༧གོང་མ་ཁྲི་འཛིན་ཞེ་བཞི་པའི་ཁྲི་འདོན།

༄༅། ། དཔལ་ས་སྐྱའི་གདན་ས་ཆེན་པོ་ཐེག་ཆེན་ཕུན་ཚོགས་གླིང་གི་གསལ་བསྒྲགས་གནང་དོན་བཞིན། རིང་མིན་ཕྱི་ལོ་ ༢༠༢༦ ཟླ་ ༡༡ ཚེས་ ༠༣ དང་ ༠༤ སོ་སོར་ཕུན་ཚོགས་ཕོ་བྲང་གི་འཁོན་གདུང་ཨ་བི་ཀྲཱྀ་ཏ་བཛྲ་རིན་པོ་ཆེ་མཆོག་དཔལ་ས་སྐྱའི་ལུགས་ཟུང་གསེར་གྱི་ཁྲིར་༧གོང་མ་ཁྲི་འཛིན་ཞེ་བཞི་པའི་ཁྲི་འདོན་མངའ་གསོལ་མཛད་རྒྱུ་དང་།

གོང་གསལ་གསལ་བསྒྲགས་ནང་གསལ་དོན་བཞིན་༧སྐྱབས་མགོན་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་དབུས་པའི་ཁྲི་འཛིན་རྣམ་པ་དང་། དཔལ་ས་སྐྱའི་བསྟན་བདག་བླ་ཆེན་མང་པོ་ཞིག་ལྷན་དུ་འཛོམས་ནས་གདན་ས་ཆེན་པོ་ཐེག་ཆེན་ཕུན་ཚོགས་གླིང་གི་གཙུག་ལག་ཁང་ཆེན་པོའི་སྒོ་འབྱེད་མཛད་སྒོ་ཚོགས་རྒྱུ་སོགས་ཀྱི་མཛད་རིམ་མང་པོ་ཞིག་ཡོད་འདུག །

རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།