གློ་བོའི་སྨོན་ལམ་ཐེངས་བཞི་པ་དབུ་འཛུགས་གནང་བ།

ངོར་ཆེན་རྒྱལ་བའི་རྒྱལ་ཚབ་༧ སྐྱབས་མཆོག་ངོར་ཐར་རྩེ་མཁན་རིན་པོ་ཆེ་མཆོག་གློ་བོའི་ཕྱོགས་སུ་ཆིབས་བསྒྱུར་དང་སྦྲགས། གློ་བོའི་སྨོན་ལམ་ཐེངས་བཞི་པའི་ཚོགས་མགོན་དུ་བཀའ་དྲིན་ཆིབས་བསྒྱུངས་བསྐྱངས་གནང་འདུག   དེ་བཞིན་དུ་ཚར་ཆེན་རྒྱལ་བའི་རྒྱལ་ཚབ་༧ སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་༢༧ པ་གཉིས་དབུ་བཞུགས་ཐོག། གློ་བོ་སྟོད་སྨད་དགོན་སྡེ་ཁག་གི་མཁན་རིན་པོ་ཆེ་རྣམ་པ་དང་།  དེ་བཞིན་གློ་བོའི་ས་སྐྱའི་དགོན་སྡེ་ཁག་གི་རབ་བྱུང་གི་སྡེ་བཙུན་པ་དང་བཙུན་མ། གཞན་ཡང་སྔགས་པ་དང་ཡུལ་མི་བཅས་རྒྱས་འཛོམས་ཀྱིས་གློ་བོའི་འཛམ་གླིང་བཞི་བདེའི་སྨོན་ལམ་ཆེན་མོ་སྐབས་བཞི་པ་འཚོགས་བཞིན་པ་དང་།  སྨོན་ལམ་དང་བསྟུན་ནས་མཁན་པོགཉིས་ཁྲི་སྟོན་མཛད་སྒོ་གནང་འདུག

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*