མ་ཡུམ་སི་བོད་སློབ་གླིང་། 

གངས་ཅན་བོད་མའི་སྐད་ཡིག་སྦྱང་སའི་གནས། །
གནའ་དེང་རིག་གཞུང་ཟུང་དུ་འབྲེལ་བའི་ལམ། །
ཡབ་མེས་གོང་མའི་སྲོལ་རྒྱུན་རིག་པའི་ཞིང་ས་དངོས། །
མ་ཡུམ་སློབ་གླིང་གངས་རིའི་རྒྱན་དུ་མཆོད། །

འཆད་པའི་ངག་དབྱངས་ལྷ་མོ་དབྱངས་ཅན་དངོས། །
རྩོད་པའི་སྒྲ་མཆོག་གངས་སེང་དཀར་མོའི་ངར། །
རྩོམ་པའི་རིག་གཞུང་གངས་རིའི་གཏོས་དང་མཉམ། །
གསུམ་ལྡན་བཤེས་གཉེན་བོད་མའི་གཙུག་གི་རྒྱན། །

མཁས་གྲུབ་གཉིས་ལྡན་ལྟ་བུའི་སློབ་དཔོན་བསྟེན། །
བཙུན་པའི་ཚུལ་ཁྲིམས་ལྟ་བུའི་སྒྲིག་ལམ་ཁུར། །
བཟང་སྤྱོད་རྒྱུན་དུ་གོམས་པ་སློབ་བུའི་མཆོག།
གསུམ་བཟང་སློབ་མ་འདི་རྣམས་བསྟོད་པའི་ཡུལ། །

ཞེས་ཚིགས་བཅད་གསུམ་གྱིས་སློབ་གླིང་དང་དགེ་རྒན། སློབ་མ་གསུམ་ལ་བསྟོད་པའི་མཆོད་སྤྲིན་སློབ་བུ་བསྟན་འཛིན་ནོར་བཟང་གིས་སྤྱི་ལོ་༢༠༢༢ལོའི་ཟླ་༩པའི་ཚེས་༤ཉིན་ལ་ཕུལ་བ་དགེའོ། །

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*