གསར་འགྱུར།

༸དཔལ་ས་སྐྱའི་༸གོང་མ་ཡབ་སྲས་བཅས་ནས་ས་ག་ཟླ་བའི་ནང་དུ་གནས་བརྟན་ཕྱག་མཆོད་དང་འབྲེལ་བའི་ཆོ་ག་ངག་འདོན་ཐད་གཏོང་།

2020 ལོའི་ཟླ 5 ཚེས 6 ཉིན། གདོང་མཁན། 0

སྤྱི་ལོ་༢༠༢༠ སྤྱི་ཟླ་ ༥ ཚེས་ ༧ ཉིན་རྒྱ་གར་གྱི་ཞོགས་པའི་ཆུ་ཚོད་ ༩ ། ༣༠ རྒྱལ་སྤྱིའི་ས་ག་ཟླ་བའི་དུས་ཆེན་ཉིན་མོར་དཔལ་ས་སྐྱའི་༸སྐྱབས་མགོན་གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དང་། ༸སྐྱབས་མགོན་༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག ༸རྗེ་བཙུན་མ་སྐུ་བགྲེས་ཀུན་དགའ་འཕྲིན་ལས་དཔལ་སྟེར་མཆོག་གཙོས་ཆོས་སྒར་དགེ་འདུན་པ་ཁག་ཅིག་བཅས་ནས་འཕགས་པ་གནས་བརྟན་ཕྱག་མཆོད་གསུང་ཆོག་གནང་རྒྱུ་ལགས་ན། གལ་སྲིད་སྐུ་ཉིད་དྲ་ཐོག་ཏུ་མཉམ་བཞུགས་གནང་འདུན་ཡོད་ཚེ། དེ་ལས་མང་་་

ལོ་རྒྱུས།

ཚ་ཚའི་བྱུང་བ་བརྗོད་པ།

2020 ལོའི་ཟླ 5 ཚེས 6 ཉིན། གདོང་མཁན། 0

ཚ་ཚ་དེ་བོད་གངས་ཅན་པའི་ཡུལ་དུ་དར་ནས་ཕལ་ཆེར་ལོ་ངོ་སྟོང་ལྷག་གི་ལོ་རྒྱུས་ལྡན། ཆེས་སྔ་བའི་ཚ་ཚའི་སྐོར་གྱི་བཤད་པ་སོགས་དེང་སང་ཤིན་ཏུ་ལྐོག་གྱུར་སོང་ནས་ངོ་སྤྲོད་གསལ་ཐག་ཆོད་ཞིག་ཡོང་དཀའ་ནའང་། ངེད་ཅག་བོད་ཀྱི་ཚ་ཚ་དེ་བོད་ཀྱི་རྒྱལ་པོ་ཆེན་པོ་སྲོང་བཙན་སྒམ་པོ་ནས་དངོས་སུ་དར་བའང་ཡང་ན་ཚ་ཚའི་བརྒྱུད་པ་དེར་གོང་འཕེལ་ཆེན་པོ་ཞིག་ཐེབས་པ་མངོན། འདི་ལོ་ངོ་སྟོང་ལྷག་གི་འཕོ་འགྱུར་ཁྲོད་བོད་ཀྱི་ཚ་ཚ་དེ་སྤུས་ཀ་དང་རྣམ་པ། ལག་རྩལ་དང་རྣམ་གྲངས་སོགས་ཇེ་ཡག་ཇེ་བཟང་དུ་སོང་ནས་འཛམ་བུ་གླིང་འདི་རུ་ངོ་མཚར་བའི་ཚ་ཚའི་ཞིང་ཁམས་ཞིག་གྲུབ་ཡོད། བོད་གངས་ཅན་པའི་ཡུལ་འདིར་ཚ་ཚ་ཞེས་ན་སྐུ་འདྲ་དང་འབུམ་པ་སོགས་ཀྱི་གཟུགས་སུ་རུང་བ། ལྷ་ཁང་དང་དགོན་པའི་རྟེན་དུ་ཆོག་པ། ཡང་ན་ཐད་ཀར་ཆེད་དུ་ཚ་ཚ་བཞུགས་སའི་ཚ་ཁང་དང་ས་དགྲ་བཅས་འགོག་སའི་རྟེན་དུ་བཀྲམ་པ། གང་ལྟར་ཚ་ཚ་དེ་ཕྱོགས་གང་ནས་ཀྱང་མཁོ་དགོས་ཆེ་བ་ཞིག་ཏུ་གྱུར་ནས་བོད་ཡུལ་འདི་ཚ་ཚ་མང་ཤོས་དང་ཚ་ཚའི་བཟོ་རྩལ་གྱི་ལག་རྩལ་མཐོ་ཤོས་ཞིག་ཏུ་ཆགས་ཡོད། དེ་ལས་མང་་་

གསར་འགྱུར།

དཔལ་ས་སྐྱའི་ལྷ་ཁང་ཆེན་མོའི་མཁན་པོ་ཁྲི་སྟོན་གནང་འདུག

2020 ལོའི་ཟླ 4 ཚེས 28 ཉིན། གདོང་མཁན། 0

དེ་རིང་ནི་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་གཅིག་ཏུ་བསྡུས་པ་མཚན་ནས་བརྗོད་པར་དཀའ་བ་དོན་གྱི་སླད་དུ་ཆུང་ཙམ་སྨྲོས་ན་རིགས་དང་དཀྱིལ་འཁོར་རྒྱལ་ཚོའི་ཁྱབ་བདག་དྲིན་ཆེན་རྩ་བའི་བླ་མ་༧འཇམ་དཔལ་དབྱངས་ཀུན་བཟང་རྒྱལ་མཚན་དཔལ་བཟང་པོ་མཆོག་གདན་ས་ཆེན་མོ་དཔལ་ས་སྐྱའི་ལྷ་ཁང་ཆེན་མོའི་བཞུགས་ཁྲི་གདོང་ལྔའི་སྟེང་པད་ཟླའི་གདན་གྱི་སྟེང་དུ་ཁྲི་གསོལ་གྱིས་མཛད་སྒོ་གནང་འདུག དེ་ལས་མང་་་

བཀའ་སློབ།

༸སྐྱབས་མགོན་ཛྙ་ན་བཛྲ་རིན་པོ་ཆེས་ནད་ཡམས་སྐོར་བསྩལ་བའི་བཀའ་སློབ།

2020 ལོའི་ཟླ 4 ཚེས 13 ཉིན། གདོང་མཁན། 0

གཉིས་པ་དེ་ལ་ཆོས་ཕྱོགས་ནས་བསམ་བློ་བཏང་བ་ཡིན་ན། གནས་སྐབས་འདི་སྤྱིར་སངས་རྒྱས་ཀྱི་གསུངས་དང་ལྷག་པར་དུ་མི་རྟག་པའི་ཆོས་སྐོར་དྲན་བསོ་བྱ་རྒྱུའི་དུས་ཚོད་བཟང་པོ་རེད་བསམ། ཟླ་ཤས་གོང་ང་ཚོ་ཚང་མ་མི་ཚེ་འཆར་ཅན་ལྟར་སྐྱེལ་བཞིན་པ་རེད། གློ་བུར་དུ་གནས་སྟངས་ཡོངས་རྫོགས་འགྱུར་བ་ཕྱིན་པ་རེད། དེས་གང་ལའང་ངེས་བརྟན་མེད་པ་གསལ་པོ་མཚོན། ད་ལེན་ཏོག་དབྱིབས་ཀྱི་ནད་ཡམས་འདིས་མི་ཁྲི་ཕྲག་མང་པོའི་ཚེ་སྲོག་འཕྲོག་དང་འཕྲོག་མུས་ཡིན། རིམས་ནད་འདིས་དབུལ་ཕྱུག་དང་རིགས་རུས་སོགས་ཀྱི་དབྱེ་བ་མེད་པར་ཨེ་ཤི་ཡ་ནས་ཨ་རི་དང་ཡུ་རོབ་ཨོས་ཊེ་ལི་ཡ་བཅས་གོ་ལ་ཀུན་ཏུ་ཁྱབ་ཅིང་མིའི་རིགས་ཡོངས་རྫོགས་མནར་བར་བྱེད་མུས་ཡིན། དེ་ལས་མང་་་

ངག་རྩོམ།

ཞེན་པ་བཞི་བྲལ་ཀློག་བཞིན་རང་རྒྱུད་ཀོ་གྱོང་ལ་གང་ཐུབ་སྦྱར་བའི་ཚོར་སྣང་ཐད་བྲིས།

2020 ལོའི་ཟླ 4 ཚེས 13 ཉིན། གདོང་མཁན། 0

གྲངས་མེད་གསུམ་གྱི་ཚོགས་གཉིས་ལྷུན་གྱིས་གྲུབ།།སྐུ་གསུང་ཐུགས་ཀྱི་མཛད་པ་རླབས་པོ་ཆེས།།སྲིད་པ་གསུམ་གྱི་ལུས་ཅན་འདྲེན་མཛད་པའི།།སྟོན་མཆོག་ཤཱཀྱའི་རྒྱལ་པོ་མཆོག་ལ་འདུད།།སྔོན་འགྲོ་དལ་བརྒྱད་འབྱོར་བཅུ་རྙེད་དཀའ་དང་།།དངོས་གཞི་འཆི་བ་མི་རྟག་ལས་འབྲས་སྐོར།།སྦྱོང་སྒོམ་གཉིས་ཀྱིས་རང་རྒྱུད་བཏུལ་དུས་དེར།།ཚེ་འདིར་ཞེན་པ་བྲལ་བའི་ཆོས་པ་གསུངས།།འཁོར་བ་སྤྱི་དང་འགྲོ་དྲུག་སེམས་ཅན་དང་།། དེ་ལས་མང་་་

གསར་འགྱུར།

༸སྐྱབས་རྗེ་ངོར་ཀླུ་ལྡིང་མཁན་ཆེན་ཁྲ་འགུ་དགོན་དུ་ཆིབས་བསྒྱུར་འདུག

2020 ལོའི་ཟླ 3 ཚེས 19 ཉིན། གདོང་མཁན། 0

བོད་ཟླ་དང་པོའི་ཚེས་ཉི་ཤུ་དྲུག་ཉིན་གངས་ཅན་མཁས་པའི་གཙུག་རྒྱན་འཇམ་དབྱངས་མི་ཡི་རྣམ་རོལ་འཇམ་མགོན་བླ་མ་ཆོས་རྗེ་དཔལ་ལྡན་ས་སྐྱ་པཎྜི་ཏ་ཆེན་པོ་་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་མཆོག་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་མཚན་དཔེའི་མེ་ཏོག་མངོན་པར་བཀྲ་བའི་དུས་བཟང་ཁྱད་པར་ཅན་གྱི་དུས་འདིར་གནས་མཆོག་ཝ་ར་ཎཱ་སིར་༧ སྐྱབས་མཆོག་ངོར་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་འཇམ་དབྱངས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག ༧ སྐྱབས་རྗེ་ཁྲ་འགུ་རིན་པོ་ དེ་ལས་མང་་་

གསར་འགྱུར།

འབྲི་རུ་བསམ་འགྲུབ་བདེ་ཆེན་ཆོས་འཁོར་གླིང་ལོ་ངོ་ལྔ་བཅུ་འཁོར་བའི་དུས་སྟོན།

2020 ལོའི་ཟླ 3 ཚེས 16 ཉིན། གདོང་མཁན། 0

ཁ་རྩང་སྤྱི་ལོ ༢༠༢༠ སྤྱི་ཟླ་ ༣ ཚེས་ ༡༥ བོད་ཟླ་ ༡ དང་པའི་ཚེས ༢༡ ཉིན་གངས་ཅན་མཁས་པའི་གཙུག་རྒྱན་མདོ་སྔགས་རབ་བྱམས་སྨྲ་བ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཀུན་མཁྱེན་གོ་བོ་རབ་བྱམས་པ་བསོད་ནམས་སེངྒེ་མཆོག་དང་རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་དབང་པོ་མཆོག་རྣམ་པ་གཉིས་ཀྱི་དགོངས་རྫོགས་དུས་དྲན་ཉིན་རྒྱ་གར་བྱང་ཕྱོགས་བོད་གཞིས་སྦིར་ས་གནས་སུ་དཔལ་ས་སྐྱ་པའི་རྗེས་སུ་སློབ་པའི་འབྲི་རུ་བསམ་འགྲུབ་བདེ་ཆེན་ཆོས་འཁོར་གླིང་བཙན་བྱོལ་དུ་ཕྱག་བཏབ་ནས་མི་ དེ་ལས་མང་་་

གསར་འགྱུར།

༸དཔལ་ས་སྐྱའི་བདག་མོ་སྐལ་ལྡན་མཆོག་གིས་ཏོག་དབྱིབས་འགོས་ནད་འགོག་སྲུང་གནང་ཕྱོགས་ཀྱི་གོ་རྟོགས་སྤེལ་བ།

2020 ལོའི་ཟླ 3 ཚེས 14 ཉིན། གདོང་མཁན། 0

རྡེ་ར་རྡུན་ས་གནས་ཁུལ་གྱི་བོད་རིགས་རྣམས་ལ་དེ་རིང་ནས་འགོ་འཛུགས་ཏེ་འགོས་གནད་སྔོན་འགོག་གི་སློབ་གསོའི་ལས་འགུལ་སྤེལ་འཆར་ཡོད་པ་ལྟར། དེ་རིང་ཐོག་མར་ས་སྐྱ་ཆོས་སྒར་གྱི་དགེ་འདུན་པ་རྣམས་ལ་དཔལ་ས་སྐྱའི་བདག་མོ་སྐལ་ལྡན་མཆོག་དང་ཕྱག་རོགས་བཅས་ནས་འགོས་ནད་སྔོན་འགོག་སློབ་གསོའི་སྐོར་ངོ་སྤྲོད་ཟབ་ཁྲིད་དང་དྲི་བ་དྲིས་ལན་བཅས་ཀྱིས་གོ་རྟོགས་སྤེལ་ཡོད་པ་མ་ཟད། ད་དུང་དགོན་པའི་ནང་དུ་ལག་ཁྲུས་དག་རྫས་འགྱིག་དམ་༩ ཙམ་དང་དྲིལ་བསྒྲག་ དེ་ལས་མང་་་

བསྟོད་ཚོགས།

དད་སེམས་གཙང་མའི་གདུང་དབྱངས།

2020 ལོའི་ཟླ 3 ཚེས 14 ཉིན། གདོང་མཁན། 0

རྒྱ་ཆེན་བསོད་ནམས་ལུས་སྟོབས་རབ་རྒྱས་ཤིང་།།བདེ་གཤེགས་གསུངས་རབ་སེངྒེའི་ང་རོ་ཡིས།།ལོག་སྨྲའི་རི་དྭགས་མཐའ་དག་སྐྲག་མཛད་པ།།ཐུབ་བསྟན་གངས་རི་སྐྱོང་བ་དེ་ལ་འདུད།།འཇིག་རྟེན་པདྨ་ཅན་གྱི་ཀློང་ཡངས་སུ།།རྒྱལ་ཀུན་རྣམ་པར་མི་རྟོག་ཡེ་ཤེས་ཐུགས།།གཅིག་འདུས་རིགས་གསུམ་རྣམ་འཕྲུལ་ཀུན་མཁྱེན་རྗེ།།ཆོས་རྗེ་གོ་རམས་པ་ལ་བདག་གིས་འདུད།།བསྟན་པའི་བསླབ་གསུམ་ངུར་སྨྲིག་རྒྱལ་མཚན་མཛེས།།མཁས་པའི་འཆད་རྩོད་རྩོམ་པས་བསྟན་འགྲོའི་སྐྱོངས།། དེ་ལས་མང་་་

གསར་འགྱུར།

རྫོང་གསར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཞིབ་འཇུག་སློབ་མ་སྐབས་གཉིས་པའི་ཟབ་སྦྱོང་རིམ་པ་དང་པོ།

2020 ལོའི་ཟླ 3 ཚེས 9 ཉིན། གདོང་མཁན། 0

དེ་རིང་སྟེ་སྤྱི་ལོ་ ༢༠༢༠ ཟླ་བ་ ༣ ཚེས་ ༩ བོད་ཟླ་དང་པོའི་ཚེས་བཅོ་ལྔ་ཆོ་འཕྲུལ་དུས་ཆེན་ཉིན་འཕགས་ཡུལ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཀྱི་ཆོས་ཀྱི་བློ་གྲོས་ཞིབ་འཇུག་ལྟེ་གནས་ཁང་གི་སྐབས་གཉིས་པའི་ཞིབ་འཇུག་སློབ་མའི་སློབ་དུས་དབུ་འཛུགས་དང་ཟབ་སྦྱོང་རིམ་པ་དང་པོ་དབུ་འཛུགས་ཀྱི་མཛད་སྒོ་བཤད་གྲྭའི་དཔེ་མཛོད་བཀྲ་ཤིས་སྒོ་མང་གི་ནང་དུ་འཚོགས་ཡོད་པ་རེད། དེ་ཡང་མཛད་སྒོའི་ཐོག་ཏུ་བཤད་གྲྭའི་མཁན་ཆེན་རིན་ཆེན་མཆོག་དང། མཁན་ཆེན་འཇམ་དབྱངས་ དེ་ལས་མང་་་

གསར་འགྱུར།

༸སྐྱབས་རྗེ་འཁོན་གདུང་ཨ་སང་གྷ་རིན་པོ་ཆེ་མཆོག་དང་ས་སྐྱའི་རྒྱལ་ཡུམ་ཆེན་མོ་རྒྱ་གར་བྱང་ཕྱོགས་རྡ་སར་ནོར་གླིང་ལ་ཆིབས་བསྒྱུར་གནང་འདུག

2020 ལོའི་ཟླ 3 ཚེས 8 ཉིན། གདོང་མཁན། 0

༸དཔལ་ས་སྐྱའི་འཁོན་གདུང་སྐྱབས་རྗེ་་ཨ་སང་གྷ་རིན་པོ་ཆེ་མཆོག་དང་འཁོན་གདུང་ཨ་ནེ་རིན་པོ་ཆེ་མཆོག དཔལ་ས་སྐྱའི་རྒྱལ་ཡུམ་ཆེན་མོ་མཆོག་དང་བདག་མོ་འཆི་མེད། དེ་བཞིན་དུ་དཔལ་ས་སྐྱའི་ཆོས་སྒར་མཁན་པོ་ཆེ་མཆོག་གཙོས་དགེ་འདུན་ཉི་ཤུ་ལྷག་རྒྱ་གར་བྱང་ཕྱོགས་རྡ་སར་ནོར་གླིང་འཆི་མེད་དགའ་ཚལ་གླིང་དུ་༸ སྐྱབས་རྗེ་ཁམས་སྤྲུལ་འཇམ་དབྱངས་དོན་གྲུབ་རིན་པོ་ཆེ་མཆོག་གི་སྐུ་གདུང་ཞུགས་འབུལ་ཆེད་དུ་བཅར་གནང་འདུག དེ་བཞིན་དུ་རྙིང་མ་དང་དགེ་ལུགས། བཀའ་ དེ་ལས་མང་་་

གསར་འགྱུར།

གློ་བོ་ས་སྐྱ་ནང་པའི་ཚོགས་པས་གོ་སྒྲིག་འོག་ནས་ཤེས་ཡོན་འགྲན་སྡུར་ཐེངས་བཞི་པ།

2020 ལོའི་ཟླ 3 ཚེས 8 ཉིན། གདོང་མཁན། 0

ཁ་རྩང་དང་དེ་རིང་ཉིན་གཉིས་ཀྱི་རིང་དུ་གློ་བོ་ས་སྐྱ་ནང་པའི་ཚོགས་པའི་གོ་སྒྲིག་འོག་གློ་བོ་ཕྱོགས་སུ་ཡོད་པའི་སྐྱ་སེར་གཉིས་ཀྱི་སློབ་གྲྭ་ཁག་གི་སློབ་མ་ཚོ་དཔལ་ཨེ་ཝཾ་རྣམ་རྒྱལ་དགོན་སློབ་གྲྭར་ལྷན་འཛོམས་ཐོག་ནས་དེང་རབས་ཀྱི་ཁ་ཕྱོགས་དང་མཐུན་པའི་བཤད་སྒྲོས་ཀྱི་རྩལ་དང་འདྲི་རྩལ་སོགས་ཀྱི་ཤེས་ཡོན་ཐོག་ནས་འགྲན་སྡུར་སྐབས་བཞི་པ་ལེགས་གྲུབ་བྱུང་འདུག དེ་རིང་སློབ་གྲྭ་ཁག་གི་སློབ་མ་ཚོས་འགྲན་སྡུར་སྐབས་སྐུ་མགྲོན་གཙོ་མཁན་རིན་པོ་ཆེ་འབྱོར་ དེ་ལས་མང་་་

དགོན་སྡེ།

ལ་དྭགས་ས་སྐྱ་མང་སྤྲོ་དགོན་ཐུབ་བསྟན་ཤྭ་གླིང་ཆོས་འཁོར་དགོན།

2020 ལོའི་ཟླ 3 ཚེས 7 ཉིན། གདོང་མཁན། 0

མང་སྤྲོ་དགོན་ཐུབ་བསྟན་ཤར་གླིང་ཆོས་འཁོར་ནི་སྐྱིད་བདེ་ཉི་མ་མགོན་གྱི་གདུང་བརྒྱུད་བཅོ་ལྔ་པ་ལྷ་ཆེན་ཁྲི་གཟུགས་སྡེས་ལ་དྭགས་སྟོད་སྨད་བར་ཡོངས་ལ་དབང་བསྒྱུར་གནང་སྐབས་སུ་ཆེས་ཡོངས་སུ་གྲགས་ལ་བརྒྱ་ཕྲག་བཅུ་བཞི་པའི་ནང་ལ་ཆོས་ཀྱི་རྗེ་དཔལ་བླ་མ་དྲུང་པ་རྡོ་རྗེས་ཕྱག་བཏབ་པའི་དཔལ་ལྡན་ས་སྐྱ་པའི་ཆོས་བརྒྱུད་འཛིན་པའི་གདན་ས་ཆེ་ཤོས་ཤིག་ཡིན་པ་དང་། དེ་ལས་མང་་་

གསར་འགྱུར།

༸སྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་འཛིན་པོ་ཆེ་མཆོག་རྒྱ་གར་བྱང་ཕྱོགས་སྦིར་གནས་སུ་ཆིབས་བསྒྱུར་གནང་འདུག

2020 ལོའི་ཟླ 3 ཚེས 6 ཉིན། གདོང་མཁན། 0

ཁ་རྩང་སྤྱི་༢༠༢༠ ཟླ ༣ ཚེས ༣ ཉིན ༸ སྐྱབས་མགོན་ས་སྐྱ ༸ གོང་མ་ཁྲི་འཛིན་ཞེ་གཉིས་པ་ཆེན་པོ་ཆེ་མཆོག་དང་སྐུ་འཁོར་ལྷན་རྒྱས་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་སྦིར་བོད་མིའི་གཞིས་ཆགས་སུ་དཔལ་ས་སྐྱ་འབྲི་རུ་བསམ་འགྲུབ་བདེ་ཆེན་ཆོས་འཁོར་གླིང་དུ་ཆིབས་བསྒྱུར་བསྐྱངས་པ་དང་དེ་གའི་དགོན་སྡེ་ཁག་གི་མཁན་པོ་དང་དགེ་འདུན་པ། ས་གནས་བོད་མི་ཚོས་ཕེབས་བསུ་ཟབ་རྒྱས་གནང་འདུག སྤྱི་ཚེས ༣ ནས་ཚེས ༢༥ བར་དུ་ཆོས་ཕྱོགས་ཀྱི་མཛད་སྒོ་མང་པོ་ དེ་ལས་མང་་་

ལོ་རྒྱུས།

གོང་དཀར་མཆོད་འབུལ་སྨོན་ལམ་ཆེན་མོའི་ལོ་རྒྱུས།

2020 ལོའི་ཟླ 3 ཚེས 6 ཉིན། གདོང་མཁན། 0

དེ་ཡང་ཀུན་མཁྱེན་རྫོང་པ་ཀུན་དགའ་རྣམ་རྒྱལ་གིས། ཕྱི་ལོ་༡༤༦༤ ལོར་དཔལ་ལྡན་རྫོང་པའི་གདན་ས་གོང་དཀར་རྡོ་རྗེ་གདན་གྱི་ཆོས་གྲྭ་ཐོག་མར་ཕྱག་བཏབ་པ་ནས་བཟུང་། བོད་ཟླ་དང་པོའི་ཚེས་བཅོ་ལྔའམ་ཆོ་འཕྲུལ་དུས་ཆེན་ཏེ། བདག་ཅག་གི་སྟོན་མཆོག་ཐུབ་པའི་དབང་པོས་ཆོ་འཕྲུལ་བསྟན་པའི་དུས་ཆེན་ཁྱད་པར་ཅན་གྱི་ཉིན་མོར་སྟོན་པའི་རྗེས་དྲན་དང་གདུལ་བྱ་རྣམས་ཚོགས་གསོག་པའི་ཆེད་གོང་དཀར་མཆོད་འབུལ་སྨོན་ལམ་ཆེན་མོ་འདི་ཉིད་ཐོག་མར་སྲོལ་བཏོད་པར་མཛད་ཅིང་། དེ་ལས་མང་་་

1 14 15 16 17 18 70