མིག་པ་སེངྒེ་དཔལ། བཤེས་གཉེན་ལྷོ་བྲག་པ། མཁས་པ་དབེན་དགེ་བ། རྒྱུད་བླ་མ་རྡོ་རྗེ་རིན་ཆེན། མཐར་རྩའི་སློབ་དཔོན། ཆོས་སྒོ་བ་ཚུལ་ཁྲིམས་བཟང་པོ། རྗེ་བསོད་ནམས་སེངྒེ། ཚལ་རིན་པོ་ཆེ་གྲགས་དོན་པ། བཀའ་འགྱུར་བ་ཤཱཀྱ་རྒྱལ་མཚན།རྗེ་རིན་ཆེན་ཟླ་བ། ཐམས་ཅད་མཁྱེན་པ་རྡོ་རྗེ། ཉི་ཁྲི་མ་གཏོགས་བཀའ་འགྱུར་ཡོངས་རྫོགས་གསན་མཚམས་རྗེ་ཤཱཀྱ་རྒྱལ་མཚན་ཞིང་བརྗེས་པས་མནལ་ལམ་དུ་བཀའ་འགྱུར་བ་ཕེབས་ནས་ཉི་ཁྲི་ཚར་གཅིག་གསུངས་པས་དེས་གོ་ཆོད་མཛད་ནས་གསན་ཡིག་རྒྱ་མཚོ་ཕྱག་བྲིས་མར་ཉེ་གནས་མི་འདུག་རུང་སྔར་གདུལ་བྱ་ཐུན་མོང་བ་རྣམས་ཀྱི་སྒྲོ་སྐུར་སྤང་ཕྱིར་བཀའ་འགྱུར་བའི་ཉེ་གནས་རིན་ཆེན་ཟླ་བར་བཀླག་ལུང་གསན་པ་ཡིན་ཞེས་ཁྱབ་བདག་ཁྲ་ཚང་པ་ཆེན་པོ་གསུང་ངོ༌།། གདན་པ་མན་གོང་དང་འདྲ། ཡང་ན་སློབ་དཔོན་སངས་རྒྱས་ཡེ་ཤེས་ནས། སློབ་དཔོན་དཔལ་སྦས། སློབ་དཔོན་རཏྣཱ་ཀཱ་ར་ཤཱནྟི། སློབ་དཔོན་ཝ་ལ་ཙནྡྲ། པཎ་ཆེན་དྷཱི་ར་པཱ་ལ། རྔོག་ལོ་མན་འདྲ། ཡུམ་བསྡུས་པ་བརྒྱད་«་་་་་འདི་སྔོན་ལ་བྱེད་པ་རྡོ་རྗེ་གདན་པའི་གསན་ཡིག་ལྟར་བྱས་པ་ཡིན་ཚལ་པ་བཀའ་འགྱུར་དུ་ཤེས་རབ་ཁྲི་པའི་འོག་ཏུ་ཡོད། »སྟོང་པ་ལ་འཕྲེང་བ་ཅན་དང་བཟོ་སྦྱངས་དང་སྡེ་ཅན་ཏེ་གསུམ་དུ་བྱུང་བ་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་འཇིག་རྟེན་གྱི་མིག་གཅིག་པུ་ཞྭ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོས་རྒྱ་དཔེ་ཐ་དད་པ་གསུམ་པོ་དེ་སེ་ནིཥྐ་ཞེས་བྱུང་བའི་ཚེ་སྡེ་ཅན། པྲཀྣིཥྐ་ཞེས་པའི་ཚེ་འཕྲེང་ཅན། ཤ་ནིཥྐ་ཞེས་བྱུང་ཚེ་བཟོ་སྦྱངས་སུ་བསྒྱུར་བ་ཡིན་ལ། མདོར་མིང་མི་གཅིག་པ་གསུངས་པ་གང་ཟག་གཅིག་ལ་མིང་མི་གཅིག་པ་སྣ་ཚོགས་འོང་བ་ལྟ་བུ་ལས་ཐ་དད་པ་མིན་ཞིང༌། འཕྲེང་བ་ཅན་ལ་ལྷའི་མེ་ཏོག ལྷའི་བདུག་སྤོས་ཞེས་པ་བཞིན་འགྱུར་རྒྱས་པ་དང༌། གཞན་གཉིས་ལ་ལྷའི་མེ་ཏོག་དང་བདུག་པ་དང་ཞེས་ཚིག་ཉུང་བར་གྲགས་གསུང་བ་ནི་ཁུངས་ཤིན་ཏུ་བཙུན་པར་སྣང༌། ཡུམ་རྒྱས་འབྲིང་གཉིས་ལ་འཕྲེང་ཅན་དང༌། ཁྲི་བརྒྱད་སྟོང་པ་དང་སྡུད་པར་གཟོ་སྦྱངས་སུ་བསྒྱུར་བ་སོགས་ནས་ཤེར་ཕྱོགས་ཕལ་ཆེར་ལ་ལུགས་གསུམ་པོ་འདིའི་རྣམ་གཞག་དོན་གྱིས་ཐོབ་པ་ཞིག་ཡོད་འདྲའོ། །དེ་ལྟར་ཡུམ་བསྡུས་པ་པཎྜི་ཏ་ཤཱཀྱ་སེ་ན་དང་ཛྙཱ་ན་སིདྡྷི། ལོ་ཙཱ་བ་དྷརྨ་ཏཱ་ཤཱི་ལས་བསྒྱུར་བ་ལས། སླད་ཀྱི་པཎྜི་ཏ་སུ་དྷ་ཥི་ཏ་དང་ལོ་ཙཱ་བ་རིན་ཆེན་བཟང་པོས་འགྲེལ་པ་དང་མཐུན་པར་བསྒྱུར། ཡང་དཔལ་མར་མེ་མཛད་དང་ལོ་ཆེན་རིན་བཟང་གིས་ཡུལ་དབུས་ཀྱི་འགྲེལ་པ་ལ་གཏུགས་ནས་བཅོས་ཤིང༌། སྐྱིད་ཤོད་སྙེ་ཐང་ན་མོ་ཆེར་ཇོ་འབྲོམ་ཡབ་སྲས་ཀྱིས་བརྒྱད་སྟོང་པ་གསུངས་པའི་ཚེ་ཆེ་ལོང་ཞིག་གཏན་ལ་ཕབ། སླར་ཡང་བྱང་རྭ་སྒྲེང་དུ་འབྲོམ་རྒྱལ་བའི་འབྱུང་གནས་ཀྱིས་རྒྱ་དཔེ་གསུམ་ལ་གཏུགས་ནས་ལན་གཉིས་སུ་ཞུས་དག་ཅིང༌། དེ་རྗེས་རྔོག་ལོ་ཙཱ་བ་ཆེན་པོས་ཁ་ཆེའི་དཔེ་དང་ཡུལ་དབུས་ཀྱི་རྒྱ་དཔེ་དུ་མ་བསགས་ནས་ཞུས་ཆེན་དུ་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་བམ་པོ་ཉི་ཤུ་རྩ་བཞི་ལེའུ་སོ་གཉིས་པ་ཐོབ་པའི་བརྒྱུད་པ་ནི། སློབ་དཔོན་སེངྒེ་བཟང་པོ་ཡན་ཉི་ཁྲི་ལྟར་ལ། དེ་ནས་ཡོན་ཏན་བཤེས་གཉེན། རིན་པོ་ཆེའི་རི་བོ། པཎྜི་ཏ་ཟླ་བ་བཟང་པོ། པཎ་ཆེན་འབུམ་ཕྲག་གསུམ་པ་ནས་བཟུང་ཆོས་རྗེ་བཀའ་འགྱུར་བ་ཤཱཀྱ་རྒྱལ་མཚན་གྱི་བར་ཡང་ཉི་ཁྲི་ལྟར་ལས། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ། ཡངས་པ་ཅན་པ་རྒྱ་སྟོན་བྱང་ཆུབ་དབང་རྒྱལ།མཁྱེན་བརྩེའི་དབོན་པོ་ཚེ་དབང་ཀུན་མཁྱེན། ཀུན་བཟང་རྩེ་བ་དབང་ཕྱུག་རྒྱལ་མཚན། དཔལ་འབྱོར་གླིང་པ་ངག་དབང་རྣམ་རྒྱལ། རྡོ་རྗེ་འཆང་བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན། སྤྲུལ་སྐུ་པདྨ་ཕྲིན་ལས། དགེ་སློང་ངག་དབང་རབ་བརྟན། བཀའ་འགྱུར་བ་སངས་རྒྱས་རྒྱལ་མཚན། ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས། མཁྱེན་རབ་བསྟན་འཛིན་ལྷུན་གྲུབ་དཔལ་བཟང་པོ། བཀའ་དྲིན་ཟླ་མེད་བཀའ་འགྱུར་བ་ཆེན་པོ་ཆོས་རྗེ་བསོད་ནམས་བློ་གྲོས། དེས་བདག་ལའོ། །མཁས་གྲུབ་སྨན་ལུང་པས་བཀྲ་ཤིས་ཆོས་སྡེར་རྗེ་བཙུན་བཀའ་འགྱུར་བ་ཆེན་པོ་ལ་ལུང་གསན་ཟིན་པ་དང་རྗེས་སུ་ལྷོ་བྲག་ཉི་ལྡེར་དྷཱི་ཚ་སྤྲུལ་སྐུ་ལ་ཤེར་ཕྱོགས་གསན་སྐབས་སྤྲུལ་སྐུ་སྤྱན་བསྙུན་པའི་འོ་བརྒྱལ་བ་འབྱུང་བར་བརྟེན་བརྒྱད་སྟོང་པ་སྔར་གྱི་དེ་གས་གོ་བཅད་པའི་བསྐྱར་ནས་མ་གསན་འདུག ཡང་འཇམ་དབྱངས་དཀོན་མཆོག་ཆོས་འཕེལ་ལ་ཚར་གཅིག་ཐོབ་པ་སྤག་ཤོང་ཆོས་རྗེ་རིན་ཆེན་རྒྱ་མཚོར་གསན་གསུང་བ་ལས་བརྒྱུད་པ་མ་བྱུང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་བམ་པོ་དྲུག་ཅུ་ལེའུ་བརྒྱད་ཅུ་རྩ་གཉིས་པ་«་་་་་གོང་དཀར་བ་དང་རིན་པོ་ཆེ་སྨན་ལུང་པའི་གསན་ཡིག་ན་འདི་བཞིན་བྱུང་ཡང་ཚལ་པ་བཀའ་འགྱུར་ན་རྩ་བདུན་ཟེར་བ་སྣང༌། »ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་སོགས་ཀྱིས་བསྒྱུར་བ་ཐོབ་པའི་བརྒྱུད་པ་ནི། ཤཱནྟི་པ་ཡན་ཉི་ཁྲི་ལྟར་ལ། དེ་ནས་ཛྙཱ་ན་ཀཱིརྟི། རོང་ཟོམ་ཆོས་བཟང༌།«་་་་་གསང་སྔགས་རྙིང་མ་བ་དཀར་ཆོས་ཅན། »མངའ་རིས་པ་ཚུལ་དབང་ཤེས་རབ། ལ་སྟོད་པ་དབང་རིན། བླ་མ་བཀྲ་ཤིས་རྡོ་རྗེ། སྤོང་ཁྲོད་འདུལ་འཛིན་པ་ཆེན་པོ། འཇད་ར་སྔ་བ་ཤེས་རབ་འཚོ། བླ་མ་དར་མ་འོད། བླ་མ་བློ་གྲོས་རྒྱལ་མཚན། མཁས་པ་བྱང་ཆུབ་འབུམ། མཚོ་དཀར་བ་ཁམས་པ་བྱང་རྒྱལ། བླ་མ་ཡར་ཀླུངས་པ་བསོད་ནམས་ཤེས་རབ། མཐར་རྩེའི་བླ་མ་གཞོན་ནུ་དར། རིན་པོ་ཆེ་གྲགས་དོན་པ། བཀའ་འགྱུར་བ་ཤཱཀྱ་རྒྱལ་མཚན། ཀུན་མཁྱེན་རྡོ་རྗེ་གདན་པ་མན་ཡུམ་རྒྱས་པ་དང་འདྲ། ཡང་བརྒྱད་སྟོང་པ་ཁོ་ནའི་ལུང་བརྒྱུད་ཟུར་པ་ཨེ་ཝཾ་པའི་མཁན་ཆེན་སངས་རྒྱས་ཕུན་ཚོགས་པ་ལས་བརྒྱུད་པ་ལྟར་ན། སློབ་དཔོན་སེངྒེ་བཟང་པོ་ཡན་ཆད་སྔར་བཞིན་ལས། དེ་ནས་ཡོན་ཏན་བཤེས་གཉེན། རིན་པོ་ཆེའི་རི་བོ། ཟླ་བ་བཟང་པོ། འབུམ་ཕྲག་གསུམ་པ། རྔོག་ལོ་ཙཱ་བ། འབྲོ་ཤེས་རབ་འབར། བྱང་ཆུབ་ཡེ་ཤེས། འདུལ་འཛིན་དཀར་མོ། གཙང་འབྲེ། གཡར་ཉི། འཇམ་གསར། བོ་དོང་རིན་པོ་ཆེ། རིན་ཆེན་རྩེ་མོ། ཞང་སྔོན་གྲྭ་པ། བླ་ཞིག་པ། བདེ་བ་ཅན་པ། ཡེ་ཤེས་མགོན་པོ། བླ་མ་སེངྒེ་རྒྱལ་མཚན།བླ་མ་ཤེས་རབ་རྡོ་རྗེ། བླ་མ་ཆོས་དཔལ་ཤེས་རབ། སློབ་དཔོན་འོད་ཟེར་ལྡན། བླ་མ་གྲུབ་ཆེན་པ། བླ་མ་ཤཱཀྱ་གཞོན་ནུ། ཆོས་དཔལ་ལེགས་གྲུབ། རྗེ་སངས་རྒྱས་བདེ་ལེགས། བླ་མ་ཆོས་ཀྱི་བློ་གྲོས། ཆོས་གཏེར་དཀོན་མཆོག་ལེགས་པ། རིན་པོ་ཆེ་དཔལ་ལྡན་དོན་གྲུབ། ཤར་ཆེན་ཤེས་རབ་འབྱུང་གནས།མཁན་ཆེན་ལྷུན་གྲུབ་དཔལ་ལྡན། མཁས་གྲུབ་ཆེན་པོ་སངས་རྒྱས་ཕུན་ཚོགས། མཚུངས་མེད་བསོད་ནམས་དཔལ་ལྡན། རྗེ་བཙུན་ཐུགས་རྗེའི་བདག་ཉིད་ནམ་མཁའ་བསམ་འགྲུབ་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ། ཡང་ན་རྗེ་བསོད་ནམས་དཔལ་ལྡན་ནས། གློ་བོ་བ་པུཎྱའི་མཚན་ཅན། རྗེ་ནམ་མཁའ་བསམ་འགྲུབ་དཔལ་བཟང་པོ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན། ཤེས་རབ་འབྱུང་གནས། བསོད་ནམས་རྒྱ་མཚོ། མཁན་ཆེན་པ་མན་འདྲ། ལུགས་གཅིག་ལ། འཇམ་དབྱངས་ཤེས་རབ་རྒྱ་མཚོ་ཡན་བཙལ་དགོས། དེ་ནས་འཇམ་དབྱངས་ཤེས་རབ་རྒྱ་མཚོ། སློབ་དཔོན་དོན་གྲུབ་ཤེས་རབ། རྒྱལ་བ་ལྷ་མཆོག་སེངྒེ། སངས་རྒྱས་སེངྒེ། པཎ་ཆེན་ནམ་མཁའ་དཔལ་བཟང༌། སྒྲུབ་ཁང་ནས་དཔལ་ལྡན་དོན་གྲུབ་མན་འདྲའོ།།  ༈  །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ་བམ་པོ་སུམ་ཅུ་དང་ཤླཽ་ཀ་«་་་་་ཚལ་བ་བཀའ་འགྱུར་ན་བམ་པོ་སུམ་ཅུ་རྩ་བཞི་ཞེས་པ་ལས་ཤླཽ་ཀ་བརྒྱའི་སྒྲོས་མི་འདུག »བརྒྱ་ལེའུ་སུམ་ཅུ་སོ་གསུམ་པ་པཎྜི་ཏ་ཛི་ན་མི་ཏྲ། པྲཛྙ་ཝརྨ། ལོ་ཙཱ་བ་ཡེ་ཤེས་སྡེ་གསུམ་གྱིས་བསྒྱུར་བ་ཐོབ་པའི་བརྒྱུད་པ་ནི། སློབ་དཔོན་སེངྒེ་བཟང་པོ་ཡན་ཉི་ཁྲི་ལྟར་ལ། དེ་ནས་ཀུ་ས་ལི་ཆེ་ཆུང༌། གསེར་གླིང་པ་ཆོས་ཀྱི་གྲགས་པ། ཇོ་བོ་ཨ་ཏི་ཤ དགེ་བཤེས་འབྲོམ་སྟོན་པ། ནམ་མཁའ་གོ་ཆ། ཆག་དབང་ཕྱུག་རྒྱལ་མཚན། ལ་སྟོད་པ་དཀོན་མཆོག་འབར། བླ་མ་བཀྲ་ཤིས་རྡོ་རྗེ། སྤོང་ཁྲོད་འདུལ་འཛིན། རྟ་ནག་པ་སྒོམ་ཤེ བླ་མ་དར་མ་འོད་ཟེར་མན་ཁྲི་བརྒྱད་སྟོང་པ་དང་གཅིག་གོ །ཤེར་ཕྱིན་སྣ་ཚོགས་པའི་སྐོར་ལ། ཤེར་སྙིང་མ་གཏོག་ཚལ་བ་བཀའ་འགྱུར་སོར་བཞག་བྲིས་པ་ཡིན་རྡོ་རྗེ་གདན་པ་དང་རིན་པོ་ཆེ་སྨན་ལུང་པའི་གསན་ཡིག་ན་ཚུལ་བརྒྱ་ལྔ་བཅུ་སོགས་ཁ་ཤས་འདུག་ཀྱང་མ་ཐོས་པས་མ་བྲིས། སྡུད་པ་ཚིགས་སུ་བཅད་པ་བམ་པོ་གཅིག་«་་་་་བརྒྱད་སྟོང་པའི་ལེའུ་མཐའ་མའོ།། »པ་བིདྱཱ་ཀ་ར་སིངྷ་དང་དཔལ་བརྩེགས་ཀྱི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཀྱི་རྩལ་གྱི་རྣམ་པར་གནོན་པས་ཞུས་པ་«་་་་་བཀའ་འགྱུར་བ་སངས་རྒྱས་རྒྱལ་མཚན་པའི་གསན་ཡིག་ན་བམ་པོ་དྲུག་དང་ལེའུ་བདུན་པ་ཞེས་སྣང་བ་དཔྱད། »བམ་པོ་བདུན་དང་ཤླཽ་ཀ་དྲུག་ཅུ་ཤཱི་ལེནྡྲ་བོ་དྷི་དང་ཛི་ན་མི་ཏྲ། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར་གསར་བཅད་ཀྱིས་བཅོས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་«་་་་་འདི་དཀོན་བརྩེགས་ཀྱི་འདུས་པ་ཞེ་དྲུག་པ་ལས་བྱུང་ཞིང་བཀའ་འགྱུར་བ་སངས་རྒྱས་རྒྱལ་མཚན་པའི་གསན་ཡིག་ན་བམ་པོ་གཉིས་ཞེས་སྣང་ངོ༌།།» ཕྱིན་པ་བདུན་བརྒྱ་པ་གསར་བཅད་ཀྱིས་བཅོས་པ་འགྱུར་གོང་འདྲ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་བརྒྱ་པ་སྐད་གསར་བཅད་ཀྱིས་བཅོས་པ་འགྱུར་གོང་འདྲ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སུམ་བརྒྱ་པ་«་་་་་རྡོར་གཅོད་»སྐད་གསར་བཅད་ཀྱིས་བཅོས་པ་ཤཱི་ལེནྡྲ་བོ་དྷི་དང་ཡེ་ཤེས་སྡེའི་འགྱུར། ཤེར་ཕྱིན་ལྔ་བཅུ་པ། ཤེར་ཕྱིན་ཚུལ་བརྒྱ་ལྔ་བཅུ་པ། འདི་གཉིས་རྒྱུད་འབུམ་ནང་ན་བཞུགས། ཤེར་ཕྱིན་སྒོ་ཉི་ཤུ་རྩ་ལྔ་པ། ཤེར་ཕྱིན་ཡི་གེ་གཅིག་མ། ཤེས་རབ་སྙིང་པོ་ཤླཽ་ཀ་ཉེར་ལྔ་པ་«་་་་་སློབ་དཔོན་བི་མཱ་ལས་དག་པར་མཛད་ནས་བསམ་ཡས་དགེ་རྒྱས་ཀྱི་སྐོར་ཁང་གི་གདོང་ཡར་བལྟ་ལ་གླེང་གཞིའི་བཀོད་པ་དང་བཅས་བྲིས་ཤིང་ཚལ་བ་བཀའ་འགྱུར་དུ་འདིའི་གྲས་སུ་མེད་པར་རྒྱུད་འབུམ་གྲས་སུ་བཅུག་འདུག་གོ »།པཎྜི་ཏ་བི་མཱ་ལ་དང་ལོ་ཙཱ་བ་རིན་ཆེན་སྡེའི་འགྱུར། ཤེར་ཕྱིན་ཉི་མའི་སྙིང་པོ། ཤེར་ཕྱིན་ཟླ་བའི་སྙིང་པོ། ཤེར་ཕྱིན་ཀུན་དུ་བཟང་པོ། ཤེར་ཕྱིན་ལག་ན་རྡོ་རྗེ། ཤེར་«་་་་་ཤེར་ཕྱིན་ཉི་མའི་སྙིང་པོ་ནས་ཤེར་ཕྱིན་རྡོ་རྗེ་རྒྱལ་མཚན་གྱི་བར་དཔེ་ཚན་ལྔ་པོའི་ལུང་མ་ཐོབ་ཀྱང་སླར་ཐོབ་རེའི་ཕྱིར་བརྒྱུད་པ་བཅས་བྲིས། »ཕྱིན་རྡོ་རྗེ་རྒྱལ་མཚན་རྣམས་ཐོབ་པ་ལས་ཤེས་རབ་སྙིང་པོ་མ་གཏོགས་པའི་གོང་གསལ་ཆོས་བཅུ་བཞིའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། འཕགས་པ་བྱམས་པ། ཐོགས་མེད། དབྱིག་གཉེན། འཕགས་པ་གྲོལ་སྡེ། བཙུན་པ་གྲོལ་སྡེ།མཆོག་གི་སྡེ། དུལ་བའི་སྡེ། རྣམ་པར་སྣང་མཛད་བཟང་པོ། སེངྒེ་བཟང་པོ། སངས་རྒྱས་ཡེ་ཤེས་ཞབས། གུ་ཎ་མི་ཏྲ། རཏྣ་སརྦ་ཐཱ། སློབ་དཔོན་ཤཱནྟི་པ། ཁ་ཆེ་ཛྙཱ་ན་ཤྲཱི། སུ་མ་ཏི་ཀཱིརྟི། སྨྲྀ་ཏི་ཛྙཱ་ན་ཀཱིརྟི། རོང་ཟོམ་ཆོས་བཟང༌། ཉང་ཏིང་འཛིན་བཟང་པོ། མངའ་བདག་ཉང་གི་ཡབ་ཉང་སྟོན་ཆོས་འཁོར་གྱི་མཚན་གྱི་རྣམ་གྲངས་ལས་བི་མཱ་ལའི་སློབ་མ་ཉང་ཏིང་འཛིན་བཟང་པོ་ནི་མིན་ནོ། །ལྷོ་པ་ཐམས་ཅད་མཁྱེན་པ། འདི་རྗེ་བཙུན་ས་པཎ་གྱི་དངོས་སློབ་ཡིན་ཅིང་སྨྲྀ་ཏི་ཇོ་བོ་རྗེ་དང་དུས་མཚུངས་པས་ཏིང་འཛིན་བཟང་པོ་དེ་དགུང་ལོ་བརྒྱ་ལྷག་ཙམ་བཞུགས་ན་མ་གཏོགས་པར་འདིར་བླ་མ་གཅིག་གཉིས་ཤིག་ཆད་དམ་ཡང་ན་ལྷོ་ལ་ཡག་པ་བྱང་ཆུབ་དངོས་གྲུབ་ལ་ལྷོ་པ་ཐམས་ཅད་མཁྱེན་པར་གྲགས་པས་དེ་ཡིན་ན་དུས་འགྲིགས་པ་འདྲེའོ་ཞེས་དཔའ་བོའི་གསན་ཡིག་ཏུ་བྲིས་འདུག་པ་དཀོན་བརྩེགས་ཀྱི་བརྒྱུད་པར་རྡོ་རྗེ་གདན་པ་ཆུང་བ་དང་ལྷོ་པ་ཀུན་མཁྱེན་གྱི་བར་ན་བླ་མ་བཞི་ཙམ་འདུག་པས་ཧོལ་ཁོངས་ཤིག་བྱུང་བ་འདྲའོ། །ཞེས་རྒྱལ་དབང་ལྔ་པའི་གསན་ཡིག་ཏུ་སྣང་ངོ༌།། བླ་མ་གྲགས་པ་སེངྒེ། སྤྱིལ་བུ་བ་འོད་ཟེར་ཤེས་རབ། བླ་མ་དར་མ་འོད་ཟེར། བླ་ཞིག་བྱང་ཆུབ་རྡོ་རྗེ། བདེ་བ་ཅན་པ་ཡེ་ཤེས་མགོན་པོ། བདེ་བ་ཅན་པ་ཡེ་ཤེས་རྒྱལ་མཚན། གར་ཐིག་པ་བསོད་ནམས་རྒྱལ་མཚན་ནས། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། སློབ་དཔོན་བསོད་ནམས་སེངྒེ། ཚལ་རིན་ཆེན་གྲགས་དོན་པ། བླ་མ་རིན་ཆེན་གྲགས་པ། བཀའ་འགྱུར་པ་ཤཱཀྱ་རྒྱལ་མཚན། ཐུ་བཙུན་འཇིགས་མེད་དཔའ་བོ་མན་འབུམ་གྱི་བརྒྱུད་པ་བཞིན་ནོ། །བསིལ་ལྡན་སྨན་ལྗོངས་མཁས་དང་གྲུབ་མཆོག་རྣམས། །ཇི་སྙེད་བྱོན་པས་བཀྲལ་བའི་བསྟན་བཅོས་དང༌། །རྒྱལ་བའི་བཀའ་ལུང་འགྱུར་རོ་ཅོག་གཞུང་ལས། །ཤེར་ཕྱིན་སྐོར་སོགས་ཐོས་པའི་རིམ་པའོ། །ཞེས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ལས་མཁས་ཤིང་གྲུབ་པ་བརྙེས་པ་རྣམས་ཀྱི་བསྟན་བཅོས་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྐོར་ཡོངས་རྫོགས་སོགས་སྟོན་པའི་བཀའ་ལུང་རིན་པོ་ཆེ་ཁ་ཤས་ཐོས་པའི་སརྒ་སྟེ་ཉེར་བརྒྱད་པའོ།།  །།སྤྱི་དོན་བཞི་པ་ཐོས་བསམ་དོན་ཡོད་ཆེད་དུ་རང་གཞན་དོན་གཉིས་ཇི་ལྟར་བསྒྲུབས་པའི་ཚུལ་ནི། དེ་ལྟར་གོང་དུ་སྨོས་པའི་སྐྱབས་མཆོག་བཀའ་དྲིན་མཚུངས་བྲལ་དེ་རྣམས་ལས་ཆོས་ཀྱི་བདུད་རྩི་མང་དག་ཐོས་པ་དེ་ཉིད་ཀྱང་ཚེ་འདིའི་གྲགས་འདོད་སོགས་ལྷུར་བླང་གི་བགྱི་བ་མ་ཡིན་པར་སྦྱོར་བ་ཀུན་མཁྱེན་ཤཱཀྱའི་སྲས་ཀྱི་རིང་ལུགས་འདི་ལ་གསང་བ་བསམ་མི་ཁྱབ་པར། འཇིག་རྟེན་སངས་རྒྱས་འབྱུང་བ་བརྒྱ་ལམ་སྟེ། །མི་ཡི་ལུས་ཀྱི་ཚོགས་ཀྱི་རྙེད་པ་ཡིན། །ཀྱེ་མ་དད་པ་དང་ནི་ཆོས་ཉན་པ། །འདི་འདྲ་བསྐལ་པ་བརྒྱར་ཡང་རྙེད་པར་དཀའ། །ཞེས་གསུངས་པ་ལྟར་བཅོས་མིན་གྱི་དད་པ་བརྟན་པོས་ཀུན་ནས་བསླང༌། དངོས་གཞི་མཆོག་གི་རྡོ་རྗེ་སློབ་དཔོན་དེ་རྣམས་སྒོ་གསུམ་གུས་པས་གཙུག་ཏུ་བསྟེན་ཅིང༌། སྐྱེས་རབས་ལས། རབ་ཏུ་དམའ་བའི་སྟན་ལ་འདུག །དུལ་བའི་དཔལ་ནི་ཉེ་བར་བཞག །དགའ་དང་ལྡན་པས་མིག་གིས་བལྟ། །ཚིག་གི་བདུད་རྩི་འཐུང་བ་བཞིན། །རབ་ཏུ་དང་ལས་དྲི་མེད་བློས། །ནད་པས་སྨན་པའི་ངག་གཉན་བཞིན། །རིམ་གྲོ་བསྐྱེད་དེ་ཆོས་ཉོན་ཅིག །ཅེས་འབྱུང་བ་ལྟར་གྱི་འདུ་ཤེས་རྩེ་གཅིག་པས་དོན་དུ་གཉེར། རྗེས་མཉེས་པ་གསུམ་གྱི་ཞབས་ཏོག་གང་འཁོས་དང་ཁྱད་པར་དུའང༌། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱིས། དབང་ཐོབ་མན་ངག་ཟབ་མོ་འཚོལ་བ་ཡིས། །ས་སྟེངས་རྒྱས་པ་ཀུན་ཏུ་བཙལ་བྱས་ཀྱང༌། །ཕན་པའི་དོན་པོ་མན་ངག་དམ་ཚིག་སྟེ། །འདི་མེད་འགྲམ་རྩ་ཟད་པའི་ཁོང་རུལ་བཞིན། །ལེགས་པར་སྨིན་པས་དམ་ཚིག་བསྲུངས་བྱས་ན། །སྐྱེ་བ་བཅུ་དྲུག་དག་ནས་འགྲུབ་བོ་ཞེས། །འགྲོ་བའི་རྩ་ལག་ཕན་པར་མཛད་པས་གསུངས། །བདག་ནི་ཐོས་ཉུང་ཤེས་རབ་མིག་བྲལ་ཡང༌། །དྲི་མེད་རྒྱུད་ལས་ལེགས་གསུངས་མཐོང་བས་ན། །དབང་བླང་དམ་ཚིག་བསྲུང་བར་མཛོད་ཅིག་ཅེས། །ཀུན་ལ་ཐལ་མོ་སྦྱར་ནས་གསོལ་བ་འདེབས། །ཞེས་པ་ལྟར་གྱི་དམ་ཚིག་གི་གནད་རྣམས་ལ་རྟོགས་དཔྱོད་མ་བརྗེད་ཙམ་བགྱིད་ཁུལ་བྱས་པར་བརྟེན་གནས་སྐབས་ཀྱི་རྟེན་འབྲེལ་ལེགས་ཚོགས་འགའ་ཞིག་ཀྱང་རང་འགྲིགས་ལྟ་བུ་བྱུང་ཞིང༌། ཐོས་དོན་ཉམས་ལེན་སྐོར་སོགས་ཀྱང༌། ཡི་དམ་ཆོས་སྲུང་ཚེ་ལྷ་ནོར་ལྷའི་སྐོར་སོགས་ཀྱི་གཞིའི་བསྙེན་པ་དུ་མ་མཐར་ཕྱིན་བསགས་པ་དང༌། རྒྱུན་དུ་ཡང་སྒོ་གསུམ་ཐ་མལ་ངང་ལ་མ་འབྱམས་པར་དགེ་སྦྱོར་ཅི་འགྲུབ་བགྱིད་ཁུལ་དང༌། རྒྱལ་བའི་དགོངས་འགྲེལ་རིན་པོ་ཆེའི་གཙོས་པུསྟི་སུམ་བརྒྱ་སྐོར་གྱི་ཞུ་དག་གི་ཞབས་འདེགས་བསྒྲུབས་པ་དང༌། གཙོ་ཆེར་བསྟན་འགྲོར་སྨན་འདོགས་ལྷུར་བླང་གི་འཆད་བརྩམས་སོགས་ལུས་སེམས་ཀྱི་གང་ལྕོགས་འབད་རྩིས་བཅས་དེ་སྐོར་ཞིབ་པ་རང་གི་རྟོགས་པ་བརྗོད་པ་སྐྱེ་བ་ཕལ་བའི་རྐང་འཐུང་དགེ་སྡིག་འདྲེན་མའི་ལས་ཀྱི་ཡལ་ག་ཕན་ཚུན་ཏུ་འཛིངས་པར་བདེ་སྡུག་དུས་ཀྱི་རྒྱལ་མོས་རེ་མོས་སུ་བསྒྱུར་བའི་ཚུལ་ཞེས་པ་རང་ཉིད་ཀྱི་བརྩམས་ཆོས་ཏ་པའི་མཐར་འཁོད་པ་དེར་གསལ་བཞིན་ལས་འདིར་སྨོས་མ་དགོས་པས་དེ་དག་གི་ཐོས་བསམ་དོན་ཡོད་ཆེད་དུ་རང་གཞན་དོན་གཉིས་བསྒྲུབ་ཚུལ་གྱི་སརྒ་ཉུང་ཙམ་སྟེ་ཉེར་དགུ་པའོ།།  །།སླར་སྨྲས་པ། ཉི་མའི་གཉེན་གྱི་རྒྱལ་ཚབ་ཆོས་ཚུལ་འཛད་མེད་སྨྲ་བའི་རྡོ་རྗེ་སློབ་དཔོན་ཆེ། །དུ་མའི་ཞབས་ཀྱི་པདྨོར་གུས་བསྙེན་གང་ཐུགས་ཡོན་ཏན་རིན་ཆེན་འབྱུང་གནས་ལས། །དད་གུས་ཀུ་ཤའི་སྡོང་བུས་ཉེར་བླངས་རང་ཉིད་བློ་ཡི་ཡོལ་གོར་རིམ་བསགས་པས། །དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་འགྲུབ་འདི་སྔོན་བསགས་སྐལ་བ་མཆོག་ཏུ་གོ །གང་ཞིག་སྙིང་པོས་དབེན་པའི་ནོར་དག་དཀའ་བ་དུ་མས་འབད་ལ་སྤྲོ་བྱེད་ན། །ཐོག་མཐའ་བར་གྱི་དགེ་བ་གསུམ་ལྡན་འཆོས་སྐྱོབ་ཡོན་ཏན་དུ་མའི་འབྱུང་གནས་ཆེ། །འདི་དང་ཕྱི་མའི་གཏན་བདེ་ལྷུན་གྲུབ་འབྱུང་ཕྱིར་ཚད་ལྡན་གཅིག་ནས་གཅིག་བརྒྱུད་པའི། །ཁུངས་འབྲེལ་དྲང་པོའི་རྣམ་ཐར་འདི་འདྲ་དཀོན་པའི་འདུ་ཤེས་བསྐྱེད་ལ་ཅིས་མི་བརྩོན། །ཀ་ཡེ་གྲོག་དག་འདིར་སྣང་སྲིད་པ་འཁོར་བའི་སྡུག་བསྔལ་ན་ཀྲའི་གྲོང་ཁྱེར་ལ། །བསྒྲལ་ནས་བྱང་ཆུབ་རིན་ཆེན་གླིང་དུ་བགྲོད་ལ་དཀའ་བ་ཆེ་སྙམ་གྱི་ནར་མ་བསྒྱུར་བར། །བླ་མེད་བཤེས་གཉེན་དེད་དཔོན་བཟང་པོ་གཙུག་གི་རྒྱན་དུ་ལེགས་བསྟེན་ནས། །བརྩོན་འགྲུས་གྲུ་ཆེན་ཟུང་དང་དོན་གཉིས་ཡིད་བཞིན་བསམ་འཕེལ་རྙེད་པར་ཐེ་མི་ཚོམ། །ཚེ་སྔོན་ལེགས་བྱས་ས་བོན་དགེ་བཏབ་མཐུས། །རྒྱལ་བསྟན་སྨན་གྱི་དགའ་ཚལ་ཡངས་པོ་ལ། །ཉེར་སྐྱེས་ཐོས་བསམ་སྒོམ་པའི་བཅུད་བཟང་གི །བསྟན་འགྲོར་སྨན་པའི་སྙེ་མ་ཁུར་དུ་དུད། །དབྱར་དུས་ཆུ་འཛིན་གཞོན་ནུ་འཁྲིགས་ཁྲོད་ནས། །འབྲུག་སྒྲ་དལ་བུར་ལྡིར་ཚེ་མདོངས་མཐའ་ཅན། །དགའ་བའི་རྣམ་འགྱུར་བསྟན་པ་འོས་ཡིན་མོད། །ཕལ་པའི་ཅ་ཅོའི་སྒྲ་ལ་དེ་ལྟ་མིན། །ད་ཕྱིར་རང་ཞེ་རང་ལ་མི་ཁྲེལ་བའི། །ཀུན་མཁྱེན་རྒྱལ་བའི་བསྟན་ལ་སྨན་རེ་དང༌། །གཞན་རྒྱུད་ཐར་པའི་ས་བོན་གདབ་པའི་ཆེད། །སྨིན་གྲོལ་ཆོས་ཀྱི་སྐལ་བཟང་བརྩོན་པའི་དགེའི། །འགྲོ་བའི་བླ་མ་ཤཱཀྱ་སེངྒེ་ཡི། །ལུང་རྟོགས་སྤྱི་དང་བྱེ་བྲག་ས་སྐྱ་པ། །ཀུན་དགའ་རྣམ་གཉིས་ལུང་མཆོག་སྲིད་པའི་ཁོངས། །བསྐལ་པའི་བར་དུ་བཤད་སྒྲུབ་གང་འཕེལ་ཤོག །ཐར་པ་དམ་པའི་དོན་ལྡན་རྒྱལ་གསུང་དང༌། །ཉེར་འབྲེལ་རྣམ་པ་ཐམས་ཅད་མཁྱེན་པའི་ལམ། །སྟོན་མཛད་ཡོངས་འཛིན་འཕགས་དང་སོ་སྐྱེའི་ཚུལ། །ཞི་དབྱིངས་མནལ་རྣམས་ཐུགས་དགོངས་རྫོགས་འགྱུར་ཅིག །རྒྱལ་གསུངས་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི། །བཞེད་གཞུང་མ་ནོར་སོ་སོར་འཆད་བྱེད་པའི། །མཁས་དང་གྲུབ་པར་གང་དག་འཚོ་གཞེས་རྣམས། །སྐུ་ཚེ་བསྐལ་པའི་བར་དུ་བརྟན་གྱུར་ཅིག །ཕུལ་བྱུང་སྡེ་བཞིའི་རྩ་བ་བརྟན་པོ་ལས། །ཁྲིམས་གཉིས་དགེ་བཅུའི་ལོ་འདབ་ཆེར་རྒྱས་ཤིང༌། །ཕུན་ཚོགས་ཕན་བདེའི་འབྲས་བཟང་གཡུར་ཟ་བའི། །རྒྱལ་རྒྱུད་ས་ལའི་རྐང་འཐུང་རྟག་བརླན་ཤོག །ཡངས་པའི་སར་འཁོད་མཆོག་དམན་འགྲོ་བ་ཀུན། །ན་འཆི་རྒུད་པའི་གདུང་བ་ཀུན་བྲལ་ཏེ། །རིང་པོར་འཚོ་བའི་ཚེ་དང་བསོད་ནམས་སྟོབས། །རྫོགས་ལྡན་དགའ་སྟོན་གསར་པར་ལོངས་སྤྱད་ཤོག །བདག་ཅག་སློབ་འབངས་ལྟོས་བཅས་བྱང་ཆུབ་བར། །དམ་ཆོས་སྒྲུབ་པའི་དལ་རྟེན་ཉེར་འཚེ་ཀུན། །བྲལ་ཞིང་གནས་སྐབས་མཐར་ཐུག་དཔལ་འབྱོར་པས། །འདི་དང་ཕྱི་མ་ཀུན་དུ་བདེ་གྱུར་ཅིག །དེ་ལྟར་ནམ་མཁའི་ནོར་བུས་བསིལ་བ་སྟེར་དང་ཀུན་ཕན་ཟེར་གྱིས་ཚ་གདུང་བསྐྱེད། །ལྷ་ལམ་ཨུཏྤལ་ཕོན་པོ་འཁྲུངས་དང་ཀཻ་ལ་ཤ་ལས་གསེར་གྱི་ཁུ་བ་སོགས། །མི་སྲིད་དེ་བཞིན་བླ་མ་ལྷ་ཚོགས་ཐུགས་རྒྱུད་བསྐུལ་བའི་འདོད་གསོལ་རེ་བསྐུལ་ནམ་ཡང་མི་བསླུ་བའི། །བདེན་པ་དེས་ཀྱང་གང་སྨྲས་བསམ་དོན་གེགས་བྲལ་མྱུར་དུ་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་ཡུལ་མཆོག་ཏུ་གྱུར་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལས་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ཞེས་བྱ་བ་འདི་ནི། རྒྱལ་བ་ཉི་མའི་གཉེན་གྱིས་ལེགས་གསུངས་བདུད་རྩིའི་འཚོ་བ་ངག་དབང་ཚུལ་ཁྲིམས་རིན་ཆེན་ནམ། ངག་གི་དབང་པོ་འཇིགས་བྲལ་ཕྱོགས་ལས་རྣམ་པར་རྒྱལ་བའི་ལྷ། དབྱངས་ཅན་སྙེམས་པའི་ལང་ཚོའི་སྡེ་ཞེས་བྱ་བས་སྡེ་དགེ་ལྷུན་གྲུབ་སྟེང་གི་རྒྱལ་ཁབ་ཀྱི་དབང་པོའི་ཕྱོགས་ཀྱི་བ་གམ་གསུམ་པར་བྲིས་པ་ཀ་ལྱཱ་ཎཾ་བྷ་བནྟུ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། སྟག་ལྗོངས་འཆི་མེད།

ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།

དྲ་བའི་སྦྲེལ་ཐག  www.gyalyongsachen.com

རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*