༧སྐྱབས་རྗེ་འཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་གིས་ཞི་གཤེགས་མཆོག་སྤྲུལ་དཔེ་ཝར་རིན་པོ་ཆེའི་ཆེད་དུ་དགོངས་རྫོགས་མཆོད་འབུལ་གནང་འདུག

༸དཔལ་ས་སྐྱའི་༸སྐྱབས་མཆོག་འཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་སྦས་ཡུལ་འབྲས་མོ་ལྗོངས་སུ་གནས་མཇལ་གྲུབ་རྗེས། རྒྱ་འབྲུག་གཉིས་ཀྱི་ས་མཚམས་ནུབ་བྷང་ག་ལའི་ཇ་ཡི་སྒང་དུ་ཕེབས་ཏེ་ས་སྐྱ་ཐེག་ཆེན་ཕུན་ཚོགས་གླིང་གི་གཙུག་ལག་ཁང་འཛུགས་སྐྲུན་ལས་གཞི་ལ་གཟིགས་རྟོག་གནང་། ཡང་ཉེ་ཆར་བཀའ་དྲིན་ཅན་གྱི་བླ་མ་མཆོག་སྤྲུལ་དཔེ་ཝར་རིན་པོ་ཆེ་འཇམ་དབྱངས་བསོད་ནམས་དབང་པོ་དགོངས་པ་ཞི་བར་གཤེགས་པར་ཆེད་དུ་དམིགས་ཏེ་ཕྱི་ཚེས་༡༣་ཉིན་བླ་མཆོད་ཚོགས། འབྲེལ་ཡོད་དད་ལྡན་སྦྱིན་པའི་བདག་པོས་གཙོས་པའི་འགྲོ་བ་སེམས་ཅན་ཀུན་གྱི་འགལ་རྐྱེན་བར་ཆད་ཞུ་བ་དང་མཐུན་རྐྱེན་ལེགས་ཚོགས་གསོག་པ་ལ་དམིགས་ནས་འབྱུང་འགྱུར་ཉིན་ཤས་རིང་གདུང་སྲས་རིན་པོ་ཆེ་མཆོག་གིས་དབུ་བཞུགས་ཐོག་དགོན་པ་གསར་བཞེངས་འདི་རུ་རྡོ་རྗེ་ཕུར་པ་དང་བྱང་གཏེར་ཐུགས་སྒྲུབ་གུ་རུ་དྲག་པོའི་སྒྲུབ་ཆེན་འཚོགས་འཆར་དང་། ཉིན་མཐའ་མར་ངན་སོང་སྦྱོང་བར་ཀུན་རིག་རྣམ་པར་སྣང་མཛད་གྱི་ཆོ་ག་གསུངས་བཅས་གསུང་གནང་འདུག

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*