མཁན་མོ་གསུམ་གྱི་ཁྲི་འདོན་མཛད་སྒོ།

༄༅། །དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་བླ་ན་མེད་པའི་ཐུགས་བསྐྱེད་ལམ་སྟོན་འོག་གཞི་ཚུགས་པའི་ས་སྐྱ་བཙུན་མའི་མཐོ་སློབ་འདིའི་ཐོག་མའི་དམིགས་ཡུལ་རང་ཉིད་གཞུང་ཆེན་ཁག་ལ་གོ་རྟོགས་ཟབ་མོ་བརྙེས་ནས་གཞན་ལ་གྲགས་ཆེན་བཅོ་བརྒྱད་སོགས་འཆད་པ་ལ་སྤོབས་པ་དང་ལྡན་པའི་མཁན་མོ་དགེ་བའི་བཤེས་གཉེན་སོགས་བསྐྲུན་རྒྱུའི་དམིགས་ཡུལ་གཞི་བཅངས་ཐོག་འདས་པའི་ལོ་ངོ་བཅུ་གསུམ་གྱི་ཡུན་ལ་འབད་སྒྲུབ་ཞུས་འབྲས་ད་ཆ་གཞུང་ཆེན་ཁག་འཆད་ཁྲིད་ནུས་པའི་བཙུན་མ་མི་ཉུང་བ་ཞིག་ཐོན་པའི་ནང་གི་རྩེ་ཕུད་གསུམ་ལ་ད་ལམ་མཁན་མོའི་མཚན་གནས་བཀའ་དྲིན་ཆེ་སྩོལ་ཡོང་བའི་སྐྱབས་འཇུག་ཞུས་དོན་བཞིན་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་ཞེ་གསུམ་པ་ཆེན་པོ་མཆོག་ནས་དེ་སྔ་ཐུགས་བརྩེ་ཆེན་པོའི་སྒོ་ནས་མཁན་མོའི་མཚན་གནས་བཀའ་དྲིན་བསྩལ་བ་དེ་རིང་བོད་ཟླ་༤ ཚེས་༡༥ གཟའ་ཚེས་ཤིན་ཏུ་དགེ་བའི་ཉིན་སྐྱབས་མཆོག་ཨ་སངྒ་རིན་པོ་ཆེ་མཆོག་ཚོགས་མགོན་དུ་དབུ་བཞུགས་ཐོག་མཁན་མོ་གསུམ་གྱི་ཁྲི་འདོན་མཛད་སྒོ་ཞིག་དཔལ་ས་སྐྱའི་བཙུན་མ་བཤད་གྲྭ་རུ་ཚོགས་འདུག །

ངོ་དེབ་ལས་བཏུས།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*