ལས།

                                                        མཁས་བཙུན་གྱིས།

དལ་འབྱོར་མི་ལུས་ཐོབ་པའི་སྐལ་བཟང་འདིར།།
ཡང་དག་བླ་མར་ཕྲད་པའི་བསོད་ནམས་འཛོམས།།
སངས་རྒྱས་ཆོས་ལུགས་མཇལ་བའི་སྐལ་ཆེན་འདིར།།
དུས་ལ་གཅེས་འཛིན་བྱས་དེ་དག་ལམ་འཚོལ།།

བདེན་པའི་ཡང་དག་ལམ་ལ་གཙིགས་འཛིན་དང།།
སྲོག་ཆགས་དམར་གསོད་བྱེད་པར་གཞན་ཡང་འཛེམས།།
འགྲོ་བ་སེམས་ཅན་ཐམས་ཅད་གཅིག་འཛིན་པ།།
སངས་རྒྱས་ཆོས་ཀྱི་ལུགས་འདི་ཁོ་ན་ཉིད།།

ཁ་ནས་མ་ཎི་བོར་ཞིང་ལག་པའི་སྡིག།།
སེམས་ཅན་སྲོག་གིས་ཁེ་ཕན་བརྗེ་བར་དགའ།།
གནས་སྐབས་བདེ་བའི་ཆེད་དུ་གཞན་སྲོག་གཅད།།
དེ་འདྲ་བྱས་ན་ངན་སོང་འགྲོ་བའི་ལས།།

ད་ལྟའི་ཚན་རིག་ལག་རྩལ་སྔོན་ཐོན་སྐབས།།
རངསྲོལ་དོར་དེ་གཞན་ལུགས་སློབ་པར་དགའ།།
ཁྱི་སྣ་གར་ཁྲིད་བྱེད་པའི་དུས་རབས་འདིར།།
དྲང་པོའི་མི་ལ་འཁྱོག་པོའིལམ་ཡང་སྟོན།།

བསིལ་ལྡན་གངས་ཀྱིས་བསྐོར་བའི་ཞིང་མཆོག་འདིར།།
སྐྱེས་བུ་དམ་པ་ལུ་གུའི་རྒྱུད་ལྟར་བྱོན།།
འོན་ཏེ་ད་ལྟའི་ན་གཞོན་སྐོར་ཞིག་གིས།།
ཡབ་མེས་མཁས་པ་དག་ལ་སྐྱོན་བརྗོད་གཏོང་།།

སྐྱིད་ལ་སྡུག་པའི་འཇིག་རྟེན་མི་ཡུལ་འདིར།།
སྐྱིད་ལ་ཆགས་ནས་ཆོས་ཏེ་ཕར་བཞག་ན།།
མུན་ནག་བཙོན་ར་འདྲ་བའི་འཇིག་རྟེན་འདིར།།
ཐར་བའི་དུས་དེ་ནམ་ཡངཡོད་མ་ཡིན།།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*