རྒྱལ་བུ་བྱང་ཆུབ་སེམས་དཔའ་ཁྱུ་མཆོག་སྐྱོང་ལ་བཀའ་སྒོ་གནང་བ།

༼བ༽

༄༅། །རྒྱལ་བུ་བྱང་ཆུབ་སེམས་དཔའ་ཁྱུ་མཆོག་སྐྱོང་ལ་བཀའ་བསྒོ་གནང་བ་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བླ་མ་དམ་པ་བརྒྱུད་པ་དང་བཅས་པ་དང༌། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་དང༌། ཆོས་སྐྱོང་བ་རྣམས་དང༌། འཇིག་རྟེན་སྐྱོང་བ་རྣམས་ཀྱི་བྱིན་གྱིས་བརླབས་ལས་ཉེ་བར་བསྐྲུན་པའི་ཁྱེའུ་དེའི་མིང༌། དྷརྨ་ཕ་ལ་རཀྵི་ཏ་ཞེས་བྱ་བར་བཏགས་པ་ཡིན། འདི་ལ་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་དང༌། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་དང༌། ཆོས་སྐྱོང་བའི་སྲུང་མ་རྣམས་དང༌། འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱིས་བསྲུང་བ་དང༌། བསྐྱབ་པ་དང༌། སྦ་བ་དང༌། བྱིན་གྱིས་བརླབས་པ་ཆེན་པོ་མཛད་དུ་གསོལ། ཐུན་མོང་དང་མཆོག་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། མཁྱེན་བརྩེ་ལྡན་པའི་མཁྱེན་བརྩེའི་བྱིན་རླབས་དང༌། །མཐུ་སྟོབས་མཆོག་གིས་མཐུ་སྟོབས་ནུས་མཐུ་དང༌། །ལྷག་བསམ་དག་པས་ལྷག་བསམ་བྱིན་རླབས་ཀྱིས། །ཇི་ལྟར་གསོལ་བ་དེ་ལྟར་འགྲུབ་གྱུར་ཅིག །ས་མོ་ལུག་གི་ལོ་སྟོན་ཟླ་རྭ་བའི་ཚེས་བདུན་གྱི་སྔ་དྲོའི་ཆ་ལ། རྒྱལ་བུ་བྱང་ཆུབ་སེམས་དཔའ་ཁྱུ་མཆོག་སྐྱོང་གི་གུར་ཆེན་དུ་བྲིས་པའོ།།  །།ཕྱོགས་དང་དུས་ཐམས་ཅད་དུ་བཀྲ་ཤིས་པར་གྱུར་ཅིག །ཨེ་དྷརྨ་ཧེ་ཏུ་པྲ་བྷ་བཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་ཝཱ་དཱི་མ་ཧཱ་ཤྲ་མ་ཎཿ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*