ལུང་དང་བརྒྱུད་པ་སྣ་ཚོགས་ཐོབ་པའི་གསན་ཡིག

༼བ༽

༄༅། །ལུང་དང་བརྒྱུད་པ་སྣ་ཚོགས་ཐོབ་པའི་གསན་ཡིག་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། སུ་བྷ་ཀི ལ་ལི་ཏ་བཛྲ། ཨ་མོ་གྷ་བཛྲ་ཆེ་བ། མཉྫུ་ཤྲཱི་མི་ཏྲཱ། དེ་ཝ་ཨཱ་ཀ་ར་ཙནྡྲ། ཉི་མ་སྦས་པའི་ཞབས། ཨ་མོ་གྷ་བཛྲ་ཆུང་བ། སྐྱོ་སྟོན་འོད་འབྱུང༌། སྲས་འཛམ་མེ། གཅུང་སད་དེ། ཇོ་སྲས་ཁམས་པ། གཉན་རིན་ཆེན་བརྟན། དེའི་སྲས་སློབ་དཔོན་གཉན་འོད་སྲུངས་དགུང་ལོ་བརྒྱད་ཅུ་རྩ་ལྔ་ལོན་པ་ལ། བཅོམ་ལྡན་འདས་འཇམ་དཔལ་གྱི་དྲག་པོ་སྔགས་ཀྱི་དབང་ལེན་བདུན་ཞུས་ནས། སློབ་དཔོན་ལ་ལི་ཏ་བཛྲས་མཛད་པའི་འཇམ་དཔལ་ཞི་ཁྲོའི་སྒྲུབ་ཐབས་རྒྱས་པ། སློབ་དཔོན་ཨ་མོ་གྷ་བཛྲས་མཛད་པའི་སེམས་ཉིད་བསྡུས་པ་ཞེས་བྱ་བའི་སྒྲུབ་ཐབས། རྡོ་རྗེ་འཇིགས་བྱེད་ཀྱི་གཟུངས་རིང་ལས་ཚོགས་དང་བཅས་པ། ཞི་བ་ཡེ་ཤེས་ཀྱི་བསྙེན་པའི་ཆོ་ག་བསྒྲུབ་པའི་ཆོ་ག དྲག་པོ་ཕྱོགས་གཅིག་པའི་ལས་སྦྱོར། ཞི་བ་ལས་བདུན་གྱི་ཆོ་ག དྲག་པོ་ལས་བདུན་གྱི་ཆོ་ག གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་སྒྲུབ་ཐབས། རྟོག་པ་གསུམ་པའི་རྒྱུད་གཏམ་རྒྱུད་ཀྱི་རྟོག་པ་དེ་དག་གི་ཞལ་གདམས་དང་བཅས་པ་རྣམས་དང༌། དཔལ་ས་སྐྱའི་སློབ་དཔོན་རིན་པོ་ཆེ་དང༌། གཉན་རིན་ཆེན་བརྟན་ལས་བརྒྱུད་ནས། སློབ་དཔོན་འོད་སྲུངས་དེ་ཉིད་ལས་སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་མཛད་པའི་འཆི་བ་བསླུ་བའི་གཞུང་རྒྱས་པ་མན་ངག་དང་བཅས་པ། ཡན་ལག་བདུན་པའི་བསྟན་བཅོས། དེ་ཁོ་ན་ཉིད་རིན་པོ་ཆེའི་སྣང་བ། དེའི་འགྲེལ་པ་སློབ་དཔོན་ཉིད་ཀྱིས་མཛད་པ་དབང་གི་ཆོ་ག་མདོར་བསྡུས་པ་རྣམས་ཐོས་སོ།།  །།སློབ་དཔོན་རཏྣ་ཨཱ་ཀ་ར་ཤཱནྟི་པ། བལ་པོའི་པཎྜི་ཏ་ཤཱནྟི་བྷ་དྲ། ལོ་ཙཱ་བ་སིང་ཀ་ར་ཤཱཀྱ་འོད། ཁྱུང་པོ་གྲགས་སེ། ཤེ་བུ་དཀོན་པ་བ། བྱང་འཇད་དཀོན་མཆོག་ཤེས་རབ། ཚ་ལུང་སྟོད་སྟོན་དཀོན་མཆོག་སྐྱབས། སླ་ངར་པ་བརྡ་སྟོན་ཡོན་ཏན་བསོད་ནམས་རྣམས་ལས་བརྒྱུད་ནས། སློབ་དཔོན་དགེ་བའི་བཤེས་གཉེན་ཡོན་ཏན་དཔལ་ལས་ཐེག་པ་ཆེན་པོའི་རྒྱུ་ཁམས་སྟོན་པར་བྱེད་པ་དེ་བཞིན་གཤེགས་པའི་སྙིང་པོའི་མདོ། སྒྲུབ་བྱེད་ཀྱི་ལམ་ལ་ཐབས་ཀྱི་ཆ་སྟོན་པ་གསང་ཆེན་ཐབས་ལ་མཁས་པའི་མདོ། ཤེས་རབ་ཀྱི་ཆ་སྟོན་པར་བྱེད་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ། བགྲོད་བྱའི་ས་ལམ་སྟོན་པར་བྱེད་པ་ས་བཅུའི་མདོ། ཐེག་པ་ཆེན་པོའི་འབྲས་བུ་སྟོན་པར་བྱེད་པ་འཕགས་པ་སངས་རྒྱས་ཀྱི་སའི་མདོ་སྡེ། ཟབ་མོའི་མདོ་ལྔར་ཡོངས་སུ་གྲགས་པ་དང༌། དེ་དག་གི་མན་ངག་ཕྱོགས་གཅིག་ཏུ་བསྡུས་པ་དགེ་བའི་བཤེས་གཉེན་ཚ་ལུང་སྟོད་སྟོན་དཀོན་མཆོག་སྐྱབས་ཀྱིས་མཛད་པའི་ཐེག་པ་ཆེན་པོའི་གཞི་ལམ་རྣམས་ཐོས་སོ། །ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་བྱམས་པ། སློབ་དཔོན་ཐོགས་མེད། དབྱིག་གཉེན། འཕགས་པ་རྣམ་གྲོལ་སྡེ། བཙུན་པ་རྣམ་གྲོལ་སྡེ། མཆོག་གི་སྡེ། དུལ་བའི་སྡེ། རྣམ་པར་སྣང་མཛད། སེང་གེ་བཟང་པོ། ཡོན་ཏན་བཟང་པོ། རིན་ཆེན་བཟང་པོ། ཤར་ཕྱོགས་ཀྱི་པཎྜི་ཏ་ཟླ་བ་བཟང་པོ། ཇོ་བོ་འབུམ་ཕྲག་གསུམ་པ། དགེ་བའི་བཤེས་གཉེན་རྔོག་ལོ་ཙཱ་བ། དགེ་བའི་བཤེས་གཉེན་འབྲེ་ཤེས་རབ་འབར། ཨ་ར་བྱང་ཆུབ་ཡེ་ཤེས། འདུལ་འཛིན་དཀར་མོ། གཙང་པ་འབྲེ་སྒྱུར། དགེ་བའི་བཤེས་གཉེན་ཉི་མ་བརྩོན་འགྲུས་རྣམས་ལས་བརྒྱུད་ནས། སློབ་དཔོན་དགེ་བའི་བཤེས་གཉེན་མཆིམས་ནམ་མཁའ་གྲགས་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉི་ཁྲི་ལྔ་སྟོང་པའི་འགྲེལ་པ་སློབ་དཔོན་འཕགས་པ་རྣམ་གྲོལ་སྡེས་མཛད་པའི་ཉི་ཁྲི་སྣང་བ་ཐོས་སོ།།  །།ཇོ་བོ་ཆེན་པོ་རྗེ་དང༌། ནག་ཚོ་ལོ་ཙཱ་བ་ལས་བྱུང་ཞིང་དགེ་བའི་བཤེས་གཉེན་པུ་ཏོ་བ་དང༌། ཤ་ར་བ་ལ་སོགས་པ་ལས་རིམ་པར་བརྒྱུད་དེ་འོངས་པའི་ཇོ་བོའི་ཆོས་ཆུང་བརྒྱ་རྩར་གྲགས་པ་དང༌། གཞན་ཡང་བརྒྱུད་པ་དེ་ཉིད་ལས་འོངས་པ། ཆོས་ཉིད་རང་གི་ངོ་བོ་ཉིད་ལ་མི་གཡོ་བར་ཐ་དད་པར་སྣང་བའི་མདོ། རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་གདམས་པའི་མདོ། བཏྶའི་རྒྱལ་པོ་འཆར་བྱེད་ལ་གདམས་པའི་མདོ། སྦྱིན་པའི་ཕན་ཡོན་བསྟན་པའི་མདོ། རྒྱལ་པོའི་བློ་གྲོས་ཀྱིས་ཞུས་པའི་མདོ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཞུས་པའི་ཆོས་བདུན་པའི་མདོ། ཆོས་བཞི་བསྟན་པའི་མདོ། མདོའི་དུམ་བུ་གསལ་རྒྱལ་གྱིས་ཚིགས་སུ་བཅད་པ། ཀུན་ཏུ་རྒྱུ་སེན་རིངས་ཀྱིས་ཞུས་པའི་མདོ། མཆོད་རྟེན་ལ་བསྐོར་བ་བྱས་པའི་ཕན་ཡོན་གྱི་ཚིགས་སུ་བཅད་པའི་མདོའི་དུམ་བུ། སྐྱབས་སུ་འགྲོ་བའི་མདོ། སེམས་བསྐྱེད་པའི་མདོ། ཡང་སྐྱབས་གསུམ་བསྟན་པའི་མདོ། ཆོས་སྤྱོད་བཅུ་པའི་མདོ། ཟླ་བའི་མདོ། ཕུང་པོ་གསུམ་པའི་མདོ། འཕགས་པ་འདའ་ཀ་ཡེ་ཤེས་ཀྱི་མདོ། འདུ་ཤེས་བཅུ་པའི་མདོ། བཟང་པོ་སྤྱོད་པའི་མདོ། སངས་རྒྱས་སྨན་གྱི་བླའི་མདོ། རྟེན་ཅིང་འབྲེལ་བར་འབྱུང་བའི་དང་པོ་དང་རྣམ་པར་དབྱེ་བའི་མདོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་མན་ངག་དང་བཅས་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་སྦྱིན་པའི་གཏམ། སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་སྐྱབས་གསུམ་བདུན་ཅུ་པ། པཎྜི་ཏ་ཆེན་པོ་སུ་ཡཱ་ན་ཤྲཱི་མི་ཏྲས་མཛད་པའི་དགེ་བསྙེན་གྱི་སྡོམ་པ་བརྒྱད་པའི་གཞུང་དང༌། དེའི་རང་འགྲེལ་དང༌། སློབ་དཔོན་ཞི་བ་ལྷས་མཛད་པར་གྲགས་པའི་འདའ་ཀ་ཡེ་ཤེས་ཀྱི་འགྲེལ་པ་དང༌། ཁ་ཆེ་པཎྜི་ཏ་ཆེན་པོ་ཛྙཱ་ན་ཤྲཱིས་མཛད་པའི་ཚུལ་ཁྲིམས་དང་དམ་ཚིག་མི་འགལ་བར་བསྟན་པའི་རབ་ཏུ་བྱེད་པ། ཁ་ཏོན་དང་གླེགས་བམ་བཀླག་པའི་སྔོན་དུ་བྱ་བའི་ཆོ་ག་སློབ་དཔོན་བི་མ་ལ་མི་ཏྲས་མཛད་པའི་སྐྱབས་འགྲོ་ཡན་ལག་དྲུག་པ། ཇོ་བོ་རྗེས་མཛད་པའི་སྐྱབས་སུ་འགྲོ་བ་བསྟན་པ། བྱང་ཆུབ་སེམས་དཔའ་ལས་དང་པོ་པའི་ལམ་ལ་འཇུག་པ་བསྟན་པ། ཆོས་ཀྱི་དབྱིངས་སུ་ལྟ་བའི་གླུ་དྲན་པ་གཅིག་པ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་སངས་རྒྱས་རྗེས་སུ་དྲན་པའི་མདོའི་འགྲེལ་པ། སློབ་དཔོན་ཞི་བ་འཚོས་མཛད་པའི་སངས་རྒྱས་སྨན་གྱི་བླའི་ཆོ་ག་མན་ངག་དང་བཅས་པ། རྟེན་ཅིང་འབྲེལ་བར་འབྱུང་བའི་མདོའི་འགྲེལ་པ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་ལས་གྲུབ་པའི་རབ་ཏུ་བྱེད་པའི་འགྲེལ་པ་སློབ་དཔོན་ཉིད་ཀྱིས་མཛད་པ། རྣམ་པར་བཤད་པའི་རིགས་པ། ཆོས་མངོན་པ་མཛོད་ཀྱི་རབ་ཏུ་བྱེད་པའི་འགྲེལ་པ་སློབ་དཔོན་ཉིད་ཀྱིས་མཛད་པ་དང་བཅས་པ་དང༌། ཡང་སློབ་དཔོན་གྱིས་མཛད་པའི་དབུས་དང་མཐའ་རྣམ་པར་འབྱེད་པའི་བཤད་སྦྱར། སློབ་དཔོན་བློ་གྲོས་བརྟན་པས་མཛད་པ། དགེ་བའི་བཤེས་གཉེན་བཙན་ཁ་ཆེའི་ལུགས་ཀྱི་ཡིག་སྣ་བཏབ་པའི་མདོ་སྡེ་རྒྱན་འགྲེལ་པ་དང་བཅས་པ་དང༌། དགེ་བའི་བཤེས་གཉེན་གཙང་ནག་པས་མཛད་པའི་ཡིག་སྣ་བཏབ་པའི་མངོན་པར་རྟོགས་པའི་རྒྱན་དང༌། ལོ་ཙཱ་བ་ཆེན་པོ་ཟུ་དགའ་རྡོལ་གྱི་ལུགས་ཀྱི་ཐེག་པ་ཆེན་པོ་རྒྱུད་བླ་མའི་འཁྲིད་བཀའི་མན་ངག་དང་བཅས་པ་དང༌། ལོ་ཙཱ་བ་ཞ་མ་སེང་གེ་རྒྱལ་མཚན་གྱི་ལུགས་ཀྱི་ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པའི་རྩ་བ་དང༌། ཡང་ཇོ་བོ་རྗེ་ལྷ་གཅིག་ལས་བརྒྱུད་པ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་མདོ་ཀུན་ལས་བཏུས་པ་མན་ངག་དང་བཅས་པ། ཡང་ཇོ་བོ་རྗེ་ལས་བརྒྱུད་པ་སློབ་དཔོན་ཞི་བ་ལྷས་མཛད་པ། བསླབ་པ་ཀུན་ལས་བཏུས་འགྲེལ་པ་དང་བཅས་པ། དགྲ་བཅོམ་པ་གནས་བརྟན་ཆོས་སྐྱོབ་ཀྱིས་བསྡུས་པའི་ཆེད་དུ་བརྗོད་པའི་ཚོམས། སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་སའི་དངོས་གཞི། བསྡུ་བ་རྣམ་པར་གཏན་ལ་དབབ་པ། གཞི་བསྡུ་བ། རྣམ་གྲངས་བསྡུ་བ། རྣམ་པར་བཤད་པའི་སྒོ་བསྡུ་བ་སྟེ་རྒྱས་པའི་བསྟན་བཅོས་ས་སྡེ་ལྔ། སའི་སྟོད་འགྲེལ་དང་བཅས་པ། བསྡུས་པའི་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་དང༌། སློབ་དཔོན་ཀ་མ་ལ་ཤྲཱི་ལས་མཛད་པའི་དབུ་མ་སྣང་བ། དབུ་མ་བསྒོམ་པའི་རིམ་པ་རྣམ་པ་གསུམ་དང༌། མན་ངག་གི་སྐོར་ལ། ཇོ་བོ་སྨྲྀ་ཏི་ཛྙཱ་ན་ཀཱི་རྟིའི་མན་ངག ཁ་རག་སྒོམ་ཆུང་ལས་བྱུང་བའི་སེམས་སྦྱོང་རིན་ཆེན་སྤུངས་པ་ཁ་འཐོར་བ་སྟེ། སྐོར་གསུམ་དུ་གྲགས་པ་སོ་སོའི་ཞལ་གདམས་དང་བཅས་པ་དང༌། དགེ་བའི་བཤེས་གཉེན་ཀ་མ་ལའི་ལུགས་ཀྱི་ལམ་གྱི་རིམ་པ་དང༌། དགེ་བའི་བཤེས་གཉེན་འཆད་ཁ་བ་ནས་བརྒྱུད་པའི་ཐེག་པ་ཆེན་པོ་བློ་སྦྱོང་གི་མན་ངག་དང༌། བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལ་མཚན་ནས་བརྒྱུད་པ། དབུ་མ་ཆེན་པོའི་མན་ངག་དང༌། དགེ་བའི་བཤེས་གཉེན་དོལ་པ་དམར་ཞུར་པས་མཛད་པའི་བེའུ་བུམ་སྔོན་པོར་གྲགས་པ་གཞུང་མན་ངག་དང་བཅས་པ་དང༌། དགེ་བའི་བཤེས་གཉེན་པུ་ཏོ་བའི་མན་ངག་དཔེ་ཆོས་སུ་གྲགས་པ་དགེ་བའི་བཤེས་གཉེན་གཞོན་ནུ་འོད་ཀྱིས་ཡི་གེར་བཀོད་པ་དང༌། གནས་བརྟན་ཆེན་པོ་བཅུ་དྲུག་སྤྱན་དྲང་ཞིང་མཆོད་པའི་ཆོ་ག་དང༌། ཇོ་མོ་ལབ་སྒྲོན་ནས་བརྒྱུད་པ་ནམ་མཁའ་གོ་འབྱེད་ཅེས་བྱ་བའི་ཆོ་གས་སྒོ་ཕྱེ་ནས་ཉམས་སུ་བླང་བའི་རིམ་པ་གེགས་སེལ་དང་བཅས་པ་གཅོད་ཀྱི་སྐོར་དང༌། གསང་སྔགས་ཀྱི་སྐོར་ལ་དགེ་བའི་བཤེས་གཉེན་མཆིམས་གོང་མ་ལས་བརྒྱུད་པ། སྤྱོད་པའི་རྒྱུད་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ཞེས་བྱ་བ་དང༌། བྱ་བའི་རྒྱུད་བསམ་གཏན་ཕྱི་མའི་རྒྱུད་དང༌། དམ་ཚིག་གསུམ་བཀོད་པའི་རྒྱལ་པོའི་རྒྱུད་ཀྱི་སྟོད་ཀྱི་དུམ་བུ་དང༌། འཕགས་མ་སྒྲོལ་མ། སློབ་དཔོན་ཉི་མ་སྦས་པ། ཙནྡྲ་གརྦྷ། ཛེ་ཏཱ་རི། ངག་གི་དབང་ཕྱུག་གྲགས་པ། ཤྲདྡྷཱ་ཀ་ར་ཝརྨ། ཏ་ཐཱ་ག་ཏ་རཀྵི་ཏ། པཎྜི་ཏ་དཱ་ན་ཤྲཱི། པཎྜི་ཏ་མཉྫུ་ཤྲཱི། བླ་མ་མལ་ལོ་ཙཱ་བ། དགེ་བའི་བཤེས་གཉེན་ལ་སྟོད་དབང་རིན། མཆིམས་ཆོས་ཀྱི་སེང་གེ མཆིམས་བློ་གྲོས་བརྟན་པ་ལས་བརྒྱུད་པ། རྗེ་བཙུན་མ་ཕྱག་འཚལ་ཉི་ཤུ་རྩ་གཅིག་གི་དབང་བསྐུར་བ་ཞུས་ནས་དེའི་སྤྱི་དང་སོ་སོའི་སྒྲུབ་ཐབས་མན་ངག་དང་བཅས་པ་དང༌། ཇོ་བོ་ཆེན་པོ་རྗེ་ལྷ་གཅིག་ནས་བརྒྱུད་པ་རྡོ་རྗེ་རྣལ་འབྱོར་མ་རིན་ཆེན་རྒྱན་གྱི་བྱིན་རླབས་ཀྱི་ཆོ་ག་ཞུས་ནས་དེའི་སྒྲུབ་པའི་ཐབས་ཡན་ལག་དང་བཅས་པ། བླ་མ་བ་རི་ལོ་ཙཱ་བ། དགེ་བའི་བཤེས་གཉེན་མཁན་བ་ཐང་བ། གྲུབ་ཐོབ་ཞང་ཆུང་བ། གྲང་ཕོ་ལུང་པ་གྲགས་པ་ཚུལ་ཁྲིམས། དགེ་བའི་བཤེས་གཉེན་ཆོས་ཀྱི་བླ་མ་ལས་བརྒྱུད་པ། བྱ་བའི་རྒྱུད་འཕགས་པ་དོན་ཡོད་ཞགས་པའི་རྟོག་པ་དང༌། དེའི་སྒྲུབ་པའི་ཐབས་ཀྱི་གཞུང་དང༌། དེའི་ཆ་ལག་དེ་ཁོ་ན་ཉིད་བཅུ་དྲུག་པ་དང༌། འཕགས་པ་གཙུག་ཏོར་དྲི་མ་མེད་པའི་རྟོག་པ། དེའི་འགྲེལ་པ་ལས་ཚོགས་དང་བཅས་པ་དང༌། ནོར་བུ་དྲི་མ་མེད་པའི་གཟུངས་རྟོག་པ་དང་བཅས་པ་དང༌། མངའ་བདག་ཉང་རལ་ལས་བརྒྱུད་ཅིང་དགེ་བའི་བཤེས་གཉེན་འབྲས་ཁུད་པ་ཆེན་པོ་ལས་འོངས་པ། རྗེ་བཙུན་རྣལ་འབྱོར་མ་ཁྲོས་མ་ནག་མོ་ཞེས་བྱ་བའི་བྱིན་རླབས་ཀྱི་བཀའ་ཞུས་ནས་དེའི་སྒྲུབ་ཐབས་ཀྱི་གཞུང་ལས་ཚོགས་བཞི་བཅུ་རྩ་གཉིས་དང་བཅས་པ་དང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ་དང༌། རྒྱ་གར་གྱི་རྣལ་འབྱོར་པ་པ་ནོ་ལས་བརྒྱུད་ཅིང༌། དགེ་བའི་བཤེས་གཉེན་འབྲས་ཁུད་པ་དེ་ཉིད་ལས་འོངས་པ། ལྷ་དབང་ཕྱུག་ཆེན་པོའི་དུག་གི་བསྲུང་བའི་དབང་ཞུས་ནས་དེའི་མན་ངག་རྣམས་དང༌། དམ་པ་རྒྱ་གར་ནས་བརྒྱུད་པ་འཇམ་དཔལ་སྨྲ་བའི་སེང་གེ་སྒྲུབ་པའི་ཐབས་ལས་ཚོགས་དང་བཅས་པ་དང༌། ཇོ་བོ་ཆེན་པོ་རྗེ་ལས་བྱུང་ཞིང་དགེ་བའི་བཤེས་གཉེན་སྐྱེར་སྒང་བ་ལས་བརྒྱུད་པ། ཐུགས་རྗེ་ཆེན་པོའི་རིག་པ་གཏད་པའི་ཆོ་ག་ཞུས་ནས་དེའི་སྒྲུབ་ཐབས་ཡན་ལག་དང་བཅས་པ་ཐོས་སོ།།  །།བླ་མ་ཆོས་ཀྱི་རྗེའི་ཐུགས་ཀྱི་སྲས་སློབ་དཔོན་ཚོགས་ཀྱི་མཆོག་ལས། ངག་གི་འདྲེན་པ་དང༌། འཁྲུལ་འཁོར་གྱི་རིམ་པ་འགའ་ཞིག་ནོས་སོ། །ཁ་ཆེའི་པཎྜི་ཏ་ཆེན་པོ་ཤྲཱི་ཏ་ཐཱ་ག་ཏ་བྷ་དྲ་ཞེས་བྱ་བ་ལས་སྔོན་གྱི་སློབ་དཔོན་སརྦ་ཝརྨ་ཞེས་བྱ་བས་མཛད་པའི་སྒྲའི་བསྟན་བཅོས་ཀ་ལཱ་པའི་མཚམས་སྦྱོར་གྱི་རབ་ཏུ་བྱེད་པའི་ལེའུ་དྲུག་བྲམ་ཟེའི་སློབ་དཔོན་ཡ་ཤོ་བྷཱུ་ཏི་ཞེས་བྱ་བས་མཛད་པའི་སློབ་མ་ལ་ཕན་པ་ཞེས་བྱ་བའི་འགྲེལ་པ་དང་བཅས་པ་ལེགས་པར་བསླབས་ནས་ཁམས་སྒྲུབ་པ་ཏི་ངན་ཏ་དང༌། རྐྱེན་སྒྲུབ་པ་སུ་ཝནྟའི་རྣམ་པར་གཞག་པ་ཅི་རིགས་པ་དང༌། སྡེབ་སྦྱོར་ལ་ཡི་གེ་ལྕི་བ་དང་ཡང་བ་ལ་སོགས་པ་སྦྱོར་བའི་ཚུལ་སྟོན་པ་པྲསྟཱ་རའི་འགོད་ཚུལ་བསླབས་ཤིང༌། སློབ་དཔོན་ཙནྡྲ་གོ་མིས་རྗེ་བཙུན་མ་སྒྲོལ་མ་ལ་བསྟོད་པའི་སྡེབ་སྦྱོར་དྭི་བཱ་ད་ཞེས་བྱ་བ་དང༌། ཆོས་རྗེ་པཎ་ཆེན་ཤཱཀྱ་ཤྲཱི་དང༌། ས་ར་ཧེ་ཏ་བྷ་དྲ་ལས་བརྒྱུད་པ་དམ་པའི་ཆོས་པདྨ་དཀར་པོའི་མདོ་དང་རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་འགྲེལ་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚུལ་བརྒྱ་ལྔ་བཅུ་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེ་གཅིག་མ་དང༌། ཚིགས་སུ་བཅད་པ་གཅིག་པའི་མདོ་དང༌། ཚིགས་སུ་བཅད་པ་གཉིས་པ་དང༌། སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཀྱི་རྗེས་སུ་འབྲང་བའི་རྗེ་བཙུན་མ་སྒྲོལ་མའི་སྒྲུབ་ཐབས་རྣམས་ཐོས་སོ།།  །།རྣལ་འབྱོར་གྱི་དབང་ཕྱུག་དཔལ་ཤེས་རབ་གསང་བས་དགེ་བའི་བཤེས་གཉེན་དཀོན་མཆོག་རྒྱལ་པོ་ལ་གསུངས་པ་ལས་བརྒྱུད་པ། སློབ་དཔོན་དགེ་བའི་བཤེས་གཉེན་ཞང་ཞུང་རྡོ་རྗེ་འོད་ཟེར་ལས་དེ་ཁོ་ན་ཉིད་ཀྱི་སྒྲོན་མ་དང༌། གསང་བའི་སྒྲོན་མ་དང༌། ཡེ་ཤེས་སྙིང་པོ་རྣལ་འབྱོར་མའི་རྒྱུད་རྣམས་ཀྱི་ལུང་བླངས་སོ། །བཅོམ་ལྡན་འདས་གཤིན་རྗེ་གཤེད། སློབ་དཔོན་བིརྺ་པ། ཌོམྦི་ཧེ་རུ་ཀ བི་ར་ཌི་བ། གམྦྷི་ར་མ་ཏི། ནཥྐི་ལངྐཱ་དེ་བ། ར་བེནྡྲ་པྲ་བྷ་བ་ལས་བརྒྱུད་པ་བླ་མ་དགེ་བའི་བཤེས་གཉེན་རྡོ་རྗེ་འཛིན་པ་ཆེན་པོ། གློ་བོ་ལོ་ཙཱ་བ་ལས་གཤིས་རྗེ་གཤེད་དམར་པོ་ལྷ་བཅུ་གསུམ་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཞུས་ནས་དེའི་དཀྱིལ་འཁོར་གྱི་ཆོ་ག་སློབ་དཔོན་དཔལ་འཛིན་གྱིས་མཛད་པ་ལྷ་བཅུ་གསུམ་པའི་སྒྲུབ་ཐབས། སློབ་དཔོན་བིརྺ་པས་མཛད་པའི་ལྷ་ལྔའི་སྒྲུབ་པའི་ཐབས། སློབ་དཔོན་བློ་གྲོས་བཟང་པོས་མཛད་པའི་ལྷ་ལྔའི་སྒྲུབ་པའི་ཐབས་རང་བྱིན་བརླབ་དང༌། སློབ་དཔོན་བིརྺ་པས་མཛད་པའི་འཁྲུལ་འཁོར་གྱི་ཆོ་ག་དང༌། གཤིན་རྗེ་གཤེད་དམར་པོ་དཔའ་བོ་གཅིག་པའི་སྒྲུབ་ཐབས། འཁྲུལ་འཁོར་གྱི་ཆོ་ག་རྒྱས་པ། སློབ་དཔོན་བྱང་ཆུབ་སྙིང་པོས་མཛད་པའི་འཁྲུལ་འཁོར་གྱི་དེ་ཁོ་ན་ཉིད། སློབ་དཔོན་རྣམ་པར་སྣང་མཛད་བསྲུངས་པས་མཛད་པའི་དཔའ་བོ་གཅིག་པ་སྒྲུབ་པའི་ཐབས། སློབ་དཔོན་བིརྺ་པས་མཛད་པའི་གཏོར་མའི་ཆོ་ག སློབ་དཔོན་དཔལ་འཛིན་གྱིས་མཛད་པའི་གཏོར་མའི་ཆོ་ག་རྒྱས་པ་དང༌། ཡང་པཎྜི་ཏ་བི་བྷཱུ་ཏ་ཙནྡྲ་དང༌། དརྤན་ཨཱ་ཙཱརྻ་ལས་བརྒྱུད་དེ་འོངས་པ་རྣལ་འབྱོར་བཞིའི་དེ་ཁོ་ན་ཉིད་ཅེས་པའི་མན་ངག ཤིན་ཏུ་སྤྲོས་མེད་ཀྱི་མན་ངག་སྲོག་གི་དེ་ཁོ་ན་ཉིད། བདག་བྱིན་གྱིས་བརླབ་པའི་རིམ་པའི་མན་ངག གཏོར་མའི་ཆོ་ག ཡུམ་བཞིའི་ལས་ཚོགས་མན་ངག མངོན་སྤྱོད་ཀྱི་དུས་ངེས་པར་བསྟན་པ། འབྱུང་པོ་ཐམས་ཅད་པའི་གཏོར་མའི་ཆོ་ག མཎྜལ་གྱི་ཆོ་ག་རྣམས་ཐོས་སོ།།  །།རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། སློབ་དཔོན་ལཱུ་ཧི་པ། ཌེཾ་གི་པ། རྡོ་རྗེ་དྲིལ་བུ་པ། ཛཱ་ལནྡྷ་ར་བ། ཨ་ནུ་པ་མ་ཤྲཱི། ཨ་བྷ་ཡཱ་ཀ་ར་གུཔྟ། ཤུ་བྷཾ་ཀ་ར་གུཔྟ། ཨཱ་ནནྡ་ཀ་ར་གུཔྟ། སུ་ཙ་རེ་ཏ། པཎྜི་ཏ་རཏྣ་རཀྵི་ཏ་ལས་བརྒྱུད་པ། རྡོ་རྗེ་ཕྲེང་བའི་ལུགས་ཀྱི་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། ཡང་པཎྜི་ཏ་རཏྣ་རཀྵི་ཏའི་སློབ་མ་བལ་པོའི་པཎྜི་ཏ་ཛ་ཡ་ཨཱ་ནནྡ་ལས་ནོས་པའི་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་ཀུན་རིག་རྩ་བའི་དཀྱིལ་འཁོར་གྱི་དབང་བསྐུར་བ་དང༌། ཡང་ཤུ་བྷཾ་ཀ་ར་གུཔྟ། ཆོས་རྗེ་པཎ་ཆེན་ཤཱཀྱ་ཤྲཱི། པཎྜི་ཏ་སཾ་གྲ་མ་ཤྲཱི་ལས་ནོས་པའི་རྗེ་བཙུན་མ་རྡོ་རྗེ་བདག་མེད་མ་ལྷ་མོ་བཅོ་ལྔའི་དབང་དང༌། ཡང་པཎྜི་ཏ་ཨ་བྷ་ཡཱ་ཀ་ར་གུཔྟ། ཨ་ནུ་པ་མ་རཀྵི་ཏ། ཤྲཱི་ཨ་ཝ་དྷཱུ་ཏཱི་པ། དརྤན་ཨཱ་ཙཱརྻ་ལས་ནོས་པའི་འཇམ་པའི་རྡོ་རྗེ་ལྷ་བཅུ་དགུའི་དཀྱིལ་འཁོར་གྱི་དབང་དང༌། རྡོ་རྗེ་སྒྲོལ་མ་ལྷ་མོ་བཅུ་གཅིག་གི་དབང་དང༌། ཀུ་རུ་ཀུལླེ་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་ནོས་ནས་དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་ཕྲེང་བ་སྒྲུབ་པའི་ཐབས། རྣལ་འབྱོར་རྫོགས་པའི་ཕྲེང་བ་སྦྱིན་སྲེག་གི་ཆོ་ག་འོད་ཀྱི་སྙེ་མ་རྣམས་མཉན་ནས་དེའི་ལུགས་ཀྱི་ཐིག་དང༌། སྟང་སྟབས་ཀྱི་བཀོད་པ་ལ་སོགས་པའི་ལག་ལེན་རྣམས་ཀྱང་ལེགས་པར་ནོས་སོ། །ཡང་པཎྜི་ཏ་བཀྵི་ཏ་དེ་ཝ། ཆོས་རྗེ་པཎ་ཆེན་ཤཱཀྱ་ཤྲཱི། བི་བྷཱུ་ཏ་ཙནྡྲ་ལས་འོངས་པའི་འཁོར་ལོ་བདེ་མཆོག་སྡོམ་འབྱུང་གི་རྒྱུད་ལས་འབྱུང་བ་ཧེ་རུ་ཀ་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཞུས་ནས་དེའི་སྒྲུབ་ཐབས་མན་ངག་དང་བཅས་པ་ནོས་སོ། །ཡང་སྡོམ་འབྱུང་གི་རྒྱུད། དེ་ཉིད་ཀྱི་རྒྱ་ཆེར་འགྲེལ་པ་པཎྜི་ཏ་རཏྣ་རཀྵི་ཏས་མཛད་པ་ལ་ནཱ་ག་ཤྲཱི་ཛྙཱ་ན་དང༌། བླ་མ་ཆག་ལོ་ཙཱ་བ་ལས་བརྒྱུད་པའང་ཐོས་སོ།།  །།རྡོ་རྗེ་འཆང༌། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག བྱང་ཆུབ་སེམས་དཔའ་བློ་གྲོས་རིན་ཆེན། བྲམ་ཟེ་ཆེན་པོ་ས་ར་ཧ། རི་ཁྲོད་དབང་ཕྱུག མེ་ཏྲཱི་གུཔྟ། རྒྱ་གར་བཛྲ་པཱ་ཎི། བ་རེག་གཙང་ཤོད་གྲོག་ར་བ་ཁམས་སྟོན་ཤེས་རབ་རྒྱལ་པོ། གླན་སྟོན་གསལ་འོད་ཤེས་རབ། ཆེར་སྟོན་བསོད་བཟངས། བླ་མ་རྗེ་བཙུན་ལྷ་རྗེ། བླ་མ་ཡར་ལུངས་པ་ཤེས་རབ་དཔལ་ལས་བརྒྱུད་པ། སློབ་དཔོན་མེ་ཏྲཱི་པའི་དགོངས་པ་སྙིང་པོའི་སྐོར་གྱི་བདེ་མཆོག་ལྷ་བཅུ་གསུམ་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཞུས་ནས་དེའི་དཀྱིལ་འཁོར་གྱི་ཆོ་ག་སྒྲུབ་པའི་ཐབས་ཡན་ལག་དང་བཅས་པ་ཐོས་སོ།།  །།རྡོ་རྗེ་འཆང༌། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། ལྷ་ལྕམ་ལཀྵྨཱི་ཀ་ར། སློབ་དཔོན་བིརྺ་པ། ཨ་ཝ་དྷཱུ་ཏཱི་པ་ཌོ་ང་ར་བ། བསོད་སྙོམས་པ། བལ་པོ་ཧ་ངུ་དཀར་པོ། དཔྱལ་ལོ་ཙཱ་བ་མེན་སྟོན་ཤེས་རབ་རིན་ཆེན། མེན་སྟོན་གྲགས་འབྱུང་ཤེས་རབ། བླ་མ་ལྷ་རྗེ་ལས་བརྒྱུད་པའི་རྡོ་རྗེ་རྣལ་འབྱོར་མ་ཞལ་གཉིས་མ་ཆེ་བའི་བྱིན་རླབས་ཀྱི་བཀའ་ཞུས་ནས་ཞལ་གཉིས་མའི་སྒྲུབ་ཐབས་ཆེ་ཆུང་གཉིས། དོན་གྲུབ་མ་ཆེ་ཆུང་གཉིས། དབུ་བཅད་མ་ཆེ་ཆུང་གཉིས་ཏེ་ཕག་མོའི་གཞུང་དྲུག་ཏུ་གྲགས་པ། དཔྱལ་ལོ་ཙཱ་བའི་ལུགས་ཀྱི་མན་ངག་མང་པོ་དང་བཅས་པ་དང༌། ཡང་དཔྱལ་ལོ་ཙཱ་བའི་ཡང་སློབ་མར་གྱུར་ཅིང༌། དུས་ཕྱིས་ཧ་ངུ་དཀར་པོ་ཉིད་ཀྱི་ཞབས་ལ་གཏུགས་པ་ཟ་ལོ་ཙཱ་བར་གྲགས་པའི་མན་ངག་མང་དུ་ཐོས་སོ།།  །།ཡང་བལ་པོའི་པཎྜི་ཏ་ཧ་ངུ་དཀར་པོ་ཡན་ཆད་ནི་འདྲ་ལ། དེའི་སློབ་མ་པུ་རངས་ལོ་ཆུང་གྲགས་མཆོག་ཤེས་རབ། འབྲེ་ཕྱ་རུ་བ་དངོས་གྲུབ་ཤེས་རབ། ཁམས་སྟོན་ཤེས་རབ་རྒྱལ་པོ། གླན་སྟོན། མེན་སྟོན་ཤེས་རབ་རིན་ཆེན། མེན་སྟོན་གྲགས་འབྱུང་ཤེས་རབ། བླ་མ་ལྷ་རྗེ་དཔལ་གྱི་རྒྱལ་མཚན་ལས་འོངས་པའི་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ཞལ་གཉིས་མ་ཆུང་བ། དོན་གྲུབ་མ་ཆུང་བ། དབུ་བཅད་མ་ཆུང་བ་རྣམས་ཀྱི་བྱིན་རླབས་ཀྱི་བཀའ་ཞུས་ནས་དེ་སོ་སོའི་སྒྲུབ་ཐབས་ཡན་ལག་དང་བཅས་པ་ཐོས་སོ། །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། གྲུབ་པའི་སློབ་དཔོན་ཀོངྐ་ན། ཨ་ནུ་བམ་རཀྵི་ཏ། ཀུ་མཱ་ར་དེ་ཝ། ར་བེནྡྲ་པྲ་བྷ་ཝ་ལས་བརྒྱུད་པ། རྡོ་རྗེ་ཕག་མོ་ཤེས་རབ་སྣང་བའི་བྱིན་རླབས་ཀྱི་བཀའ་ཞུས་ནས་དེའི་སྒྲུབ་པའི་ཐབས་ཡན་ལག་དང་བཅས་པ་ཐོས་སོ།།  །།སློབ་དཔོན་བི་རཱུ་པཀྵཱི་ནས་རིམ་པ་བཞིན་བརྒྱུད་པ་ཆོས་རྗེ་པཎ་ཆེན་དང༌། བི་བྷཱུ་ཏ་ཙནྡྲ་ལས་འོངས་པ་རྡོ་རྗེ་རྣལ་འབྱོར་མ་གྱེན་ཞབས་ལྷ་ལྔའི་བྱིན་རླབས་ཀྱི་བཀའ་ཞུས་ནས་དེའི་སྒྲུབ་པའི་ཐབས་ལས་ཚོགས་དང་བཅས་པའང་ཐོས་སོ།།  །།རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། ལཱུ་ཧི་པ། དཱ་རི་ཀ་པ། རྡོ་རྗེ་དྲིལ་བུ་པ། ཛཱ་ལནྡྷ་ར། ནག་པོ་པ། སློབ་དཔོན་དགེ་བའི་མགོན་པོ། རུས་སྦལ་ཞབས། གུ་ཧྱ་པ། རྣམ་རྒྱལ་ཞབས། ཏི་ལོ་པ། ན་རོ་པ། ཕམ་ཐིང་བ། ཇོ་བོ་བྷ་དནྟ། ལོ་ཙཱ་བ་གྲགས་མཆོག་ཤེས་རབ། འབྲེ་ཤེས་རབ་དངོས་གྲུབ། གྲོག་ར་བ་ཤེས་རབ་རྒྱལ་པོ། སློབ་དཔོན་ཞིང་རིངས་པ། བླ་མ་ལྷ་རྗེ་དཔལ་གྱི་རྒྱལ་མཚན་ལས་འོངས་པ། སློབ་དཔོན་ལཱུ་ཧི་པས་མཛད་པའི་བདེ་མཆོག་གི་སྒྲུབ་ཐབས་མདོར་བསྡུས། ཡང་སློབ་དཔོན་ཉིད་ཀྱིས་མཛད་པའི་བདེ་མཆོག་གི་མངོན་པར་རྟོགས་པ་རྒྱས་པའི་འགྲེལ་པ། པྲ་ཛྙཱ་རཀྵི་ཏས་མཛད་པའི་ཕྱི་མཆོད་ནང་མཆོད། གཏོར་མའི་ཆོ་ག་གསུམ་དང༌། དོན་ཐམས་ཅད་གྲུབ་པ་ཞེས་བྱ་བའི་བདེ་མཆོག་གི་བསྟོད་པ། སློབ་དཔོན་ཌོམྦི་བས་མཛད་པའི་བདེ་མཆོག་གི་བསྟོད་པ། ཁ་ཆེ་རིན་ཆེན་རྡོ་རྗེས་མཛད་པའི་བདེ་མཆོག་གི་བཀྲ་ཤིས། རྡོ་རྗེ་ཕག་མོའི་བསྟོད་པ་མདོར་བསྡུས་པ། རྡོ་རྗེ་ཕག་མོའི་བསྟོད་པ་རྡོ་རྗེ་རོལ་པ་མ། དགྱེས་པའི་རྡོ་རྗེའི་བསྟོད་པ་ཉི་ཤུ་ཕྱེད་པ། སློབ་དཔོན་སྟོང་ཉིད་ཏིང་ངེ་འཛིན་རྡོ་རྗེས་མཛད་པའི་རིགས་ལྡན་མ་མཆོད་པའི་ཆོ་ག་རྒྱས་པ། ཇོ་བོ་བྷ་དནྟས་མཛད་པའི་བདེ་མཆོག་དཔའ་བོ་གཅིག་པའི་སྒྲུབ་ཐབས་རྒྱས་པ་རྣམས་ཐོས་སོ།།  །།རྡོ་རྗེ་འཆང༌། སློབ་དཔོན་ཀླུ་སྒྲུབ། ཨཱརྻ་དེ་ཝ། ཨ་སུ་རའི་བྲག་ཕུག་ན་གནས་པའི་རྣལ་འབྱོར་མ་རུས་པའི་ཕྲེང་བ་ཅན། བལ་པོ་རྣམ་པར་རྒྱལ་བ་དཔའ་བོའི་སྡེ། བླ་མ་མར་པ་ལོ་ཙཱ་བ། རྔོག་ཆོས་ཀྱི་རྡོ་རྗེ། རྔོག་ཇོ་སྲས་མདོ་སྡེ། སྔོ་ཚ་ཆོས་སྐུ། སྔོ་ཚ་དཀོན་མཆོག ཀློག་སྐྱ་དབང་ཕྱུག་གྲགས་པ་རྣམས་ལས་བརྒྱུད་པ་བཅོམ་ལྡན་འདས་རྡོ་རྗེ་གདན་བཞིའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཞུས་ནས། བཤད་པའི་རྒྱུད་མནྟྲ་ཨཾ་ས། སྙིང་པོ་མདོ་བསགས་པའི་རྒྱུད། དཀྱིལ་འཁོར་གྱི་ཆོ་ག་རྣལ་འབྱོར་ནམ་མཁའི་དཀྱིལ་འཁོར་གྱི་མངོན་པར་རྟོགས་པ་རྒྱས་པ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལྷ་མོ་བཅུ་གསུམ་གྱི་མངོན་པར་རྟོགས་པ་རྣམས་ཐོས་སོ།།  །།ཡང་རྡོ་རྗེ་འཆང༌། མཁའ་འགྲོ་མ་ཆུ་ཤིང་གི་སྙེ་མ་ཅན། བླ་མ་མར་པ་ལོ་ཙཱ་བ་མན་ཆད་སྔ་མ་དང་འདྲ་བ་ལས་བརྒྱུད་དེ་འོངས་པ་རྡོ་རྗེ་གདན་བཞིའི་རྫོགས་རིམ་དང༌། འཕོ་བའི་མན་ངག་ཀྱང་ཐོས་སོ།།  །།ཡང་དག་པར་རྫོགས་པའི་སངས་རྒྱས། སློབ་དཔོན་འཇམ་དཔལ་བཤེས་གཉེན། སྒེག་པའི་རྡོ་རྗེ། མུ་ཏྲ་སིདྡྷི། སཱུརྻ་སིདྷ། དེ་ཝཱི་ཤྭ་ར། དེ་ནས་གཉིས་སུ་གྱེས་ཏེ། ཤཱནྟི་གརྦྷ་དང༌། སཱུརྻ་སིདྡྷི་གཉིས་སོ། །ཤཱནྟི་གརྦྷ། སྨྲྀ་ཏི་ཛྙཱ་ན་ཀཱིརྟི། ཙོང་སྡེ་ངག་གི་དབང་ཕྱུག བླ་མ་ཤེས་རབ་རྡོ་རྗེ། རྔོག་གཞུང་པ་ཆོས་རྡོར། དེ་མན་ཆད་གདན་བཞི་དང་འདྲ་ལ། ཡང་སཱུརྻ་སིདྡྷི་པའི་སློབ་མ་སྒྱི་བྱེ་མ་ལུང་པ་ཇོ་ཡེ། དེ་ལ་རྔོག་གཞུང་པ་ཆོས་རྡོར། འོ་ཡུག་པ་རོང་སྟོན་རྡོ་རྗེའི་སྒྲ། མང་གར་བ་དཀར་པོ། གྲང་སོ་རྐོང་སྟོན། གླན་སྟོན་གསལ་འོད། ཕྱར་སྟོན་བསོད་བཟང༌། དེ་གཉིས་ཀ་ལས་ཇོ་བཙུན་བསོད་ནམས་སྐྱབས་ཀྱིས་གསན། དེ་ལ་གོང་ལུང་པ་ཆེན་པོས་ནོས་པ་ལས་འོངས་པ་བཅོམ་ལྡན་འདས་འཇམ་དཔལ་གསང་ལྡན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཞུས་ནས་དེའི་སྒྲུབ་ཐབས་ཡན་ལག་དང་བཅས་པ་ཐོས་སོ།།  །།ཡང་དག་པར་རྫོགས་པའི་སངས་རྒྱས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག སློབ་དཔོན་ཨ་ཝ་དྷཱུ་ཏཱི་པ། གཉིས་མེད་སྦས་པ། ཨ་ཤོ་ཀ་ཤྲཱི། དྷརྨ་ཤྲཱི་མི་ཏྲ། ལོ་ཙཱ་བ་ཆོས་ཀྱི་བཟང་པོ། གཤེན་སྟོན་རིན་ཆེན་དངོས་གྲུབ། དམར་སྒང་བུ་བ་ཆོས་ཀྱི་རྒྱལ་མཚན། བླ་མ་པུ་རངས་པ། སྐྱི་སྟོན་དཀོན་མཆོག་འབར། ལྷ་རྗེ་སྟོན་པ། དམ་པ་ཐུབ་ཤེ ཡོལ་སྟོན་པདྨ། གོ་ལུང་པ་ཆེན་པོ་ལས་བརྒྱུད་དེ་འོངས་པ། འཕགས་པ་འཇམ་དཔལ་མཚན་ཡང་དག་པར་བརྗོད་པའི་རྒྱུད། དེའི་དཀྱིལ་འཁོར་གྱི་ཆོ་ག སློབ་དཔོན་ཨ་བ་དྷཱུ་ཏཱི་པས་མཛད་པ། དེ་ཉིད་ཀྱིས་མཛད་པའི་དང་པོའི་སངས་རྒྱས་ཀྱི་སྒྲུབ་པའི་ཐབས་སློབ་དཔོན་ཨ་ཤོ་ཀ་ཤྲཱིས་མཛད་པའི་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་པའི་ཐབས། བུམ་པའི་ཆོ་ག མཆོད་རྟེན་གྱི་ཆོ་ག་མདོར་བསྡུས་པ། འཇམ་དཔལ་གྱི་སྒྲུབ་པའི་ཐབས། གཏོར་མའི་ཆོ་ག སྤྱོད་ལམ་གྱི་ཆོ་ག གཤིན་རྗེ་གཤེད་དགྲ་ནག་པོའི་སྒྲུབ་པའི་ཐབས། སློབ་དཔོན་ཨ་བ་དྷཱུ་ཏཱི་པས་མཛད་པའི་སྦྱིན་སྲེག་གི་ཆོ་ག སློབ་དཔོན་གཉིས་མེད་སྦས་པས་མཛད་པའི་ཡེ་ཤེས་སེམས་དཔའི་དེ་ཁོ་ན་ཉིད་སྒྲུབ་པའི་ཐབས། ཡེ་ཤེས་སེམས་དཔའི་སྒྲུབ་ཐབས་མདོར་བསྡུས་པ་རྣམས་དང༌། ཐུགས་རྗེ་ཆེན་པོ་པདྨ་ཅོད་པན་གྱི་རྒྱུད་ལེའུ་བཅུ་གཅིག་པ། མི་གཡོ་བའི་རྟོག་པ་དགུ་པའི་རྒྱུད། དེའི་སྒྲུབ་པའི་ཐབས་སློབ་དཔོན་མྱ་ངན་མེད་པའི་དཔལ་གྱིས་མཛད་པ་སྒྲོལ་མ་ལས་སྣ་ཚོགས་འབྱུང་བའི་རྒྱུད་རྣམས་དང༌། ཡང་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ། ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེ་གདོང་པ་ཅན། རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པ། སློབ་དཔོན་ཛ་བ་རི་པ། བལ་པོའི་པཎྜི་ཏ་དེ་ཝ་པཱུརྞ་མ་ཏི། ལོ་ཙཱ་བ་ཆོས་ཀྱི་བཟང་པོ། དེ་མན་ཆད་སྔ་མ་དང་མཚུངས་པའི་བླ་མ་རྣམས་ལས་བརྒྱུད་དེ་འོངས་པའི་ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོ་དང༌། རྡོ་རྗེ་རྣམ་འཇོམས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཞུས་ནས་ཕྱག་ན་རྡོ་རྗེའི་རྒྱུད་དྲག་པོ་གསུམ་འདུལ་བཤད་རྒྱུད་ལྟ་བུ། ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་རྒྱུད། དྲག་པོ་གསུམ་འཇོམས་ཀྱི་རྒྱུད་སྡེ་གསུམ་དང༌། དྲག་པོ་གསུམ་འདུལ་གྱི་འགྲེལ་པ་སློབ་དཔོན་ཛ་བ་རི་པས་མཛད་པའི་བདུད་རྩི་མྱུ་གུ་ཞེས་བྱ་བ་དང༌། ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག་འཁོར་ལོ་ཆེན་པོའི་སྒྲུབ་པའི་ཐབས། ལག་ན་རྡོ་རྗེ་གོས་སྔོན་ཅན་གྱི་སྒྲུབ་པའི་ཐབས་བདུད་རྩིའི་ཐིགས་པ་ཞེས་བྱ་བ། ཕྱག་ན་རྡོ་རྗེའི་སྒྲུབ་པའི་ཐབས་མདོར་བསྡུས་པའི་རིམ་པ་དྲུག་པ་རྟགས་གསལ་བ། ཀླུ་རིགས་བཞིའི་སྒྲུབ་པའི་ཐབས། གནོད་སྦྱིན་གྱི་སྒྲུབ་པའི་ཐབས། བདུད་བཟློག་པའི་ཆོ་ག སྦྱིན་སྲེག་གི་ཆོ་ག་རྒྱས་པ། བསྡུས་པ། ཁྲོ་བོའི་གསད་པའི་ཕྲིན་ལས། མཛེ་ནད་ཀྱི་མཚན་ཉིད། ཀླུ་རིགས་བཞིའི་གསད་པ། གནན་པ། གསོ་བའི་ཆོ་ག ཕྱག་ན་རྡོ་རྗེ་མཆོད་པའི་ཆོ་ག གོས་སྔོན་པོ་ཅན་གྱི་གཏོར་མའི་ཆོ་ག་རྣམས་དང༌། རྡོ་རྗེ་རྣམ་པར་འཇོམས་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཞུས་ནས་རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས། སློབ་དཔོན་ས་བ་རི་པས་མཛད་པའི་འགྲེལ་པ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་དཀྱིལ་འཁོར་གྱི་ཆོ་ག་རིན་ཆེན་སྣང་བ། ཨུརྻན་གྱི་སློབ་དཔོན་ཨ་མོ་གྷ་སིདྡྷིས་མཛད་པའི་ཕྱག་ན་རྡོ་རྗེ་གཏུམ་པོ་སྒྲུབ་པའི་ཐབས། བྲམ་ཟེ་པ་ར་མ་ཏིས་མཛད་པའི་རྣམ་འཇོམས་ཀྱི་སྦྱིན་སྲེག ས་བ་རི་པས་མཛད་པའི་རྡོ་རྗེ་ཁྲོ་བོས་གསད་པའི་ཆོ་ག་རྣམས་ཐོས་ཏེ། དེ་ལྟར་ན། འཇམ་དཔལ་ཐུགས་རྗེ་ཆེན་པོ། སྒྲོལ་མ་སྟེ་ཞི་བ་གསུམ་དང༌། མི་གཡོ་བ། ཕྱག་ན་རྡོ་རྗེ། རྡོ་རྗེ་རྣམ་འཇོམས་ཏེ་ཁྲོ་བོ་གསུམ་ལ་ལོ་ཙཱ་བའི་ཆོས་དྲུག་ཏུ་གྲགས་སོ། །ཡང་དག་པར་རྫོགས་པའི་སངས་རྒྱས། འཇམ་པའི་རྡོ་རྗེ། ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། ལི་ལ་བཛྲ། སཱུ་པུ་ར་བ། ཤྲཱི་སེ་ན་པ། ཨ་བ་ལི་ན་པ། གུ་ཎ་སམྦྷ་ཝ་བྷ་དྲ། ཝཱ་གཱི་ཤྭ་ར་ཀཱིརྟི། དེ་ཝ་ཨཱ་ཀ་ར་ཙནྡྲ། ཨ་མོ་གྷ་བཛྲ། ལོ་ཙཱ་བ་ཤེས་རབ་བླ་མ། སྲས་དགེ་འདུན་བཟང་པོ། དེའི་སྲས་གཅེན་གཙང་འོད། གཅུང་རྡོ་རྗེ་རྩེ་མོ། དེའི་དབོན་པོ་དིབ་རིལ་བ་ཉི་མ་འོད། དེའི་སྲས་ཨཱརྻ་དེ་ཝ། ཀློག་སྐྱ་དབང་ཕྱུག་གྲགས་པ་རྣམས་ལས་བརྒྱུད་ནས། འཁྲུལ་འཁོར་གྱི་སྔགས་ཀྱི་རིམ་པ་ལི་ལ་བཛྲས་མཛད་པའི་སྦས་པའི་སྤྱོད་པ་བསྡུས་པ། ཤེས་རབ་བླ་མ་ཉིད་ཀྱིས་མཛད་པའི་ཐིག་གི་ཆོ་ག་ཉི་ཤུ་པ་ལི་ལ་བཛྲས་མཛད་པའི་ལས་ཀྱི་རིམ་པའི་མན་ངག དེ་ཉིད་ཀྱིས་མཛད་པའི་རྣམ་པར་འཕེལ་བ་ཞེས་བྱ་བའི་མན་ངག ཨ་མོ་གྷ་བཛྲས་མཛད་པའི་ཚིགས་སུ་བཅད་པ་བཅུ་པ་དེ་ཉིད་ཀྱིས་མཛད་པའི་ཞི་བའི་སྦྱིན་སྲེག རྒྱས་པའི་སྦྱིན་སྲེག ཡང་སྦྱིན་སྲེག་གི་རྣམ་གཞག དེ་ཝ་ཨཱ་ཀ་ར་ཙནྡྲས་མཛད་པའི་རིམ་པ་བཞིའི་བྱེ་བྲག་བསྟན་པའི་མན་ངག ཀླུའི་བྱང་ཆུབ་ཀྱིས་མཛད་པའི་རོ་སྲེག་གི་ཆོ་ག འཁྲུལ་འཁོར་གྱི་ཆོ་ག་དང༌། ལ་ལི་ཏ་བཛྲས་མཛད་པའི་མཆོད་རྟེན་གྱི་ཆོ་ག་རྒྱས་པ་དང༌། བསྡུས་པ་དང༌། སྲུང་བའི་འཁོར་ལོའི་ཆོ་ག་རྣམས་ཐོས་སོ།།  །།ཡང་པཎྜི་ཏ་བི་བྷཱུ་ཏ་ཙནྡྲ་ལས་བརྒྱུད་དེ་འོངས་པའི་སློབ་དཔོན་ལ་ལི་ཏ་བཛྲས་མཛད་པའི་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་གྱི་ཆོ་ག ཨ་མོ་གྷ་བཛྲས་མཛད་པའི་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་བའི་ཐབས། སློབ་དཔོན་ཡེ་ཤེས་འབྱུང་གནས་སྦས་པས་མཛད་པའི་སྒྲུབ་ཐབས། སློབ་དཔོན་ལ་ལི་ཏ་བཛྲས་མཛད་པའི་མཎྜལ་གྱི་ཆོ་ག་རྣམས་ཐོས་སོ། །ཡང་ཨུརྻན་གྱི་སློབ་དཔོན་པདྨ་སམྦྷ་ཝ་ལས་བྱུང་ཞིང་སོ་སོའི་ལུགས་སུ་གྲགས་པ། སྒྱུ་འཕྲུལ་མཐའ་དག་གི་རྩ་རྒྱུད་དུ་གྱུར་པ། གསང་བའི་སྙིང་པོའི་རྒྱུད། དཀྱིལ་འཁོར་གྱི་ཆོ་ག་དབང་རྡོ་རྗེ་ལས་ཀྱི་རིམ་པ་སྒྲུབ་པའི་ཐབས། སྒྱུ་འཕྲུལ་ལམ་གྱི་རིམ་པ། ཞི་བའི་ལྷ་བུདྡྷ་བཞི་བཅུ་རྩ་གཉིས་ཀྱི་སྒྲུབ་པའི་ཐབས་རིན་པོ་ཆེའི་དྲྭ་བ། ཁྲོ་བོ་ལྔ་བཅུ་རྩ་བརྒྱད་ཀྱི་གྲུབ་པའི་ཐབས་དམ་པ་རྒྱན་ཞེས་བྱ་བ་རྣམས་ཐོས་སོ།།  །།ཡང་སློབ་དཔོན་པདྨ་འབྱུང་གནས་དེ་ཉིད་ལས་བརྒྱུད་པའི་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ་དབང་བསྐུར་ཞུས་ནས། ཕུར་པ་རྩ་ཐུང་དང་དེའི་དཀྱིལ་འཁོར་གྱི་ཆོ་ག་སློབ་དཔོན་དེ་ཉིད་ཀྱིས་མཛད་པ་དང༌། སྒྲུབ་པའི་ཐབས་ཕྲིན་ལས་དང་བཅས་པ་རྣམས་ཐོས་སོ།།  །།བླ་མ་བ་རི་ལོ་ཙཱ་བ། དབུས་པ་ཟི་སྟོན། བླ་མ་གནང༌། གཏུམ་སྟོན་བློ་གྲོས་གྲགས། བླ་མ་ལྷ་རྗེ་ལས་བརྒྱུད་པ། རྡོ་རྗེ་རྣམ་པར་འཇོམས་པའི་རིག་པ་གཏད་པའི་ཆོ་ག་ཞུས་ནས་དེའི་སྒྲུབ་ཐབས་ཡན་ལག་དང་བཅས་པ་ཐོས་སོ།།  །།ཡང་བླ་མ་བ་རི་བ་ནས་བརྒྱུད་པ། བསྲུང་བ་ལྔའི་རིག་པ་གཏད་པའི་ཆོ་ག་ཞུས་ནས་དེའི་སྒྲུབ་ཐབས་ཡན་ལག་དང་བཅས་པ་ཐོས་སོ།།  །།རྒྱལ་བུ་སྤྲིན་གྱི་ཤུགས་ཅན་ལས་བརྒྱུད་པའི་ཕྱག་ན་རྡོ་རྗེ་མཁའ་འགྲོ་སྐོར་དུ་གྲགས་པའི་རིག་པ་གཏད་པའི་ཆོ་ག་ཞུས་ནས་དེའི་སྒྲུབ་ཐབས་ཡན་ལག་དང་བཅས་པ་ཐོས་སོ།།  །།སློབ་དཔོན་ཐམས་ཅད་མཁྱེན་པའི་བཤེས་གཉེན་ལས་འོངས་ཤིང༌། ཅོག་ཀྲུ་ལོ་ཙཱ་བ་མྱ་ངན་མེད་པའི་དཔལ་ཞེས་བྱ་བས་བསྒྱུར་ནས་འབྲིང་མཚམས་པ་ཞང་ལས་བརྒྱུད་པ། སློབ་དཔོན་བརྩོན་འགྲུས་བློ་གྲོས་ལས་ནོས་པ། རྗེ་བཙུན་མ་སྒྲོལ་མའི་བསྟོད་པ། མེ་ཏོག་ཕྲེང་བ་འཛིན་པ་དང༌། དེ་དང་འབྲེལ་པ་ལྷ་ལྔ་སྤྱིའི་སྒྲུབ་ཐབས་དང༌། སོ་སོའི་སྒྲུབ་ཐབས་ལྔ་སོ་སོའི་ལས་ཚོགས་དང་བཅས་པ་ཐོས་སོ།།  །།པཎ་ཆེན་ཤཱཀྱ་ཤྲཱི་དང༌། བི་བྷཱུ་ཏ་ཙནྡྲ་ལས་བརྒྱུད་པ། སློབ་དཔོན་ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱིས་མཛད་པའི་སྒྲོལ་མ་ཕྱག་གཉིས་མའི་སྒྲུབ་ཐབས། འཕགས་པ་དོན་ཡོད་ཞགས་པ་ཕྱག་བཞི་མ། རྟ་མགྲིན། ཨེ་ཀ་ཛ་ཊཱི། གཙུག་ཏོར་གདུགས་དཀར་ཅན་གྱི་གཟུངས་འདོན་ཐབས། སྒྲུབ་ཐབས་སོ་སོའི་ལས་ཚོགས་དང་བཅས་པ་ཐོས་སོ།།  །།ཡང་དག་པར་རྫོགས་པའི་སངས་རྒྱས་ཕྱག་ན་རྡོ་རྗེ། སློབ་དཔོན་ཀན་པ་ཆེན་པོ། རྒྱན་ཀར་མ་རཱུ་པ། ཨ་ཝ་དྷཱུ་ཏཱི་པ། འགྲོ་བཟངས་སྙིང་པོ། ཁ་ཆེ་དགོན་པ་བ། བླ་མ་ཟངས་ཀར་ལོ་ཙཱ་བ། ཁ་ཆེའི་བརྒྱུད་པ་དང༌། ཕྱག་ན་རྡོ་རྗེ། སྤྱོད་མཛད། ཆོས་ཀྱི་རྡོ་རྗེ། ཀུན་ཏུ་བཟང་པོ། འགྲོ་བཟངས་སྙིང་པོ། པཎྜི་ཏ་ཏེ་ཛོ་དེ་ཝ། བླ་མ་ཟངས་ཀར་ལོ་ཙཱ་བ་སྟེ་རྒྱ་གར་གྱི་བརྒྱུད་པའོ།།  །།དེའི་སློབ་མའི་མཆོག་གསུམ་ནི། རྒྱུས་ནག་བདེ་གཤེགས། རྒྱུས་དཀར་སངས་རྒྱས། ལོང་ཚ་སྟོན་ནག་གོ །དེ་གསུམ་ལ་མེན་སྟོན་ཤེས་རབ་རིན་ཆེན་གྱིས་གསན། དེ་ལ་བླ་མ་གཙང་མ་བ། དེ་ལ་བླ་མ་ལྷ་རྗེས་ཞུས་པ་ལས་འོངས་པ། ཕྱག་ན་རྡོ་རྗེ་སློབ་དཔོན་འགྲོ་བཟངས་སྙིང་པོས་མཛད་པའི་མངོན་པར་རྟོགས་པ། གཏོར་མ་སྦྱིན་སྲེག་གི་ཆོ་ག འཁྲུལ་འཁོར་བཅིང་བ། བསྐྲད་པའི་འཁྲུལ་འཁོར་བགེགས་ལ་བསྣུན་པ། ཞི་བའི་ས་གཏེར་གཞུག་པའི་ཆོ་ག འབྱུང་བ་བཞི་དང་འབྲེལ་པའི་ལས་སྦྱོར་བརྒྱད། གཟུངས་རིངས་དང་འབྲེལ་པའི་བསྒོམ་བཟླས། ཕྱིར་བཟློག་གི་ཆོ་ག་སྟེ་ཕྱག་ན་རྡོ་རྗེའི་སྐོར་དང༌། རྣམ་ཐོས་སྲས་བདེ་བྱེད་ཀྱི་རྟོག་པ། དྲག་བྱེད་ཀྱི་རྟོག་པ། ཤུ་རངྒ་ཝརྨས་མཛད་པའི་སྒྲུབ་པའི་ཐབས་གཏོར་མའི་ཆོ་ག་ལས་ཚོགས་དང་བཅས་པ་ཐོས་སོ།།  །།བླ་མ་རྒ་ལོ་ཙཱ་བ་ལས་བརྒྱུད་ཅིང་དགེ་བའི་བཤེས་གཉེན་ཤེས་རབ་དཔལ་ལས་ནོས་པའི་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་རྗེས་གནང་ཞུས་ནས་དེའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་ཐོས་སོ།།  །།ཡང་ལྷ་དབང་ཕྱུག་ཆེན་པོས་མཛད་པའི་རྩིས་ཀྱི་གཙུག་ལག་དབྱངས་འཆར་བ་ཞེས་བྱ་བའི་རྒྱུད་སྟོང་ཕྲག་གཅིག་པ། མན་ངག་དུ་མ་དང་བཅས་པ། བལ་པོའི་པཎྜི་ཏ་མེ་ལ་ཧ་ངུ་ཞེས་བྱ་བ་ལས་ནོས་ཤིང་ལན་ཅིག་ལེགས་པར་བསླབས་སོ།།  །།བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད། ཡེ་ཤེས་ཀྱི་མཁའ་འགྲོ་མ། སློབ་དཔོན་བིརྺ་པ། ཌོམྦི་པ། བི་ར་ཌི་པ། མ་ཏི་གརྦྷ། གཾ་བྷི་ར་མ་ཏི། ནིཥྐ་ལངྐ་བ། དཔྱལ་ལོ་ཙཱ་བ་ཆོས་ཀྱི་བཟང་པོ་རྣམས་ལས་འོངས་པ་རྣལ་འབྱོར་གྱི་དབང་ཕྱུག་རྒ་ལོ་ཞེས་བྱ་བ་ལས་གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཞུས་ནས་སློབ་དཔོན་བིརྺ་པས་མཛད་པའི་གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་སྒྲུབ་ཐབས། ལྷན་སྐྱེས་ཀྱི་སྒྲུབ་པའི་ཐབས། ཕྱོགས་སྐྱོང་བཅུའི་གཏོར་མའི་ཆོ་ག སྒྲུབ་པའི་མཎྜལ་གྱི་ཆོ་ག སློབ་དཔོན་བྱང་ཆུབ་བཟང་པོས་མཛད་པའི་འཁྲུལ་འཁོར་གྱི་ཆོ་ག དུས་བཞི་དང་མཐུན་པའི་འཁྲུལ་འཁོར་གྱི་ཆོ་ག་རྣམས་དང༌། ཡང་པཎྜི་ཏ་དཱ་ན་ཤྲཱི་ལ་དང་དགེ་བའི་བཤེས་གཉེན་འཇམ་དཔལ་གསར་མ་ལས་བརྒྱུད་པ་འཁྲུལ་འཁོར་གྱི་ཆོ་ག་དང་ལས་ཚོགས་ཀྱི་ཆོ་ག་རྒྱས་པ་རྣམས་ཐོས་སོ།།  །།ཡང་རྡོ་རྗེ་འཆང༌། རྡོ་རྗེ་ཕག་མོ། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཡུལ་ཝ་རེནྡྲའི་རྣལ་འབྱོར་པ་སི་རུ་པ། ཡུལ་ར་ཌིའི་སློབ་དཔོན་དབུ་མ་པ་ཏི་དཏྟ། ཤཱནྟིཾ་གུཔྟ། ཙནྡྲ་ཀཱིརྟི། ཝཱ་གཱི་ཤྭ་ར་གུཔྟ། བླ་མ་རྭ་ལོ་ཙཱ་བ་ཆོས་རབ། རྭ་ཡེ་ཤེས་སེང་གེ རྭ་འབུམ་སེང་ལས་ནོས་པའི་སློབ་དཔོན་རྒ་དེ་ཉིད་ལས་རྡོ་རྗེ་ཕག་མོ་ལྷ་སུམ་ཅུ་རྩ་བདུན་མ་དང༌། ལྷ་བཅུ་གསུམ་མ་དང༌། ལྷ་ལྔ་མའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཞུས་ནས། རྡོ་རྗེ་ཕག་མོ་སྔོན་འབྱུང་གི་རྒྱུད། སློབ་དཔོན་དབུ་མ་པ་ཏི་དཏྟས་མཛད་པའི་དཀྱིལ་འཁོར་གྱི་ཆོ་ག་སྒྲུབ་པའི་ཐབས། བླ་མ་རྭ་པས་མཛད་པའི་ལག་ཏུ་བླང་བའི་རིམ་པ་དང་བཅས་པ་ཐོས་སོ།།  །།ཡང་བླ་མ་འབུམ་སེང་ཡན་ཆད་འདྲ་ལ་དེ་ལས་བླ་མ་རྒས་ནོས་པ་ལས། སློབ་དཔོན་ཨ་མོ་གྷ་བཛྲས་མཛད་པའི་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་གྱི་ཆོ་ག སྦྱིན་སྲེག་གི་ཆོ་ག་སློབ་དཔོན་ཤཱནྟི་པས་མཛད་པའི་ཚོགས་ཀྱི་འཁོར་ལོ། སློབ་དཔོན་འཇམ་པའི་དབྱངས་ཀྱི་ཞབས་ཀྱིས་མཛད་པའི་རྡོ་རྗེ་འཇིགས་བྱེད་ཕྱག་གཉིས་པ་སྒྲུབ་པའི་ཐབས། སློབ་དཔོན་དཔལ་འཛིན་གྱིས་མཛད་པའི་གཤིན་རྗེ་དགྲ་ནག་ལྷ་བཅུ་གསུམ་པའི་སྒྲུབ་པའི་ཐབས། དེ་ཉིད་ཀྱི་དཀྱིལ་འཁོར་གྱི་ཆོ་ག་དེ་ཉིད་ཀྱིས་མཛད་པ། གཞོན་ནུ་གདོང་དྲུག་གི་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས་རྣམས་ཐོས་སོ།།  །།ཤམྦྷ་ལའི་རྒྱལ་པོ་དཔལ་སྐྱོང་སེང་གེ་རྣམ་པར་རོལ་པ། སློབ་དཔོན་དུས་ཀྱི་འཁོར་ལོའི་ཞབས་ཆེ་བ། དུས་འཁོར་ཞབས་ཆུང་བ། ཁ་ཆེ་ཟླ་བ་མགོན་པོ། འཕན་ཡུལ་གྱི་སྒོམ་པ་དཀོན་མཆོག་སྲུང༌། འཕན་ཡུལ་གྱི་སྒྲོ་སྟོན་གནམ་བརྩེགས། བླ་མ་ཡུ་མོ། སྲས་ཆོས་ཀྱི་དབང་ཕྱུག ནམ་མཁའ་འོད། གྲུབ་ཐོབ་སེ་མོ་ཆེ། སློབ་དཔོན་འཇམ་གསར་རྣམས་ལས་འོངས་པ། སློབ་དཔོན་རྒ་དེ་ཉིད་ལས་དུས་ཀྱི་འཁོར་ལོའི་འགྲེལ་པ་པདྨོ་ཅན། ཡན་ལག་བཞི་པའི་སྒྲུབ་པའི་ཐབས། དོན་དམ་པའི་བསྙེན་པ། རོ་སྲེག་གི་ཆོ་ག དུས་འཁོར་ལྷན་ཅིག་སྐྱེས་པ་སྒྲུབ་པའི་ཐབས། དུས་འཁོར་གྱི་དཀྱིལ་འཁོར་གྱི་བསྟོད་པ། ཁམས་དྲུག་བསྟན་པ། ཨེ་ཝྃ་བསྒྲུབ་པ། གཟའ་བཅུའི་གསལ་བྱེད་རྣམས་ཐོས་སོ།།  །།སློབ་དཔོན་བིརྺ་པའི་ལུགས་ཀྱི་འཆི་མེད་གྲུབ་པ་གཞུང་ལག་ལེན་དང་བཅས་པ། སངས་རྒྱས་དབོན་སྟོན་ནས་བརྒྱུད་པ་བི་བྷཱུ་ཏཱིའི་ལུགས་ཀྱི་སྦྱོར་དྲུག་དཔྱལ་ནས་བརྒྱུད་པ། ཡུ་མོ་ལུགས་ཀྱི་སྦྱོར་དྲུག་གི་མན་ངག རྭ་བའི་ལུགས་ཀྱི་སྦྱོར་དྲུག་གི་མན་ངག ཤངས་པ་དུ་གུ་བའི་ལུགས་ཀྱི་ཆོས་སྐྱོང་ཕྱག་དྲུག་པའི་སྒྲུབ་ཐབས་ཡན་ལག་དང་བཅས་པ། རྭ་བའི་ལུགས་ཀྱི་པར་བུའི་ཆོ་ག་ཡན་ལག་དང་བཅས་པ་རྣམས་ཐོས་སོ།།  །།བརྟག་པ་གཉིས་པའི་རྒྱ་ཆེར་འགྲེལ་པ་ཇོ་བོ་ནཱ་རོ་ཏ་པས་མཛད་པ། ཆོས་རྗེ་པཎ་ཆེན་ཤཱཀྱ་ཤྲཱི་དང༌། དཔྱལ་ལོ་ཙཱ་བས་བསྒྱུར་ཏེ། དེ་ཉིད་ལས་སློབ་དཔོན་རྒ་ལོས་ནོས་པའི་མན་ངག་འགའ་ཞིག་དང་བཅས་པའང་ཐོས་སོ།།  །།ཆོས་རྗེ་པཎ་ཆེན་ཤཱཀྱ་ཤྲཱི་དང༌། དཔྱལ་ལོ་ཙཱ་བ་ལས་འོངས་པ་རྡོ་རྗེ་ཕག་མོ་ཀུརྨ་པཱ་དའི་བྱིན་རླབས་ཀྱི་བཀའ་ཞུས་ནས་དེའི་སྒྲུབ་པའི་ཐབས་ཡན་ལག་དང་བཅས་པ་ཐོས་སོ།།  །།ཇོ་བོ་ཆེན་པོ་རྗེ་ལྷ་གཅིག་ལས་འོངས་ཤིང་སློབ་དཔོན་རི་ལུང་ཕུགས་པ་ཞེས་བྱ་བ་ལས་ནོས་པའི་ཚོགས་ཀྱི་བདག་པོ་དཀར་པོའི་གཟུངས་སྒྲུབ་པའི་ཐབས་ལས་ཚོགས་དང་བཅས་པ་དང༌། ཚོགས་ཀྱི་བདག་པོ་ཆགས་པའི་རྡོ་རྗེ་ཞེས་བྱ་བ་སྒྲུབ་པའི་ཐབས་ལས་ཚོགས་དང་བཅས་པ་ཐོས་སོ།།  །།བལ་པོའི་པཎྜི་ཏ་ཛ་ཡ་སེ་ན་ཞེས་བྱ་བ་དང༌། ལོ་ཙཱ་བ་དར་མ་ཡོན་ཏན་ཞེས་བྱ་བ་ལས་བརྒྱུད་ཅིང༌། རྗེ་བཙུན་རིན་པོ་ཆེ་དང༌། བླ་མ་ཆོས་ཀྱི་རྗེ་ཉིད་ལས་ནོས་པ། སློབ་དཔོན་རིན་པོ་ཆེ་སྐྱོབ་པ་དཔལ་ཞེས་བྱ་བ་ལས་འཁོར་ལོ་བདེ་མཆོག་གི་བཤད་པའི་རྒྱུད་མཁའ་འགྲོ་རྒྱ་མཚོ་ཞེས་བྱ་བའི་ལུང་བླངས་སོ།།  །།རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ་ནས་ཤྲཱདྡྷཱ་ཀ་ར་ཝརྨའི་བར་སྔར་དང་འདྲ་ལ། དེའི་སློབ་མ་ཁ་ཆེའི་པཎྜི་ཏ་མནྡྲ་ཀ་ལ་ཤ བླ་མ་ཞི་བ་འོད། རྒྱ་སྟོན་སེང་གེ གཉལ་པ་ཉི་མའི་ཤེས་རབ། གནུར་ཉི་མའི་འོད་ཟེར། ཐང་སྟོན་ཇོ་རེག གཉལ་པ་ངོ་རྗེ། སྤུག་སྟོན་དར་རྣམས་ལས་བརྒྱུད་ནས་སློབ་དཔོན་དགེ་བའི་བཤེས་གཉེན་ཉི་མ་དཔལ་ལས། འཕགས་པ་དེ་ཁོ་ན་ཉིད་བསྡུས་པའི་བཤད་པའི་རྒྱུད་ཆེན་པོ་དཔལ་མཆོག་དང་པོ་ཞེས་བྱ་བ་དུམ་བུ་བཞི་པ། སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པའི་འགྲེལ་པ་སྟོང་ཕྲག་ཉི་ཤུ་རྩ་བཞི་པ་དང་བཅས་པ་ཐོས་སོ།།  །།ཆོས་རྗེ་པཎ་ཆེན། པཎྜི་ཏ་སརྦ་ཛྙཱ་ན་ཤྲཱི། སྤུག་སྟོན་དར་ལས་བརྒྱུད་ནས་སློབ་དཔོན་དེ་ཉིད་ལས་བྱ་བའི་རྒྱུད་དམ་ཚིག་གསུམ་བཀོད་པའི་རྒྱུད་ཡོངས་སུ་རྫོགས་པ་ཐོས་སོ། །ཡང་སློབ་དཔོན་ཀླུའི་བྱང་ཆུབ། ཌོམྦི་པ། བི་ར་ཌི་པ། མི་ཏ་པ། ནིཥྐ་ལངྐ་དེ་ཝ། ར་བེནྡྲ། བླ་མ་ཆག་ལོ་ཙཱ་བ་ལས་བརྒྱུད་ནས་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་ཉི་ཤུ་པ་སློབ་དཔོན་ཀླུའི་བྱང་ཆུབ་ཀྱིས་མཛད་པ་ཐོས་སོ།།  །།བྲམ་ཟེ་པཎྜི་ཏ་ནག་པོ་ཞབས། བླ་མ་འགོས་ལོ་ཙཱ་བ། ངབ་མི་བྱང་ཆུབ་རྒྱལ་མཚན། རྒྱ་ནམ་མཁའ། ཏྲེ་བོ་ཆོས་བརྩོན། སྤུག་ཇོ་འབུམ། སྤུག་སྟོན་དར་ལས་བརྒྱུད་ནས་གསང་བ་འདུས་པའི་བཤད་པའི་རྒྱུད་རྡོ་རྗེ་ཕྲེང་བ། བྲམ་ཟེ་ནག་པོ་ཞབས་དེ་ཉིད་ཀྱིས་མཛད་པའི་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་ཐོས་སོ།།  །།པཎྜི་ཏ་ཨ་བྷ་ཡཱ་ཀ་ར་གུཔྟ། ཤུ་བྷ་ཀ་ར་གུཔྟ། ཨཱ་ནནྡཱ་ཀ་ར་གུཔྟ། རཏྣ་རཀྵི་ཏ། མ་ཎི་ཀ་ཤྲཱི་ཛྙཱ་ན། བླ་མ་ཆག་ལོ་ཙཱ་བ་ལས་བརྒྱུད་ནས་དཔལ་ཡང་དག་པར་སྦྱོར་བའི་རྒྱུད་རྒྱ་ཆེར་འགྲེལ་པ། མན་ངག་གི་སྙེ་མ་དང༌། པཎྜི་ཏ་ཨ་བྷ་ཡཱ་ཀ་ར་གུཔྟས་མཛད་པའི་དུས་ཀྱི་འཁོར་ལོ་ལ་འཇུག་པ་ཞེས་བྱ་བའི་རྩིས་ཀྱི་བསྟན་བཅོས་ཐོས་སོ།།  །།རྡོ་རྗེ་འཆང༌། ཨོ་ཌྱཱ་ནའི་ཛྙཱ་ན་ཌཱ་ཀི་ནཱི། ཤྲཱི་པེནྡ་བ་ཆེན་པོ། ཤྲཱི་པེནྡ་བ་ཆུང་བ། ཏི་ལོ་པ། ནཱ་རོ་ཏ་པ། རཏྣཱ་ཀ་ར་གུཔྟ། མཉྫུ་ཀཱིརྟི། ས་མནྟ་ཤྲཱི་བྷ་དྲ། རྭ་ལོ་ཙཱ་བ་ཆོས་རབ། རྭ་ཡེ་ཤེས་སེང་གེ ཆོས་ཀྱི་སེང་གེ དཀོན་མཆོག་དཔལ། རྭ་ཤེས་རབ་རྒྱལ་མཚན་རྣམས་ལས་བརྒྱུད་ནས་སློབ་དཔོན་དེ་ཉིད་ལས་མགོན་པོ་སྔོན་འབྱུང་གི་རྒྱུད། དཀྱིལ་འཁོར་གྱི་ཆོ་ག་དངོས་གྲུབ་རིན་ཆེན་འབྱུང་གནས། དེའི་སྒྲུབ་པའི་ཐབས་ལས་ཚོགས་དང་བཅས་པ། སྦྱིན་སྲེག་གི་ཆོ་ག ལས་མཁན་ཞིང་སྐྱོང་གི་སྒྲུབ་པའི་ཐབས། ལེའུ་ཉི་ཤུ་པ་འབངས་ལྟར་སྒྲུབ་པའི་ཐབས་རྣམས་ཐོས་སོ།།  །།རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། ཀུ་ཀུ་རི་པ། ཨིནྡྲ་བྷཱུ་ཏི། བི་མ་ལ་མི་ཏྲ། རྨ་ཨཱ་ཙཱརྻ་རིན་ཆེན་མཆོག ཁུ་སྟོན་བྱང་ཆུབ་འོད། ཅོག་རོ་རྒྱལ་བུ་དམ་པ། ཅོག་རོ་རྒྱལ་བའི་ཡོན་ཏན། པེ་ཉ་ཡོན་ཏན་བཟང་པོ། ཅོག་རོ་བྱང་ཆུབ་འབྱུང་གནས། ཟ་རིད་ཡེ་ཤེས་འཕགས་པ། གནུབས་བླ་ཆེན་བྱང་ཆུབ་སྙིང་པོ། མར་པ་ཡོན་ཏན་ཚུལ་ཁྲིམས། མགར་ཚུལ་ཁྲིམས་བཟང་པོ། རོང་ཟོམ་ཆོས་ཀྱི་བཟང་པོ། རོང་སྟོན་འབུམ་ལ་འབར། རོང་སྟོན་ཆོས་ཀྱི་རྒྱལ་མཚན། རོང་སྟོན་ཇོ་བཀྲ། རོང་སྟོན་ཀུན་དགའ་རྡོ་རྗེ། རོང་སྟོན་མེ་དཔུང༌། རོང་སྟོན་ཆོས་ཀྱི་བཞད་པ། རྗེ་དམ་པ་ལས་འོངས་པ། སློབ་དཔོན་དེ་ཉིད་ལས་རྣམ་སྣང་སྒྱུ་འཕྲུལ་དྲྭ་བ་ཞེས་བྱ་བའི་རྒྱུད་ཆེན་པོ་ཐོས་སོ།།  །།ཐུབ་པ་ཆེན་པོ། འཕགས་པ་འཇམ་དཔལ། སློབ་དཔོན་ཀླུ་སྒྲུབ། ཀླུའི་བྱང་ཆུབ། ཟླ་བ་གྲགས་པ། སྐལ་ལྡན་གྲགས། འཇམ་དཔལ་གྲགས། ཛཱ་ལནྡྷཱ་རི་པ། སེའུ་རི་པ། ཨ་བྷ་ཡཱ་ཀ་ར་གུཔྟ། ཤུ་བྷཾ་ཀ་ར་གུཔྟ། སོ་མ་ཤྲཱི་བྷ་དྲ། རཱ་ཧུ་ལ་ཤྲཱི་བྷ་དྲ། བླ་མ་ཆག་ལོ་ཙཱ་བ་ལས་བརྒྱུད་ནས་སློབ་དཔོན་དེ་ཉིད་ལས་འཕགས་པ་ཏིང་ངེ་འཛིན་རྒྱལ་པོའི་མདོ། སློབ་དཔོན་འཇམ་དཔལ་གྲགས་པས་མཛད་པའི་འགྲེལ་པ། གྲགས་པའི་ཕྲེང་བ་དང་བཅས་པ་ཐོས་སོ།།  །།ཡང་སློབ་དཔོན་དེ་ཉིད་ལས། དགེ་བའི་བཤེས་གཉེན་རྔོག་བློ་ལྡན་ཤེས་རབ་ཀྱིས་མཛད་པའི་སྤྲིང་ཡིག་བདུད་རྩིའི་ཐིག་ལེ་ཡང་ཐོས་སོ།།  །།ཡང་དགེ་བའི་བཤེས་གཉེན་སྤུག་སྟོན་དང༌། པཎྜི་ཏ་ཐམས་ཅད་མཁྱེན་པ། སྲིན་པོ་རིའི་དགེ་བའི་བཤེས་གཉེན་གཉན་ལ་སོགས་པ་མང་པོ་ལས་དགེ་བའི་བཤེས་གཉེན་སྙ་པ་ཞེས་བྱ་བས་ནོས་ནས་དེ་ཉིད་དང༌། ཡོན་ཏན་དཔལ་ཞེས་བྱ་བ་ལས་སློབ་དཔོན་དགེ་བའི་བཤེས་གཉེན། སྡེ་སྣོད་འཛིན་པ་སྟག་སྟོན་ཤེས་རབ་འོད་ཟེར་ཞེས་བྱ་བ་ལས་ནོས་པ་ལས། ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད། སློབ་དཔོན་རྒྱལ་སྲས་གྲགས་པའི་བཤེས་གཉེན་ཞེས་བྱ་བས་མཛད་པ་དོན་གསལ་ཞེས་བྱ་བ་སྟོང་ཕྲག་བཅོ་བརྒྱད་པ་དང༌། བྱང་ཆུབ་སེམས་དཔའི་སའི་འགྲེལ་པ་སློབ་དཔོན་རྒྱ་མཚོའི་སྤྲིན་ཞེས་བྱ་བས་མཛད་པ་སྟོང་ཕྲག་བཅུ་གཉིས་པ་དང༌། པཉྩ་སྐནྡྷའི་རྒྱ་ཆེར་འགྲེལ་པ་སློབ་དཔོན་བློ་གྲོས་བརྟན་པས་མཛད་པ་བྱེ་བྲག་ཏུ་བཤད་པ་ཞེས་བྱ་བ་སྟོང་ཕྲག་ཕྱེད་དང་གཉིས་དང༌། རྣལ་འབྱོར་ཆེན་པོའི་རྒྱུད་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་ཞེས་བྱ་བ་རྩ་བའི་རྒྱུད། རྒྱུད་ཕྱི་མ། ཕྱི་མའི་ཕྱི་མ་དང་བཅས་པ་དང༌། ཡང་རྣལ་འབྱོར་ཆེན་པོའི་རྒྱུད་རྡོ་རྗེ་བདུད་རྩི་ཞེས་བྱ་བ། སློབ་དཔོན་རབ་ཞི་བཤེས་གཉེན་ཞེས་བྱ་བས་མཛད་པའི་འགྲེལ་པ་དང༌། སྒྲུབ་པའི་ཐབས་དང་བཅས་པ་རྣམས་དང༌། རྣལ་འབྱོར་ཆེན་པོའི་རྒྱུད་སངས་རྒྱས་ཐོད་པ་ཞེས་བྱ་བ་དང༌། དེའི་དཀྱིལ་འཁོར་ལྷ་ཉི་ཤུ་རྩ་ལྔའི་བདག་ཉིད་ཀྱི་སྒྲུབ་པའི་ཐབས་ཡན་ལག་དང་བཅས་པ་རྣམས་ཐོས་སོ།།  །།ཡང་དག་པར་རྫོགས་པའི་སངས་རྒྱས། མགོན་པོ་བྱམས་པ་དང༌། སློབ་དཔོན་ཐོགས་མེད། སློབ་དཔོན་དབྱིག་གཉེན། སློབ་དཔོན་བློ་གྲོས་བརྟན་པ། དེ་ནས་འགའ་བརྒྱུད་ནས་འགའ་ལ་སྤེལ། དེ་ནས་མང་རབ་བརྒྱུད་ནས་ཛི་ན་མི་ཏྲ་དང༌། ཤི་ལེནྡྲ་བོདྡྷི། སྐ་ཅོག་རྣམས་གསུམ། སྦས་རྒྱལ་བའི་ཡེ་ཤེས། གྲུ་མཆོག་གི་ཡེ་ཤེས་སེ་བཙུན་གཞོན་ནུ། གར་མ་ཡོན་ཏན་གཡུང་དྲུང༌། ཁུ་ཆེན་པོ་ལྷ་སྡིངས་པ། རྒྱ་རྒྱལ་བུ་ཚུལ་ལེ། རྭ་ཁྲི་བཟང་འབར། ངུར་སྨྲིག་པ་དར་མ་སྙིང་པོ། ཀོ་བོ་ཡེ་འབྱུང༌། དེ་གཉིས་ཀའི་སློབ་མ་འབན་དཀོན་མཆོག་རྡོ་རྗེ། དེ་ནས་ཐོ་སྟོན་ཀུན་དགའ་རྡོ་རྗེ། འཇད་པ་སྟོན་སྐྱབས། གཞོན་བྱང༌། འཇད་པ་ཇོ་རྩེ། དེའི་སློབ་མ་གཉིས་ཀྱི་ཐ་བེ་གྲགས་བཟངས་ལས། ཀུན་ལས་བཏུས་ཀྱི་འགྲེལ་པ་དང༌། བཤད་སྦྱར་སྤྱི་བོ་ལྷས་པ་དགེ་བཤེས་ཇོ་སྲས་ལ་དོན་གསང༌། ཡང་གཞོན་བྱང་གི་སློབ་མ་ཞང་ཡོན་བྱང༌། དེ་ལས་ཀུན་ལས་བཏུས་ཀྱི་རྩ་བ་གསན་པ་ནི། སློབ་དཔོན་ཞང་མངོན་པ་རིན་ཆེན་རྡོ་རྗེ་ཡིན་ལ། དེ་ལས་ཀུན་ལས་བཏུས་བཤད་པ་དང་བཅས་པ་ཚར་གཅིག ཀུན་ལས་བཏུས་ཀྱི་འགྲེལ་པ། ཐེག་བསྡུས་ཀྱི་འགྲེལ་པ། དགེ་བསྙེན་བཙུན་པས་མཛད་པའི་བཤད་སྦྱར་ཞེས་བྱ་བ་དང༌། དོན་གསང་བ་རྣམ་པར་བཤད་པ་ཞེས་བྱ་བ་སྟེ་ཆོས་ཀྱི་རྣམ་གྲངས་བཞི་ཐོས་སོ། །སངས་རྒྱས་ཤཱཀྱ་ཐུབ་པ། མགོན་པོ་བྱམས་པ། སློབ་དཔོན་ཐོགས་མེད། སློབ་དཔོན་དབྱིག་གཉེན། སློབ་དཔོན་བློ་བརྟན། རིག་པའི་ཁུ་བྱུག དཾཥྚྲ་སེ་ན། བཟང་པོའི་ཞབས། མར་མེ་མཛད་བཟང་པོ། དེ་ཁོ་ན་ཉིད་ཐུགས་སུ་ཆུད་པའི་སྐལ་ལྡན་གངྒཱ་དྷ་ར། ཀན་ཀ་ཤྲཱི། སུ་ཡཱ་ན་ཤྲཱི། ཁ་ཆེ་དགོན་པ་བ། རྣམ་བཤད་མཁན་པོ་སྤྱན་གཅིག་པ། ཁ་ཆེ་དྷརྨ་ཤྲཱི། བ་རེག་ལོ་ཙཱ་བ་རྒྱལ་མཚན། བ་རེག་སྟོན་སྐྱབས། སློབ་དཔོན་དགའ་བ་རཱ་ཛཱ། དམ་པ་བཀྲ་ཤིས་རྡོ་རྗེ། འདུལ་འཛིན་ཤེས་རབ་གྲགས་ལས་བརྒྱུད་ནས། སློབ་དཔོན་དགེ་བའི་བཤེས་གཉེན་འབུམ་པ་འོད་ཟེར་ཤེས་རབ་ཅེས་བྱ་བ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་མཛད་པར་གྲགས་པའི་རྒྱ་ཆེར་འགྲེལ་པ་དང༌། སློབ་དཔོན་དཾཥྚྲ་སེན་མས་མཛད་པའི་དཀའ་འགྲེལ་དང་ཁ་ཆེ་སྤྱན་གཅིག་པས་མཛད་པའི་མཚམས་སྦྱོར་གྱི་འགྲེལ་པ་རྣམ་བཤད་དང་བཅས་པ་རྣམས་ཐོས་སོ།།  །།པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་ཀཱིརྟི། རོང་སྟོན་ཆོས་ཀྱི་བཟང་པོ། མངའ་རིས་ཚུལ་དབང་ཤེས་རབ། ལ་སྟོན་དབང་རིན། དམ་པ་བཀྲས་རྡོར། དགེ་བའི་བཤེས་གཉེན་ལུག་དུར་བ། སློབ་དཔོན་སྒོམ་ཡེ། དར་མ་འོད་ཟེར་ལས་བརྒྱུད་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་ཀཱིརྟིས་མཛད་པའི་བསྡུས་དོན་གྱི་འགྲེལ་པ་དང་བཅས་པ་ཐོས་སོ།།  །།བླ་མ་གསེར་གླིང་པ། ཇོ་བོ་ཆེན་པོ་རྗེ་ལྷ་གཅིག འབྲོམ་སྟོན་པ། སྟོང་བཙན་ན་མགོ་བ། འབྲེ་ཤེས་རབ་འབར། ལ་སྟོད་དཀོན་མཆོག་མཁར། ལ་སྟོད་དབང་རིན། དམ་པ་བཀྲས་རྡོར། འདུལ་འཛིན་ཤེས་རབ་གྲགས། ཇོ་སྲས་ར་རྔ་བ། དར་མ་འོད་ཟེར་ལས་བརྒྱུད་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ། འཇམ་དཔལ་གྱིས་ཞུས་པའི་བདུན་བརྒྱ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་བཅུ་པ། ཡི་གེ་ཉུང་ངུ་ཀཽ་ཤི་ཀས་ཞུས་པ་རྣམས་ཐོས་སོ།།  །།གཞུང་འབུམ་ཕྲག་བཅུ་གཉིས་ཀྱིས་མགྲིན་པར་བརྒྱན་པའི་ཁ་ཆེའི་པཎྜི་ཏ་ཛྙཱ་ན་ཤྲཱི། གཉགས་ལོ་ཙཱ་བ། ཁྱུང་པོ་གྲགས་སེང༌། འོར་སྟོན་ལྷའི་དབང་ཕྱུག སོ་སྟོན་ཆོས་ཀྱི་ཤེས་རབ། ཞང་སྟོན་དར་མ་སེང་གེ སྐྱིགས་སྟོན་ཆོས་ཀྱི་མགོན་པོ། དབུས་པ་སངས་རྒྱས་འབུམ་ལས་བརྒྱུད་ནས་ཐེག་པ་ཆེན་པོ་རྒྱུད་བླ་མའི་ཁུངས་སུ་གྱུར་པ་འཕགས་པ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོའི་མདོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བ་རྒྱན་གྱི་མདོ། བུ་མོ་རིན་ཆེན་གྱིས་ཞུས་པའི་མདོ་རྣམས་ཐོས་སོ།།  །།སཱུ་ན་ཡཱ་ཤྲཱི་མི་ཏྲ། དགེ་བཤེས་རྒས་པོ། ཁྱུང་པོ་གྲགས་སེང༌། ལྷ་སྡེ་ཁྱིམ་པ། ཤབ་རྩེ་བྲག་སྐྱེགས། སོ་ཐམས་ཅད་མཁྱེན་པ། སྣ་ནམ་འོར་སྟོན། ཆོས་ཀྱི་སེང་གེ ལྷོ་པ་སྟོན་ཆོས། དབུས་པ་སངས་རྒྱས་འབུམ་ལས་བརྒྱུད་ནས་འཕགས་པ་ལང་ཀར་གཤེགས་པའི་མདོ། དགོངས་པ་ངེས་པར་འགྲེལ་པའི་མདོ། འཇམ་དཔལ་རྣམ་པར་འཕྲུལ་པའི་མདོ། འཇམ་དཔལ་རྣམ་པར་རོལ་བའི་མདོ། འཕགས་པ་བཟང་པོ་སྤྱོད་པའི་མདོ། བུ་མོ་བློ་གྲོས་བཟང་མོས་ཞུས་པའི་མདོ། སློབ་དཔོན་རྒྱན་བཟང་པོས་མཛད་པའི་འགྲེལ་པ་དང་བཅས་པ་རྣམས་ཐོས་སོ།།  །།ཡང་དག་པར་རྫོགས་པའི་སངས་རྒྱས། ཉེ་བར་འཁོར། འོད་སྲུངས། ཀུན་དགའ་བོ། རྩྭ་ཤ་ན་ཀའི་གོས་ཅན། ཉེར་སྦས། ནག་པོ། དྷི་དྷི་ཀ ལེགས་མཐོང༌། ཕྱིར་མི་འོང༌། གློས་མི་འབེབས། ཡོན་ཏན་འོད། ཆོས་ཀྱི་བཤེས་གཉེན། ཤཱཀྱ་འོད། པཎྜི་ཏ་སེང་གེའི་གདོང་པ་ཅན། དྷརྨ་པཱ་ལ། པྲ་ཛྙཱ་པཱ་ལ། ཞང་ཞུང་རྒྱལ་བའི་ཤེས་རབ། དཔལ་རབ་འབྱོར་ཤེས་རབ། ཞིང་མོ་ཆེ་བ་བྱང་ཆུབ་སེང་གེ སྤང་རྩ་བ་རྡོ་རྗེ་སེང་གེ སྟག་པ་པདྨ་གཡུང་དྲུང༌། རྩི་འདུལ་བ་ཐུགས་རྗེ་བྱང་ཆུབ་རྣམས་ལས་བརྒྱུད་དེ་འོངས་པ། སློབ་དཔོན་འདུལ་པ་འཛིན་པ་ཤཱཀྱ་བྱང་ཆུབ་ཅེས་བྱ་བ་ལས། དགེ་སློང་མའི་སོ་སོར་ཐར་པ། དགེ་སློང་གི་ཚིག་ལེའུར་བྱས་པ། བསླབ་པའི་གཞིའི་མདོ་རྣམས་ཐོས་སོ།།  །།བྲམ་ཟེའི་བཙུན་པ་ཡོན་ཏན་འོད། སློབ་དཔོན་ཆོས་ཀྱི་བཤེས་གཉེན། སློབ་དཔོན་ཤཱཀྱ་འོད། པཎྜི་ཏ་སེང་གེའི་གདོང་པ་ཅན། དྷརྨ་རཀྵི་ཏ། ཞང་ཞུང་པ། དཔལ་འབྱོར། ཞིང་ཆེན། སྤང་རྩ་བ། སྟག་པ། རྩི་འདུལ་བ་འཛིན་པ་ལས་བརྒྱུད་ནས་སློབ་དཔོན་དེ་ཉིད་ལས་འདུལ་བ་མདོ་རྩའི་རྒྱ་ཆེར་འགྲེལ་པ། སློབ་དཔོན་ཆོས་ཀྱི་བཤེས་གཉེན་ཀྱིས་མཛད་པ་སྟོང་ཕྲག་ཉི་ཤུ་རྩ་གཅིག་པ། ལས་ཀྱི་ཆོ་ག་སྟོན་པར་བྱེད་པ་ཀརྨ་ཤ་ཏཾ་སུམ་སྟོང་བདུན་བརྒྱ་པ་ཐོས་སོ།།  །།རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་དྷརྨ་པྲ་ཛྙཱ་པཱ་ལ། ཞང་ཞུང་པ་མན་ཆད་སྔ་མ་རྣམས་དང་མཚུངས་པ་ལས་བརྒྱུད་ནས་འདུལ་བ་ལ་བསྟོད་པ། དེའི་འགྲེལ་པ་འདུལ་བ་འཛིན་པ་ལ་བསྟོད་པ། དགེ་སློང་ལ་རབ་ཏུ་གཅེས་པའི་མདོ། ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ། ལྟུང་བ་ལྕེ་ཡང་བསྟན་པའི་མདོ། གཎྜཱིའི་མདོ། འཁར་གསིལ་གྱི་མདོ། འཁར་གསིལ་འཆང་བའི་ཀུན་སྤྱོད་དགེ་སློང་གི་ལོ་དྲི་བ། དགེ་བསྙེན་གྱི་སྡོམ་པ་བརྒྱད་པ། སྡེ་པ་ཐ་དད་པས་བསྡུས་པ་བསྟན་པ། དྲི་བའི་ཚིག་ལེའུར་བྱས་པ་རྣམས་རྒྱ་གར་ནས་འགྱུར་ལ། གཞི་ཀུན་སྤྱོད། སྡེ་ལྔ་ཀུན་སྤྱོད། ཆོ་ག་ཀུན་སྤྱོད་རྣམས་བོད་ཀྱི་འདུལ་བ་འཛིན་པས་སྦྱར་བ་སྟེ་རྣམ་གྲངས་ཉི་ཤུ་རྩ་གཉིས་ཐོས་སོ།།  །།ཡང་སློབ་དཔོན་དགེ་བའི་བཤེས་གཉེན་སྡོམ་བརྩོན་སེང་གེ་ཟིལ་གནོན་ཞེས་བྱ་བ་ལས་སློབ་དཔོན་ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྒྱ་ཆེར་འགྲེལ་པ་པཎྜི་ཏ་ཆེན་པོ་སཱུན་ཡ་ཤྲཱི་མི་ཏྲ་དང༌། དགེ་བའི་བཤེས་གཉེན་གཉན་ལོ་ཙཱ་བས་བསྒྱུར་ནས་རིམ་པ་བཞིན་བརྒྱུད་དེ། དགེ་བའི་བཤེས་གཉེན་གཙང་ནག་པ་ལས། གཙང་རོང་གི་སྔགས་པ་དཔལ་འཛིན་ཞེས་པས་ནོས་པ་དང༌། སོ་སོར་ཐར་པའི་ཚིག་གི་བརྗེད་བྱང་བྱ་བ་སྔོན་གྱི་པཎྜི་ཏ་དཱ་ན་ཤཱི་ལས་མཛད་པར་གྲགས་པ། ལོ་ཙཱ་བ་ཆེན་པོ་ཅོག་རོ་ཀླུའི་རྒྱལ་མཚན་ལས་བརྒྱུད་དེ་རིམ་པ་བཞིན་དུ་འོངས་པ། དུས་ཕྱིས་དབུས་ཀྱི་ཕྱའི་ཡུལ་དུ་བྱུང་བ་རྐ་སྟོན་ཞེས་བྱ་བས་གནང་བ་ཆོས་ཀྱི་རྣམ་གྲངས་གཉིས་ཐོས་སོ།།  །།རྗེ་བཙུན་མ་རྡོ་རྗེ་རྣལ་འབྱོར་མ་ཞལ་གཉིས་མའི་གཞུང༌། དེ་ཁོ་ན་ཉིད་གྲུབ་པའི་འགྲེལ་པ་དངོས་གྲུབ་བརྙེས་པའི་སློབ་དཔོན་པཎྜི་ཏ་བརྩོན་འགྲུས་དཔལ་བཤེས་གཉེན་གྱིས་མཛད་པ། པཎྜི་ཏ་སཱ་དྷུ་ཀཱིརྟི་དང༌། བི་ནཱ་ཡ་ཤྲཱི་དང༌། འབྲས་ཁུད་པ་གོང་མ་ལས་བརྒྱུད་དེ་འོངས་པ། སློབ་དཔོན་འབྲས་ཁུད་པ་ལས་ཐོས་ཤིང༌། བསྲུང་བ་དང༌། གསོ་དཔྱད་ལ་སོགས་པའི་རིག་པ་མང་ཞིག་ཀྱང་མཉན་ནོ། །བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད་པ། ཐ་ག་ན་པ། བྷུ་ཤ་ན་པ། ངག་གི་དབང་ཕྱུག་གྲགས་པ། བི་མེན་ཤཱནྟི་པ། བྷྲིངྒ་ར་པཱ་དཱ། ཤྲདྡྷཱ་ཀ་ར་ཝརྨ། ཇོ་བོ་རིན་ཆེན་བཟང་པོ། སྐྱང་པོ་ཆོས་ཀྱི་བློ་གྲོས། གཅུང་ཞང་ཁྲི། གཉན་པ་སྐྱོགས་སྟོན། ཁུ་འཇི་གཞོན་ནུ་རིན་ཆེན། གཙང་རོང་པ་ཤེས་རབ་གཞོན་ནུ། སློབ་དཔོན་དཀོན་མཆོག་མཁར། གཡག་སྡེ་པ་དབང་ཕྱུག་རིན་ཆེན། ཁམས་སྟོན་ཤཱཀྱ་རིན་ཆེན་རྣམས་ལས་བརྒྱུད་ནས་སློབ་དཔོན་དགེ་བའི་བཤེས་གཉེན་སྡོམ་བརྩོན་དམ་པ་མངོན་པ་བ་དབང་ཕྱུག་བརྩོན་འགྲུས་ལས། འཇམ་པའི་རྡོ་རྗེ་ལྷ་བཅུ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཞུས་སོ། །ཡང་ཆོས་རྗེ་ས་སྐྱ་པ་ཆེན་པོའི་སློབ་མ་ནེ་ཚོ་སྦལ་སྟོན་ལས་བརྒྱུད་པ། བདག་མེད་མ་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་དང༌། ཡང་ཆོས་རྗེ་ས་སྐྱ་པ་ཆེན་པོ་ཉིད་དང༌། སྟག་སོ་བ་ཁུ་དཔོན་ལས་བརྒྱུད་པ་དགེས་པའི་རྡོ་རྗེ་ནས་གླིང་མར་གྲགས་པའི་དབང་བསྐུར་བ་ཞུས་ནས་དེ་དག་གི་སྒྲུབ་པའི་ཐབས་རྣམས་ཀྱང་མཉན་ནོ། །རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། སློབ་དཔོན་ཟླ་བ་པ། ལངྐ་ལི་པ། འབར་བའི་གཙོ་བོ། དགེ་བའི་མགོན་པོ། ཏི་ལོ་པ། ནཱ་རོ་པ། ཕམ་ཐིང་པ། མར་དོ་ལོ་ཙཱ་བ། ཆོས་ཀྱི་དབང་ཕྱུག གཟི་བ་བློ་ལྡན་སེང་གེ སྲས་གཟེ་བ་དོན་གྲུབ་ཡེ་ཤེས། ཁམས་པ་ས་ཕུག་པ་ཤཱཀྱ་རྡོ་རྗེ་རྣམས་ལས་བརྒྱུད་ནས་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་ལྷ་བཅུ་གསུམ་མའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཞུས་སོ། །རྡོ་རྗེ་འཆང༌། རྡོ་རྗེ་རྣལ་འབྱོར་མ། སློབ་དཔོན་རྡོ་རྗེ་དྲིལ་བུ་ཞབས། ལྭ་བ་པ། ཛཱ་ལནྡྷ་ར་བ། ནག་པོ་སྤྱོད་པ་བ། དགེ་བའི་མགོན་པོ། ཏི་ལོ་པ། ནཱ་རོ་པ། ཕམ་ཐིང་བ། མར་དོ་ལོ་ཙཱ་བ་ཆོས་ཀྱི་དབང་ཕྱུག་མན་ཆད་མཚུངས་པ་ལས། འཁོར་ལོ་བདེ་མཆོག་ལྷ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཞུས་ནས། ལྷ་བཅུ་གསུམ་མའི་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས་སློབ་དཔོན་ལྭ་བ་པས་མཛད་པ་དང༌། དཀྱིལ་འཁོར་གྱི་ཆོ་ག་ཐུན་མོང་བ་དང༌། བདེ་མཆོག་ལྷ་ལྔའི་སྒྲུབ་པའི་ཐབས། སློབ་དཔོན་རྡོ་རྗེ་དྲིལ་བུ་ཞབས་ཀྱིས་མཛད་པ་དང༌། དེ་དག་སོ་སོའི་མན་ངག་ཁ་འཐོར་བ་བོད་ཀྱི་བླ་མ་རྣམས་ཀྱིས་སྦྱར་བ་ཅི་རིགས་པ་ཐོས་སོ།།  །།རྗེ་བཙུན་མ་སྒྲོལ་མ། མཁའ་འགྲོ་མ་རྡོ་རྗེ་ལྡན་མ། གྲུབ་པའི་སློབ་དཔོན་ས་ར་ཧེ་ཏ། བི་ནི་ཏ་བྷ་དྲ་པཎྜི་ཏ་སཾ་གྲ་མ་ཤྲཱི། དགེ་བའི་བཤེས་གཉེན་འཇམ་དཔལ་གསར་མ། སློབ་དཔོན་ཁམས་སྟོན་ས་ཕུག་པ་རྣམས་ལས་བརྒྱུད་ནས། ཨོ་ཌྱཱ་ནའི་སྒྲོལ་མ་ལྷ་ཉི་ཤུ་རྩ་ལྔའི་བདག་ཉིད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཞུས་ནས། དེའི་དཀྱིལ་འཁོར་གྱི་ཆོ་ག་སྒྲུབ་པའི་ཐབས་རིགས་གཉིས། རྫོགས་པའི་རིམ་པའི་མན་ངག་རྣམས་ཐོས་སོ། །མཁའ་འགྲོ་མ་གྲུབ་པའི་རྒྱལ་མོའི་མན་ངག ལོ་རོ་རས་ཆུང་པ་ལས་བརྒྱུད་པ། མགོན་པོ་ཚེ་དཔག་ཏུ་མེད་པ་སྒྲུབ་པའི་ཐབས་མན་ངག་དང་བཅས་པའང་དེ་ཉིད་ལ་ཞུས་སོ། །བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ། སྡུད་པ་པོ་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ། རྒྱལ་པོ་རབ་གསལ་ཟླ་བ། དེའི་སློབ་མའི་མཆོག་བཞི་ནི། པད་དཀར་ཡེ་ཤེས། ཡེ་ཤེས་རྡོ་རྗེ། རྒྱལ་བུ་སྒྲ་གཅན་བཟང་པོ། ཉི་མའི་སྙིང་པོའོ། །དེ་བཞི་ཀའི་སློབ་མ་རྒྱལ་རིགས་ས་ར་པ། དེ་ནས་ཀུན་དགའི་སྙིང་པོ། ཏ་ཐཱ་ག་ཏ་བཛྲ་ཤྲདྡྷཱ་ཀ་ར་ཝརྨ། ཇོ་བོ་རིན་ཆེན་བཟང་པོ། ལོ་ཆུང་ལེགས་པའི་ཤེས་རབ། སུམ་སྟོན་ཡེ་ཤེས་འབར། གཉེན་སྟོན་ཚུལ་ཁྲིམས་འབར། ཐོད་པ་དབེན་ཚ་གྲགས། དགེ་བཤེས་ཇོ་ཕུར། གཡག་སྡེའི་ཇོ་བོ་སློབ་དཔོན་ཐོད་པ་འོད་ཟེར་ལས་བརྒྱུད་ནས། གཙང་རོང་གི་སློབ་དཔོན་སྔགས་པ་རྡོ་རྗེ་འཛིན་པ་ཆེན་པོ་ཆོས་ཀྱི་མགོན་པོ་ལས་ཀུན་རིག་རྩ་བའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཞུས་སོ། །རྡོ་རྗེ་འཆང་ཆེན་པོ་ནས་སློབ་དཔོན་ཀུན་དགའ་སྙིང་པོའི་བར་འདྲ་ལ། དེའི་སློབ་མ་ཐ་ག་ན་པ། ངག་གི་དབང་ཕྱུག་གྲགས་པ། བྲམ་ཟེ་རིན་ཆེན་རྡོ་རྗེ། ཁ་ཆེ་ཛྙཱ་ན་ཤྲཱི། བླ་མ་ཟངས་དཀར་ལོ་ཙཱ་བ་གྲགས་པའི་ཤེས་རབ། དེ་ནས་གཉན་སྟོན་ཚུལ་ཁྲིམས་འབར་མན་ཆད་གོང་དང་མཚུངས་པ་ལས་རྣལ་འབྱོར་གྱི་རྒྱུད་འབྱུང་ཞིང༌། བརྒྱུད་པ་གཉིས་ཀའི་དགོངས་པ་ཕྱོགས་གཅིག་ཏུ་བསྡུས་པའི་ཕྱག་ལེན་གྱི་སྒོ་ནས་རྡོ་རྗེ་རྩེ་མོ་རིགས་བསྡུས་ཀྱི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བ་ཞུས་སོ། །ཡང་སློབ་དཔོན་ངག་གི་དབང་ཕྱུག་གི་སློབ་མ། བྷ་མེནྡྲ་ཤཱནྟི། མི་བསྐྱོད་རྡོ་རྗེ། ཤྲདྡྷཱ་ཀ་ར་ཝརྨ། ཇོ་བོ་རིན་ཆེན་བཟང་པོ་མན་ཆད་བརྒྱུད་པ་སྔ་མ་དང་མཚུངས་ལ། ཤཱཀྱ་ཐུབ་པས་གཙོ་བྱས་པའི་ངན་སོང་སྦྱོང་བ་གཙུག་ཏོར་དགུ་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཞུས་ནས་སོ་སོའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་ཆོ་གའི་རིམ་པ་ཡན་ལག་དང་བཅས་པ་རྣམས་ཐོས་སོ།།  །།བཅོམ་ལྡན་འདས་འཇམ་དཔལ་ནས་སློབ་དཔོན་དཀོན་མཆོག་མཁར་གྱི་བར་གོང་དུ་སྨོས་པ་དང་མཚུངས་ལ། དེ་ལ་སློབ་དཔོན་རྡོ་རྗེ་འཛིན་པ་ཆེན་པོ་ཆོས་ཀྱི་མགོན་པོས་གསན་པ་ལས། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པ། འཇམ་དཔལ་ཞལ་གྱི་ལུང༌། དེའི་འགྲེལ་པ་སློབ་དཔོན་སྨན་པའི་ཞབས་ཀྱིས་མཛད་པ། སློབ་དཔོན་ཉིད་ཀྱིས་མཛད་པའི་སྒྲུབ་ཐབས་ཀུན་ཏུ་བཟང་པོ། དེའི་འགྲེལ་པ་སློབ་དཔོན་དཔལ་འབྲས་རྡོ་རྗེས་མཛད་པ། སློབ་དཔོན་མར་མེ་མཛད་བཟང་པོས་མཛད་པའི་དཀྱིལ་འཁོར་གྱི་ཆོ་ག་བཞི་བརྒྱ་ལྔ་བཅུ་པ། དེའི་འགྲེལ་པ་སློབ་དཔོན་རཏྣ་ཀ་ར་ཤཱནྟི་པས་མཛད་པ། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པའི་བདག་གྲུབ་པ་ལ་འཇུག་པ་བྱ་བའི་རིམ་པ་བསྟན་པ་ནོར་ཐམས་ཅད་པ། གསང་བ་འདུས་པའི་རྗེས་སུ་འབྲང་བ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལྷ་བཅུ་དགུའི་སྒྲུབ་པའི་ཐབས་ཇོ་བོ་ཆེན་པོ་རྗེས་མཛད་པ། མི་བསྐྱོད་རྡོ་རྗེ་ལྷ་དགུའི་སྒྲུབ་པའི་ཐབས་སློབ་དཔོན་རིན་ཆེན་རྡོ་རྗེས་མཛད་པ། དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོའི་འགྲེལ་པ་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱི་དགོངས་པ་བཞིན་བཀྲལ་བ། སློབ་དཔོན་རྒྱལ་བས་བྱིན་གྱིས་མཛད་པ། ཛ་ཡན་དུ་གྲགས་པ་རྣམས་ཐོས་ལ། ཚར་གཅད་པ་རྗེས་སུ་འཛིན་པ་དང་འབྲེལ་པའི་མན་ངག་གི་རིམ་པ་འགའ་ཞིག་ཀྱང་ཐོས་སོ།།  །།རྒྱ་གར་གྱི་པཎྜི་ཏ་ཀན་ཀ་ཝརྨ། པ་ཚབ་ལོ་ཙཱ་བ། རྨ་བྱ་བྱང་ཡེ། རྨ་བྱ་བྱང་བརྩོན། རྐྱང་འདུར་བ། ཆོས་བརྩོན། དགོ་ཕུ་བ་བློ་ལྡན་ནས་བརྒྱུད་ནས་སློབ་དཔོན་དགེ་བའི་བཤེས་གཉེན་ལྷ་བཙུན་ལས་རིགས་པ་དྲུག་ཅུ་པའི་འགྲེལ་པ་སློབ་དཔོན་ཟླ་བ་གྲགས་པས་མཛད་པ། སྟོང་ཉིད་བདུན་ཅུ་པ། རྩོད་པ་བཟློག་པ། ཞིབ་མོ་རྣམ་འཐག་གི་འགྲེལ་པ་སློབ་དཔོན་ཉིད་ཀྱིས་མཛད་པ་རྣམས་ཐོས་སོ།།  །།དེ་ལྟར་གང་ལས་བཀའ་དྲིན་ནོས་གྱུར་པའི། །བླ་མ་སློབ་དཔོན་དགེ་བའི་བཤེས་རྣམས་ལ། །མ་གུས་མེད་ཀྱང་སྲི་ཞུ་མ་བགྱིས་པའི། །ནོངས་པ་གང་དེ་བཟོད་པར་གསོལ་ཞིང་མཆིས། །ད་དུང་དུ་ཡང་སངས་རྒྱས་མ་ཐོབ་པར། །ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་ཆོས། །བདག་ལ་མེད་པ་གང་ལ་མཆིས་གྱུར་པ། །དེ་ཀུན་གུས་པའི་ཡིད་ཀྱིས་ལེན་པར་ཤོག །ཐོས་པ་དེ་ཀུན་ཀུན་ནས་འཛིན་པའི་གཟུངས། །རྒྱ་མཚོ་ལྟ་བུ་ཉེ་བར་ཐོབ་གྱུར་ནས། །སྤོབས་པའི་སྤྲིན་ལས་ཆོས་ཀྱི་ཆར་ཕབ་སྟེ། །འགྲོ་བའི་རྣམ་གྲོལ་ལོ་ཐོག་སྨིན་བྱེད་ཤོག །དུས་ཕྱིས་ཐོས་པའི་ཆོས་དང་བླ་མ་བརྒྱུད་པའི་དཀར་ཆག་རིན་ཆེན་གྱིས་བསྐུལ་ནས་འཕགས་པས་ས་མོ་ལུག་གི་ལོ་ཟླ་བ་བཞི་པའི་ཡར་ངོ་ལ་ཅུ་ཤམ་ཧུ་ལ་སོགས་པར་མྱུར་དུ་བྲིས་པའོ།།  །།ལུང་དང་བརྒྱུད་པ་སྣ་ཚོགས་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་ལས་ལུང་དང་རྟོགས་ཆོས་ཀྱི། །ཀླུང་གི་ཚོགས་རྣམས་འབྱུང་བའི་གནས། །སངས་རྒྱས་མ་དྲོས་མཚོར་བཏུད་དེ། །ལུང་དང་བརྒྱུད་པ་སྣ་ཚོགས་བྲི། །དེ་ལ་བདེ་བར་གཤེགས་པའི་བསྟན་པའི་གཞི། སྤྱོད་པ་རྣམ་པར་སྟོན་པར་བྱེད་པ་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ཀྱི་འདུལ་བ་ལུང་དུམ་བུ་བཞི། གཞུང་འབུམ་ཕྲག་གཅིག་ཏུ་འོངས་པ་འདི་ནི་སངས་རྒྱས་བཅོམ་ལྡན་འདས། འོད་སྲུངས་ཆེན་པོ། ཀུན་དགའ་བོ། རྩྭ་ཤ་ན་ཀའི་གོས་ཅན། འཕགས་པ་ཉེར་སྦས། བྷ་ག་ནནྡ་མེ་ཙ་ག པཱུརྞ་རྣམས་དགྲ་བཅོམ་པ་སྟེ་བདུན་ནོ། །སློབ་དཔོན་རྟ་དབྱངས། ཀུ་མཱ་ར་ལ་ཌི། ཤྲཱི་ལ་ཌི། ཧ་རི་བྷ་དྲ། ཤཱུ་ར། བ་སུ་མི་ཏྲ། བ་སུ་ལི། རྒྱ་གར་དབུས་ཀྱི་པཎྜི་ཏ་བདུན་ནོ། །དེ་ནས་ཁ་ཆེའི་སློབ་དཔོན་ནི། སཾ་གྷ་བྷ་དྲ་ཨཱི་ཤྭ་ར། སྐནྡྷ་ལི། སཾ་གྷ་བ་སུ། པཱུརྞ་མི་ཏྲ། དྷརྨ་དཏྟ། བུདྡྷ་དེ་ཝ། དྷ་ར་དཏྟ། འདི་རྣམས་ཁ་ཆེའི་པཎྜི་ཏ་བརྒྱད་དོ། །དེ་ནས་ཁུ་སེན་གྱི་སློབ་དཔོན་ནི། པུཎྱ་སེ་ན། སཾ་གྷ་སེ་ན། པུཎྱཱ་ནནྡ། ཛྙཱ་ན་ཙནྡྲ། ཛྙཱ་ན་སོ་མ། ཨ་ཤོ་ཀ་རཀྵི་ཏ། དྷརྨ་ཀོ་ཥ། དེ་རྣམས་ཁུ་སེན་གྱི་པཎྜི་ཏ་བརྒྱད་དོ། །དེ་ནས་གུ་ཡུར་རྣམས་ནི། དྷརྨ་རཀྵི་ཏ། ཀ་ལྱཱ་ཎ་རཀྵི་ཏ། ཤྲཱི་མ་རྒོ་པ་དེ་ཤ མོཀྵ་རཀྵི་ཏ། ཀ་ལྱཱ་ཎ་བྷ་དྲ། བྷ་ཛི་ཏ་པྲ་བྷཱ་བ། ཨ་མྲྀ་ཏ་ཝརྨ། པྲ་བྷཱ་ཀ་ར་སེ་ན། ཨ་དཱི་ཏྱེ་སེ་ན། མ་རྒོ་པ་དེ་ཤ སཾ་གྷ་སེ་ན། ཤྲཱི་ལ་དཱ་ས། ཡ་ཤ་དཱ་ས། བུདྡྷ་དཱ་ས། ཤཱིཀྵ་བྷ་དྲ། གུ་ཎ་སོ་མ། ཨ་ཤོ་ཀ་མི་ཏྲ། ཤུཀླ་མི་ཏྲ། ཤཱཀྱ་མི་ཏྲ་སྟེ་ཡུ་གུར་གྱི་དགེ་བཤེས་ཉི་ཤུའོ། །དེ་ལ་བོད་ཡུལ་དབུས་ཀྱི་སློབ་དཔོན་དགེ་བའི་བཤེས་གཉེན་སངས་རྒྱས་འབུམ་གྱིས་གསན་པ་ལས་ཆུ་མོ་བྱའི་ལོ་ཟླ་བ་བཞི་པའི་ཚེས་བཅུ་དྲུག་ནས་བརྩམས་ནས་ཟླ་བ་གཉིས་ཀྱི་བར་དུ་འདུལ་བ་འཛིན་པ་ཆོས་ཀྱི་མགོན་པོ་ལ་སོགས་པ་འགས་འདུལ་བ་ཡོངས་སུ་རྫོགས་པ་ཐོས་སོ།།  །།རྡོ་རྗེ་འཆང༌། རྡོ་རྗེ་སྙིང་པོ། ཀླུའི་མཁའ་འགྲོ་མ། སློབ་དཔོན་ཉི་མ་སྦས་པ། བྷཾ་ག་ལ་པ། མངོན་ཤེས་ཅན། རྡོ་རྗེ་གདན་གྱི་ཀྲྀཥྞ་པ། འགོས་ལོ་ཙཱ་བ། རྟ་ནག་གི་མོ་ཡུ་སྒོམ་ཐུང༌། དབུས་པ་སྒོམ་ཆེན། ཞང་སྤང་ཁང་པ། སློབ་དཔོན་དབང་རིན། སློབ་དཔོན་ཤཱཀྱ་རྡོ་རྗེ་ལས་བརྒྱུད་ནས། སློབ་དཔོན་སངས་རྒྱས་འབུམ་ལས། མ་ཧཱ་མཱ་ཡཱའི་འགྲེལ་པ་སློབ་དཔོན་ཤཱནྟི་པས་མཛད་པའི་ཡོན་ཏན་ལྡན་མ། ཀྲྀཥྞ་པས་མཛད་པའི་དྲན་པ་མ་རྣམས་ཐོས་སོ།།  །།པཎྜི་ཏ་ཨ་བྷ་ཡ། ཙཱ་མི་ལོ་ཙཱ་བ། སྟེངས་པ་ལོ་ཙཱ་བ། ཤེལ་དཀར་ལོ་ཙཱ་བ། ཤེས་རབ་སེང་གེ རྒྱ་རྣལ་འབྱོར། ཁམས་པ་ཤཱཀྱ་རྡོ་རྗེ་ལས་བརྒྱུད་ནས། སློབ་དཔོན་སངས་རྒྱས་འབུམ་ལས། དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མ་ཐོས་སོ། །དགེ་བའི་བཤེས་གཉེན་ཐམས་ཅད་མཁྱེན་པ་དང༌། ལྷས་དན་འབག་གི་ཆོས་ཀྱི་མགོན་པོ་ལས་བརྒྱུད་ནས། སློབ་དཔོན་སངས་རྒྱས་འབུམ་ལས་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ཐོས་སོ། །སངས་རྒྱས་བསམ་གཏན་པ་བཅུ་གཉིས། ཝཱ་ར་ཎཱ་སཱིའི་སློབ་དཔོན་རྡོ་རྗེ་གོ་ཆ། ཛ་ཡ་སེ་ན། ཛ་མ་ཏ་ཐཱ། ནོར་བུ་གླིང་པ་བདེ་བའི་རྡོ་རྗེ། ཨུརྻན་པ། སངས་རྒྱས་ཞི་བ། ཁ་ཆེ་ཤྲཱདྡྷཱ་ཀ་ར། ཇོ་བོ་རིན་ཆེན་བཟང་པོ། དཔལ་གྱི་དབང་ཕྱུག ཇོ་བོ་གོང་གནས་པ། ཇོ་བོ་ལྷ་བཙུན། གདོང་སྔོན་པ། ཇོ་བོ་དགེ་བསྙེན། ཁུང་ཕྱག་པ། ཁྱུང་དངོས་གྲུབ། གཡག་སྡེ་བ་དབང་རིན། ཏིང་ངེ་འཛིན་དཔལ་བཟང་པོ། སློབ་དཔོན་རྔོག་རྣམས་ལས་བརྒྱུད་ནས། སློབ་དཔོན་སངས་རྒྱས་འབུམ་ལས་དོན་ཡོད་ཞགས་པའི་ཆོ་ག་ཞིབ་མོའི་རྟོག་པ་ཐོས་སོ།།  །།ཀྲྀཥྞ་པཎྜི་ཏ་ནག་ཚོ་ལོ་ཙཱ་བ། སྤུག་སྟོན་རྒྱ་གར་རྒྱལ་པོ། སྤུག་སྟོན་ཆུང་བ། སྒང་རིན་ཆེན་རྡོ་རྗེ། གཟེ་བ་བློ་ལྡན་སེང་གེ གཟེ་བ་དོན་གྲུབ་སེང་གེ དེའི་སྲས་བྱང་ཆུབ་མགོན་པོ། སློབ་དཔོན་ཁམས་པ་ལས་བརྒྱུད་ནས། སློབ་དཔོན་སངས་རྒྱས་འབུམ་ལས་ཀུ་རུ་ཀུལླེའི་རྟོག་པ་ལྔ་ཐོས་སོ། །སངས་རྒྱས་ནས། བླ་མ་བ་རི་བའི་བར་འདྲ། དེ་ནས་བླ་མ་མར་སྟོན། དན་འབག་གི་གཉན་སྟོན་གྲགས་རྒྱལ། དེའི་དབོན་པོ་གཉན་སྟོན་རིན་ཆེན་གྲགས། གནས་བརྟན་དཀོན་སེང༌། དེའི་སྲས་སློབ་དཔོན་ལྡོག་ལས་བརྒྱུད་པ་དང༌། ཡང་པཎྜི་ཏ་འབུམ་ཕྲག་གསུམ་པ་དང༌། གན་པ་ནས་བརྒྱུད་དེ་འོངས་པ། སློབ་དཔོན་སངས་རྒྱས་འབུམ་ལས་སྟོང་ཆེན་མོ་རབ་ཏུ་འཇོམས་མ། རྨ་བྱ་ཆེན་མོ། སོ་སོར་འབྲང་བ་ཆེན་མོ། བསིལ་བའི་ཚལ་ཆེན་མོ། གསང་སྔགས་རྗེས་སུ་འཛིན་པ་ཆེན་མོའི་མདོ་རྣམས་ཐོས་སོ། །ཇོ་བོ་རིན་ཆེན་བཟང་པོ་དང༌། ལོ་ཆུང་ལེགས་པའི་ཤེས་རབ་ལས་བྱུང་བ། བླ་མ་འགའ་ཞིག་བརྒྱུད་པའི་མཐར། གཙང་ཁང་གི་ཁྲི་སྟོན་མཁན་པོ་གནས་རྙིང་པ། སློབ་དཔོན་ཆོས་ཀྱི་འོད་ཟེར་ལས་བྱུང་བ། སློབ་དཔོན་སངས་རྒྱས་འབུམ་ལས། འཇམ་པའི་དཔལ་ནམ་མཁའ་ལྟར་ཡངས་ཤིང་དྲི་མ་མེད་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཞུས་ནས་དེའི་སྒྲུབ་པའི་ཐབས་ཀྱང་ཐོས་སོ། །རྡོ་རྗེ་འཆང༌། རྡོ་རྗེ་སྙིང་པོ། ཡེ་ཤེས་ཀྱི་མཁའ་འགྲོ་མ། སློབ་དཔོན་ཀླུ་སྒྲུབ། མ་ཏཾ་གི ཏི་ལོ་པ། ནཱ་རོ་པ། མར་པ་ལྷོ་བྲག་པ། རྔོག་ཆོས་ཀྱི་རྡོ་རྗེ། སྲས་མདོ་སྡེ། རང་གླུ་གོང་པ། དེ་གཉིས་ལ་ཡུལ་ལ་སྟོད་གཅུང་པའི་གྲོག་ར་སྲམ་ཕུག་པས་ཞུས། མངའ་རིས་ཀྱི་སྟོན་པ་དཀོན་མཆོག་འབར། རྒྱང་མཁར་ངོ་དམར་གྱི་མཁན་པོ་ཚུལ་ཁྲིམས་སྐྱབས། གདན་ས་མཁན་པོ་ཕག་སྐྱབས། རྒྱང་རོ་གསེར་སྡིངས་ཀྱི་གྲུབ་ཐོབ་སྟོན་གཞོན། མ་ངག་དགེ་སྡིངས་པ་སློབ་དཔོན་ཆོས་ཀྱི་འོད་ཟེར་ལས་བརྒྱུད་ནས། སློབ་དཔོན་སངས་རྒྱས་འབུམ་ལས་རྡོ་རྗེ་གུར་རིགས་བསྡུས་ཀྱི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བ་ཞུས་ནས་དེའི་སྒྲུབ་པའི་ཐབས་ཀྱང་ཐོས་སོ། །སངས་རྒྱས་གྲུབ་པའི་སློབ་དཔོན་སྙིང་པོའི་ཞབས། ཛེ་ཏཱ་རི་བྱང་ཆུབ་བཟང་པོ། ཏིང་ངེ་འཛིན་བཟང་པོ། རྡོ་རྗེ་གདན་པ། བ་རི་ལོ་ཙཱ་བ། མཆིམས་བརྩོན་འགྲུས་སེང་གེ རྒྱ་ཞང་ཕུག་པ། བལ་པོ་དབང་ཕྱུག་མགོན་ལས་བརྒྱུད་ནས། སློབ་དཔོན་སངས་རྒྱས་འབུམ་ལས་ཚེ་དཔག་མེད་ལྷ་དགུའི་དཀྱིལ་འཁོར་དུ་ཚེ་དབང་ཞུས་ནས་ཚེ་དཔག་མེད་ཀྱི་གཟུངས། སློབ་དཔོན་ཛེ་ཏཱ་རིས་མཛད་པའི་སྒྲུབ་པའི་ཐབས་འཆི་མེད་རྔ་སྒྲའི་རྒྱལ་པོའི་གཟུངས་རྣམས་ཐོས་སོ། །འཇམ་དཔལ། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། ཀུན་དགའ་སྙིང་པོ། ཐ་ག་ན་ཤཱནྟི་པ། ཤྲཱདྡྷཱ་ཀ་ར། ཇོ་བོ་རིན་ཆེན་བཟང་པོ། སྐྱང་པ་ཆོས་ཀྱི་བློ་གྲོས། སེ་སྟོན་སྐྱབས་སེ། སྲ་པོ། རོང་པ་དཀོན་མཆོག་མཁར། སྟོན་པ་དབང་རིན། སློབ་དཔོན་ཤཱཀྱ་རྡོ་རྗེ་ལས་བརྒྱུད་ནས། སློབ་དཔོན་སངས་རྒྱས་འབུམ་ལས། ཡེ་ཤེས་ཞབས་ཀྱི་རྗེས་སུ་འབྲང་བ། གསང་བ་འདུས་པ་རྩ་བའི་རྒྱུད་དང༌། སློབ་དཔོན་ཤཱནྟི་པས་མཛད་པའི་འགྲེལ་པ་སྙིམ་པའི་མེ་ཏོག སློབ་དཔོན་དྲི་མེད་སྦས་པས་མཛད་པའི་ལེའུ་བཅུ་བདུན་གྱི་འགྲེལ་པ། དེ་ཉིད་ཀྱི་སློབ་མ། སློབ་དཔོན་ཟླ་བའི་འོད་ཀྱིས་མཛད་པའི་ལེའུ་བཅོ་བརྒྱད་པའི་འགྲེལ་པ་སྟེ་རྒྱན་ཞེས་བྱ་བར་གྲགས་པ་དང༌། སློབ་དཔོན་ཙེ་ལུ་པས་མཛད་པའི་འགྲེལ་པ་རིན་པོ་ཆེའི་ལྗོན་ཤིང་ཞེས་བྱ་བ། ཡེ་ཤེས་ཞབས་ཀྱི་རྗེས་སུ་འབྲང་བ་སྤྱིའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ་དང༌། སྒྲུབ་པའི་ཐབས་ཀུན་ཏུ་བཟང་པོའི་འགྲེལ་པ་སློབ་དཔོན་ཐ་ག་ནས་མཛད་པ་དང༌། གསང་བ་འདུས་པའི་སྒྲུབ་པའི་ཐབས་སློབ་དཔོན་སྨན་པའི་ཞབས་ཀྱིས་མཛད་པ་དངོས་གྲུབ་འབྱུང་བ་ཞེས་བྱ་བ་རྣམས་ཐོས་སོ།།  །།བླ་མ་རྗེ་བཙུན་ཟ་ལུང་གི་དགེ་བཤེས་སྡེ། སློབ་དཔོན་ཁམས་པ་ལས་བརྒྱུད་ནས། སློབ་དཔོན་སངས་རྒྱས་འབུམ་ལས་བརྟག་གཉིས་ཀྱི་འགྲེལ་པ། སློབ་དཔོན་མི་ཐུབ་ཟླ་བས་མཛད་པ་ཀུ་མུ་ཏི་ཐོས་ལ་སྔོན་བླ་མ་ཆོས་རྗེ་ལས་ཀྱང་ཐོས་སོ།།  །།སློབ་དཔོན་པདྨ་ཆུང་བ། ངག་གི་དབང་ཕྱུག་གྲགས་པ། དེ་ཝ་པ། ཀྵི་ཏི་གརྦྷ། ཁུ་ལོ་ཙཱ་བ། རོང་པ་མགར་དགེ འགོས་སྟོན་ཁྲི་བཟང༌། སློབ་དཔོན་དབང་ཚུལ། མཁན་པོ་དབང་རིན། སློབ་དཔོན་ཁམས་པ་ནས་བརྒྱུད་ནས། སློབ་དཔོན་སངས་རྒྱས་འབུམ་ལས་བརྟག་གཉིས་ཀྱི་འགྲེལ་པ་པདྨ་ཅན་ཐོས་སོ། །སློབ་དཔོན་ཤཱནྟི་པ། ལོ་ཙཱ་བ་རིན་ཆེན་གྲགས་པ། འགུར་མོ་བ། གཙང་ནམ་མཁའ་སྟོན་པ་ཐུབ་པ། སློབ་དཔོན་དབང་རིན། སློབ་དཔོན་ཁམས་པ་ལས་བརྒྱུད་ནས། སློབ་དཔོན་སངས་རྒྱས་འབུམ་ལས་མུ་ཏིག་ཕྲེང་བ་ཐོས་སོ། །སློབ་དཔོན་ཤཱནྟི་པ། ལོ་ཙཱ་བ་རིན་ཆེན་གྲགས་པ། འགུར་མོ་བ། བྲམ་ཟེ་ནག་པོ་ཞབས། འགོས་ལོ་ཙཱ་བ། རྟ་ནག་པ་སྒོམ་ཐུང༌། ཤབ་པ་དགེ་བྱང༌། ཞང་སྤང་ཁང་པ། འཁུན་སྟོན་གཞོན། སློབ་དཔོན་དབང་རིན། སློབ་དཔོན་བ་རི་བ་ལས་བརྒྱུད་ནས། སློབ་དཔོན་སངས་རྒྱས་འབུམ་ལས་རིན་པོ་ཆེའི་ཕྲེང་བ་ཐོས་སོ།།  །།བླ་མ་འགོས་ལོ་ཙཱ་བ་ལས་བྱུང་བ། སློབ་དཔོན་ལྡོག་ལས་བརྒྱུད་ནས། སློབ་དཔོན་སངས་རྒྱས་འབུམ་ལས་བརྟག་གཉིས་ཀྱི་འགྲེལ་པ་དྲན་པའི་འབྱུང་གནས་ཐོས་སོ།།  །།སློབ་དཔོན་མི་ཐུབ་ཟླ་བ་དང༌། སློབ་དཔོན་ཨ་བྷ་ཡཱ་ཀ་ར་ནས་བརྒྱུད་དེ་འོངས་པ། སློབ་དཔོན་ཁམས་པ་ལས་གསན་པའི་རྩ་རྒྱུད་ཀྱི་འགྲེལ་པ། རིན་པོ་ཆེའི་ཚོགས་དང༌། ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པའི་རྒྱུད་ཀྱི་འགྲེལ་པ་གཉིས་ཀའི་བཤད་སྦྱར་ཞེས་བྱ་བ་དང༌། ཡང་སློབ་དཔོན་དཔལ་ལྡན་གྲགས་པས་མཛད་པ་རྩ་རྒྱུད་ཀྱི་འགྲེལ་པ་དང༌། དཔའ་བོ་ཡིད་དུ་འོང་བའི་དཀའ་འགྲེལ་ཞེས་བྱ་བ་དང༌། ཡང་མི་ཐུབ་ཟླ་བས་མཛད་པའི་ཡི་གེ་བདུན་པའི་སྒྲུབ་པའི་ཐབས་ཞེས་བྱ་བ་དང༌། ཨ་བྷ་ཡཱ་ཀ་རས་མཛད་པའི་བདེ་མཆོག་གི་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས་འཁྲུལ་སྤོང་ཞེས་བྱ་བ་རྣམས་སློབ་དཔོན་སངས་རྒྱས་འབུམ་ལས་ཐོས་སོ། །སློབ་དཔོན་དྲིལ་བུ་པ། སློབ་དཔོན་ཟླ་བ་པ། ཛཱ་ལནྡྷ་ར། ནག་པོ་པ། དགེ་བའི་མགོན་པོ། ཏི་ལོ་པ། ནཱ་རོ་པ། ཕམ་ཐིང་པ་སྐུ་མཆེད། བླ་མ་མར་སྟོན་ཆོས་ཀྱི་བློ་གྲོས། གཟེ་བ་བློ་ལྡན། གཟེ་བ་དོན་གྲུབ་སེང་གེ གཟེ་བ་བདེ་མཆོག་རྡོ་རྗེ། སློབ་དཔོན་ཁམས་པ་ལས་བརྒྱུད་ནས། སློབ་དཔོན་སངས་རྒྱས་འབུམ་ལས་སློབ་དཔོན་ལཱ་བ་པས་མཛད་པའི་རྩ་རྒྱུད་ཀྱི་འགྲེལ་པ་སྒྲུབ་པའི་ཐབས་ཀྱི་གཏེར་ཞེས་བྱ་བ་དང༌། སློབ་དཔོན་ཨཱརྻ་དེ་ཝས་མཛད་པའི་རྡོ་རྗེ་མཁའ་འགྲོའི་བསྡུས་དོན་གྱི་འགྲེལ་པ། སློབ་དཔོན་ཛཱ་ལནྡྷ་རས་མཛད་པའི་འཁོར་ལོ་སྡོམ་པའི་དེ་ཁོ་ན་ཉིད་གྲུབ་པ་དང༌། སློབ་དཔོན་དཔག་མེད་རྡོ་རྗེས་མཛད་པའི་ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད་སྣང་བ། སློབ་དཔོན་དགེ་བའི་མགོན་པོས་མཛད་པའི་རྣལ་འབྱོར་གྱི་གཏུམ་མོ་དང༌། སློབ་དཔོན་ཀུ་ས་ལི་པས་མཛད་པ། སྙིང་པོའི་དེ་ཁོ་ན་ཉིད་སྣང་བ་དང༌། སློབ་དཔོན་འཇིགས་མེད་གྲགས་པས་མཛད་པ་ལྷན་ཅིག་སྐྱེས་པའི་སྣང་བ་རྣམས་དང༌། རྡོ་རྗེ་ཕག་མོ་ལྷ་ལྔའི་སྒྲུབ་ཐབས་དྲིལ་བུ་པས་མཛད་པ་དང༌། ཕག་མོ་དཀར་མོའི་སྒྲུབ་ཐབས་དྲིལ་བུ་པས་མཛད་པ་དང༌། རྡོ་རྗེ་གནོད་མཛེས་ཀྱི་གྲུབ་ཐབས་པྲ་ཛྙཱ་རཀྵི་ཏས་མཛད་པ་དང༌། ཡི་གེ་བདུན་པའི་སྒྲུབ་ཐབས་མེ་ཏྲཱི་པས་མཛད་པ་དང༌། རྡོ་རྗེ་ཕག་མོའི་སྒྲུབ་ཐབས་ནཱ་རོ་པས་མཛད་པ་དང༌། ཀ་ན་ཀ་ཤྲཱིས་མཛད་པའི་དཔའ་བོ་དྲུག་གི་སྒྲུབ་ཐབས་དང༌། ཀ་ན་ཀ་ཤྲཱིས་མཛད་པའི་དཔའ་མོ་དྲུག་གི་སྒྲུབ་ཐབས་དང༌། ཡང་འཁོར་ལོ་སྡོམ་པའི་འཆི་བ་བསླུ་བའི་སྒྲུབ་ཐབས་པྲ་ཛྙཱ་རཀྵི་ཏས་མཛད་པ་རྣམས་ཏེ་ནམ་མཁའ་ལྡིང་གི་སྒྲུབ་ཐབས་རྣམས་ཐོས་སོ། །ཡང་སློབ་དཔོན་དྲིལ་བུ་པས་མཛད་པར་གྲགས་པ་རིམ་ལྔའི་འགྲེལ་པ་དང༌། མཁའ་འགྲོ་མ་ཀུན་སྤྱོད་ཀྱི་འགྲེལ་པ་ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པ་དང༌། སློབ་དཔོན་ཀ་ལི་ཀ་པས་མཛད་པ་རྡོ་རྗེ་མཁའ་འགྲོའི་སྒྲུབ་པའི་ཐབས་དང༌། བྲམ་ཟེ་ནག་པོ་པས་མཛད་པའི་ཡི་གེ་བདུན་པའི་སྒྲུབ་པའི་ཐབས་དང༌། པྲ་ཛྙཱ་བྷ་དྲས་མཛད་པའི་རྡོ་རྗེ་ཕག་མོ་སྒྲུབ་པའི་ཐབས་དང༌། པཎྜི་ཏ་མན་ཤྲཱིས་མཛད་པའི་དཔའ་བོ་གཅིག་པ་ལུས་ཀྱི་དཀྱིལ་འཁོར་དང་བཅས་པའི་སྒྲུབ་པའི་ཐབས་དང༌། སློབ་དཔོན་བྲམ་ཟེ་བི་ཀཱ་རས་མཛད་པའི་རྗེ་བཙུན་ཧེ་རུ་ཀའི་སྒྲུབ་ཐབས་མདོར་བསྡུས་པ་དང༌། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་མཛད་པ་བདེ་མཆོག་གི་སྒྲུབ་པའི་ཐབས། དེ་ཁོ་ན་ཉིད་ཀྱི་སྙིང་པོ་ཞེས་བྱ་བ་རྣམས་ཐོས་སོ།།  །།སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་བློ་གྲོས་རིན་ཆེན། ས་ར་ཧ། ཀླུ་སྒྲུབ། ཀླུའི་བྱང་ཆུབ། ཛེ་ཏཱ་རི། རྡོ་རྗེ་གདན་པ་ཆེ་བ། ཆུང་བ། བླ་མ་བ་རི་བ། རྗེ་ས་སྐྱ་པ། རྟ་སྟག་སོ་བོ། གཟེ་བ་དོན་གྲུབ་ཡེ་ཤེས། བླ་མ་ཁམས་པ་ལས་བརྒྱུད་ནས། སློབ་དཔོན་སངས་རྒྱས་འབུམ་ལས། ཛམྦྷ་ལའི་མཚན་བརྒྱ་རྩ་པ་གཟུངས་དང་བཅས་པ་དང༌། དེའི་འགྲེལ་པ་སློབ་དཔོན་མི་བསྐྱོད་རྡོ་རྗེས་མཛད་པ་ཐོས་སོ།།  །།སློབ་དཔོན་ཀླུ་སྒྲུབ། མ་ཏང་གི་སྤྱོད་མཛད་ཆོས་ཀྱི་རྡོ་རྗེ། ལྷའི་རིགས་ཀྱི་བློ་གྲོས། ནག་པོ་པ། ཌ་མ་རུ་པ། ཨ་བ་དྷཱུ་ཏཱི། ག་ཡ་དྷ་ར། འགོས་ལོ་ཙཱ་བ། རྟ་ནག་པ་སྒོམ་ཐུང༌། ཞང་པ་ཁང་པ། འཁུན་སྟོན་གཞོན། རི་ལུང་ཕུག་པ་དཀོན་མཆོག་འབར། སློབ་དཔོན་དབང་རིན། སློབ་དཔོན་ཁམས་པ་ལས་བརྒྱུད་ནས། སློབ་དཔོན་སངས་རྒྱས་འབུམ་ལས་རྡོ་རྗེ་གུར་གྱི་འགྲེལ་པ། སློབ་དཔོན་ལྷའི་རིགས་ཀྱི་བློ་གྲོས་ཀྱིས་མཛད་པ་དང༌། རྡོ་རྗེ་གུར་ལེའུ་ལྔའི་འགྲེལ་པ་རྒྱལ་པོ་ཨིནྡྲ་བྷཱུ་ཏིས་མཛད་པ་ཐོས་སོ།།  །།ཡང་སློབ་དཔོན་ཁམས་པ་ལས་བརྒྱུད་ནས། གསང་བ་འདུས་པའི་རྒྱུད་ཕྱི་མའི་འགྲེལ་པ། ནཱ་རོ་པས་མཛད་པར་གྲགས་པ་དང༌། ལྷ་མོ་བཞིས་ཞུས་ཀྱི་འགྲེལ་པ། སློབ་དཔོན་ཡེ་ཤེས་སྙིང་པོས་མཛད་པ། ཇོ་བོ་སྨྲྀ་ཏིས་བསྒྱུར་བ་ཐོས་སོ།།  །།ཇོ་བོ་རྗེ། ནག་ཚོ་ལོ་ཙཱ་བ། རོང་པ་ཕྱག་སོར་བ། སྤེན་ཕུག་པ། ཞང་ཡེ་ཤེས་རྒྱལ་མཚན། གཟེ་བ་དོན་གྲུབ་ཡེ་ཤེས། སློབ་དཔོན་ཁམས་པ་ལས་བརྒྱུད་ནས། སློབ་དཔོན་སངས་རྒྱས་འབུམ་ལས། དམ་ཚིག་གསུམ་བཀོད་པའི་སྒྲུབ་པའི་ཐབས། སློབ་དཔོན་ཀ་རནྡྷིས་མཛད་པ་རྔོག་གིས་བསྒྱུར་བ་ཐོས་སོ།།  །།རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། ཡེ་ཤེས་མཁའ་འགྲོ་མ། སློབ་དཔོན་ཉི་མའི་སྙིང་པོ། མཁའ་འགྲོ་མ་བྷ་མ་ན་ར། དཔལ་ཀུ་ཏུ་རཱུ་པ། གྲུབ་ཐོབ་ཀ་རོ་པ། ཀོ་ར་ནི་རཱུ་པ། ཉང་སྟོན་རྡོ་རྗེ་ཡེ་ཤེས། གཞུ་པ་གཉེན་པ། ཁ་རག་གཙང་སྟོན། སྤྲུལ་སྐུ་རྒྱ་ཞིག དགེ་བཤེས་སྟོན་གཟུངས། སློབ་དཔོན་མགོན་པོ་དཔལ་ལས་བརྒྱུད་ནས། སློབ་དཔོན་སངས་རྒྱས་འབུམ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལྷན་ཅིག་སྐྱེས་པ་བསམ་གྱིས་མི་ཁྱབ་པའི་རྒྱུད་དང༌། རྙོག་པ་མེད་པའི་རྒྱུད། རབ་ཏུ་མི་གནས་པ་བསྟན་པའི་རྒྱུད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་གཉིས་སུ་མེད་པའི་རྒྱུད། མཚན་ཡང་དག་པར་བརྗོད་པ་རྣམས་ཐོས་སོ།།  །།ཇོ་བོ་རྗེ་དང༌། བྷ་དནྡ་དང༌། གཉོས་ལོ་ཙཱ་བ་ནས་བརྒྱུད་ནས། ཀ་བ་ཇོ་འབུམ་དང༌། གཉི་མོ་བ་སེང་གེ་རྒྱལ་མཚན་ལས། སློབ་དཔོན་སངས་རྒྱས་འབུམ་གྱིས་གསན་པའི་རྩ་ལྟུང་རྒྱ་ཆེར་འགྲེལ་པ་ཐོས་སོ།།  །།སངས་རྒྱས་བྱམས་པ། ཐོགས་མེད། དབྱིག་གཉེན། བུདྡྷ་པ་ལི་ཏ། བུདྡྷ་ཛྙཱ་ན། མར་མེ་མཛད་བཟང་པོ། དྲི་མེད་སྦས་པ། རིན་ཆེན་རྡོ་རྗེ། ཤཱནྟི་པ། ཛྙཱ་ན་ཤྲཱི། གཉགས་ལོ་ཙཱ་བ། ཤཱཀྱ་བློ་གྲོས། དགས་ཁྱུང་གཉིས། ལྷ་རྗེ་ཁྱིམ་པ། སོ་ཆོས་ཤེ ལྷོ་པ་ཀུན་མཁྱེན། ཆོས་ཀྱི་བློ་གྲོས། སློབ་དཔོན་རིན་ཆེན་བཟང་པོ་ལས་གསན་ནས་བརྒྱད་སྟོང་པའི་འགྲེལ་པ། སློབ་དཔོན་ཤཱནྟི་པས་མཛད་པའི་སྙིང་པོ་མཆོག ཉི་ཁྲིའི་འགྲེལ་པ་དག་ལྡན་དང༌། ཡང༌། ཨ་བྷ་ཡ། ཤུད་པོ་ལོ་ཙཱ་བ། སོ་ཆོས་ཤེ་དར་མ་སེང་གེ ཆོས་དཔལ། རིན་བཟངས་ལས་བརྒྱུད་ནས། བརྒྱད་སྟོང་པའི་འགྲེལ་པ་ཨ་བྷ་ཡཱ་ཀ་རས་མཛད་པ་གནད་ཀྱི་ཟླ་ཟེར་རྣམས་ཐོས་སོ།།  །།ཇོ་བོ་རྗེ། འབྲོམ་སྟོན་པ། རིན་ཆེན་གསལ། ཡོན་ཏན་གྲགས། རྡོ་རྗེ་འབུམ། རྣམ་མཁྱེན། སློབ་དཔོན་ཆོས་མགོན་པོ་ལས་བརྒྱུད་ནས། སློབ་དཔོན་སངས་རྒྱས་འབུམ་ལས་ཆེད་དུ་བརྗོད་པའི་ཚོམས་ཀྱི་འགྲེལ་པ། ཉན་ཐོས་ཀྱི་སློབ་དཔོན་ཆེན་པོ། པྲ་ཛྙཱ་ཝརྨ་ཞེས་བྱ་བས་ཐོས་སོ། །སློབ་དཔོན་ཐམས་ཅད་མཁྱེན་པའི་བཤེས་གཉེན་ལས་བརྒྱུད་ནས། སློབ་དཔོན་སྟོན་ཆོས་ལས་གསན་པ། ཤེས་རབ་སྙིང་པོའི་འགྲེལ་པ་ཀ་མ་ལ་ཤཱི་ལས་མཛད་པ་ཐོས་སོ། །སློབ་དཔོན་སྟོན་ཆོས་ལས་གསན་པ། སངས་རྒྱས་རྗེས་དྲན་གྱི་འགྲེལ་པ་སློབ་དཔོན་དབྱིག་གཉེན་མཛད་པ་ཐོས་སོ། །ཡང་ལྷ་སའི་སློབ་དཔོན་ལྡོག་ལས་གསན་པའི་ཚུལ་གསུམ་གྱི་སྒྲོན་མ་ཡང་ཐོས་སོ། །ཡང་སློབ་དཔོན་ཆོས་སྟོན་ལས་གསན་པའི་སཱ་ལུ་ལྗང་པ་དང༌། རྡོ་རྗེ་གཅོད་པའི་འགྲེལ་པ་སློབ་དཔོན་ཀ་མ་ལ་ཤྲཱི་ལས་མཛད་པ་ཐོས་སོ། །སངས་རྒྱས། འཇམ་དཔལ། སློབ་དཔོན་སངས་རྒྱས་གསང་བ། ཡན་ལག་མེད་པའི་རྡོ་རྗེ། པཎྜི་ཏ་གྲུབ་པའི་རྡོ་རྗེ། འཇམ་པའི་ང་རོ། དཔེ་མེད་རྡོ་རྗེ། སངྒི་རྡོ་རྗེ། ཁུ་ཡུག་རྡོ་རྗེ། པདྨའི་ཆུང་ངུ་ཞབས། བུདྡྷ་གུཔྟ། དབས་མཉྫུ་ཤྲཱི་དྷརྨ་ཀཱིརྟི། སུམ་སྟོན་ཞུང་བུ་སྟོན་པ། དོན་སྨན་གཡུང་དྲུང་སྙིང་པོ། ཕྱུག་མཚམས། ལྷ་སྙིང་པོ། ཇོ་བོ་ཕ་རྒན། ཁམས་ཀྱི་སུམ་སྐེ་ནག བོངས་བྱིན་ཆུང༌། ར་ཤགས་ཟླ་བ་གཉན། མཆིམས་ཞང་བཙུན། ཕྱུག་མཚམས། མཆིམས་པ། རྗེ་གདོང་སྔོན་པ། ཕར་བན། མཁན་པོ་གཡག་སྡེ་བ་དབང་རིན། ཏིང་ངེ་འཛིན་དཔལ་བཟང་པོ། སློབ་དཔོན་ཇོ་སྲས་རྟོག་བྱའུ་རྒྱལ་ལས་བརྒྱུད་ནས། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་འགྲེལ་པ། སློབ་དཔོན་སངས་རྒྱས་གསང་བས་མཛད་པ་ཐོས་སོ།།  །།སངས་རྒྱས། རྒྱལ་པོ་གྲགས་པ། སློབ་དཔོན་དུས་འཁོར་ཞབས་ཆེ་བ། ཆུང་བ། ཁ་ཆེ་ཟླ་བ་མགོན་པོ། ལྷ་རྗེ་དཀོན་མཆོག་བསྲུངས། སྒྲོ་སྟོན་གནམ་བརྩེགས། བླ་མ་ཡུ་མོ་བ། སྲས་དར་མ་དབང་ཕྱུག སེ་འཇམ། ལྷོ་པ་ཐམས་ཅད་མཁྱེན་པ། སློབ་དཔོན་ལྷོ་པ་ལས་བརྒྱུད་ནས། སློབ་དཔོན་སངས་རྒྱས་འབུམ་ལས། འཇམ་དཔལ་མཚན་བརྗོད་ཕན་ཡོན་དང་བཅས་པའི་འགྲེལ་པ། སློབ་དཔོན་དུས་འཁོར་ཞབས་ཀྱིས་མཛད་པར་གྲགས་པ། ཨ་བྷ་ཡ་བཛྲ་དང༌། རྡོ་རྗེ་རྒྱལ་པོས་བསྒྱུར་བ་ཐོས་སོ།།  །།ལྷོ་པ་ཀུན་མཁྱེན་དང༌། སློབ་དཔོན་སྟོན་ཆོས་ལས་བརྒྱུད་ནས། ལེགས་པར་གྲུབ་པའི་སྒྲུབ་པའི་ཐབས་སློབ་དཔོན་བྱང་ཆུབ་མཆོག་གི་མཛད་པ་དང༌། འདའ་ཀ་ཡེ་ཤེས་ཀྱི་འགྲེལ་པ་སློབ་དཔོན་པྲ་ཛྙཱས་མུ་དྲས་མཛད་པ་རྣམས་ཐོས་སོ། །བླ་མ་ས་སྐྱ་པ་ཡབ་སྲས་དང༌། ཟ་ལུག་གི་དགེ་བཤེས་ལྡེ་བ། སློབ་དཔོན་ཁམས་པ་ལས་བརྒྱུད་ནས། བ་རི་གསེར་ཆོས་སུ་གྲགས་པ་ཐོས་སོ། །ཕག་ལོ་ཟླ་བ་བརྒྱད་པའི་ཚེས་ཉི་ཤུ་བཞི་དང་ལྔ་ལ། འཕགས་པ་འཇམ་དཔལ། སློབ་དཔོན་དགེ་བའི་བཤེས་གཉེན། སངས་རྒྱས་ཡེ་ཤེས་ཞབས། བླ་མ་ནཱ་རོ་པ། སློབ་དཔོན་ཤེས་རབ་བཟང་པོ། རབ་ཏུ་གསང་བ། པཎྜི་ཏ་སུ་བཛྲ། ལོ་ཙཱ་བ་ཤེལ་དཀར་ཆོས་ཀྱི་ཤེས་རབ། རྐང་དབང་ཕྱུག་བློ་གྲོས། མགར་རྡོ་རྗེ་སྙིང་པོ། ཉང་སྟོན་ལྕེ་འབར། རལ་སྟོན་སྙིང་འབར། ཟླ་ཅོག སྐྱ་ཤོད་པ། ལུག་མགོ་བ། རྐྱང་པོ་དར་མ་གྲགས། ཁྲི་སྟོན། ཉང་སྟོད་ཀྱི་མཁན་པོ་གནས་རྙིང་པ། སློབ་དཔོན་ཆོས་ཀྱི་འོད་ཟེར་ལས་བརྒྱུད་ནས། སློབ་དཔོན་སངས་རྒྱས་འབུམ་ལས་ནམ་མཁའ་དྲི་མེད་རིགས་བསྡུས་པའི་དབང་བསྐུར་བ་ཐོས་སོ། །ཚེས་ཉི་ཤུ་བདུན་དང༌། བརྒྱད་ལ་འཇམ་དཔལ། ཡེ་ཤེས་ཀྱི་མཁའ་འགྲོ་མ། སློབ་དཔོན་ལ་ལི་ཏ་བཛྲ། ཨ་མོ་གྷ་བཛྲ་ཆེ་བ། ཨ་མོ་གྷ་བཛྲ་ཆུང་བ། སྐྱོ་འོད་འབྱུང༌། གཙང་ཡང་དག་འབར། དེའི་སྲས་ཡང་དག་རྡོ་རྗེ། རྡོ་རྗེ་རྒྱལ་པོ། གཟེ་བ་དོན་གྲུབ་ཡེ་ཤེས། སློབ་དཔོན་ཁམས་པ་ལས་བརྒྱུད་ནས། སློབ་དཔོན་སངས་རྒྱས་འབུམ་ལས་སྐྱོ་ལུགས་ཀྱི་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་བདུན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཞུས་སོ། །ཟླ་བ་བཅུ་པའི་ཚེས་དགུ་དང༌། དགུ་ལྷག་ལྷག་པ་ལ། དཔལ་རྣམ་པར་སྣང་མཛད་ཆེན་པོ། ཕྱག་ན་རྡོ་རྗེ། བྱང་ཆུབ་སེམས་དཔའ་རྡོ་རྗེ་ཆོས། རྒྱལ་པོ་ཨིནྡྲ་བྷཱུ་ཏི་ཆེ་བ། ཨིནྡྲ་བྷཱུ་ཏི་བར་པ། བི་ན་ཤྲཱི། ཨིནྡྲ་བྷཱུ་ཏི་ཆུང་བ། སློབ་དཔོན་ཀླུ་སྒྲུབ། ཀླུའི་བྱང་ཆུབ། ཆོས་ཀྱི་རྡོ་རྗེ། པདྨ་རྡོ་རྗེ། ཀུན་དགའ་སྙིང་པོ། པྲ་ཛྙཱ་སིདྡྷཿ ཤེས་རབ་བསྐྱངས། མུ་ཏི་དྷ་ཝརྨ། རབ་ཞི་བ་བཤེས་གཉེན། ཤྲདྡྷཱ་ཀ་ར། ཇོ་བོ་རིན་ཆེན་བཟང་པོ། པུ་རངས་ལོ་ཆུང༌། ཟངས་དཀར་འཕགས་པ་ཤེས་རབ། ལངས་སྟོན་ནག མགོ་འབུམ་གྲགས། མགོ་དངོས་གྲུབ་རྒྱལ་མཚན། ཆོས་ཀྱི་རྡོ་རྗེ། མགོ་དངོས་གྲུབ་མགོན་རྣམས་ལས་བརྒྱུད་ནས། སློབ་དཔོན་སངས་རྒྱས་འབུམ་ལས་དཔལ་མཆོག་རིགས་བསྡུས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོས་སོ།།  །།ཚེས་བཅུ་དགུ་ལ། རྡོ་རྗེ་འཇིགས་བྱེད་ལྷ་བཅུ་བདུན་གྱི་སྒྲུབ་ཐབས། མཚན་མ་གྱེན་འགྲེང་གི་མན་ངག རྭ་ལ་སེམས་གཟུང་བའི་མན་ངག གཏོར་མའི་ཆོ་ག་ལ་ལི་ཏས་མཛད་པ་རྣམས་ཐོས་སོ། །འཁྲུངས་ཡུལ་དབུས་ཏེ་གདུང་རུས་དཔེ། ཡབ་འོད་པོ་བཙན། ཡུམ་ཆུང་རྒྱན། སྲས་ཀྱི་མཁན་པོ་ཉ་ར་ཐང་པ་ཤེས་རབ་བྱང་ཆུབ། སློབ་དཔོན་ཤེས་རབ་མགོན། གསང་སྟེ་བ་དར་མ་དབང་ཕྱུག་ལས་བསྙེན་པར་རྫོགས་སོ། །དགུང་སྙིང་ནི་བྱཱ་གྷྲའོ། །ཕྱི་རེས་ས་སྐྱར་འོངས་པའི་དུས་སུ། བླ་མ་རྒ་ལོ་ཙཱ་ལ་གླང་ལོ་དཔྱིད་ཟླ་ར་བ་ལ། དཔལ་ཨ་པ་རཱ་ཛི་ཏའི་སྒྲུབ་ཐབས་ཡན་ལག་དང་བཅས་པ་ཐོས་སོ། །གླང་ལོ་དགུན་ཟླ་ར་བ་ལ་སློབ་དཔོན་སྤྱིལ་ཕུ་བ་ལ། སློབ་དཔོན་བློ་བརྟན་གྱིས་མཛད་པའི་སུམ་ཅུ་པའི་འགྲེལ་པ་དང༌། སློབ་དཔོན་ངོ་བོ་ཉིད་མེད་པས་མཛད་པའི་མདོ་སྡེ་རྒྱན་གྱི་འགྲེལ་བཤད་ཐོས་སོ། །ས་ཕོ་སྟག་གི་ལོ་དཔྱིད་ཟླ་བ་འབྲིང་པོའི་ཡར་ངོ་ལ། སློབ་དཔོན་རྒ་ལོ་ལ་ཛངྒུ་ལའི་གཟུངས་སྒྲུབ་ཐབས་ཡན་ལག་དང་བཅས་པ་དང༌། པརྞ་ཤ་ཝ་རིའི་གཟུངས་སྒྲུབ་ཐབས་ཡན་ལག་དང་བཅས་པ་དང༌། རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་གྱི་གཟུངས་སྒྲུབ་ཐབས་དང་བཅས་པ་ཐོས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*