༸སྐྱབས་རྗེ་ངོར་ཀླུ་ལྡིང་མཁན་ཆེན་ཁྲ་འགུ་དགོན་དུ་ཆིབས་བསྒྱུར་འདུག

བོད་ཟླ་དང་པོའི་ཚེས་ཉི་ཤུ་དྲུག་ཉིན་གངས་ཅན་མཁས་པའི་གཙུག་རྒྱན་འཇམ་དབྱངས་མི་ཡི་རྣམ་རོལ་འཇམ་མགོན་བླ་མ་ཆོས་རྗེ་དཔལ་ལྡན་ས་སྐྱ་པཎྜི་ཏ་ཆེན་པོ་་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་མཆོག་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་མཚན་དཔེའི་མེ་ཏོག་མངོན་པར་བཀྲ་བའི་དུས་བཟང་ཁྱད་པར་ཅན་གྱི་དུས་འདིར་གནས་མཆོག་ཝ་ར་ཎཱ་སིར་༧ སྐྱབས་མཆོག་ངོར་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་འཇམ་དབྱངས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག   ༧ སྐྱབས་རྗེ་ཁྲ་འགུ་རིན་པོ་ཆེ་མཆོག་གི་དགོན་པར་གདན་ཞུས་ལྟར་ཆིབས་བསྒྱུར་གནང་བ་མ་ཟད། ༧ སྐྱབས་རྗེ་ཁྲ་འགུ་རིན་པོ་ཆེ་མཆོག་དང་མཇལ་འཕྲད་མཛད་འདུག  

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*