གློ་བོ་ས་སྐྱ་ནང་པའི་ཚོགས་པས་གོ་སྒྲིག་འོག་ནས་ཤེས་ཡོན་འགྲན་སྡུར་ཐེངས་བཞི་པ།

ཁ་རྩང་དང་དེ་རིང་ཉིན་གཉིས་ཀྱི་རིང་དུ་གློ་བོ་ས་སྐྱ་ནང་པའི་ཚོགས་པའི་གོ་སྒྲིག་འོག་གློ་བོ་ཕྱོགས་སུ་ཡོད་པའི་སྐྱ་སེར་གཉིས་ཀྱི་སློབ་གྲྭ་ཁག་གི་སློབ་མ་ཚོ་དཔལ་ཨེ་ཝཾ་རྣམ་རྒྱལ་དགོན་སློབ་གྲྭར་ལྷན་འཛོམས་ཐོག་ནས་དེང་རབས་ཀྱི་ཁ་ཕྱོགས་དང་མཐུན་པའི་བཤད་སྒྲོས་ཀྱི་རྩལ་དང་འདྲི་རྩལ་སོགས་ཀྱི་ཤེས་ཡོན་ཐོག་ནས་འགྲན་སྡུར་སྐབས་བཞི་པ་ལེགས་གྲུབ་བྱུང་འདུག   དེ་རིང་སློབ་གྲྭ་ཁག་གི་སློབ་མ་ཚོས་འགྲན་སྡུར་སྐབས་སྐུ་མགྲོན་གཙོ་མཁན་རིན་པོ་ཆེ་འབྱོར་ལྡན་མཆོག་དང་སྐུ་མགྲོན་གཙོ་བོ་གན་ཌ་གི་མངའ་སྡེ་གློ་བོ་སྤྱི་འཐུས་བཀུར་འོས་སྐུ་ཞབས་འཇམ་དབྱངས་དགྲ་འདུལ།   དེ་བཞིན་དུ་ཨིན་ད་ར་ད་ར་བི་སི་ཌ་མཆོག་དང་གཞན་ཡང་གན་ཌ་གི་མངའ་སྡེ་ཀ་སི་ཀི་སྤྱི་འཐུས། ད་མུན་དར་ཀུན་གྲ་གྲོང་སྡེའི་ཚོགས་གཙོ་ར་ཇུ་བི་སི་ཌ་བཅས་ཆེད་ཕེབས་གནང་ཡོད།  འགྲན་སྡུར་ཁྲོད་ནས་ཨང་རིམ་སོན་པ་སློབ་མ་རྣམས་ལ་མཁན་པོ་མཆོག་ནས་གཟེངས་བསྟོད་ཀྱི་བྱ་དགའ་གནང་འདུག

 

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*