བཅད་རྩོམ།

དྲན་མགུར་ཁ་བ་ཐར་ཐོར་འབབ་སའི་རྨ་འགྲམ།

2022 ལོའི་ཟླ 6 ཚེས 27 ཉིན། ཕར་ནང་དཀོན་རྒྱས་ 0

སེམས་པ་དྲན་འཛིན་རི་བོའི་དབུ་རྩེ་རུ་བུད་དེ། །
བསམ་གཞིག་མ་ཀླུང་སྔོན་མོའི་གཅོང་རིང་དུ་འགྲིམ་དུས། །
ལོ་ཟླའི་དཀའ་སྡུག་རུམ་པའི་ཡིག་འབྲུ་ཡི་ངུ་ཤམ། །
བས་མཐའི་ས་འཛིན་པང་དུ་འདི་སྐད་དུ་འཐོར་རོ། །

ལྷན་སྐྱེས་གཞོན་ཚུགས་སྣུམ་པོ་ཆུ་སྐྱེས་ཀྱི་དོ་ཡ། །
བརྩེ་བའི་ངང་ཚུལ་དགོད་པ་རི་དྭགས་ཀྱི་མིག་དེར། །
ལས་འཕྲོ་དུང་གདུབ་ཆ་གཅིག་དྲན་པ་ཡི་ཚབ་ཏུ། །
བར་སྣང་འཕྲིན་པ་བྲེལ་མོ་ཆུ་འཛིན་ལ་བསྐུར་ཡོད། །

ལས་ཀྱི་ཁ་ཡིག་སྙིང་གི་ཤིང་ལོ་ལ་བྲིས་ཤིང་། །
དམ་ དེ་ལས་མང་་་

ལྷུག་རྩོམ།

ཕ་མ་མིན་ཡང་ལས་ཀྱིས་ཕ་མར་གྱུར་བ་རེད། 

2022 ལོའི་ཟླ 6 ཚེས 27 ཉིན། ཕར་ནང་དཀོན་རྒྱས་ 0

དེ་རིང་མ་ཡུམ་སློབ་གྲའི་བགྲང་བྱ་གསུམ་ཀྱིས་འཚོ་བ་ལ་རྫོགས་ཚིག་བཀོད་ཅིང་། དགའ་སྐྱོ་ཟུང་འབྲེལ་གྱི་སེམས་ཁམས་སྙི་མོ་ལ་ལྗིད་ཏིག་ཏིག་གི་ན་ཟུག་ཅིག་ངང་གིས་བསླངས། བཟློག་ཐབས་མེད་པའི་ཆོས་ཉིད་ཀྱི་རང་བཞིན་འགའ་རེ་ང་ཚོར་མཚོན་ན་ཅི་འདྲའི་གདུག་རྩུབ་ཆེ་ཞིང་སྙིང་རྗེ་མེད་པ་ཞིག་རེད། འོན་ཀྱང་འདི་ནི་བཅོས་ཐབས་མེད་པ་ང་ཚོའི་གསལ་བོར་ཤེས་ཡོད། སློབ་གྲོགས་ཚོ་ད་སྐབས་ཕྱིར་འདངས་ཞིག་བརྒྱབས་ན་སློབ་རའི་འཚོ་བ་ནི་དེ་འདྲའི་ཉམས་དགའ་ལ་ཡིད་དུ་ དེ་ལས་མང་་་

བཅད་རྩོམ།

རྨི་ལམ་གྱི་འཇིག་རྟེན།

2022 ལོའི་ཟླ 6 ཚེས 24 ཉིན། ཕར་ནང་དཀོན་རྒྱས་ 0

རྙོག་འཛིང་སྤྲིན་ནག་འཁྲིགས་པའི་མུན་ནག་གི་འཁོར་བ།།
བདེན་རྫུན་དབྱེར་མེད་གྱུར་བའི་ཉག་ཉོག་གི་སྤྱི་ཚོགས།།
རང་དོན་ཁོ་ན་འཚོ་བའི་གནས་སྐབས་ཀྱི་མགྲོན་པོ།།
ཐམས་ཅད་དེ་ལས་ལྡོག་པ་རྨི་ལམ་གྱི་འཇིག་རྟེན།།

འུར་ཟིང་སྣ་འདྲེས་ཁེངས་པའི་རྒྱ་གྲོང་གི་འགྲམ་ངོགས།།
འཕྲུལ་ཆས་རྫས་ལུད་འདོར་བའི་སྦགས་བཙོག་གི་ཁོར་ཡུག།
ཟས་བྱིན་ལག་ནས་གཏོར་བའི་མི་སྤྱོད་ཀྱི་ཕྱོགས་ལ།།
སྤྱོད་བཟང་བསམ་པ་རྨི་ལམ་འཁོར་བ་ལས་ཅི་ཡོད།།

འབྲོག་པའི་གཞིས་ཁྱིམ་དོར་ནས་རྒྱ་གྲོང་སོགས་འགྲིམ་ནས།།
གནས་ དེ་ལས་མང་་་

བཅད་རྩོམ།

ཕྱེད་ཀ་ནི་སྐྱོ་གདུང་ངོ་།

2022 ལོའི་ཟླ 6 ཚེས 20 ཉིན། ཕར་ནང་དཀོན་རྒྱས་ 0

སྙིང་ཉེ་བའི་མི་ལགས།
ལོ་ངོ་མང་པོ་འདས་པའི་རྟིང་འདིར།
ང་སླར་ཡང
ཁྱོད་དྲན་པའི་ཉི་ཟེར་ལ་འཁྱུད་ནས།
མྱང་ངམ་ཐང་ཆེན་མོའི།
ཚ་གདུང་གི་རླབས་ཀྱིས་ཡང་ཡང་སྒུལ།
སྙིང་ཉེ་བའི་མི་ལགས།
ལོ་ངོ་མང་པོ་འདས་པའི་རྟིང་འདིར།
ངས་ཡང་ནས་སྐྱར་དུ།
ཁྱོད་དྲན་པའི་བྱ་ཁྱུའི་འཕུར་སྟངས་ལ།
ཡིད་ཀྱི་མིག་ཟུང་ཅེར་ནས་དགུན་ཟླ་མང་པོ་འདས་ནས།
ནང་སེམས་ཀྱི་ནམ་མཁའ་འཁྱགས་པོར་བཏང་སོང་།
སྙིང་ཉེ་བའི་ལགས།
ལོ་ངོ་མང་པོ་འདས་པའི་རྟིང་འདིར།
ངས་ད་དུང་། དེ་ལས་མང་་་

བཅད་རྩོམ།

ཁྱོད་ནི་ཟླ་བའི་ཞལ་རས།

2022 ལོའི་ཟླ 6 ཚེས 20 ཉིན། ཕར་ནང་དཀོན་རྒྱས་ 0

ཡིད་མཁའི་བར་ཐག་མུ་མཐའ་མེད་ན་ཡང་།།
ལས་དབང་འཛུམ་པའི་རྣམ་འགྱུར་ཟུར་མིག་གཡོ།།
ཟེགས་མའི་མཐའ་ན་ལུས་པའི་བྱེའུ་ཆུང་དེ།།
ལྷོད་ཡངས་རྒྱུ་བའི་བདེ་བ་ཁྱེད་ཀྱིས་སྩོལ།།
རྩྭ་ཐང་ཡངས་པོའི་ས་སྲོད་གྱེས་ཕྱག་ལ།།
ཡིད་ཀྱི་འཁྲི་ཤིང་བརྩེགས་པའི་ཟླ་བ་འཛུམ།།
ལོ་ཟླའི་བ་གམ་སེམས་ཀྱིས་དོང་ཙེ་བརྩིགས།།
གཞོན་ནུ་མ་དེས་ཟླ་བར་སྤྲུལ་ནས་བྱུང་།།
སེམས་ཀྱི་བར་ཐག་ངང་སྒུག་ཡུལ་བྱས་ནས།།
ཕྱི་མིག་མཐའ་ན་ཁྱོད་ཉིད་འཁོར་བ་ནས།།
དྲན་པའི་ཀློང་ན་ཁོལ་བའི་ན་ཟུག་དེ།། དེ་ལས་མང་་་

བཅད་རྩོམ།

བླ་བསྟོད་སུམ་ཅུ་པ།

2022 ལོའི་ཟླ 6 ཚེས 20 ཉིན། ཕར་ནང་དཀོན་རྒྱས་ 0

མཐའ་ཡས་འགྲོ་བ་ཀུན་ལ་ཐུགས་བརྩེ་བས། །
བགྲང་ཡས་སངས་རྒྱས་ཀུན་ཀྱི་སྤྱན་སྔ་ནས། །
དཔག་ཡས་དམ་བཅའི་ཁུར་ཆེན་ཕྲག་བླངས་པའི། །
བསམ་ཡས་ཡོན་ཏན་ཀུན་ཀྱི་གཏེར་ལ་འདུད། །

གྲུབ་པའི་ཁྱུ་མཆོག་ཁྱོད་མཚན་དབྱར་སྐྱེས་རྔ། །
ཐོས་པ་རབ་དགས་མྱོས་པའི་རྨ་བྱའི་ཚོགས། །
དད་པའི་མིག་ཆུ་ཡང་ཡང་འཁྲུག་པ་ཡིས། །
མཆོད་པའི་ཟློས་གར་འཇོ་སྒེག་ངོམ་ལ་བྲེལ། །

ཕྱོགས་བཅུའི་རྒྱལ་བའི་མཁྱེན་རབ་མ་ལུས་པ། །
གཅིག་ཏུ་བསྡུས་པ་ངག་གི་དབང་ཕྱུག་ནི། །
ངུར་སྨྲིག་རྒྱན་དུ་འཆང་བའི་རྣམ་རོལ་བ། ། དེ་ལས་མང་་་

གསར་འགྱུར།

མཁན་མོ་གསུམ་གྱི་ཁྲི་འདོན་མཛད་སྒོ།

2022 ལོའི་ཟླ 6 ཚེས 15 ཉིན། ཕར་ནང་དཀོན་རྒྱས་ 0

༄༅། །དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་བླ་ན་མེད་པའི་ཐུགས་བསྐྱེད་ལམ་སྟོན་འོག་གཞི་ཚུགས་པའི་ས་སྐྱ་བཙུན་མའི་མཐོ་སློབ་འདིའི་ཐོག་མའི་དམིགས་ཡུལ་རང་ཉིད་གཞུང་ཆེན་ཁག་ལ་གོ་རྟོགས་ཟབ་མོ་བརྙེས་ནས་གཞན་ལ་གྲགས་ཆེན་བཅོ་བརྒྱད་སོགས་འཆད་པ་ལ་སྤོབས་པ་དང་ལྡན་པའི་མཁན་མོ་དགེ་བའི་བཤེས་གཉེན་སོགས་བསྐྲུན་རྒྱུའི་དམིགས་ཡུལ་གཞི་བཅངས་ཐོག་འདས་པའི་ལོ་ངོ་བཅུ་གསུམ་གྱི་ཡུན་ལ་འབད་སྒྲུབ་ཞུས་འབྲས་ད་ཆ་གཞུང་ཆེན་ཁག་འཆད་ དེ་ལས་མང་་་

བཅད་རྩོམ།

དགེ་ལེགས་སྤྲིན་དཀར་གཡོ་བའི་སྦྲང་ཆར།

2022 ལོའི་ཟླ 6 ཚེས 15 ཉིན། ཕར་ནང་དཀོན་རྒྱས་ 0

ལས་འབྲས་ཚུལ་ལ་གཟིགས་པ་ཡི། །
མཁྱེན་པ་མི་དམན་ཤཱཀྱའི་སྤྲུལ། །
འབྲི་བསྟན་ཤིང་རྟའི་སྲོལ་འབྱེད་པ། །
ཀུན་མཁྱེན་ཁྱོད་ལ་རྟག་ཏུ་འདུད། །

རྒྱལ་བསྟན་ཨུ་དུམ་ཝ་ར་ཡི། །
སྲོག་ཀི་རྒྱུ་བར་གསོ་བྱེད་པ། །
འབྲི་གུང་པ་ཞེས་ཡོངས་སུ་གྲགས། །
སྐྱེས་བུ་ཁྱོད་ལ་གུས་ཤིང་འདུད། །

འགྲོ་ལ་དངོས་སུ་དམ་ཆོས་ཀྱི། །
མན་ངག་གནང་བའི་སྟོན་པ་ཆེན། །
ཁྱོད་ནི་ཀུན་གྱི་མགོན་པོ་སྟེ། །
རྨོངས་ལས་སྐྱོབ་པའི་སངས་རྒྱས་ལགས།་།

དབྱངས་ཅན་རྗེས་སུ་བཟུང་བ་ཡི། །
སྙན་ཚིག་གཞུང་བརྒྱ་སྨྲ་བ་ཡི། ། དེ་ལས་མང་་་

བཅད་རྩོམ།

མུ་ཏིག་དོ་ཤལ།།

2022 ལོའི་ཟླ 6 ཚེས 15 ཉིན། ཕར་ནང་དཀོན་རྒྱས་ 0

སྲིད་གསུམ་གཡོ་བའི་འདམ་རྫབ་ལས།།
སྐུ་ནི་གཟི་དཔལ་པད་མའི་མདངས།།
འཛུམ་པའི་བྱིན་རླབས་འཕྲོས་པ་ཡིས།།
འཇིག་རྟེན་མ་ལུས་ཞི་བསིལ་མཛད།།
བཅོམ་ལྡན་ལྷ་ཡི་མེ་ཏོག་བསྔགས།།
ཚོགས་གཉིས་བསྲུབས་པའི་རྒྱ་མཚོའི་སྟེང་།།
བྱང་ཆུབ་སེམས་ཀྱི་གོ་ཆ་མནབས།།
དགྲ་རྣམས་མ་ལུས་གཡུལ་ལས་རྒྱལ།།
སྐུ་ནི་གཡོ་མེད་བརྟན་པོར་བཞུགས།།
རྟག་ཏུ་འབད་མེད་ལྷུན་གྲུབ་ཀྱིས།།
འགྲོ་བའི་ཞིང་ལ་ལམ་སྟོན་མཛད།།
མཆོག་གསུམ་སྤྲུལ་པའི་སྐུ་ལ་འདུད།།
མཉམ་མེད་སེམས་ཀྱི་ནོར་བུའི་ཏོག།
འགྲན་མེད་ཟླ་བའི་གཟི་བྱིན་འཕྲོ།།
ས་གཞི་ དེ་ལས་མང་་་

ལྷུག་རྩོམ།

ངའི་སེམས་ཀྱི་གཏིང་ནས་འདི་ལྟར་དྲན།

2022 ལོའི་ཟླ 6 ཚེས 14 ཉིན། ཕར་ནང་དཀོན་རྒྱས་ 0

ཉེ་དུས་སུ་རྩོམ་ལ་འཇུག་མཁན་ནི་ཅུང་ཙམ་མང་བར་འདུག་པས། དེའང་དགའ་དགོས་པ་ཞིག་རེད། རྒྱུ་མཚན་ཅི་ཞེ་ན། ཉེ་བའི་དུས་སུ་བོད་ཡིག་བོད་སྐད་ལ་འཇུག་མཁན་ནི་ཇེ་དཀོན་ཇེ་ཉུང་ལ་འགྲོ་བཞིན་པའི་སྐབས་སུ་བོད་ཀྱི་རྩོམ་རིག་ལ་འཇུག་མཁན་འགའ་རེ་བྱུང་ན་དེ་དག་གིས་ཚད་མཐོ་བའི་བརྩམས་ཆོས་ཅི་ཡང་མ་ཕྲིས་རུང་། ཁོང་ཚོས་བོད་ཡིག་གི་ལམ་ནས་བོད་སྐད་ཀྱི་ཐོག་ནས་བཤད་འདོད་པ་དེ་བཤད་ཀྱིན་འདུག་པས། ང་ཚོས་“བོད་སྐད་ཅིག་བཤད་རོགས། བོད་ཡིག་ དེ་ལས་མང་་་

བཅད་རྩོམ།

བཅོམ་ལྡན་འདས་ཡིད་ལ་བྱས་ཏེ་བསྟོད་ཚིག

2022 ལོའི་ཟླ 6 ཚེས 14 ཉིན། ཕར་ནང་དཀོན་རྒྱས་ 0

ཁྱོད་ཀྱི་དཔེ་བྱད་གསེར་གྱིས་མི་མཚོན་ཚོགས་གཉིས་གཟི་འོད་ལམ་མེར་བཞུགས།།
ཁྱོད་གསུང་ཚངས་པའི་དབྱངས་ཀྱིས་མི་དོ་རྟེན་འབྱུང་ཉོན་མོངས་བྲལ་བའི་ངག།
ཁྱོད་ཐུགས་ནམ་མཁའི་དཔེ་ཡིས་མི་འགྲན་མཐའ་མེད་ཤེས་བྱའི་དེ་ཉིད་གཟིགས།།
སྐྱོན་ཀུན་ཟད་ཅིང་ཡོན་ཏན་ཀུན་ལྡན་ཐུབ་དབང་ཁྱེད་ལ་མགོས་ཕྱག་འཚལ།།
ཤེས་རབ་རལ་གྲི་ཐེངས་གཅིག་གཡུག་སྟེ་སྒྲིབ་གཉིས་བདུད་ཀྱི་མགོ་བོ་བཅད།།
སྟོང་ཉིད་གཡུ་རལ་གསིག་ཙམ་བྱས་ཏེ་མུ་སྟེགས་ཝ་ཚོགས་ནགས་མཐར་བསྐྲད།།
བྱམས་བརྩེའི་ཉི་ཟླ་ཤར་བ་ཙམ་གྱིས་ཞི་བའི་ དེ་ལས་མང་་་

བཅད་རྩོམ།

ཅུང་ཙམ་དུད་པའི་གླུ་ཡིད་ཀྱི་ཁུ་བྱུག་མ།

2022 ལོའི་ཟླ 6 ཚེས 14 ཉིན། ཕར་ནང་དཀོན་རྒྱས་ 0

ཕུ་ཆའི་ངོགས་སུ་མེ་ཏོག་ལྡེམ་པའི་ཚལ།།
བདག་གི་སྙན་ངག་དབུས་སུ་མངོན་པ་ན།།
ཁྱོད་ཀྱིས་ལག་པས་རིང་ནས་འདིར་བསྲིང་སྟེ།།
མཛེས་སྡུག་རྨི་ལམ་ཟོམ་གང་ཁྱེར་ཤོག་ཟེར།།
རྡོ་བའི་མཁར་གྱི་བག་མ་ཁྲིད་ཤོག་ཟེར།།
སྤར་བའི་ནང་གི་མེ་ཏོག་སྦྱིན་དང་སྨྲ།།
ཁྱོད་གདོང་མེ་ཏོག་གསར་པའི་ངོས།།
གཞོན་པའི་ཟིལ་ཆུས་བརླན་གྱུར་ཏེ།།
ཕྱི་དྲོའི་ནགས་སུ་རྒྱུ་བའི་ཚེར།།
ངས་ནི་སྤྲིན་ལས་ཆད་པའི་གསེར།།
གཏིང་གི་པདྨ་སྔོ་མདངས་མ།།
ལག་པས་བསྐྱོར་ཏེ་ཁྱོད་དྲུང་དུ།།
བསྒྲོད་སྙམ་བློ་ནི་འབུས དེ་ལས་མང་་་

བཅད་རྩོམ།

ལས།

2022 ལོའི་ཟླ 6 ཚེས 13 ཉིན། ཕར་ནང་དཀོན་རྒྱས་ 0

དལ་འབྱོར་མི་ལུས་ཐོབ་པའི་སྐལ་བཟང་འདིར།།
ཡང་དག་བླ་མར་ཕྲད་པའི་བསོད་ནམས་འཛོམས།།
སངས་རྒྱས་ཆོས་ལུགས་མཇལ་བའི་སྐལ་ཆེན་འདིར།།
དུས་ལ་གཅེས་འཛིན་བྱས་དེ་དག་ལམ་འཚོལ།།

བདེན་པའི་ཡང་དག་ལམ་ལ་གཙིགས་འཛིན་དང།།
སྲོག་ཆགས་དམར་གསོད་བྱེད་པར་གཞན་ཡང་འཛེམས།།
འགྲོ་བ་སེམས་ཅན་ཐམས་ཅད་གཅིག་འཛིན་པ།།
སངས་རྒྱས་ཆོས་ཀྱི་ལུགས་འདི་ཁོ་ན་ཉིད།།

ཁ་ནས་མ་ཎི་བོར་ཞིང་ལག་པའི་སྡིག།།
སེམས་ཅན་སྲོག་གིས་ཁེ་ཕན་བརྗེ་བར་དགའ།།
གནས་སྐབས་བདེ་བའི་ཆེད་དུ་གཞན་སྲོག་གཅད།། དེ་ལས་མང་་་

གསར་འགྱུར།

གློ་བོའི་སྨོན་ལམ་ཐེངས་བཞི་པ་དབུ་འཛུགས་གནང་བ།

2022 ལོའི་ཟླ 6 ཚེས 3 ཉིན། གདོང་མཁན། 0

ངོར་ཆེན་རྒྱལ་བའི་རྒྱལ་ཚབ་༧ སྐྱབས་མཆོག་ངོར་ཐར་རྩེ་མཁན་རིན་པོ་ཆེ་མཆོག་གློ་བོའི་ཕྱོགས་སུ་ཆིབས་བསྒྱུར་དང་སྦྲགས། གློ་བོའི་སྨོན་ལམ་ཐེངས་བཞི་པའི་ཚོགས་མགོན་དུ་བཀའ་དྲིན་ཆིབས་བསྒྱུངས་བསྐྱངས་གནང་འདུག དེ་བཞིན་དུ་ཚར་ཆེན་རྒྱལ་བའི་རྒྱལ་ཚབ་༧ སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་༢༧ པ་གཉིས་དབུ་བཞུགས་ཐོག། གློ་བོ་སྟོད་སྨད་དགོན་སྡེ་ཁག་གི་མཁན་རིན་པོ་ཆེ་རྣམ་པ་དང་། དེ་བཞིན་གློ་བོའི་ས་སྐྱའི་དགོན་སྡེ་ཁག་གི་རབ་བྱུང་གི་སྡེ་བཙུན་པ་དང་བཙུན་མ། གཞན་ཡང་ དེ་ལས་མང་་་

གསར་འགྱུར།

༧སྐྱབས་རྗེ་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་མཆོག་གི་མཁན་སློབ་ཡོངས་ལ་བཀའ་སློབ་སྩོལ་བ།

2022 ལོའི་ཟླ 6 ཚེས 3 ཉིན། གདོང་མཁན། 0

ཁ་རྩང་སྤྱི་ལོ་ ༢༠༢༢ ཟླ་བ་ ༥ ཚེས་ ༢༨ ཉིན་༸སྐྱབས་མཆོག་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་མཆོག་མ་ཡུམ་དཔལ་རྫོང་གསར་བཤད་གྲྭ་གཙུག་ལག་སློབ་གཉེར་ཁང་དུ་ཕེབས་ནས། དེ་གར་མཁན་པོ་དང་དགེ་རྒན། སློབ་གཉེར་བ་ཡོངས་ལ་དུས་ཡུན་ལོ་ངོ་གཉིས་ཙམ་གྱི་རྗེས་སུ་བླ་སློབ་ཞལ་འཛོམས་བྱུང་བར་དགའ་སྤོབས་དང་ད་ལྟའི་གནས་བབས་དང་འབྱུང་འགྱུར་སློབ་གཉེར་བ་ཞིག་གི་ངོས་ནས་སྟོན་པའི་བསྟན་པར་འགན་ཁུར་ཕྱོགས་སོགས་ཀྱི་ཐད་ནས་བཀའ་སློབ་རིན་བྲལ་ཅན་གནང་འདུག དེ་ལས་མང་་་

1 2