སེམས་འདུལ་ཚུལ་གྱི་ཉམས་དབྱངས།

༼ཏ༽

༄༅། །སེམས་འདུལ་ཚུལ་གྱི་ཉམས་དབྱངས་བཞུགས།།

༄༅། །བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །མངོན་ཤེས་མིག་བྲལ་བདག་ནི་ལས་མང་ཞིང༌། །མ་དྲངས་སྐྱེ་བོའི་གཅོང་རོང་ཚེར་ནང་དུ། །བྱང་ཆུབ་སེམས་ཀྱི་མཁར་ཤིང་ལྕུག་ལྡེམ་པས། །ཁྲོ་བཅས་གཡང་སའི་ནང་དུ་ལྷུང་དུ་དོགས། །སེམས་ཀྱི་གླང་པོ་ཚུལ་ཁྲིམས་ཀྱི་ལྕགས་ཀྱུ་ཅན། །དྲན་དང་ཤེས་བཞིན་རྒྱན་གྱིས་ལེགས་བརྒྱན་ནས། །བྱང་ཆུབ་སེམས་ཀྱི་བཀའ་ཆེན་མ་བརྟན་ན། །ང་རྒྱལ་མྱོས་ཆུས་ལས་ལ་བཤེས་ཀྱིས་དོགས། །ཡིད་ཀྱིས་ཅང་ཤེས་ཐོས་བསམ་རྒྱན་ཅན་འདི། །བསྒོམ་སེམས་བརྩོན་པའི་ལྕག་གིས་མ་བསྐུལ་ན། །མངའ་རིས་ཡུལ་གྱི་ལྗང་བུས་སེམས་དྲངས་ནས། །ཀུན་མཁྱེན་རྒྱལ་པོའི་གནས་སུ་མ་ཕྱིན་དོགས། །སེམས་ཀྱི་དེད་དཔོན་རྒྱུད་དོན་གྲུ་གཟིངས་ཅན། །ཏིང་འཛིན་བརྩོན་པའི་བ་དན་གྱིས་བརྒྱན་ཀྱང༌། །གདམས་ངག་ཟབ་མོའི་རིག་སྔགས་བསྟེན་བྱས་ལ། །ཏིང་འཛིན་སྐྱོན་ཅན་ཀློང་དུ་འགྲོ་མི་བྱ། །དཔལ་ལྡན་ས་སྐྱའི་གནས་སུ་གསུངས།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*