ས་སྐྱ་བཀའ་འབུམ།

དཔལ་ལྡན་ས་སྐྱའི་རྗེ་བཙུན་གོང་མ་ལྔའི་གསུང་རབ་རིན་པོ་ཆེའི་པར་གྱི་སྒོ་འཕར་འབྱེད་པའི་དཀར་ཆག་འཕྲུལ་གྱི་ལྡེའུ་མིག།

2017 ལོའི་ཟླ 5 ཚེས 12 ཉིན། ཕར་ནང་དཀོན་རྒྱས་ 0

༄༅། །སྭསྟིབིཛཡནྟུ། ནམཤྲཱིམཱཾསངྒུརུཤྩཱདྷིདེཝཏཱརྻམཉྫུཤྲཱིཀུམཱརབྷཱུཏཱཡཱདརེཎ།།
༄༅། །སྭ་སྟི་བི་ཛ་ཡནྟུ། དཔལ་ལྡན་བླ་མ་དམ་པ་དང་ལྷག་པའི་ལྷ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་གུས་པས་ཕྱག་འཚལ་ལོ།། ༈ སྡེབ་སྦྱོར་མཉམ་པའི་པྲྀཏྟ་ཡི་གེ་བཅུ་བཞི་པ་ནུས་ལྡན་ལ་ངོ་མཚར་རྟོགས་བྱེད་ཀྱི་དགོངས་པས་བགྲངས་པའི་སྤྱིར་གྱི་རྣམ་གྲངས་ཆིག་ཁྲི་དྲུག་སྟོང་སུམ་བརྒྱ་གྱ་བཞི་མཆིས་པ་ལས་ནང་གསེས་གཞུང་གིས་དངོས་སུ་མ་ཟིན་པ་དགུ་བརྒྱ་དང་རེ་དྲུག་པ་ནས་རྙེད་པའི་པྲཱ་སྟཱ་རས་བཅིངས་པའོ།།
༄༅། །གུཎཤྩཀཱརུཎྱཿཨཔརིམིཏཾསཾཾབུཾདྡྷོཾབིནེཡཧིཀླེཤཀྵཡཀརསཱུཀྟཾདྷཾརྨོཾནིཧཱརམཱཁྱཱཤཱསནདྷརཀཱརྻཻསྶཾཾགྷཾཿཔྲཡཙྪཤཱསྟཱམཱརྒསཁིཔརཏྲིཤྲེཡཱཿ
༄༅། །ཡོན་ཏན་ཐུགས་རྗེ་ དེ་ལས་མང་་་

ས་སྐྱ་བཀའ་འབུམ།

རྒྱལ་པོ་གོ་པེ་ལ་སྲས་དང་བཙུན་མོར་བཅས་ལ་ཤིང་མོ་ཡོས་སོགས་ལ་གནང་བའི་བཀྲ་ཤིས་ཀྱི་ཚིགས་བཅད།

2017 ལོའི་ཟླ 5 ཚེས 12 ཉིན། ཕར་ནང་དཀོན་རྒྱས་ 0

༄༅། །ཨོཾ་སྭ་སྟི་སིདྡྷཾ། ན་མོ་མཉྫུ་གྷོ་ཥཱ་ཡ། དཔལ་ལྡན་ས་གསུམ་གསལ་མཛད་པ། །བརྩེ་བའི་བདག་ཉིད་ཐམས་ཅད་མཁྱེན། །འཇིག་རྟེན་ཀུན་སྐྱོབ་བླ་ན་མེད། །རྫོགས་སངས་རྒྱས་ལ་ཕྱག་འཚལ་ལོ། །གང་ཞིག་མངོན་མཐོའི་བདེ་བ་དང༌། །རྣམ་གྲོལ་བདེ་བ་བསྒྲུབ་པའི་གཞི། །མི་དབང་མཆོག་འདི་བརྟན་བྱའི་ཕྱིར། །རབ་ཏུ་ཤིས་པའི་ཚིག་འདི་བརྗོད། །དབང་ཆེན་ཆུ་གཏེར་ལྷུན་པོ་དང༌། །ཉི་མ་ཟླ་བ་རིན་ཆེན་ལྷའི། །ལྷ་ཁྱོད་ཡུན་རིང་ཞབས་བརྟན་ཞིང༌། །བཞེད་དོན་མ་ལུས་ཀུན་གྲུབ་ཤོག །ལྷག་བསམ་ཀུན་ནས་ དེ་ལས་མང་་་

ས་སྐྱ་བཀའ་འབུམ།

གུར་མགོན་ལྕམ་བྲལ་གྱི་རྗེས་གནང༌།

2017 ལོའི་ཟླ 5 ཚེས 12 ཉིན། ཕར་ནང་དཀོན་རྒྱས་ 0

༄༅། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཐོག་མ་ཁོ་ནར་མཁའ་འགྲོ་དང་ཆོས་སྐྱོང་མཉེས་པར་བྱས་ནས་སློབ་མས་མཎྜལ་ཕུལ་ལ། གང་གི་དྲིན་གྱིས་དང༌། སངས་རྒྱས་ཀུན་གྱི་རང་བཞིན་སྐུ་ལ་སོགས་པའི་མཐར། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོར་གྱུར་པ། བླ་མ་དམ་པས་བདག་ལ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་གྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་གྱིས་བརླབས་ཤིང༌། རྗེས་སུ་གནང་བ་སྩལ་དུ་གསོལ། ཞེས་ལན་གསུམ་གསོལ་བ་འདེབས་སུ་གཞུག དེ་ནས་ དེ་ལས་མང་་་

ས་སྐྱ་བཀའ་འབུམ།

རྒྱལ་བུ་བྱང་ཆུབ་སེམས་དཔའ་ཁྱུ་མཆོག་སྐྱོང་ལ་བཀའ་སྒོ་གནང་བ།

2017 ལོའི་ཟླ 5 ཚེས 12 ཉིན། ཕར་ནང་དཀོན་རྒྱས་ 0

༄༅། །ཨོཾ་སྭ་སྟི་སིདྡྷཾ། བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བླ་མ་དམ་པ་བརྒྱུད་པ་དང་བཅས་པ་དང༌། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་དང༌། ཆོས་སྐྱོང་བ་རྣམས་དང༌། འཇིག་རྟེན་སྐྱོང་བ་རྣམས་ཀྱི་བྱིན་གྱིས་བརླབས་ལས་ཉེ་བར་བསྐྲུན་པའི་ཁྱེའུ་དེའི་མིང༌། དྷརྨ་ཕ་ལ་རཀྵི་ཏ་ཞེས་བྱ་བར་བཏགས་པ་ཡིན། འདི་ལ་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་དང༌། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་དང༌། ཆོས་སྐྱོང་བའི་སྲུང་མ་རྣམས་དང༌། འཇིག་རྟེན་ དེ་ལས་མང་་་

ས་སྐྱ་བཀའ་འབུམ།

གྲགས་པ་རིན་ཆེན་གྱི་ཞུ་ལན།

2017 ལོའི་ཟླ 5 ཚེས 12 ཉིན། ཕར་ནང་དཀོན་རྒྱས་ 0

༄༅། །ཨོཾ་སྭ་སྟི་སིདྡྷཾ། དཔལ་མཆོག་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །སྡེ་སྣོད་འཛིན་པ་གྲགས་པ་རིན་ཆེན་གྱིས། །ཇི་ལྟར་དྲི་བ་བྱས་པ་དེ་ཡི་ལན། །མདོ་ཙམ་བཤད་པ་འདི་ལ་གུས་པར་ཉོན། །དེ་ལ་ཐོག་མར་སྡོམ་པ་གསུམ་གྱི་ངོ་བོའམ། མཚན་ཉིད་ནི་ཇི་སྲིད་འཚོའི་བར་དུ། གཞན་ལ་གནོད་པ་གཞི་དང་བཅས་པ་ལས་ལྡོག་པ། སོ་སོར་ཐར་པའི་སྡོམ་པ། བྱང་ཆུབ་ཀྱི་སྙིང་པོའི་བར་དུ་གཞན་ལ་གནོད་པ་ལས་ལྡོག་པའི་སྟེང་དུ། སེམས་ཅན་ཐམས་ཅད་ལ་ཕན་པ་བསྒྲུབ་ དེ་ལས་མང་་་

ས་སྐྱ་བཀའ་འབུམ།

སློབ་དཔོན་བསོད་ནམས་སེང་གེའི་སྤྱན་སྔར་ཕྲིན་དུ་ཞུ་བ།

2017 ལོའི་ཟླ 5 ཚེས 12 ཉིན། ཕར་ནང་དཀོན་རྒྱས་ 0

༄༅། །ཨོཾ་སྭ་སྟི་སིདྡྷཾ། བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བླ་མ་དམ་པ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོར་གྱུར་པ། ཆོས་ཀྱི་རྗེའི་ཞབས་ལ་གུས་པས་ཕྱག་འཚལ་ནས། ལྷག་པའི་བསམ་པ་རྣམ་པར་དག་པའི་མཐུས་འཕྲིན་དུ་ཞུ་བའི་ཡི་གེ་འདི་བྲི་བར་བྱའོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཕུལ་དུ་བྱུང་བ་བསགས་པས་ཆེ་བའི་ཡོན་ཏན་གྱིས་ཁྱད་པར་དུ་འཕགས་པའི་རྟེན་རྣམ་པར་དག་པར་སྐུ་འཁྲུངས་ དེ་ལས་མང་་་

ས་སྐྱ་བཀའ་འབུམ།

ལུང་དང་བརྒྱུད་པ་སྣ་ཚོགས་ཐོབ་པའི་གསན་ཡིག

2017 ལོའི་ཟླ 5 ཚེས 12 ཉིན། ཕར་ནང་དཀོན་རྒྱས་ 0

༄༅། །ཨོཾ་སྭ་སྟི་སིདྡྷཾ། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། སུ་བྷ་ཀི ལ་ལི་ཏ་བཛྲ། ཨ་མོ་གྷ་བཛྲ་ཆེ་བ། མཉྫུ་ཤྲཱི་མི་ཏྲཱ། དེ་ཝ་ཨཱ་ཀ་ར་ཙནྡྲ། ཉི་མ་སྦས་པའི་ཞབས། ཨ་མོ་གྷ་བཛྲ་ཆུང་བ། སྐྱོ་སྟོན་འོད་འབྱུང༌། སྲས་འཛམ་མེ། གཅུང་སད་དེ། ཇོ་སྲས་ཁམས་པ། གཉན་རིན་ཆེན་བརྟན། དེའི་སྲས་སློབ་དཔོན་གཉན་འོད་སྲུངས་དགུང་ལོ་བརྒྱད་ཅུ་རྩ་ལྔ་ལོན་པ་ལ། བཅོམ་ལྡན་འདས་འཇམ་དཔལ་གྱི་དྲག་པོ་སྔགས་ཀྱི་དབང་ལེན་བདུན་ཞུས་ནས། སློབ་དཔོན་ལ་ དེ་ལས་མང་་་

ས་སྐྱ་བཀའ་འབུམ།

བོད་ཀྱི་རྒྱལ་རབས།

2017 ལོའི་ཟླ 5 ཚེས 12 ཉིན། ཕར་ནང་དཀོན་རྒྱས་ 0

༄༅། །སྲོང་བཙན་སྒམ་པོ་མེ་མོ་གླང་ལ་འཁྲུངས། བཅུ་གསུམ་པ་ལ་རྒྱལ་སར་བཏོན། དྲུག་ཅུ་རྩ་དགུར་རྒྱལ་པོ་མཛད། བརྒྱད་ཅུ་རྩ་གཉིས་ས་ཕོ་ཁྱི་ལ་འདས། ཆུང་སྲོང་གིས་རྒྱལ་པོ་ལོ་ལྔ་མཛད་ཀྱང༌། སླར་ཡབ་ཀྱིས་རྒྱལ་པོ་མཛད་པས་ལོགས་སུ་མི་བགྲང༌། མང་སྲོང་མང་བཙན་མེ་མོ་ཁྱི་ལ་འཁྲུངས། བཅུ་གསུམ་པ་ལ་རྒྱལ་སར་བཏོན། ལོ་བཅོ་ལྔར་རྒྱལ་པོ་མཛད། ཉི་ཤུ་རྩ་བདུན་ཆུ་ཕོ་བྱི་བ་ལ་འདས། དུར་སྲོང་མང་པོ་རྗེ་རྨུག་ཡིན་ལ། ཆུ་ཕོ་བྱི་བའི་ལོ་དེ་ལ་ དེ་ལས་མང་་་

ས་སྐྱ་བཀའ་འབུམ།

བོད་ཀྱི་རྒྱལ་རབས་ལ་བསྔགས་པའི་ཚིགས་བཅད།

2017 ལོའི་ཟླ 5 ཚེས 12 ཉིན། ཕར་ནང་དཀོན་རྒྱས་ 0

༄༅། །ཨོཾ་སྭ་སྟི་སིདྡྷཾ། གང་གིས་སྲིད་གསུམ་རྒྱ་མཚོའི་རྒྱན་གྱུར་རྒྱལ་པོའི་པདྨོ་རབ་ཏུ་རྒྱན་ལྡན་པ། །ལྷག་པའི་ཚུལ་ཁྲིམས་ཏིང་འཛིན་དྲི་ཞིམ་སྤོས་ངད་ལྡན་པས་ཀུན་ནས་བརྟེན་གྱུར་དེའི། །དམ་ཆོས་བདུད་རྩིའི་རྒྱུན་འཛག་པ་ཡིས་བློ་གྲོས་ལུས་རྟས་སྦྲང་རྩི་བྱེད་པའི་ཚོགས་བཅས་པ། །དཀོན་མཆོག་གསུམ་མཚོན་སྐུ་གསུང་ཐུགས་ལྡན་བླ་མའི་ཚོགས་ཀྱིས་ཁྱོད་ལ་རྟག་ཏུ་སྐྱོང་གྱུར་ཅིག །བསོད་ནམས་བྱེ་བའི་ཚོགས་ལས་ཉེ་བར་བསྒྲུབས་པའི་དཔལ་གྱི་རི་བོ་མཐོན་པོར་བརྟེན། །རི་དྭགས་རྒྱལ་པོ་སེང་གེ་ལྟ་ དེ་ལས་མང་་་

ས་སྐྱ་བཀའ་འབུམ།

བསྔགས་འོས་ལ་སྔགས་པའི་རབ་བྱེད།

2017 ལོའི་ཟླ 5 ཚེས 12 ཉིན། ཕར་ནང་དཀོན་རྒྱས་ 0

༄༅། །བསྔགས་པར་འོས་པའི་རབ་ཏུ་བྱེད་པ་ཞེས་བྱ་བ། བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཔལ་ཀུན་གྱི་ནི་འབྱུང་གནས་ཏེ། །སྲིད་པ་གསུམ་གྱི་སྐྱབས་གཅིག་པོ། །ཆེ་བའི་ཆེ་བས་གུས་བཏུད་པ། །སངས་རྒྱས་དཔལ་གྱི་ཕུལ་ལ་འདུད། །རྒྱལ་པོ་ཁྱོད་ཀྱིས་སྔོན་སྤྱད་པའི། །དགེ་ཚོགས་རྒྱ་མཚོ་ལས་གྲུབ་པའི། །དཔལ་འདི་ཕྱོགས་མཐར་གཏུགས་པ་ཡི། །འགྲོ་ལ་སླར་ཡང་བརྟན་གྱུར་ཅིག །ཁྱོད་ཀྱིས་རྒྱལ་སྲིད་རྒྱུ་དང་ནི། །དཀའ་ཚེགས་ཆེན་པོས་མ་བཞེས་ཀྱང༌། །ཉིད་ཀྱི་དཔལ་དང་བདེན་པའི་མཐུས། །ཅི་ དེ་ལས་མང་་་

ས་སྐྱ་བཀའ་འབུམ།

རྒྱལ་པོ་ཡབ་སྲས་ཀྱིས་མཆོད་རྟེན་བཞེངས་པ་ལ་བསྔགས་པའི་སྡེབ་སྦྱོར་དནྜ་ཀ

2017 ལོའི་ཟླ 5 ཚེས 12 ཉིན། ཕར་ནང་དཀོན་རྒྱས་ 0

༄༅། །ཨོཾ་སྭ་སྟི་སིདྡྷཾ། ན་མོ་གུ་རུ་རཏྣ་ཏྲ་ཡཱ་ཡ། དཔལ་དང་ལྡན་ཞིང་ཡོན་ཏན་ཕུན་ཚོགས་ཕྲིན་ལས་ལྷུན་གྲུབ་དཀོན་མཆོག་གསུམ་ལ་སྤྱི་བོས་བཏུད་ནས་རྨད་བྱུང་དོན་གང་ཉེ་བར་བསྔགས་འདི་བློ་གསལ་རྣམས་ཀྱི་མཉན་བྱ་ཉིད་ཡིན་གང་སྔོན་བྱུང་བ་ཤཱཀྱའི་རྒྱལ་པོས་ཆོས་ཀྱི་རྒྱལ་ཐབས་སྲིད་ནི་ལེགས་མཛད་དེ་ཡི་རྗེས་བྱུང་དགེ་བ་སྤྱད་པའི་རྒྱུ་ལས་ལེགས་བསྐྲུན་རྒྱལ་སྲིད་སྐྱོང་བའི་རྒྱལ་པོའི་ཚོགས་ནི་ཆེས་མང་བྱུང་ཡང་དེ་དག་ཀུན་བས་མཐུ་སྟོབས་ཐོགས་མེད་རྒྱལ་སྲིད་རབ་ཡངས་ དེ་ལས་མང་་་

ས་སྐྱ་བཀའ་འབུམ།

བསྙེན་གནས་ཀྱི་གདམས་པ་འབོགས་ཚུལ།

2017 ལོའི་ཟླ 5 ཚེས 12 ཉིན། ཕར་ནང་དཀོན་རྒྱས་ 0

༄༅། །བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །བསྙེན་གནས་ཀྱི་སྡོམ་པ་འབོགས་པའི་ཚུལ་ནི། སློབ་དཔོན་ཁྲིའམ་སྟན་བདེ་བ་ལ་འདུག ལེན་པ་པོས་ཁྲུས་བྱ་བའམ་ཁ་དང་ངོ་བཤལ་ནས་ཕྱག་འཚལ་ལ། ཙོག་ཙོག་པོར་འདུག་ལ་འདི་སྐད་ཅེས་བརྗོད་དོ། །འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་ཐར་བར་བྱ་བའི་ཐབས་དམ་པའི་ཆོས་ཉག་གཅིག་ཡིན། ཆོས་ཀྱི་རྩ་བ་ཚུལ་ཁྲིམས་རིན་པོ་ཆེ་ཡིན། ཚུལ་ཁྲིམས་དེའང་ཇི་སྲིད་འཚོའི་བར་དུ་བསྲུང་བར་མ་ནུས་ན། ཉིན་ཞག་ཕྲུགས་རེ་བསྲུང་ དེ་ལས་མང་་་

ས་སྐྱ་བཀའ་འབུམ།

དགེ་བསྙེན་དང་དགེ་ཚུལ་དང་དགེ་སློང་དུ་ཉེ་བར་སྒྲུབ་པའི་ཆོ་གའི་གསལ་བྱེད།

2017 ལོའི་ཟླ 5 ཚེས 12 ཉིན། ཕར་ནང་དཀོན་རྒྱས་ 0

༄༅། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །མཁན་པོ་དང༌། སློབ་དཔོན་དང༌། དགེ་འདུན་རྣམས་འཚོགས་ནས། རབ་ཏུ་བྱུང་ཞིང་བསྙེན་པ་རྫོགས་པར་འདོད་པ་རྣམས་འདུས་པ་ལ། ཁྱེད་རྣམས་སྔོན་གྱི་དགེ་བ་དང་སྨོན་ལམ་གྱི་དབང་གིས། ཚེ་འདིར་དལ་འབྱོར་གྱི་ལུས་ཐོབ་པ་ཡིན། ཐོབ་པའི་རྟེན་ཆུད་མི་འཛའ་ཞིང་ཚེ་འདིའི་བདེ་ལེགས་དང༌། ཚེ་ཕྱི་མ་གནས་སྐབས་ཀྱི་ལྷ་མིའི་བདེ་སྐྱིད་དང༌། མཐར་ཐུག་རྣམ་གྲོལ་གསུམ་གྱི་འབྲས་བུ་བསྒྲུབ་པའི་རྟེན་དུ་དལ་འབྱོར་གྱི་ལུས་དགོས་ཤིང་དེ་སྒྲུབ་པའི་ཐབས་ དེ་ལས་མང་་་

ས་སྐྱ་བཀའ་འབུམ།

དགེ་བསྙེན་དང་དགེ་ཚུལ་དང་དགེ་སློང་དུ་ཉེ་བར་སྒྲུབ་པའི་ཆོ་གའི་གསལ་བྱེད།

2017 ལོའི་ཟླ 5 ཚེས 12 ཉིན། ཕར་ནང་དཀོན་རྒྱས་ 0

༄༅། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །མཁན་པོ་དང༌། སློབ་དཔོན་དང༌། དགེ་འདུན་རྣམས་འཚོགས་ནས། རབ་ཏུ་འབྱུང་ཞིང་བསྙེན་པར་རྫོགས་པར་འདོད་པ་རྣམས་འདུས་པའི་ཚེ། ཁྱེད་རྣམས་སྔོན་གྱི་དགེ་བ་དང་སྨོན་ལམ་གྱི་དབང་གིས་ཚེ་འདིར་དལ་འབྱོར་གྱི་ལུས་ཐོབ་པ་ཡིན། ཐོབ་པའི་རྟེན་ཆུད་མི་འཛའ་ཞིང་ཚེ་འདིའི་བདེ་ལེགས་དང་ཚེ་ཕྱི་མ་གནས་སྐབས་ཀྱི་ལྷ་མིའི་བདེ་སྐྱིད་དང༌། མཐར་ཐུག་རྣམ་གྲོལ་གསུམ་གྱི་འབྲས་བུ་བསྒྲུབ་པའི་རྟེན་དུ་དལ་འབྱོར་གྱི་ལུས་དགོས་ཤིང་དེ་སྒྲུབ་པའི་ཐབས་ དེ་ལས་མང་་་

ས་སྐྱ་བཀའ་འབུམ།

ཁྲོ་ཕུ་ལོ་ཙྭ་བ་ལ་གདམས་པ།

2017 ལོའི་ཟླ 5 ཚེས 12 ཉིན། ཕར་ནང་དཀོན་རྒྱས་ 0

༄༅། །མཁྱེན་པའི་དཀྱིལ་འཁོར་ལེགས་བཤད་འོད་ཟེར་གྱིས། །གདུལ་བྱའི་བློ་གྲོས་པད་ཚལ་རྒྱས་མཛད་ཅིང༌། །ལྟ་བའི་མུན་ནག་ཚང་ཚིང་རྣམ་སེལ་བ། །སངས་རྒྱས་སྐྱེ་དགུའི་སྒྲོན་ལ་ཕྱག་འཚལ་ལོ། །ཕྱི་ཡི་དབེན་པ་སྤང་བྱའི་གཉེན་པོ་ཡིན། །ནང་གི་དབེན་པ་སེམས་ལ་རག་ལས་པ། །སྡོམ་བརྩོན་ཁྱོད་ཀྱིས་སྲིད་ཞིའི་དགྲ་གཞོམ་ཕྱིར། །གཞན་དོན་བརྩོན་པའི་གོ་ཆ་མནབས་འཚལ་ལོ། །བདག་ཡིད་བླ་མ་སྒྲོན་མ་ལས་བྱུང་བའི། །སྤྲིང་ཡིག་བསིལ་བའི་འོད་ཟེར་རབ་འཕྲོ་བས། །ཁྱེད་ཐུགས་དགྱེས་པའི་ཀུ་མུད་ཚལ་རྒྱས་ནས། དེ་ལས་མང་་་

1 2 3 47