དཔལ་བརྟག་པ་གཉིས་པའི་འགྲེལ་པ་དག་ཆུང་དང་སྤྱི་དོན་གསལ་བ།
༄༅། །དཔལ་ཀྱེའི་རྡོ་རྗེའི་རྒྱུད་འདི་འཆད་པར་བྱེད་པ་ལ། གང་གིས་གཏན་ལ་འབེབས་པར་བྱེད་པ་སྤྱིའི་དོན་དང༌། གང་གཏན་ལ་དབབ་པར་བྱ་བའི་གཞུང་གི་དོན་གཉིས་བདོག སྤྱིའི་དོན་ལ་བཞི་ཡོད། གང་བཤད་པ་དང་མཉན་བྱའི་ཆོས་ཕྱོགས་གང་དུ་གཏོགས་ངོས་གཟུང་བ། ངོས་ཟིན་པ་དེའི་མཚན་གྱི་དོན། མཚན་དེ་ལྡན་གྱི་རྒྱུད་བཤད་ཐབས་ཀྱི་མན་ངག དེ་ལྟར་བཤད་པ་དེ་གང་ཟག་གི་རྒྱུད་ལ་སྐྱེ་བ་མངོན་པར་རྟོགས་པའི་རིམ་པ་སྟེ་བཞི་ལགས། དེ་ལ་སྤྱིར་ཕྱོགས་གང་དུ་གཏོགས་ན། དེ་ལས་མང་་་
