ལམ་འབྲས་ལམ་སྐོར་གསུམ་གྱི་གསན་ཡིག

༼པ༽

༄༅། །ལམ་འབྲས་ལམ་སྐོར་སོགས་ཀྱི་གསན་ཡིག་བཞུགས།།

༄༅། །སངས་རྒྱས་ཀུན་དངོས་བླ་མ་ལ། །མཆོག་ཏུ་གུས་པས་ཕྱག་འཚལ་ནས། །སངས་རྒྱས་ནས་བརྒྱུད་བླ་མའི་མཚན། །གསོལ་བ་གདབ་ཕྱིར་བྲི་བར་བྱ། །རྡོ་རྗེ་འཆང༌། བདག་མེད་མ། བིརྺ་པ། ནག་པོ་པ། ཌཱ་མ་རུ་པ། ཨ་བ་དྷཱུ་ཏི་པ། རྗེ་ག་ཡ་དྷ་ར། རྗེ་འབྲོག་མི་ཤཱཀྱ་ཡེ་ཤེས། རྗེ་སེ་མཁར་ཆུང་བ་ཀུན་རིག རྗེ་ཞང་དགོན་པ་བ་ཆོས་འབར། རྗེ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་ཆེན་པོ། བླ་མ་ཆོས་ཀྱི་རྒྱལ་པོའི་བར་དུ་ལམ་འབྲས་ཀྱི་བརྒྱུད་པའོ།། ༈ །།རྡོ་རྗེ་འཆང༌། བདག་མེད་མ། བིརྺ་པ། ཌོཾ་བི་ཧེ་རུ་ཀ ཨ་ལ་ལ་བཛྲ། ནགས་ཁྲོད་པ། གརྦྷ་རི་པ། བསོད་སྙོམས་པ། རྒྱལ་བ་དཔལ་གྱི་ཡེ་ཤེས། མི་ཐུབ་ཟླ་བ། དགེ་སློང་དཔའ་བོ་རྡོ་རྗེ། ཤེས་རབ་དབང་པོ་མཛེས་པ། རྗེ་འབྲོག་མི་ཤཱཀྱ་ཡེ་ཤེས། མངའ་རིས་པ་གསལ་བའི་སྙིང་པོ། འཁོན་སྒྱི་ཆུ་བ། དགྲ་བླ། རྗེ་ས་སྐྱ་པ་ཡབ་སྲས། འགྲེལ་པ་ཀུ་མུ་ཏ་དང་འགྲེལ་པ་གཞུང་གི་བརྒྱུད་པའོ།། ༈ །།རྡོ་རྗེ་འཆང༌། རྟ་མཆོག བི་ན་པ་ཏ། ཨིནྡྲ་བྷཱུ་ཏི། ལཀྵྨཱི་པ་ཏ། སྒེག་པའི་རྡོ་རྗེ། གུནྡྷ་རི་པ། པདྨ་བཛྲ། ཆོས་ཀྱི་བཟང་པོའི་ཞབས། ཏོག་རྩེ་པ། བྷུ་ཤ་ན་པ། དྷརྨཱ་པ། ཀརྞ་པ། དཔའ་བོ་རྡོ་རྗེ། རྗེ་འབྲོག་མི་ཤཱཀྱ་ཡེ་ཤེས། རྗེ་སེ་མཁར་ཆུང་བ། རྗེ་ཞང་དགོན་པ་བ། རྗེ་ས་སྐྱ་པ་ཡབ་སྲས་རྣམས། སློབ་དཔོན་ཏོག་རྩེ་པའི་བསམ་མི་ཁྱབ་ཀྱི་བརྒྱུད་པའོ།། ༈ །།རྡོ་རྗེ་འཆང༌། བི་ལ་སྱ་བཛྲ། ཡན་ལག་མེད་པའི་རྡོ་རྗེ། མཚོ་སྐྱེས་རྡོ་རྗེ། ཨིནྡྲ་བྷཱུ་ཏི། ལྕམ་ལཀྵྨཱི། ནག་པོ་སྤྱོད་པ་བ། བྲམ་ཟེ་དཔལ་འཛིན། རྗེ་ག་ཡ་དྷ་ར། མན་ཆད་ལམ་འབྲས་དང་མཚུངས། མཚོ་སྐྱེས་རྡོ་རྗེ་དང་པདྨ་བའི་ལམ་གྱི་བརྒྱུད་པའོ།། ༈ །།རྡོ་རྗེ་འཆང༌། དཔལ་ཕྱག་ན་རྡོ་རྗེ། བྲམ་ཟེ་ཆེན་པོ་ས་ར་ཧ། སློབ་དཔོན་ཀླུ་སྒྲུབ། ཨཱརྻ་དེ་བ། དགེ་སློང་ནག་པོ་ཞབས། སློབ་དཔོན་ཟླ་བ་གྲགས་པ། བྲམ་ཟེ་དཔལ་འཛིན། ག་ཡ་དྷ་ར། མན་ཆད་ལམ་འབྲས་དང་འདྲ་བ་ནི་སློབ་དཔོན་ཨཱརྻ་དེ་ཝའི་མཆོད་རྟེན་གྱི་དྲུང་དུ་ཐོབ་པའི་བརྒྱུད་པའོ།། ༈ །།རྡོ་རྗེ་འཆང༌། རྗེ་བཙུན་སྒྲོལ་མ། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པ། དེ་ཝཱ་ཀཱ་ར་ཙནྡྲ། ཨ་མོ་གྷ་བཛྲ། རྗེ་འབྲོག་མི་མན་ཆད་ལམ་འབྲས་དང་འདྲ་བ་ནི་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པའི་བརྒྱུད་པའོ།། ༈ །།རྡོ་རྗེ་འཆང༌། རྡོ་རྗེ་ཕག་མོ། ཛཱ་ལནྡྷ་ར་པ། ནག་པོ་སྤྱོད་པ་བ། བྲམ་ཟེ་དཔལ་འཛིན། ག་ཡ་དྷ་ར་མན་ཆད་ལམ་འབྲས་དང་འདྲ་བ་ནི། གཏུམ་མོ་ལམ་ཡོངས་སུ་རྫོགས་པ་དང་ཡོན་པོ་བསྲང་བའི་ལམ་གཉིས་ཀྱི་བརྒྱུད་པའོ།། ༈ །།རྡོ་རྗེ་འཆང༌། དཔལ་བདེ་བ་ཆེན་པོ། ཨིནྡྲ་བྷཱུ་ཏི། དཔལ་ཚངས་བའི་ཞབས། བྲམ་ཟེ་མོ་གྲུབ་པའི་རྡོ་རྗེ། རྒྱལ་པོ་ཨིནྡྲ་བྷཱུ་ཏི་བར་པ། སློབ་དཔོན་གོས་བྲལ་ཞབས། རྒྱལ་པོ་ཛྙཱ་ན་བྷཱུ་ཏི། ཤྲཱི་ཡོ་བྷཱུ་ཏི། པདྨ་བཛྲ། ཌྃ་བི་ཧེ་རུ་ཀ ཡན་ལག་བར་མའི་ཞབས། ལྷ་མོ་བུང་བའི་པདྨ། ལྕམ་ལཀྵྨཱི། རྒྱལ་པོ་ཨིནྡྲ་བྷཱུ་ཏི་ཆུང་བ། རཏྣ་བཛྲ། ཁ་ཆེ་ཤེས་རབ་གསང་བ། རྗེ་འབྲོག་མི་མན་ཆད་ལམ་འབྲས་དང་འདྲ་བ་ནི། ཨིནྡྲ་བྷཱུ་ཏིའི་ལམ་གྱི་བརྒྱུད་པའོ།། ༈ །།རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། བྲམ་ཟེ་ཆེན་པོ་ས་ར་ཧ་པ། སློབ་དཔོན་ཀླུ་སྒྲུབ། རི་ཁྲོད་མགོན་པོ། ལཱུ་ཡི་པ། དཱ་རི་ཀ་པ། རྡོ་རྗེ་དྲིལ་བུ་པ། རུས་སྦལ་ཞབས། ཛཱ་ལནྡྷ་ར་པ། ནག་པོ་སྤྱོད་པ་བ། གུ་ཧྱ་པ། རྣམ་པར་རྒྱལ་བའི་ཞབས། བར་མའི་སློབ་དཔོན། ཏི་ལོ་པ། ནཱ་རོ་པ། ཕམ་ཐིང་པ་སྐུ་མཆེད་གཉིས། བླ་མ་ཀློག་སྐྱ་ཤེས་རབ་བརྩེགས། བླ་མ་མལ་ལོ་ཙྪ་བ། ཆོས་རྗེ་ས་སྐྱ་པ་ཡབ་སྲས་རྣམས་འཁོར་ལོ་བདེ་མཆོག་གི་དབང་བསྐུར་བ་དང༌། རྩ་བའི་རྒྱུད་བཤད་རྒྱུད་རྣམས་ཀྱི་བརྒྱུད་པའོ།། ༈ །།རྡོ་རྗེ་འཆང༌། རྡོ་རྗེ་ཕག་མོ། རྡོ་རྗེ་དྲིལ་བུ་པ། དེ་མན་ཆད་སྔ་མ་དང་འདྲ་བའི་དྲིལ་བུ་སྐོར་གསུམ་ཡན་ལག་དང་བཅས་པའི་བརྒྱུད་པའོ།། ༈ །།རྡོ་རྗེ་འཆང༌། རྡོ་རྗེ་རྣལ་འབྱོར་མ། ཇོ་བོ་ནཱ་རོ་པ། ཕམ་ཐིང་པ། གཅེན་འཇིགས་མེད་གྲགས་པ། གཅུང་དུས་འཁོར་བ། བླ་མ་མལ་ལོ་ཙྪ་བ། ཆོས་རྗེ་ས་སྐྱ་པ་ཡབ་སྲས་རྣམས་ནི། ནཱ་རོ་མཁའ་སྤྱོད་ཡན་ལག་དང་བཅས་པའི་བརྒྱུད་པའོ།། ༈ །།རྡོ་རྗེ་འཆང༌། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག བྱང་ཆུབ་སེམས་དཔའ་བློ་གྲོས་རིན་ཆེན། རི་ཁྲོད་དབང་ཕྱུག སློབ་དཔོན་མེ་ཏྲཱི་པ། རྒྱ་གར་ཕྱག་ན། ཀ་མ་ལ་བཛྲ། ཛ་མ་སེ་ན། ལོ་ཙྪ་བ་དར་མ་ཡོན་ཏན། བླ་མ་རྗེ་བཙུན་པ། བླ་མ་ཆོས་རྗེ་པཎྜི་ཏ། བླ་མ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེ་རྣམས། མེ་ཏྲི་མཁའ་སྤྱོད་དང་མཁའ་འགྲོ་རྒྱ་མཚོའི་བརྒྱུད་པའོ།། ༈ །།རྡོ་རྗེ་འཆང༌། འཕགས་པ་འཇམ་དཔལ། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། དཔལ་སྡེ་པ། བི་མ་ལ་གུཔྟ། རཏྣ་བཛྲ། རཏྣ་ཀཱིརྟི། བླ་མ་པནྡ་བ། བླ་མ་གཉན་ལོ་ཙྪ་བ། བླ་མ་གནམ་ཁའུ་པ། ཆོས་རྗེ་ས་སྐྱ་པ་ཡབ་སྲས་རྣམས་ནི། གསང་བ་འདུས་པ་ཡེ་ཤེས་ཞབས་ཀྱི་སྐོར་རྣམས་དང༌། གཉན་གྱི་སྒྲོལ་མའི་བརྒྱུད་པའོ།། ༈ །།ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང༌། འཕགས་པ་འཇམ་དཔལ། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད་བཟང་པོའི་ཞབས། དཔལ་འཛིན། ནཱ་རོ་པ། ཨསྠཱུ་ལ་བཛྲ། བླ་མ་བྷ་རོ་ཕྱག་རྡུམ། རྗེ་མལ་ལོ་ཙྪ་བ། ཆོས་རྗེ་ས་སྐྱ་པ་ཡབ་སྲས་རྣམས། གཤིན་རྗེ་གཤེད་རྒྱུད་གསུམ་ཡན་ལག་དང་བཅས་པའི་བརྒྱུད་པའོ།། ༈ །།རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། རྒྱལ་པོ་ཨིནྡྲ་བྷཱུ་ཏི། ལྷོ་ཕྱོགས་རྒྱ་མཚོའི་ཀླུ། ཀླུ་ལས་བྱུང་བའི་ཡེ་ཤེས་ཀྱི་མཁའ་འགྲོ་མ། ཨོ་ཌྱན་བི་ཤཱི་རྒྱལ་པོ། བི་སུ་ཀལྤ། བྲམ་ཟེ་ཆེན་པོ་ས་ར་ཧ། སློབ་དཔོན་ཀླུ་སྒྲུབ། ཨཱརྻ་དེ་བ། སློབ་དཔོན་ཟླ་བ་གྲགས་པ། སློབ་པའི་རྡོ་རྗེ། སྤྱོད་པ་བ། པ་དེ་ཝ། དཔལ་སྦས། བི་དྱ་བྷ་དྲ། དེ་པཱ་ཀ་ར། བླ་མ་འགོས་ལོ་ཙྪ་བ། དབུས་པ་དགེ་སེར། གནམ་ཁའུ་པ་སྐུ་མཆེད། ཆོས་རྗེ་ས་སྐྱ་པ་ཆེན་པོ། ཁའུའི་རྡོ་རྗེ་བདུད་འཇོམས། རྗེ་བཙུན་ཆེན་པོ། ཆོས་རྗེ་པཎྜི་ཏ། བླ་མ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེ་རྣམས་གསང་བ་འདུས་པ། འཕགས་པའི་སྐོར་གྱི་བརྒྱུད་པའོ།། ༈ །།རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། རྒྱལ་པོ་རབ་གསལ་ཟླ་བ། སློབ་དཔོན་རབ་འབྱོར་བསྐྱངས། ཀུན་དགའ་སྙིང་པོ། ཤེས་རབ་བསྐྱངས། ཞི་བ་སྙིང་པོ། དགེ་མཚན་བཤེས་གཉེན། བདེ་བའི་རྡོ་རྗེ། ཤྲདྡྷཱ་ཀ་ར་ཝརྨ། ཇོ་བོ་རིན་ཆེན་བཟང་པོ། བྲག་སྟེངས་པ་ཡོན་ཏན་ཚུལ་ཁྲིམས། བླ་མ་མལ་ལོ་ཙྪ་བ། ཆོས་རྗེ་ས་སྐྱ་པ་ཆེན་པོ། གཉག་སྟོན་དབང་རྒྱལ། རྗེ་བཙུན་ཆེན་པོ། ཆོས་རྗེ་ས་སྐྱ་པཎྜི་ཏ་ལས། དེ་ཉིད་བསྡུས་པ་དང༌། དཔལ་མཆོག་དང་པོ་ལ་སོགས་པ་ཡི་གེའི་རྒྱུད་ཆེན་པོ་ཡན་ལག་དང་བཅས་པ་རྣམས་བརྒྱུད་དོ།། ༈ །།རྡོ་རྗེ་འཆང༌། བྲམ་ཟེ་མཆོག་སྲེད། ནོར་བུ་གླིང་པ། བདེ་བའི་རྡོ་རྗེ་ཤྲདྡྷཱ་ཀ་ར་ཝརྨ། ཇོ་བོ་རིན་ཆེན་བཟང་པོ། བྲག་སྟེངས་པ་ཡོན་ཏན་ཚུལ་ཁྲིམས། བླ་མ་མལ་ལོ་ཙྪ་བ། རྗེ་ས་སྐྱ་པ་ཡབ་སྲས་རྣམས་ལས་ཆོས་སྐྱོང་གུར་མགོན་ལྷ་མོའི་སྐོར་རྣམས་བརྒྱུད་པའོ།། ༈ །།རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། བི་ལ་སྱ་བཛྲ། ཡན་ལག་མེད་པའི་རྡོ་རྗེ། མཚོ་སྐྱེས་རྡོ་རྗེ། ཨིནྡྲ་བྷཱུ་ཏི། ལྕམ་ལཀྵྨཱི། དཱ་རི་ཀ་པ། སྒེག་པའི་རྡོ་རྗེ། རྣལ་འབྱོར་མ་ཙེ། ཀེ་ར་ཌཱི་པ། སློབ་དཔོན་མེ་ཏྲཱི་པ། རྒྱ་གར་ཕྱག་ན། བླ་མ་སྒྱི་ཆུ་བ། རྗེ་ས་སྐྱ་པ་ཡབ་སྲས་རྣམས་ལས་བརྒྱུད་ནས་ཕྱག་རྒྱ་ཆེན་པོ་གྲུབ་པའི་སྐོར་ཡན་ལག་དང་བཅས་པ་རྣམས་བརྒྱུད་དོ།། ༈ །།སངས་རྒྱས། བྱང་ཆུབ་སེམས་དཔའ་བློ་གྲོས་རིན་ཆེན། རྣལ་འབྱོར་གྱི་དབང་ཕྱུག་ཤ་བ་རི་པ། སློབ་དཔོན་མེ་ཏྲཱི་པ། རྒྱ་གར་ཕྱག་ན། བ་རི་ལོ་ཙྪ་བ། བླ་མ་སྒྱི་ཆུ་བ། ཆོས་རྗེ་ས་སྐྱ་པ་ཡབ་སྲས་རྣམས་ལས་ཕྱག་རྒྱ་ཆེན་པོ་སྙིང་པོའི་སྐོར་བརྒྱུད་དོ།། ༈ །།སངས་རྒྱས། འཕགས་པ་འཇམ་དཔལ། ཛེ་ཏཱ་རི་དགྲ་ལས་རྣམ་པར་རྒྱལ་བ། རྡོ་རྗེ་གདན་པ། རྡོ་རྗེ་གདན་པ་ཆུང་བ། བླ་མ་བ་རི་ལོ་ཙྪ་བ། ཆོས་རྗེ་ས་སྐྱ་པ་ཡབ་སྲས་རྣམས་ལས། འཇམ་དཔལ་དང༌། མི་གཡོ་བ་དང༌། གཟུངས་གྲ་ལྔ་དང༌། རྡོ་རྗེ་གདན་པའི་ཆོས་དྲུག་ལ་སོགས་པ་དཔག་ཏུ་མེད་པ་བརྒྱུད་དོ།། ༈ །།རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། སློབ་དཔོན་ཀླུ་སྒྲུབ། ཨཱརྻ་དེ་བ། ཤཱཀྱ་བཤེས་གཉེན། ཟླ་བ་གྲགས་པ། རོལ་བའི་རྡོ་རྗེ། སྐལ་ལྡན་གྲགས་པའི་འོད་ཟེར་འབྱུང་གནས་གྲགས་པ། འོད་མཛད་ལྷ། ཆོས་ཀྱི་འབྱུང་གནས་ཞི་བ། བི་ཀྵ་ཏ་དེ་བ། ཆོས་རྗེ་པཎ་ཆེན་ཤཱཀྱ་ཤྲཱི། ཆོས་རྗེ་ས་སྐྱ་པཎྜི་ཏ། བླ་མ་ཆོས་ཀྱི་རྒྱལ་པོ་ལས། གསང་བ་འདུས་པ་མི་བསྐྱོད་རྡོ་རྗེ་ལྷ་སུམ་ཅུ་སོ་གཉིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང་རྒྱུད་སྒྲུབ་པའི་ཐབས་ཡན་ལག་དང་བཅས་པ་བརྒྱུད་དོ།། ༈ །།རྡོ་རྗེ་འཆང༌། རྡོ་རྗེ་སྙིང་པོ། རྡོ་རྗེ་མཁའ་འགྲོ་མ། རྡོ་རྗེ་སློབ་དཔོན་ཙི་ལུ་པ། དུས་འཁོར་བ་ཆེ་བ། དུས་འཁོར་བ་ཆུང་བ། ཨ་ནུ་ས་མ་རཀྵི་ཏ། སཱ་དྷུ་པུ་ཏྲ། དྷརྨཱ་ཀ་ར། དྷརྨ་མི་ཏྲ། བི་ཀྵ་ཏ་དེ་ཝ། པཎ་ཆེན་ཤཱཀྱ་ཤྲི། ས་སྐྱ་པཎྜི་ཏ། བླ་མཆོས་ཀྱི་རྒྱལ་པོ་ལས། དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བ་དང་འགྲེལ་བ་དྲི་མ་མེད་པའི་འོད་ཡན་ལག་དང་བཅས་པ་བརྒྱུད་དོ།། ༈ །།རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། རྒྱལ་པོ་རབ་གསལ་ཟླ་བ། སློབ་དཔོན་རབ་འབྱོར་བསྐྱངས། ཀུན་དགའ་སྙིང་པོ། ཤེས་རབ་བསྐྱངས། ཞི་བ་སྙིང་པོ། དགེ་མཚན་བཤེས་གཉེན། བདེ་བའི་རྡོ་རྗེ། ཤྲདྡྷཱ་ཀ་ར་ཝརྨ། ཇོ་བོ་རིན་ཆེན་བཟང་པོ། མནང་པ་བརྩོན་འགྲུས་རྒྱལ་མཚན། གཉལ་པ་ཤཱི་མ་ཤེས་རབ། གནུར་ཉི་མའི་འོད་ཟེར། གནུར་པ་བཛྲ་སིདྷ། རྩ་སྐྱ་པ་གྲགས་པ་རྒྱལ་མཚན། བླ་མ་ཀློག་སྐྱ་དབང་ཕྱུག་གྲགས་པ། བླ་མ་ལྡོང་ཤེས་རབ་དཔལ། བླ་མ་ཆོས་ཀྱི་རྒྱལ་པོ་ལས། དེ་ཉིད་བསྡུས་པའི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བ་བརྒྱུད་དོ།། ༈ །།རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། སློབ་དཔོན་ལ་ལི་ཏ་བཛྲ། ཨ་མོ་གྷ་བཛྲ། ཡེ་ཤེས་འབྱུང་གནས་སྦས་པ། པདྨ་བཛྲ། དཱི་པཾ་ཀ་ར་རཀྵི་ཏ། བླ་མ་རྭ་རྡོ་རྗེ་གྲགས་པ། རྭ་ལོ་ཙྪ་བ་ཆོས་རབ། རྭ་ཡེ་ཤེས་སེང་གེ རྭ་འབུམ་སེང༌། བླ་མ་ཀློག་སྐྱ་པ་དབང་ཕྱུག་གྲགས་པ། བླ་མ་ལྡོང༌། བླ་མ་ཆོས་ཀྱི་རྒྱལ་པོ་ལས། དཔལ་གཤིན་རྗེ་གཤེད་རྒྱུད་གསུམ། དཀྱིལ་འཁོར་ཆེན་པོ་གསུམ་གྱི་དབང་བཀའ་སྒྲུབ་པའི་ཐབས་ཡན་ལག་དང་བཅས་པ་རྣམས་བརྒྱུད་དོ།། ༈ །།རྡོ་རྗེ་འཆང༌། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ། ཡེ་ཤེས་ཀྱི་མཁའ་འགྲོ་མ། སློབ་དཔོན་ཀུ་ཀུ་རི་པ། མཚོ་སྐྱེས་རྡོ་རྗེ། ཌོཾ་བི་ཧེ་རུ་ཀ ཏི་ལོ་པ། ནཱ་རོ་པ། བལ་པོའི་པཎྜི་ཏ་ཞི་བ་བཟང་པོ། བླ་མ་མར་པ་ཆོས་ཀྱི་བློ་གྲོས། རྔོག་ཆོས་ཀྱི་རྡོ་རྗེ། རྔོག་ཇོ་སྲས་མདོ་སྡེ། སྔོ་ཚ་ཆོས་སྐུ། སྔོ་ཚ་དཀོན་མཆོག ཀློག་སྐྱ་དབང་ཕྱུག་གྲགས་པ། བླ་མ་ལྡོང་སྟོན། བླ་མ་ཆོས་ཀྱི་རྒྱལ་པོ་ལས། མ་ཧཱ་མཱ་ཡཱའི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བ་དང་རྩ་བའི་རྒྱུད་ཡན་ལག་དྲུག་དང་བཅས་པ་རྣམས་བརྒྱུད་དོ།། ༈ །།རྡོ་རྗེ་འཆང༌། སློབ་དཔོན་ཀླུ་སྒྲུབ། ཨཱརྻ་དེ་བ། ཨ་སུ་རའི་བྲག་ཕུག་ན་གནས་པའི་རྣལ་འབྱོར་མ་རུས་པའི་ཕྲེང་བ་ཅན། བལ་པོ་རྣམ་པར་རྒྱལ་བ། དཔའ་བོ་སྡེ། མར་པ་ལོ་ཙྪ་བ། རྔོག་ཆོས་ཀྱི་རྡོ་རྗེ། རྔོག་མདོ་སྡེ། སྔོ་ཚ་ཆོས་སྐུ། སྔོ་ཚ་དཀོན་མཆོག ཀློག་སྐྱ་དབང་ཕྱུག་གྲགས་པ། བླ་མ་ལྡོང༌། བླ་མ་ཆོས་ཀྱི་རྒྱལ་པོ་ལས་དཔལ་རྡོ་རྗེ་གདན་བཞིའི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བ་དང༌། རྡོ་རྗེ་གདན་བཞིའི་འགྲེལ་པ་ཡན་ལག་དང་བཅས་པ་རྣམས་བརྒྱུད་དོ།། ༈ །།བཅོམ་ལྡན་འདས་དཔལ་གཤིན་རྗེ་གཤེད། སློབ་དཔོན་བྲམ་ཟེ་དཔལ་འཛིན། བིརྺ་པ། ཌོཾ་བི་ཧེ་རུ་ཀ བི་ར་ཌི་པ། གམྦྷི་ར་མ་ཏི། ནིཥྐ་ལཾ་ཀ དེ་ཝི་རེ་བནྡྲ་པྲ་བྷ་བ། བླ་མ་དགེ་བའི་བཤེས་གཉེན་རྡོ་རྗེ་འཛིན་པ་ཆེན་པོ་གློ་བོ་ལོ་ཙྪ་བ། བླ་མ་ཆོས་ཀྱི་རྒྱལ་པོ་ལས་གཤིན་རྗེ་གཤེད་དམར་པོ་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། སྒྲུབ་པའི་ཐབས་ཡན་ལག་དང་བཅས་པ་རྣམས་བརྒྱུད་དོ།། ༈ །།རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། སློབ་དཔོན་ལཱུ་ཧི་པ། སློབ་དཔོན་ཌེངྒི་པ། རྡོ་རྗེ་དྲིལ་བུ་པ། ཛཱ་ལནྡྷ་ར་པ། ཨ་ནུ་པ་མ་ཤྲཱི། ཤུ་བྷཾ་ཀ་ར་གུཔྟ། ཨ་ནནྡ། ཀ་ར་གུཔྟ། པུ་ཙ་རི་ཏ། པཎྜི་ཏ་རཏྣ་རཀྵི་ཏ། བླ་མ་གློ་བོ་ལོ་ཙྪ་བ། བླ་མ་ཆོས་ཀྱི་རྒྱལ་པོ་ལས། རྡོ་རྗེ་ཕྲེང་བའི་ལུགས་ཀྱི་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དབང༌། རྡོ་རྗེ་བདག་མེད་མ། ལྷ་མོ་བཅོ་ལྔའི་དབང༌། རྗེ་བཙུན་མ་རྡོ་རྗེ་སྒྲོལ་མ་ལྷ་བཅུ་གཅིག་གི་དབང་དང༌། ཀུ་རུ་ཀུལླེ་ལྷ་མོ་བཅོ་ལྔའི་དབང༌། འཇམ་པའི་རྡོ་རྗེ་ལྷ་བཅུ་དགུའི་དབང༌། གཞན་ཡང་རྡོ་རྗེ་ཕྲེང་བ་ཡན་ལག་དང་བཅས་པ་མང་དུ་བརྒྱུད་དོ།། ༈ །།འཇམ་དཔལ་གཤིན་རྗེ་གཤེད། ཡེ་ཤེས་ཀྱི་མཁའ་འགྲོ་མ། སློབ་དཔོན་བིརྺ་པ། ཌོཾ་བི་བ། བ་རི་ཌི་པ། མ་ཏི་གརྦྷ། གམྦྷི་ར་མ་ཏི། ནིཥྐ་ལཾ་ཀེ་དེ་ཝི། དཔྱལ་ལོ་ཙྪ་བ་རྣལ་འབྱོར་གྱི་དབང་ཕྱུག་རྒ་ལོ། བླ་མ་ཆོས་ཀྱི་རྒྱལ་པོ་ལས། གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་དང་སྒྲུབ་པའི་ཐབས་ཡན་ལག་དང་བཅས་པ་བརྒྱུད་དོ།། ༈ །།ཡང་དག་པར་རྫོགས་པའི་སངས་རྒྱས། སློབ་དཔོན་འཇམ་དཔལ་བཤེས་གཉེན། སྒེག་པའི་རྡོ་རྗེ། མུ་ཏྲཱ་སིདྡྷི། པུརྞ་སིདྷ། དེ་ཝེ་ཤྭ་ར། ཤཱནྟི་གརྦྷ་སྨྲྀ་ཏི་ཛྙཱ་ན་ཀཱིརྟི། ཙོང་སྟེང་ངག་གི་དབང་ཕྱུག བླ་མ་ཤེས་རབ་རྡོ་རྗེ། རྔོག་ཆོས་ཀྱི་རྡོ་རྗེ། འུ་ཡུག་པ་རམ་སྟོན་རྡོ་རྗེའི་སྒྲ། མང་དཀར་བ་དཀར་པོ། གྲང་སོ་རྐོང་སྟོན། རླན་སྟོན་གསལ་འོད། ཕྱར་སྟོན་བསོད་ནམས་བཟང་པོ། ཇོ་བཙུན་བསོད་ནམས་སྐྱབས། བླ་མ་གོ་ལུང་པ་ཆེན་པོ། བླ་མ་གློ་བོ་ལོ་ཙྪ་བ། བླ་མ་ཆོས་ཀྱི་རྒྱལ་པོ་ལས་འཇམ་དཔལ་གསང་ལྡན་གྱི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བ་དང་དེའི་ཆ་ལག་རྣམས་བརྒྱུད་དོ།། ༈ །།སངས་རྒྱས་བཅོམ་ལྡན་འདས། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ། ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན། རྣལ་འབྱོར་གྱི་དབང་ཕྱུག་ཤ་བ་རི་པ། སློབ་དཔོན་ཛྭ་བ་རི་པ། བལ་པོའི་པཎྜི་ཏ་དེ་བ་པུརྞ་མ་ཏི། ལོ་ཙྪ་བ་ཆོས་ཀྱི་བཟང་པོ། གཤེན་སྟོན་རིན་ཆེན་དངོས་གྲུབ། དམར་སྒང་བུ། ཁ་བ་ཆོས་ཀྱི་རྒྱལ་པོ། བླ་མ་པུ་རངས་པ། ཀྱི་སྟོན་དཀོན་མཆོག་འབར། ལྷ་རྗེ་སྟོན་པ། དམ་པ་ཐུབ་ཤེ ཡོལ་སྟོན་པདྨ། བླ་མ་གོ་ལུང་པ་ཆེན་པོ། བླ་མ་གློ་བོ་ལོ་ཙྪ་བ། བླ་མ་ཆོས་ཀྱི་རྒྱལ་པོ་ལས། ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོའི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། དེའི་རྒྱུད་སྒྲུབ་པའི་ཐབས་ཡན་ལག་དང་བཅས་པ་རྣམས་བརྒྱུད་དོ།། ༈ །།སངས་རྒྱས་བཅོམ་ལྡན་འདས། འཕགས་པ་སྒྲོལ་མ། སློབ་དཔོན་ཉི་མ་སྦས་པ། ཙནྡྲ་གརྦྷ། ཛེ་ཏཱ་རི། ངག་གི་དབང་ཕྱུག་གྲགས་པ། ཤྲདྡྷཱ་ཀ་ར་ཝརྨ། ཏ་ཐཱ་ག་ཏ་རཀྵི་ཏ། པཎྜི་ཏ་དཱ་ན་ཤྲཱི། པཎྜི་ཏ་མཉྫུ་ཤྲཱི། བླ་མ་མལ་ལོ་ཙྪ་བ། པུ་ཙེར་ལོ་ཙྪ་བ། དགེ་བའི་བཤེས་གཉེན་ལ་སྟོད་དབང་རིན། མཆིམས་ཆོས་ཀྱི་སེང་གེ མཆིམས་བློ་གྲོས་བརྟན་པ། སློབ་དཔོན་མཆིམས་ནམ་མཁའ་གྲགས། བླ་མ་ཆོས་ཀྱི་རྒྱལ་པོ་ལས། ཨུ་རྒྱན་སྒྲོལ་མའི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། དེའི་ཡན་ལག་ཚང་བ་རྣམས་བརྒྱུད་དོ།། ༈ །།ཡང་དག་པར་རྫོགས་པའི་སངས་རྒྱས། སྡུད་པ་པོ་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ། རྒྱལ་པོ་རབ་གསལ་ཟླ་བ། དེའི་སློབ་མའི་མཆོག་ལྔ་ནི། པད་དཀར་ཡེ་ཤེས། ཡེ་ཤེས་རྡོ་རྗེ། རྒྱལ་པོ་སྒྲ་གཅན་འཛིན་བཟང་པོ། ཉི་མའི་སྙིང་པོ། རྒྱལ་རིགས་ས་ར་པའོ། །དེ་ལྔ་ཀའི་སློབ་མ་ཀུན་དགའ་སྙིང་པོ། ཏ་ཐཱ་ག་ཏ་བཛྲ། ཤྲདྡྷཱ་ཀ་ར་ཝརྨ། ལོ་ཙྪ་བ་རིན་ཆེན་བཟང་པོ། ཅོ་ལུང་ལེགས་པའི་ཤེས་རབ། སུམ་སྟོན་ཡེ་ཤེས་འབར། གཉན་སྟོན་ཚུལ་ཁྲིམས་འབར། ཐོད་པ་དབེན་ཚ་གྲགས་པ། ཐོད་པ་འོད་ཟེར། གཙང་རོང་གི་སློབ་དཔོན་ཆོས་ཀྱི་མགོན་པོ་དཔལ། བླ་མ་ཆོས་ཀྱི་རྒྱལ་པོ་ལས་ངན་སོང་སྦྱོང་བ་ཀུན་རིག་གི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བ་བརྒྱུད་དོ།། ༈ །།བཅོམ་ལྡན་འདས། འཇམ་དཔལ། ཡེ་ཤེས་ཀྱི་མཁའ་འགྲོ་མ། ལ་ལི་ཏ་བཛྲ། ཨ་མོ་གྷ་བཛྲ་ཆེ་བ། ཨ་མོ་གྷ་བཛྲ་ཆུང་བ། བླ་མ་སྐྱོ་འོད་འབྱུང༌། ཙངས་ཡང་དག་འབར། ཙངས་ཡང་དག་རྡོ་རྗེ། རྔོག་རྡོ་རྗེ་རྒྱལ་པོ། གཟེ་བ་དོན་གྲུབ་ཡེ་ཤེས། སློབ་དཔོན་འཁམ་པ་ཤཱཀྱ་རྡོ་རྗེ། སློབ་དཔོན་སངས་རྒྱས་འབུམ། བླ་མ་ཆོས་ཀྱི་རྒྱལ་པོ་ལས་སྐྱོ་ལུགས་ཀྱི་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་བདུན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་བརྒྱུད་དོ།། ༈ །།གྲུབ་པའི་སློབ་དཔོན། རྣམ་པར་སྣང་མཛད་རྡོ་རྗེ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། བླ་མ་ཆོས་རྗེ་པ། བླ་མ་ཆོས་ཀྱི་རྒྱལ་པོ་ལས་སྒྲོལ་མའི་ལུས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། དེའི་སྒྲུབ་ཐབས་བརྒྱུད་དོ།། ༈ །།སངས་རྒྱས་བཅོམ་ལྡན་འདས། རྗེ་བཙུན་སྒྲོལ་མ། མཁའ་འགྲོ་མ་རྡོ་རྗེ་ལྡན་མ། གྲུབ་པའི་སློབ་དཔོན་ས་ར་ཧེ་ཏ། བྷེ་ནི་ཏ་བྷ་ཊ། ཁ་ཆེའི་པཎྜི་ཏ་སཾ་གྲ་མ་ཤྲཱི། སློབ་དཔོན་འཇམ་པའི་རྡོ་རྗེ། སློབ་དཔོན་མཁས་པས་ཕུག་པ། སློབ་དཔོན་མངོན་པ་དབང་ཕྱུག་བརྩོན་འགྲུས། བླ་མ་ཆོས་ཀྱི་རྒྱལ་པོ་ལས། ཨུ་རྒྱན་སྒྲོལ་མའི་དཀྱིལ་འཁོར་དུ་དབང་བསྐུར་བ་དང་དེའི་ཡན་ལག་ཚང་བ་རྣམས་བརྒྱུད་དོ།། ༈ །།བླ་མ་བརྒྱུད་པའི་མཚན་འདི་རྣམས། བླ་མ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེ་དེ་ཉིད་ལ། བཀྲ་ཤིས་རྒྱལ་མཚན་གྱིས་ཞུས་ནས། མཚལ་མདོར་བསྡེབས་པའི་ཡི་གེ་པ་ནི་ཨ་ཙ་རའོ།། ༈ །།བཀྲ་ཤིས་པར་གྱུར་ཅིག།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*