གསར་འགྱུར།

དཔལ་ལྡན་ས་སྐྱའི་ལྟ་གྲུབ་ཀྱི་བཀའ་བསྡུའི་བགྲོ་གླེང་ཆེན་མོ་ལེགས་པར་གྲུབ་པ།

2022 ལོའི་ཟླ 10 ཚེས 31 ཉིན། གདོང་མཁན། 0

ཁ་རྩང་དཔལ་ས་སྐྱའི་མཐོ་རིམ་སློབ་གྲྭ་ཆེན་མོ་དབུ་བརྙེས་ནས་བགྲང་བྱ་ ༥༠ འཁོར་བའི་དུས་དྲན་མཛད་སྒོ་དང་སྟབས་བསྟུན། ༧སྐྱབས་མགོན་༧ས་སྐྱ་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ༧སྐྱབས་མཆོག་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་རྣམ་གཉིས་དབུ་བཞུགས་ཐོག་དཔལ་ས་སྐྱའི་ཁྲི་འཛིན་རྣམ་གཉིས་སོགས་བླ་ཆེན་རྣམ་པ་དང་། དཔལ་ས་སྐྱ་པའི་མཁན་ཆེན་རྣམ་པ་དབུ་བཞུགས་ཐོག་ <<དཔལ་ལྡན་ས་སྐྱའི་ལྟ་གྲུབ་ཀྱི་བཀའ་བསྡུ།>> དེ་ལས་མང་་་

བཅད་རྩོམ།

ངག་རིག་གི་གར་མར་བསྔགས་པ་ཀ་མ་ལའི་རང་མདངས།

2022 ལོའི་ཟླ 10 ཚེས 31 ཉིན། ཕར་ནང་དཀོན་རྒྱས་ 0

བརྩེ་ལྡན་ལྷ་ཡི་ལྷ་ཚོགས་དྲི་མེད་དབྱིངས་སུ་བཞུགས་པ་ལས། །
ཞི་བའི་དབྱངས་ཀྱི་འགྲོས་ལས་མི་ཤེས་རྨོངས་པ་རབ་ཏུ་སེལ། །
ཟོལ་མེད་ཐུགས་རྗེ་ཆེན་པོས་འགྲོ་བ་ཚོགས་ནི་བདེ་ལ་བཀོད། །
ངག་རིག་དབྱངས་ཀྱི་བདག་མོ་དབྱངས་ཅན་མ་ལ་ཞེ་སྙིང་དད། །
ཉམས་འགྱུར་རླབས་ལྟར་གཡོ་བ་ཡིད་འོང་འདྲེན་ལ་ཟླ་མེད་མ། །
བཅོམ་ལྡན་འདས་མ་ཁྱེད་ཀྱིས་བསམ་པའི་དོན་ནི་སྨིན་གྱུར་ལ། །
དབང་མེད་སྲིད་པའི་ཁུར་ཆེན་ངལ་བ་མེད་པའི་ལམ་བསྟན་ཏེ། །
དགའ་བདེའི་སྤྲོ་ཚོགས་སྩོལ་ལ་དཔལ་མོ་ཁྱེད་ལས་གཞན་པ་སུ། ། དེ་ལས་མང་་་

གསར་འགྱུར།

སྒོ་རུམ་དཔེ་མཛོད་མཛད་སྒོ།

2022 ལོའི་ཟླ 10 ཚེས 29 ཉིན། གདོང་མཁན། 0

དཔལ་ས་སྐྱའི་མཐོ་རིམ་སློབ་གྲྭ་ཆེན་མོ་དབུ་བརྙེས་ནས་བགྲང་བྱ་ ༥༠ འཁོར་བའི་དུས་དྲན་མཛད་སྒོ་དངོས་གཞི་ཉིན། སྒོ་རུམ་དཔེ་མཛོད་གསུང་རབ་རྒྱ་མཚོ་གླིང་དུ། མཐོ་སློབ་ཀྱི་བྱུང་རིམ་དང་འབྲེལ་བའི་པར་རིས་དང་། མཐོ་སློབ་འདི་གའི་མཁན་པོ་དང་སློབ་དཔོན། སློབ་མ་དང་སློབ་ཟུར་སོགས་འབྲེལ་ཡོད་རྣམས་ཀྱིས་བརྩམས་པ་དང་། བསྒྱུར་བ། སྒྲ་ཕབ། རྩོམ་སྒྲིག་སོགས་གནང་བའི་དཔེ་དེབ་རྣམས་འགྲེམས་སྤེལ་གནང་སོང་། སྒོ་རུམ་དཔེ་མཛོད་ནི་འཁོན་དཀོན་མཆོག་རྒྱལ་པོས་ཆེས་ཐོག་མར་དཔལ་ས་སྐྱའི་གདན་ དེ་ལས་མང་་་

གསར་འགྱུར།

དཔལ་ས་སྐྱའི་མཐོ་རིམ་སློབ་གྲྭ་ཆེན་མོ་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་མཛད་སྒོ།

2022 ལོའི་ཟླ 10 ཚེས 29 ཉིན། གདོང་མཁན། 0

ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༢༨ ཉིན་གྱི་སྔ་དྲོར་དཔལ་ས་སྐྱའི་མཐོ་རིམ་སློབ་གྲྭ་ཆེན་མོ་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་མཛད་སྒོར་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ༧སྐྱབས་མགོན་༧གོང་མ་ཁྲི་འཛིན་ ༤༢ པ་རཏྣ་བཛྲ་རིན་པོ་ཆེ་མཆོག ༧སྐྱབས་མགོན་༧གོང་མ་ཁྲི་འཛིན་ ༤༣ པ་ཛྙ་ན་བཛྲ་རིན་པོ་ཆེ་མཆོག། དཔལ་ཕུན་ཚོགས་ཕོ་བྲང་གི་གདུང་སྲས་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག གདུང་སྲས་ཨ་སངྒ་བཛྲ་རིན་པོ་ཆེ་མཆོག དེ་ལས་མང་་་

གསར་འགྱུར།

དཔལ་ལྡན་ས་སྐྱའི་ལྟ་གྲུབ་ཀྱི་བཀའ་བསྡུའི་རང་ལུགས་མཁས་པའི་བགྲོ་གླེང་ཆེན་མོ།

2022 ལོའི་ཟླ 10 ཚེས 29 ཉིན། གདོང་མཁན། 0

དེ་རིང་དཔལ་ས་སྐྱའི་མཐོ་རིམ་སློབ་གྲྭ་ཆེན་མོ་དབུ་བརྙེས་ནས་བགྲང་བྱ་ ༥༠ འཁོར་བའི་དུས་དྲན་མཛད་སྒོ་དང་སྟབས་བསྟུན། ༧སྐྱབས་མགོན་༧ས་སྐྱ་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ༧སྐྱབས་མཆོག་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་རྣམ་གཉིས་དབུ་བཞུགས་ཐོག་དཔལ་ས་སྐྱའི་ཁྲི་འཛིན་རྣམ་གཉིས་སོགས་བླ་ཆེན་རྣམ་པ་དང་། དཔལ་ས་སྐྱ་པའི་མཁན་ཆེན་རྣམ་པ་དབུ་བཞུགས་ཐོག་ <<དཔལ་ལྡན་ས་སྐྱའི་ལྟ་གྲུབ་ཀྱི་བཀའ་བསྡུ།>> ཞེས་པའི་རང་ལུགས་མཁས་པའི་བགྲོ་གླེང་ཆེན་མོ་ཚོགས་ དེ་ལས་མང་་་

ལྷུག་རྩོམ།

ཆུང་བྱིས་དུས་ཀྱི་འཚོ་བ།

2022 ལོའི་ཟླ 10 ཚེས 20 ཉིན། ཕར་ནང་དཀོན་རྒྱས་ 0

ལོ་ཟླའི་གོམ་འགྲོས་ནི་ཇི་འདྲའི་མགྱོགས་མོ་ཞིག་རེད་ཨང་། དུས་ཚོད་སྐད་ཅིག་སྐད་ཅིག་གིས་རྫོགས་དུས་ཞག་མ་སུམ་བརྒྱ་དྲུག་ཅུར་གར་སོང་ཆ་མེད་དུ་གྱུར་ལ། ཚེ་སྲོག་གི་འཁོར་ལོ་དེ་འགོག་ཐབས་མེད་པར་མདུན་ནས་མདུན་དུ་བསྐྱོད། ལོ་ངོ་བཅུའི་ཡར་སྔོན་གྱི་འུ་གཉིས་ནི་སྐྲ་འཕྱིངས་ཞིང་སྣབས་ལུག་གི་བྱིས་པ་གཉིས་རྨ་ཆེན་སྦོམ་ར་ན་རྩེད་མོ་སྟོང་ཕྲག་མང་པོར་རྩེ་ཞོར་ཡུལ་སྐོར་བ་རྣམས་ཀྱིས་འུ་གཉིས་མཐོང་ན་དགོད་ཁ་འཆོར་ཞིང་པར་ལེན་སའི་གཞི་དེའང་གཅོ་བོ་ དེ་ལས་མང་་་

བཀའ་སློབ།

༧བདེ་བར་གཤེགས་པ་འཇམ་མགོན་སྐུའི་ཡོངས་འཛིན་མཁན་ཆེན་ཨ་པད་རིན་པོ་ཆེས་བཀའ་སློབ།

2022 ལོའི་ཟླ 10 ཚེས 20 ཉིན། གདོང་མཁན། 0

ཆོས་འཆད་ཉན་བྱས་པ་དང་ཆོས་ཉན་པ་དེ་ཡག་པོ་ཡོད་རེད། ཡིན་ནའང་ཆོས་བཤད་མཁན་དང་ཉན་མཁན་གཉིས་ཀས་ཀུན་སློང་ཡག་པོ་བྱེད་དགོས་ཀྱི་ཡོད་རེད་དཔེར་ན། ཆོས་བཤད་མཁན་གྱི་ཡང་རྔན་པ་ཐོབ་ཡོང་། གུས་བསྐུར་ཞུ་ཡོང་། ཐ་ན་ཁྱེད་རང་གིས་ཆོས་བཤད་པར་ཐུགས་རྗེ་ཆེ་ཟེར་ཡོང་བསམ་བསམ་དེ་འདྲའི་ཀུན་སློང་བྱུང་ན་ཡང་ཆོས་བཤད་ཡ་དེ་སྐྱོན་བྱེད་ཀྱི་ཡོད་རེད། དེ་ལས་མང་་་

བཅད་རྩོམ།

མ་ཡུམ་སི་བོད་སློབ་གླིང་། 

2022 ལོའི་ཟླ 10 ཚེས 19 ཉིན། ཕར་ནང་དཀོན་རྒྱས་ 0

གངས་ཅན་བོད་མའི་སྐད་ཡིག་སྦྱང་སའི་གནས། །
གནའ་དེང་རིག་གཞུང་ཟུང་དུ་འབྲེལ་བའི་ལམ། །
ཡབ་མེས་གོང་མའི་སྲོལ་རྒྱུན་རིག་པའི་ཞིང་ས་དངོས། །
མ་ཡུམ་སློབ་གླིང་གངས་རིའི་རྒྱན་དུ་མཆོད། །

འཆད་པའི་ངག་དབྱངས་ལྷ་མོ་དབྱངས་ཅན་དངོས། །
རྩོད་པའི་སྒྲ་མཆོག་གངས་སེང་དཀར་མོའི་ངར། །
རྩོམ་པའི་རིག་གཞུང་གངས་རིའི་གཏོས་དང་མཉམ། །
གསུམ་ལྡན་བཤེས་གཉེན་བོད་མའི་གཙུག་གི་རྒྱན། །

མཁས་གྲུབ་གཉིས་ལྡན་ལྟ་བུའི་སློབ་དཔོན་བསྟེན། །
བཙུན་པའི་ཚུལ་ཁྲིམས་ལྟ་བུའི་སྒྲིག་ལམ་ཁུར། །
བཟང་སྤྱོད་རྒྱུན་དུ་གོམས་པ་སློབ་བུའི་མཆོག། ། དེ་ལས་མང་་་

གསར་འགྱུར།

༧ སྐྱབས་མཆོག་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་མཆོག་དཔལ་ས་སྐྱའི་གསང་ཆེན་རྒྱུད་གྲྭར་ཆིབས་བསྒྱུར་གནང་བ།

2022 ལོའི་ཟླ 10 ཚེས 17 ཉིན། གདོང་མཁན། 0

༄༅། །དེ་རིང་ཕྱི་ལོ་ ༢༠༢༢ ཟླ་བ་ ༡༠ ཚེས་ ༡༧ གྱི་སྐལ་བཟང་ཉིན་མོར་༧ སྐྱབས་མཆོག་ངོར་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་འཇམ་དབྱངས་བསྟན་པའི་ཉི་མ་མཆོག་དང་༧ སྐྱབས་མཆོག་ངོར་ཀླུ་ལྡིང་མཁན་རིན་པོ་ཆེ་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་རྣམ་གཉིས་དཔལ་ས་སྐྱའི་གསང་ཆེན་རྒྱུད་གྲྭར་ཆིབས་བསྒྱུར་གནང་ནས་མཁན་སློབ་ཡོངས་ལ་བཀའ་སློབ་དང་། སློབ་གཉེར་བ་རྣམས་ལ་དྲི་བ་དྲི་ལན་གྱི་བཀའ་དྲིན་བསྐྱངས་གནང་འདུག དེ་ལས་མང་་་

གསར་འགྱུར།

༧སྐྱབས་རྗེ་འཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་གིས་ཞི་གཤེགས་མཆོག་སྤྲུལ་དཔེ་ཝར་རིན་པོ་ཆེའི་ཆེད་དུ་དགོངས་རྫོགས་མཆོད་འབུལ་གནང་འདུག

2022 ལོའི་ཟླ 10 ཚེས 15 ཉིན། གདོང་མཁན། 0

༸དཔལ་ས་སྐྱའི་༸སྐྱབས་མཆོག་འཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་སྦས་ཡུལ་འབྲས་མོ་ལྗོངས་སུ་གནས་མཇལ་གྲུབ་རྗེས། རྒྱ་འབྲུག་གཉིས་ཀྱི་ས་མཚམས་ནུབ་བྷང་ག་ལའི་ཇ་ཡི་སྒང་དུ་ཕེབས་ཏེ་ས་སྐྱ་ཐེག་ཆེན་ཕུན་ཚོགས་གླིང་གི་གཙུག་ལག་ཁང་འཛུགས་སྐྲུན་ལས་གཞི་ལ་གཟིགས་རྟོག་གནང་། ཡང་ཉེ་ཆར་བཀའ་དྲིན་ཅན་གྱི་བླ་མ་མཆོག་སྤྲུལ་དཔེ་ཝར་རིན་པོ་ཆེ་འཇམ་དབྱངས་བསོད་ནམས་དབང་པོ་དགོངས་པ་ཞི་བར་གཤེགས་པར་ཆེད་དུ་དམིགས་ཏེ་ཕྱི་ཚེས་༡༣་ཉིན་བླ་མཆོད་ཚོགས། དེ་ལས་མང་་་

བཀའ་སློབ།

ཆོས་ལུགས་གཞན་ལ་མེད་པའི་ནང་པའི་ཁྱད་ཆོས།

2022 ལོའི་ཟླ 10 ཚེས 15 ཉིན། གདོང་མཁན། 0

ནང་པའི་སེམས་བསྐྱེད་དེ་ཕན་སེམས་ཙམ་ལ་ཆོག་པར་སེམས་ན་ནི་ཧ་ཅང་ནོར་བ་ཡིན། སྨན་ཁང་དང་སློབ་གྲྭ །རྒན་གསོ་ཁང་ཙམ་ནི་ཡེ་ཤུ་དང་ཁ་ཆེ་ཚོས་ཀྱང་སྒྲུབ་བཞིན་ཡོད། ང་ཚོའི་སེམས་བསྐྱེད་ཟེར་བའི་དོན་དག་ནི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་དངོས་པོའི་གནས་ཚུལ་ཇི་བཞིན་རྟོགས་པ་ནུས་པའི་བསམ་བློ་དེ་རེད། རྒྱུ་མཚན་ནི་དོན་དམ་སེམས་བསྐྱེད་དེ་སེམས་བསྐྱེད་ཀྱི་མཐར་ཐུག་པ་དེ་ཡིན་དགོས་པ་ཚང་མས་མཁྱེན་གསལ་རེད། དེས་ན་དོན་དམ་སེམས་བསྐྱེད་དེ་ཕན་སེམས་ཙམ་ལ་བསམ་ན་དེ་ནི་ཧ་ཅང་ངོ་ཚ་དགོས་པ་ཞིག་དང་ནང་པའི་སེམས་བསྐྱེད་ལ་གོ་བ་ཆག་མེད་པའི་རྟགས་རེད། དེ་ལས་མང་་་

གསར་འགྱུར།

༧དཔལ་ས་སྐྱའི་རྒྱལ་ཡུམ་ཆེན་པོ་མཆོག་དཔལ་ས་སྐྱ་བཙུན་མའི་མཐོ་སློབ་ཏུ་འཚམས་གཟིགས་ཕེབས་གནང་འདུག

2022 ལོའི་ཟླ 10 ཚེས 13 ཉིན། གདོང་མཁན། 0

༄༅། །དེ་རིང་ཞོགས་པར་དཔལ་ས་སྐྱའི་རྒྱལ་ཡུམ་ཆེན་མོ་མཆོག་ས་སྐྱ་བཙུན་མའི་མཐོ་སློབ་ཏུ་འཚམས་གཟིགས་ཆིབས་བསྒྱུར་གནང་འདུག སྐབས་དེར་༧སྐྱབས་རྗེ་འཁོན་གདུང་ཨ་སང་གྷ་རིན་པོ་ཆེ་མཆོག་དང་མཁན་ཆེན་བསོད་ནམས་རྒྱ་མཚོ་རིན་པོ་ཆེ་མཆོག དེ་བཞིན་དུ་བཙུན་དགོན་མཁན་པོ་ལས་ཐོག་གཙོས་མཇལ་འཕྲད་གནང་ཡོད་མ་ཟད། བཙུན་མ་ཡོངས་ནས་ཕེབས་བསུ་གནང་བ་དང་། དེ་ནས་རིམ་པའི་བཙུན་མའི་མཐོ་སློབ་ཕྱི་ནང་ཡོངས་ལ་འཚམས་གཟིགས་གནང་འདུག དེ་ལས་མང་་་

གསར་འགྱུར།

དཔེ་ཝར་མཆོག་སྤྲུལ་རིན་པོ་ཆེ་མཆོག་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པ།

2022 ལོའི་ཟླ 10 ཚེས 11 ཉིན། གདོང་མཁན། 0

དཔེ་ཝར་མཆོག་སྤྲུལ་རིན་པོ་ཆེ་མཆོག་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པ། འཇམ་མགོན་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མཆོག་གི་ཐུགས་སྲས་དཔེ་ཝར་མཆོག་སྤྲུལ་འཇམ་དབྱངས་བསོད་ནམས་དབང་པོ་རིན་པོ་ཆེ་མཆོག་སྤྱི་ལོ ༢༠༢༢ ཟླ་༡༠ པའིི་ཚེས ༣ ། རེས་གཟའ་མིག་དམར། ཆུ་སྟག་ཟླ་བ ༨ པའི་ཚེས ༨ ཉིན་གྲོང་ཁྱེར་སྤོས་ལྡན་དུ་སྐུ་ཞི་བར་གཤེགས་པའི་ཡིད་སྐྱོ་བའི་གནས་ཚུལ་བྱུང་འདུག་པས་མྱ་ངན་གུས་འདུད་ཞུ་བ་དང་ཆབས་ཅིག་ཐུགས་ཀྱི་བཞེད་དོན་རྣམས་མྱུར་དུ་འགྲུབ་པར་ དེ་ལས་མང་་་

བཀའ་སློབ།

༧སྐྱབས་རྗེ་ཤར་ཆེན་ཀླུ་ལྡིང་མཁན་རིན་པོ་ཆེ་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་གྱིས་བཀའ་སློབ།

2022 ལོའི་ཟླ 10 ཚེས 11 ཉིན། གདོང་མཁན། 0

ངོར་དགོན་གྱི་ལས་བྱེད་རྣམ་པ་དང་།དེ་བཞིན་དཔལ་ས་སྐྱའི་གསང་ཆེན་རྒྱུད་ཀྱི་བཤད་གྲྭའི་མཁན་པོ་རྣམ་པ་དང་།དགེ་རྒན་དང་སྐྱོར་དཔོན་དང་རྡོ་རྗེ་སློབ་དཔོན་དང་དགེ་འདུན་འདུས་པ་རྒྱ་མཚོ་ལ། ང་ལྟ་བུ་སྐྱེས་སྦྱང་གི་ཡོན་ཏན་གང་ཡང་མེད་མཁན་ཞིག་ལ་ཆེས་མཐོང་ཆེན་པོ་དང་། ཐུགས་བརྩེ་བ་ཆེན་པོས་རྗེ་བཙུན་མ་སྒྲོལ་མ་ཡིད་བཞིན་འཁོར་ལོའི་སྐུ་རིམ་ཞབས་བརྟན་ཉིན་གསུམ་རིང་ལ་བཀའ་དྲིན་བསྐྱང་པ་དེ་བཞིན་བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ལ་ཡང་མཆོད་གཏོར དེ་ལས་མང་་་

ལྷུག་རྩོམ།

སེམས་པའི་ཁུར་ལ་བབས་པའི་ནམ་མཁའ།

2022 ལོའི་ཟླ 10 ཚེས 11 ཉིན། ཕར་ནང་དཀོན་རྒྱས་ 0

མགོ་གཙོས་མདང་ནུབ་ཁ་པར་བཏང་ནས་སང་ཉིན་ཁོ་ལ་དོན་དག་ག་ཆེན་ཞིག་ཡོད་པས། ལས་ཚོགས་སྔ་མོར་ཚུར་ལ་སྣུད་དགོས་པའི་རྒྱུ་མཚན་མང་པོ་ཞིག་བཤད་ནས། ཁ་པར་ནག་ཚུབས་སེ་གཏན་སོང་། ད་ནངས་སྔ་མོར་ཉི་ཟེར་གྱི་ཟེགས་མ་ས་ལ་མ་ཕོག་པའི་སྔོན་ཏག་ཏག་དེར། ང་དང་ལས་གྲོགས་ཚོ།ལས་ཁུངས་ལ་ཡོང་ནས་རང་རང་གི་ལས་ཀ་དེ་དག་གྲུབ་པར་བྱས་རྗེས། མགོ་གཙོས་ཅི་བཤད་ལ་རྣ་བ་ཕྱོགས་ནས་བསྡད་པ་ཡིན། མགོ་གཙོས་སྤྱི་དོན་དང་སྒེར་དོན་ དེ་ལས་མང་་་

1 2