ཕ་མ་མིན་ཡང་ལས་ཀྱིས་ཕ་མར་གྱུར་བ་རེད། 

ང་ཚོ་ནི་ཁྱོད་ཚོའི་ལས་ཀྱི་ཕ་མ་མིན་ཡང་ལས་ཀྱིས་ཕ་མར་གྱུར་བ་རེད།  

                 ཁ་བྱང་།

དེ་རིང་མ་ཡུམ་སློབ་གྲའི་བགྲང་བྱ་གསུམ་ཀྱིས་འཚོ་བ་ལ་རྫོགས་ཚིག་བཀོད་ཅིང་། དགའ་སྐྱོ་ཟུང་འབྲེལ་གྱི་སེམས་ཁམས་སྙི་མོ་ལ་ལྗིད་ཏིག་ཏིག་གི་ན་ཟུག་ཅིག་ངང་གིས་བསླངས། བཟློག་ཐབས་མེད་པའི་ཆོས་ཉིད་ཀྱི་རང་བཞིན་འགའ་རེ་ང་ཚོར་མཚོན་ན་ཅི་འདྲའི་གདུག་རྩུབ་ཆེ་ཞིང་སྙིང་རྗེ་མེད་པ་ཞིག་རེད། འོན་ཀྱང་འདི་ནི་བཅོས་ཐབས་མེད་པ་ང་ཚོའི་གསལ་བོར་ཤེས་ཡོད། སློབ་གྲོགས་ཚོ་ད་སྐབས་ཕྱིར་འདངས་ཞིག་བརྒྱབས་ན་སློབ་རའི་འཚོ་བ་ནི་དེ་འདྲའི་ཉམས་དགའ་ལ་ཡིད་དུ་འོང་བ་ཞིག་རེད། རྒྱུ་མཚན། འཁོར་ཡུག་དེ་ན་ང་ཚོའི་ནངས་སྔ་ལངས་དང་དགོང་ཕྱི་ཉལ་བྱས་ཏེ་རང་རིགས་ཀྱི་རིག་གཞུང་ལ་བཅོས་མིན་གྱིས་འབད་བརྩོན་བྱས་ནས་མ་ཉམས་གོང་སྤེལ་དང་ཉམས་པ་སླར་གསོ་བྱས་པའི་ཕུགས་འདུན་བརྟན་པོ་ཡོད་ལ། དགའ་དགའ་དང་སྤྲོ་སྤྲོའི་ངང་ནས་གཟའ་མཇུག་རེ་རེ་མཉམ་དུ་བསྐྱལ་བའི་དུས་ཚོད་ཀྱི་ར་སྤྲོད་ཡོད། ད་དུང་སློབ་སྦྱོང་གི་ཕྱོགས་ནས་དཀའ་སྡུག་གི་འགན་ཁྲི་ལྕི་བས་གནོན་ཤུགས་ཀྱིས་ཁུར་བོ་ཀྱང་བཞག་ཡོད། སློབ་གྲོགས་ཚོ།   ད་ལྟ་འུ་ཚོ་མཐར་ཕྱིན་པ་རེད།  མཐར་ཕྱིན་ཟེར་བ་ནི་སློབ་གྲ་ནས་སྒོར་བུད་རྗེས་གང་འདོད་ཀྱི་བྱ་བ་སྣ་ཚོགས་བསྒྲུབ་ཆོག་ཟེར་བའི་ཆོག་མཆན་མ་ཡིན་པར་སྔར་ལས་ལྷག་པའི་རིག་གནས་དང་གཤིས་ཀ་སོགས་ཡར་རྒྱས་འགྲོ་ཕྱིར་དུ་ཡིན། དེ་བས་ཕ་དམ་པའི་རུས་པ་གསེར་གྱིས་བརྒྱན་མ་ཐུབ་རུང་། སྐྲ་དཀར་པོའི་སྐྱི་བསིར་རླུང་ལ་མ་སྐུར་ཅིག། སློབ་གྲོགས་ཚོ། མཐར་བདེ་བླག་ངང་མ་ཡུམ་སློབ་གྲ་ནས་མཐར་ཕྱིན་པར་རྟེན་འབྲེལ་ཞུ་ཞུ།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*