སྒོ་རུམ་དཔེ་མཛོད་མཛད་སྒོ།

དཔལ་ས་སྐྱའི་མཐོ་རིམ་སློབ་གྲྭ་ཆེན་མོ་དབུ་བརྙེས་ནས་བགྲང་བྱ་ ༥༠ འཁོར་བའི་དུས་དྲན་མཛད་སྒོ་དངོས་གཞི་ཉིན། སྒོ་རུམ་དཔེ་མཛོད་གསུང་རབ་རྒྱ་མཚོ་གླིང་དུ། མཐོ་སློབ་ཀྱི་བྱུང་རིམ་དང་འབྲེལ་བའི་པར་རིས་དང་། མཐོ་སློབ་འདི་གའི་མཁན་པོ་དང་སློབ་དཔོན། སློབ་མ་དང་སློབ་ཟུར་སོགས་འབྲེལ་ཡོད་རྣམས་ཀྱིས་བརྩམས་པ་དང་། བསྒྱུར་བ། སྒྲ་ཕབ། རྩོམ་སྒྲིག་སོགས་གནང་བའི་དཔེ་དེབ་རྣམས་འགྲེམས་སྤེལ་གནང་སོང་། སྒོ་རུམ་དཔེ་མཛོད་ནི་འཁོན་དཀོན་མཆོག་རྒྱལ་པོས་ཆེས་ཐོག་མར་དཔལ་ས་སྐྱའི་གདན་སར་གཟིམ་སྤྱིལ་དཀར་པོ་ཞེས་པའི་དཔལ་གུར་གྱི་མགོན་པོ་བཞུགས་སའི་གནས་ཁྱད་པར་ཅན་ལ་སྒོ་རུམ་ཞེས་གྲགས།  བྱང་ངོས་སུ་དབང་བསྐུར་མཛད་པའི་སྒོ་རུམ་དཔེ་ཁང་ཆེན་མོ་ཞེས་གྲགས།  ཉེ་འདབ་ལ་སྒོ་རུམ་སྤྱོད་ཡུལ་ཞེས་པ་གྲགས།  རྗེ་བཙུན་རིན་པོ་ཆེས་གཟིམས་སྤྱིལ་དཀར་པོ་ཡང་སྒོ་རུམ་ཡོངས་སུ་གྲགས།  སྒོ་རུམ་དཔེ་ཁང་དུ་བོད་ཀྱི་མཁས་གྲུབ་དུ་མའི་བརྩམས་གནང་བའི་སྲིད་ན་དཀོན་པའི་མདོ་རྒྱུད་བསྟན་བཅོས་པོད་སྟོང་ཕྲག་བརྒལ་བཞུགས་ཡོད།  

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*