དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་གཤིན་རྗེ་གཤེད་དམར་སྤྲོས་མེད་ཀྱི་བླ་མ་བརྒྱུད་པའི་གསོལ་འདེབས་ཀྱི་ཁ་སྐོང་ནི།

 ༄༅། །དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་གཤིན་རྗེ་གཤེད་དམར་སྤྲོས་མེད་ཀྱི་བླ་མ་བརྒྱུད་པའི་གསོལ་འདེབས་ཀྱི་ཁ་སྐོང་ནི། ༄༅། །རིགས་གསུམ་རྣམ་འཕྲུལ་གསུམ་ལ་གསོལ་བ་འདེབས་ཞེས་པའི་རྗེས་སུ། །མཁྱེན་རབ་དབང་ཕྱུག་ནམ་མཁའ་དཔལ་བཟང་དང༌། །གསང་རྒྱུད་མངའ་བདག་ནམ་མཁའ་སངས་རྒྱས་དང༌། །འགྲོ་མགོན་མཚུངས་མེད་བསོད་ནམས་རྒྱ་མཚོ་སྟེ། །རྒྱལ་བའི་རྣམ་འཕྲུལ་གསུམ་ལ་གསོལ་བ་འདེབས། །ཆོས་སྨྲ་ཆེན་པོ་སངས་རྒྱས་དཔལ་བཟང་དང༌། །མཁས་གྲུབ་དེད་དཔོན་སངས་རྒྱས་ཕུན་ཚོགས་ཞབས། །རྒྱལ་བསྟན་སྨན་མཛད་ཀུན་དགའ་ཆོས་འཕེལ་ཏེ། །ཐུགས་རྗེའི་གཏེར་ཆེན་གསུམ་ལ་གསོལ་བ་འདེབས། །ཀུན་མཁྱེན་བསྟན་པའི་གསོས་སྨན་བཀྲ་ཤིས་བཟང༌། །མགོན་དེས་རྗེས་བཟུང་ཚུལ་ཁྲིམས་རིན་ཆེན་དང༌། །སྙན་བརྒྱུད་འབྱུང་གནས་རྩ་བའི་བླ་མ་སྟེ། །སྐྱབས་ཡུལ་ཡོངས་འདུས་གསུམ་ལ་གསོལ་བ་འདེབས། །དངོས་དང་བརྒྱུད་པའི་བླ་མ་སོགས་དང་སྦྲེལ་ལོ། །ཞེས་པའི་ཁ་སྐོང་འདིའང་རང་གིས་ཐོབ་པའི་བརྒྱུད་པ་ལྟར་བནྡེ་ཚུལ་ཁྲིམས་རིན་ཆེན་གྱིས་བྲིས་པའོ།།

རྩོམ་སྒྲིག་པ། སྟག་ལྗོངས་འཆི་མེད།

ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།

དྲ་བའི་སྦྲེལ་ཐག  www.gyalyongsachen.com

རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*