མཁས་པ་རྣམས་འཇུག་པའི་སྒོ། ༡
༄༅། །རྒྱ་གར་སྐད་དུ། བི་ཏ་ག་ཏཱ་ཝ་ཏཱ་ར་དྭཱ་ར། བོད་སྐད་དུ། མཁས་པ་འཇུག་པའི་སྒོ། བླ་མ་དང་འཇམ་པའི་དཔལ་ལ་གུས་པས་ཕྱག་འཚལ་ལོ། །དོན་བཟང་ཆོས་སྤོབས་ངེས་ཚིག་དྲི་མ་མེད། །རང་གཞན་དོན་བརྙེས་སྤངས་དང་ངེས་པར་འབྱུང༌། །སྟོན་པའི་ཆོས་སྨྲ་སེང་གེའི་སྒྲ་སྒྲོགས་པའི། །འཇམ་མགོན་བླ་མའི་ཞབས་ལ་མགོས་ཕྱག་འཚལ། །བསྟན་བཅོས་ཀྱི་ཐོག་མར་མཆོད་པར་བརྗོད་པ་འདིས་ཅི་བསྟན་ཞེ་ན། བླ་མ་དང་འཇམ་པའི་དབྱངས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ དེ་ལས་མང་་་
