ཁྲོ་ཕུ་ལོ་ཙྭ་བ་ལ་གདམས་པ།

༼བ༽

༄༅། །ཁྲོ་ཕུ་ལོ་ཙཱ་ལ་གདམས་པ་བཞུགས།།

༄༅། །མཁྱེན་པའི་དཀྱིལ་འཁོར་ལེགས་བཤད་འོད་ཟེར་གྱིས། །གདུལ་བྱའི་བློ་གྲོས་པད་ཚལ་རྒྱས་མཛད་ཅིང༌། །ལྟ་བའི་མུན་ནག་ཚང་ཚིང་རྣམ་སེལ་བ། །སངས་རྒྱས་སྐྱེ་དགུའི་སྒྲོན་ལ་ཕྱག་འཚལ་ལོ། །ཕྱི་ཡི་དབེན་པ་སྤང་བྱའི་གཉེན་པོ་ཡིན། །ནང་གི་དབེན་པ་སེམས་ལ་རག་ལས་པ། །སྡོམ་བརྩོན་ཁྱོད་ཀྱིས་སྲིད་ཞིའི་དགྲ་གཞོམ་ཕྱིར། །གཞན་དོན་བརྩོན་པའི་གོ་ཆ་མནབས་འཚལ་ལོ། །བདག་ཡིད་བླ་མ་སྒྲོན་མ་ལས་བྱུང་བའི། །སྤྲིང་ཡིག་བསིལ་བའི་འོད་ཟེར་རབ་འཕྲོ་བས། །ཁྱེད་ཐུགས་དགྱེས་པའི་ཀུ་མུད་ཚལ་རྒྱས་ནས། །གདུལ་བྱ་ཙ་ཀོར་ཚོགས་རྣམས་ཚིམ་བྱེད་ཤོག །ཁྲོ་ཕུ་ལོ་ཙཱ་བ་ལ་བསྐུར་བའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*