མངྒལ་ཡབ་ཡུམ་ལ་གནང་བའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ།

༼པ༽

༄༅། །མངྒལ་ཡབ་ཡུམ་ལ་གནང་བའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བཞུགས།།

༄༅། །གཅིག་ཏུ་གཞན་ལ་ཕན་དགོངས་པས། །སྐྱེ་དགུའི་གཉེན་གཅིག་ཉིད་གྱུར་ཅིང༌། །འགྲོ་ན་ཡངས་པའི་གདུགས་གཅིག་པོ། །གཅིག་ཏུ་ཤིས་མཛད་བཀྲ་ཤིས་ཤོག །ཚོགས་གཉིས་དཔལ་ལས་བྱུང་གྱུར་ཅིང༌། །བདེན་གཉིས་རྣམ་པར་ཐུགས་ཆུད་ནས། །དོན་གཉིས་ཕུན་སུམ་ཚོགས་པ་པོ། །གཉིས་མེད་གསུང་གི་བཀྲ་ཤིས་ཤོག །སྐུ་གསུམ་དཔལ་གྱིས་གཟི་འབར་ཞིང༌། །ཐེག་པ་གསུམ་གྱི་ལམ་བསྟན་པས། །སྲིད་གསུམ་འཆིང་བ་རྣམ་འགྲོལ་བ། །དུས་གསུམ་གཟིགས་པའི་བཀྲ་ཤིས་ཤོག །ཡང་དག་ཤེས་པས་སྲིད་ཞིའི་མཐར་སོན་ནས། །བརྩེ་བས་སྐྱེ་དགུ་སྡུག་བསྔལ་ལས་གྲོལ་བའི། །སྒྲོལ་མ་དགེ་མ་དཔའ་མོའི་བཀྲ་ཤིས་ཀྱིས། །རྟག་ཏུ་ཁྱེད་ནི་དགེ་བར་འགྱུར་བར་ཤོག །མངྒལ་ཡབ་ཡུམ་ལའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*