༸དཔལ་ས་སྐྱའི་བདག་མོ་སྐལ་ལྡན་མཆོག་གིས་ཏོག་དབྱིབས་འགོས་ནད་འགོག་སྲུང་གནང་ཕྱོགས་ཀྱི་གོ་རྟོགས་སྤེལ་བ།

རྡེ་ར་རྡུན་ས་གནས་ཁུལ་གྱི་བོད་རིགས་རྣམས་ལ་དེ་རིང་ནས་འགོ་འཛུགས་ཏེ་འགོས་གནད་སྔོན་འགོག་གི་སློབ་གསོའི་ལས་འགུལ་སྤེལ་འཆར་ཡོད་པ་ལྟར།   དེ་རིང་ཐོག་མར་ས་སྐྱ་ཆོས་སྒར་གྱི་དགེ་འདུན་པ་རྣམས་ལ་དཔལ་ས་སྐྱའི་བདག་མོ་སྐལ་ལྡན་མཆོག་དང་ཕྱག་རོགས་བཅས་ནས་འགོས་ནད་སྔོན་འགོག་སློབ་གསོའི་སྐོར་ངོ་སྤྲོད་ཟབ་ཁྲིད་དང་དྲི་བ་དྲིས་ལན་བཅས་ཀྱིས་གོ་རྟོགས་སྤེལ་ཡོད་པ་མ་ཟད།   ད་དུང་དགོན་པའི་ནང་དུ་ལག་ཁྲུས་དག་རྫས་འགྱིག་དམ་༩ ཙམ་དང་དྲིལ་བསྒྲག་ཡིག་ཆ།  དེ་བཞིན་དུ་སྐལ་ལྡན་བཟོ་བཀོད་སྡེ་ཚན་པར་དུ་སྐྲུན་པའི་རྒྱུན་ལྡན་འཕྲོད་བསྟེན་གནང་ཕྱོགས་ཀྱི་རི་མོའི་ལམ་ནས་ལག་པ་ཁྲུས་སྟངས་སོགས་ཀྱི་པར་རིགས་ལམ་ནས་ཞལ་འདེབས་མཐུན་འགྱུར་གནང་འདུག  དེ་རིང་བཟུང་རྡེ་ར་རྡུན་བོད་པའི་གཞིས་ཆགས་ཁག་དང་སློབ་གྲྭ་སོགས་སུ་རིམ་པའི་ཏོག་དབྱིབས་འགོས་ནད་དང་འབྲེལ་བའི་གོ་རྟོགས་སྤེལ་འཆར་ཡང་ཡོད་ཚེ་འདུག 

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*