ཆོས་ལུགས་གཞན་ལ་མེད་པའི་ནང་པའི་ཁྱད་ཆོས།

༧ སྐྱབས་རྗེ་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེས་གསུང་།

1.ནང་པའི་སེམས་བསྐྱེད་དེ་ཕན་སེམས་ཙམ་ལ་ཆོག་པར་སེམས་ན་ནི་ཧ་ཅང་ནོར་བ་ཡིན། སྨན་ཁང་དང་སློབ་གྲྭ །རྒན་གསོ་ཁང་ཙམ་ནི་ཡེ་ཤུ་དང་ཁ་ཆེ་ཚོས་ཀྱང་སྒྲུབ་བཞིན་ཡོད། ང་ཚོའི་སེམས་བསྐྱེད་ཟེར་བའི་དོན་དག་ནི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་དངོས་པོའི་གནས་ཚུལ་ཇི་བཞིན་རྟོགས་པ་ནུས་པའི་བསམ་བློ་དེ་རེད། རྒྱུ་མཚན་ནི་དོན་དམ་སེམས་བསྐྱེད་དེ་སེམས་བསྐྱེད་ཀྱི་མཐར་ཐུག་པ་དེ་ཡིན་དགོས་པ་ཚང་མས་མཁྱེན་གསལ་རེད། དེས་ན་དོན་དམ་སེམས་བསྐྱེད་དེ་ཕན་སེམས་ཙམ་ལ་བསམ་ན་དེ་ནི་ཧ་ཅང་ངོ་ཚ་དགོས་པ་ཞིག་དང་ནང་པའི་སེམས་བསྐྱེད་ལ་གོ་བ་ཆག་མེད་པའི་རྟགས་རེད།

2.ཡིད་ཀྱིས་སྤྲུལ་པའི་མཆོད་པ་ཟེར་བ་དེ་ནི་འཛམ་གླིང་སྟེང་གི་ཆོས་ལུགས་སུ་གཅིག་གིས་བསམ་མ་ཤེས་པའི་བསམ་བློ་ཞིག་ཤཱཀྱ་ཐུབ་པ་ཁོང་ཁོ་ནས་གསུང་ཡུང་བ་རེད། འདི་ལ་ཧ་ཅང་གི་གོ་རྒྱུ་ཆེན་པོ་དང་ཐབས་མཁས་པ་ཞིག་རེད། འདི་ཁོ་ན་ལ་བསམ་ན་ཡང་ནང་པའི་བསྟན་པ་འདི་ལ་དགེ་མཚན་ཇི་ཡོད་རབ་ཙམ་རྟོགས་ཡོང་།

3.རྨོང་དད་ལ་ང་ཚོས་ནོར་བ་རེད་ཅེས་ཤ་སྟག་བཤད་ན་ཡང་ནོར་བ་རེད། ཡུལ་མི་སླུ་བ་ཞིག་ལ་དད་པ་དང་ཡིད་ཆེས་བྱེད་པ་དེ་ནོར་བ་རེད་ཅེས་སུས་བཤད་ཤེས་ལེ་རེད། འདི་ཚོ་ལ་ཡང་བསམ་བློ་བཏང་དགོས་རེད། རྒྱུ་མཚན་ཤེས་ན་ཡག་ལེ་རེད། ལོས་ཡག །ཡིན་ནས་རྒྱུ་མཚན་ཚད་ལྡན་མི་ཤེས་མཁན་ཞིག་ལས་རྒྱུ་མཚན་མི་ཤེས་ཀྱང་རྨོང་དད་ཚད་ལྡན་ཡོད་པ་ཞིག་ཡག་ས་རེད་བསམ་པ་འདྲ་ཡོད་རེད་ད།

4.དཔེ་ཆ་བ་དེ་ཚོས་ནམ་རྒྱུན་ཡན་ལག་བདུན་པ་འདི་ལ་བསམ་བློ་ཡང་ཡང་བཏང་ན་དཔེ་ཆ་མཁྱེན་ཡ་ལ་ཕན་ཐོག་ཡོད་རྒྱུ་རེད། དཔེར་ན་ཆོས་འཁོར་སྐོར་བ་གསོལ་བ་འདེབས་པ་ལྟ་བུ། སངས་རྒྱས་དང་བྱང་ཆུབ་སེམས་པ་དེ་ཚོ་ད་ལྟ་ཡོད་མ་རེད། ད་སུ་ལ་གསོལ་བ་འདེབས་དགོས་རེད་བསམ་རྒྱུ་ཡོད་མ་རེད། གསོལ་བ་འདེབས་ཡིན་ན་དཔེ་ཆ་ལ་གོ་བ་གསར་པ་དེ་འདྲ་ཡོང་ཡ་ཡོད་རེད། དེ་ཁོང་རྣམས་ཆོས་འཁོར་སྐོར་ཡོང་བའི་རྟགས་རེད། མ་གཞི་ཡན་ལག་བདུན་པ་འདི་ཆོས་ལུགས་སུ་གང་ལ་མེད་པའི་ཐབས་ལམ་ཤིག་རེད་འདུག

5.ང་ལ་ཉམས་ལེན་ཟེར་བ་དེ་འདྲ་ཡོད་མ་རེད། ཡིན་ནས་ངས་ཉིན་ལྟར་སྔ་མོ་ཡར་ལང་མ་ཐག་སེམས་བསྐྱེད་ཀྱི་སྡོམ་པ་རེ་ལེན་བཞིན་ཡོད། འདིས་ང་རང་སེམས་པ་སྐྱིད་པོ་འདྲ་དང་བློ་བདེ་བོ་ཡོང་ཡ་ལ་ཕན་ཐོག་ཆེན་པོ་འདུག །གང་ཡིན་ཟེར་ན་སྡོམ་པ་དེ་ལན་ཚར་རྗེས་ཟ་མ་ཟོས་པ་དང་། མི་དང་མཉམ་དུ་སྐད་ཆ་བྱས་པ་དང་། གློག་བརྙན་ལྟ་སར་འགྲོ་བ་དང་། མཐའ་ན་སྐྱག་པ་བཏང་བ་ཚུན་ཆད་དོན་ཡོད་པ་ཞིག་ཆག་འགྲོ་བའི་ང་ལ་སྤྲོ་བ་ཞིག་ཡོད། ཁྱེད་རྣམས་པས་ཀྱང་ཚོད་ལྟ་རེ་མཛོད་དང་། གཅིག་བྱས་ནམ་ཕན་ཐོག་ཡོང་སྲིད།

6.དངོས་པོའི་གནས་ཚུལ་ཟེར་ན་ཅི་རེད། འདི་ལ་མི་མང་པོ་ཞིག་གིས་བསམ་ན་ཐག་རིང་པོ་ཞིག་དང་། གོ་དཀའ་མོ་ཞིག་རེད་བསམ་བཞིན་འདུག །སངས་རྒྱས་ཀྱིས་དངོས་པོའི་གནས་ཤེས་ན་ཐར་པ་དང་། མ་ཤེས་པ་དེའི་རིང་ལ་འཁོར་བ་ལ་བསྐྱེ་འགྲོ་བ་གསུང་པའི་དངོས་པོའི་གནས་ཚུལ་ཟེར་བ་དེ་ལ་དུས་ནམ་ཡང་རྫུན་ཆག་མི་སྲིད་པའི་སྐད་ཆ་ཞིག་རེད། དཔེར་ཆུ་རླན་པ་རེད་ཟེར་བ་དང་། མེ་ཚ་བོ་རེད་ཟེར་བ་འདྲ་དང་གཅིག་པ་རེད། མེ་ག་དུས་ཡིན་ནས་ཚ་བོ་རང་ལས་འགྱུར་བ་ཡུང་མི་སྲིད་པ་རེད། དེ་བཞིན་དུ་འདུས་བྱས་ཐམས་ཅད་མི་རྟགས་པ་རེད་གསུང་པ་དེ་དང་གཅིག་པ་རེད། འདི་ཚོ་ཧ་གོ་བ་ཙམ་གྱིས་ཕན་ཐོག་ལེ་མ་རེད། འདི་གོམས་དགོས་རེད། གོམས་པ་བྱེད་པའི་ཐབས་ལ་ཞི་གནས་དང་བློ་སྦྱོང་དེ་ཚོ་མང་པོ་གསུང་པ་རེད།

༸སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་གསུངས།

ཟིན་བྲིས་མཁན། རྒན་སྐྱ་རེངས།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*