དཔལ་ལྡན་ས་སྐྱའི་རྗེ་བཙུན་གོང་མ་ལྔའི་གསུང་རབ་རིན་པོ་ཆེའི་པར་གྱི་སྒོ་འཕར་འབྱེད་པའི་དཀར་ཆག་འཕྲུལ་གྱི་ལྡེའུ་མིག།

༼བ༽

༄༅། །ཤྲཱིབྷཱུམིཔཎྜརསྱབྷཊྚཱརཀོཏྟརཔཉྩཱནཱཾཔྲཝཙནཾརཏྣསྱམཱཏུཿཀཔཱཊཔུཊཾཔྲབྷེདནསྱཝདྱཾམཱཡཱཡཱཿཀུཉྫིཀོནཱམབིཧརཏིསྨ།།

༄༅། །དཔལ་ས་སྐྱའི་རྗེ་བཙུན་གོང་མ་ལྔའི་གསུང་རབ་རིན་པོ་ཆེའི་པར་གྱི་སྒོ་འཕར་འབྱེད་པའི་དཀར་ཆག་འཕྲུལ་གྱི་ལྡེ་མིག་ཅེས་བྱ་བ་བཞུགས་སོ།།

༄༅། །སྭསྟིབིཛཡནྟུ། ནམཤྲཱིམཱཾསངྒུརུཤྩཱདྷིདེཝཏཱརྻམཉྫུཤྲཱིཀུམཱརབྷཱུཏཱཡཱདརེཎ།།

༄༅། །སྭ་སྟི་བི་ཛ་ཡནྟུ། དཔལ་ལྡན་བླ་མ་དམ་པ་དང་ལྷག་པའི་ལྷ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་གུས་པས་ཕྱག་འཚལ་ལོ།། ༈ སྡེབ་སྦྱོར་མཉམ་པའི་པྲྀཏྟ་ཡི་གེ་བཅུ་བཞི་པ་ནུས་ལྡན་ལ་ངོ་མཚར་རྟོགས་བྱེད་ཀྱི་དགོངས་པས་བགྲངས་པའི་སྤྱིར་གྱི་རྣམ་གྲངས་ཆིག་ཁྲི་དྲུག་སྟོང་སུམ་བརྒྱ་གྱ་བཞི་མཆིས་པ་ལས་ནང་གསེས་གཞུང་གིས་དངོས་སུ་མ་ཟིན་པ་དགུ་བརྒྱ་དང་རེ་དྲུག་པ་ནས་རྙེད་པའི་པྲཱ་སྟཱ་རས་བཅིངས་པའོ།།

༄༅། །གུཎཤྩཀཱརུཎྱཿཨཔརིམིཏཾསཾཾབུཾདྡྷོཾབིནེཡཧིཀླེཤཀྵཡཀརསཱུཀྟཾདྷཾརྨོཾནིཧཱརམཱཁྱཱཤཱསནདྷརཀཱརྻཻསྶཾཾགྷཾཿཔྲཡཙྪཤཱསྟཱམཱརྒསཁིཔརཏྲིཤྲེཡཱཿ

༄༅། །ཡོན་ཏན་ཐུགས་རྗེ་དཔག་ཡས་རྫོགཾས་སཾངས་རྒྱསཾ། །གདུལ་བྱའི་ཉོན་མོངས་སྤོང་བྱེད་ལེགས་གསུངས་ཆོསཾ། །བཤད་བསྒྲུབ་བགྱི་བས་བསྟན་འཛིན་དགེཾ་འདུན་ཏེ། །སྟོན་ལམ་གྲོགས་མཆོག་གསུམ་གྱིས་དགེ་ལེགས་སྩོལ། ༡ །བྱང་ཆུབ་ཐུགས་བསྐྱེད་བསྐལ་སྔོན་ལྷ་ཡི་སྙིང་སྟོབས་ཆེན་པོས་ཚོགས་གཉིས་རྒྱ་མཚོ་བསྲུབས་ལས་སྐྱེས། །མངོན་བྱང་རིམ་པའི་དྭངས་ཤེལ་ལས་གྲུབ་གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོའི་འོད་དཀར་ཅན། །སྲིད་ཞི་གཉིས་མེད་མཁའ་ལ་རབ་བགྲོད་སྣ་ཚོགས་སྤྲུལ་གཟུགས་བྱེ་བ་ཕྲག་བརྒྱས་འགྲོ་ཀུནཾ་གྱི། །ཀུན་མུད་དགཾའ་ཚལ་བྱང་ཆུབ་སྙིངཾ་པོཾའི་འབྲས་བུ་སྨིན་མཛད་བརྩེ་ཆེན་ས་སྐྱ་པ་ལ་འདུད། ༢ །སྦྱིན་སོགས་བསོཾད་ནཾམས་ཡེ་ཤེས་ཚོགས་རྫོགས་འཇམ་དཔལ་རྡོ་རྗེ་སྔོན་གྱི་སྨོན་ལམ་རྗེས་དྲན་ཏེ། །ལྔ་རིག་པཎ་ཆེན་བརྫུ་ལ་ཞུགས་ནས་གངས་ཁྲོད་ཐུབ་བསྟན་སྤེལ་བའི་བྱེད་པོར་གྱུར་ཏོ་ཞེས། །མངོན་ཤེས་མིག་ཡངས་མཁའ་འགྲོའི་ཚོགས་ཀྱིས་ལུང་བསྟན་གླིང་བུ་འབུམ་ཕྲག་བསྒྱུར་ཚེ་འཕགས་ཡུལ་གྱི། །རྡོ་རྗེའི་གདན་བཅས་དོག་པོར་བྱེད་ན་གངས་ཁྲོད་མཁས་པའི་གཙུག་ཏོར་རྩེཾ་མོར་སུ་མི་ལེན། ༣ །སྟུག་པོ་བཀོད་དང་མེ་ཏོག་བརྒྱན་པ་མི་མཇེད་ཞིང་གི་ཇི་སྙེད་སྟོན་པའི་ཡེ་ཤེས་ལས། །རྣམ་པར་འཕྲུལ་ཁྱོད་གང་གསུམ་མི་ཟད་གཏེར་ལ་སྤྱོད་ཀྱང་དཾད་ཅན་སྲིད་པའི་རྒྱ་མཚོ་ལས། །སྒྲོཾལ་བའི་དེད་དཔོན་རྒྱལ་བའི་དགོངས་དོན་ཕྱིན་ཅི་མ་ལོག་ཐབས་དང་ཤེས་རབ་གྲུ་བཟུང་སྟེ། །འགྲོ་ཀུན་རྣམ་གྲོལ་རིན་ཆེན་གླིང་དུ་འདྲེན་མཁས་གྲཾགས་པཾ་ཕྱོགས་ལས་རྣམ་རྒྱལཾ་དགེ་མཚཾན་ཅན། ༤ །རྣམ་འབྱེད་ཤེས་རབ་ཙཀྲ་སྔོན་འགྲོས་བཅུ་ཕྲག་རིག་པའི་རི་གླིང་རྒྱ་མཚོར་བཅས་པ་ཀུཾན། །དབང་གིས་མངའ་མཛད་དྲན་དབང་ཡོངས་ཀྱི་འཁོར་ལོས་སྒྱུར་གང་ལུང་རིགས་མཚོན་ཐོགས་དཔུང་དང་བཅས། །མདོ་རྒྱུད་ཐེག་པའི་ས་དང་མཁའ་ལ་མངོན་པར་རྒྱུ་ཚེ་ཆོས་སྨྲ་དགཾའ་བའི་རྒྱལཾ་མཚཾན་བསྒྲེང༌། །ཆོས་མིན་སྨྲ་བའི་དགྲ་སྡེ་ཡི་མུག་མུན་པར་འཆིང་འདི་དཔཾལ་ལྡན་བཟཾང་པོའི་རྣམ་པར་ཐར། ༥ །བག་ཆགས་བཅས་པའི་སྒྲིབ་ལས་རིང་འཕཾགས་ཐམས་ཅད་གཟིགས་པཾའི་བློཾ་གྲོས་བརྙེས་པས་ཚངས་དབང་སོགས། །འཇིག་རྟེན་ཆེ་བའི་ཐོར་ཚུགས་རྩེ་ན་ཉི་མ་འབུམ་གྱི་དཀྱིལ་ནས་ཕྱུང་ལྟའི་ཁྱོད་ཞབས་ཟུང༌། །གུས་པས་ལེན་ཡང་ཁེངས་པ་བཏང་ནས་རྒྱལ་བ་དགྱེས་པའི་རྨད་བྱུང་མཛད་པས་མཁའ་ཁྱབ་ཀྱི། །སྐྱེ་དགུར་ཕན་བདེ་བསྒྲུབ་པའི་ཡང་བྲན་བསྟན་པའི་རྒྱལ་མཚཾན་དཔལཾ་ལྡན་མཁས་བཙུན་བཟཾང་པོཾར་འདུད། ༦ །རྒྱལ་བའི་བཀའ་དོན་གསལ་བར་བྱེད་པའི་ངག །ཉོན་མོངས་དགྲ་ལས་འཆོས་ཤིང་ངན་འགྲོ་ལས། །སྐྱོབ་པའི་ཡོན་ཏན་ལྡན་པས་ཁྱད་ཞུགས་ཆོས། །རྗེ་བཙུན་རྣམ་ལྔའི་གསུཾང་རཾབ་མི་ཕྱེད་དང༌། ༧ །མཁྱེན་བརྩེའི་མིག་ཐུར་བསྐྱོད་པའི་འཁྲུལ་འཁོར་གྱིས། །འགྲོ་བློའི་རྨོངས་པའི་རབ་རིབ་བསལ་ཏེ་སླར། །རྣམ་གྲོལ་སྣང་བ་སྦྱིན་ནུས་ལྷཾ་བཾབས་ཀྱི། །གདུཾང་རྒྱུདཾ་རིམ་པར་བྱོན་རྣམས་ཕྱག་གི་ཡུལ། ༨ །རྒན་པོའི་ངག་སྒྲོས་བརྐུ་དང་ཆེ་འདོད་གཏམ། །གཡོ་སྒྱུས་གསུང་རབ་གསེབ་ཏུ་མ་སྦས་ཀྱང༌། །ཐུབ་གསུང་ཚད་མས་ལུང་བསྟན་ཨེཾ་ཝྃཾ་པཾ། །ཡབ་སྲས་བརྒྱུད་པར་བཅས་ལ་གུས་བཏུད་ནས། ༩ །འདི་ན་ཡོངས་རྫོགས་བསྟན་པའི་དགོངས་དོན་གཏམ། །ཇི་བཞིན་སྨྲ་བ་རྗེཾ་བཾཙུན་གཾོང་མཾ་ལྔཾའི། །གསུཾང་རཾབ་རིཾན་ཆེཾན་པཾར་གྱིཾ་སྒོཾ་འཕཾར་འབུམ། །འབྱེཾད་པཾའི་དཀཾར་ཆཾག་འཕྲུཾལ་གྱིཾ་ལྡེཾ་མིཾག་བརྩམ། ༡༠ །ཆགས་བྲལ་དམ་པའི་ཆོས་འདིས་བདག་གི་ཡིད། །དབང་མེད་དགུག་ལ་ཁྲེལ་ཏེ་བ་སྤུའི་ཚོགས། །མགོ་བོ་བཏེག་ཅིང་ལས་འདི་འོས་སམ་ཞེས། །སྙན་ཚིག་གད་མོ་ཁོང་ནས་འབྱིན་མིན་ནམ། ༡༡ །ཀུན་མཁྱེན་ཚངས་པའི་བཀས་ཕབ་མདོ་རྒྱུད་ཀླུང༌། །གང་ཐུགས་བདེ་འབྱུང་རལ་པར་བསྐྱེལ་བ་ན། །གཞན་ཕན་སྐལ་ལྡན་ཤིང་རྟའི་དབང་བྱས་ཏེ། །ལུས་ཅན་ངན་འགྲོའི་སྒྲིབ་སྦྱོང་འདི་རྨད་བྱུང༌། ༡༢ །མ་བརྟགས་གྲགས་པ་ཁོ་ནས་ཆོས་འདི་ལ། །ཐུབ་པའི་གསུང་ལྟར་མཁས་རྣམས་དུས་གཅིག་ཏུ། །གུས་པ་མིན་ཡང་མདོ་རྒྱུད་དགོངས་དོན་ཀུན། །མ་ནོར་སྟོན་པའི་གླེགས་བམ་གོ་བས་ཀྱང༌། ༡༣ །འདི་ནི་ཡང་དག་ཆོས་དང་ཆོས་མིན་གྱི། །རིན་ཆེན་ལྕགས་དང་ཕལ་པའི་རྡུལ་གྱི་ཁྱད། །སོ་སོར་འབྱེད་པའི་དཔྱད་གསུམ་རྣམ་དག་གི །བསྟན་བཅོས་ཁབ་ལེན་ཤེས་པའི་འཁྲུལ་འཁོར་ཡིན། ༡༤ །ཁྱད་པར་གཞུག་རིམ་དཀྲུགས་དང་སྐྱེ་རིམ་གྱིས། །བཞུགས་པའི་རྒྱུད་དོ་ཅོག་གི་རྣམ་གཞག་དང༌། །མཚན་དོན་བཤད་ཐབས་མཐའ་དྲུག་ཚུལ་ཆེན་བཞི། །རྒྱན་དང་གསང་བདུན་གསལ་བའི་ལམ་སྲོལ་ཆེ། ༡༥ །སྨྲ་ལ་འཇིགས་བྲལ་རྗེ་བཙུན་ས་སྐྱ་པ། །ཡབ་སྲས་ཁུ་དབོན་རྣམ་ལྔ་ཞེས་གྲགས་པའི། །གཏམ་སྙན་འདི་ནི་ཆུད་དཀའི་དོགས་པ་ཡིས། །བྱེད་པོས་སྟོང་གསུམ་ཡངས་པོར་སྤྲུལ་ལམ་སྙམ། ༡༦ །ཟླ་བས་སྤྲོས་པའི་དུག་དང་ཉིན་བྱེད་ཀྱིས། །བསྐྱེད་པའི་མུན་པ་གངས་ཆུས་བསྲེགས་པའི་གཏམ། །མེད་བཞིན་བཀའ་སྲོལ་འདི་ལ་རང་བཟོའི་སྐྱོན། །མི་འབྱུང་མདོ་རྒྱུད་བསྟན་བཅོས་མཁས་པའི་གཤིས། ༡༧ །ཕྱོགས་ཞེན་ལྤགས་རུལ་གཡོགས་པའི་བརྩམས་ཆོས་རྔ། །རྨོངས་པའི་གྲོང་གསེབ་སྟོང་ཟོག་སྒྲ་བོ་ཆེ། །ལུང་དང་རིགས་པའི་ཉི་མཐོངས་བརྡུངས་པ་ན། །རང་མཚང་སྐད་ངན་འདོན་དང་འདི་མི་འདྲ། ༡༨ །སྲིད་པའི་ཐང་དུ་མི་འདོད་གདུང་བ་བརྒྱས། །གཙེས་ཤིང་ཐར་པའི་ལམ་སྟོར་དུབ་པ་རྣམས། །གྲིབ་མ་བསིལ་ལྡན་འབྲས་བུའི་ཁུར་ལྕི་བའི། །ལྗོན་པ་འདི་རྙེད་འཇིག་རྟེན་སྐལ་བ་སྦོམ། ༡༩ །ཝལ་ཝལ་ཡིད་ལ་བསམ་པའི་འདོད་དགུ་ཀུན། །ལྷུག་ལྷུག་སྩོལ་བའི་ནོར་བུ་ཕྱིར་དོར་ནས། །བྲེལ་བྲེལ་མཆིང་བུའི་ཕྱིར་དུ་རྒྱུག་བྱེད་པའི། །ཚུབ་ཚུབ་དོན་གཉེར་དེ་དག་སྐལ་བ་ཕྲ། ༢༠ །གྲོགས་དང་ཕྱི་ནང་ཤེས་བྱ་ཀུན་སྦྱངས་ནས། །ཐམས་ཅད་གཟིགས་པའི་གོ་འཕང་དོན་གཉེར་ན། །མཚན་ལྡན་དགེ་བའི་བཤེས་བསྟེན་ལེགས་བཤད་ཀྱི། །ནོར་བུའི་བགོ་སྐལ་ད་ལྟ་ལོང་ཤིག་ཀྱེ། ༢༡ །དེ་ལ་རང་རེ་ལྷ་དང་བཅས་པའི་འགྲོ་བ་མ་ལུས་པའི་སྟོན་པ་ཚད་མེད་པའི་ཐུགས་རྗེ་དང་ཡོན་ཏན་མངའ་བ་བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོ་དེ་ཉིད་ཀྱི་རྗེས་སུ་སློབ་ཅིང༌། །རྗེས་སུ་འཇུག་པར་འདོད་པའི་གང་ཟག་བློ་གྲོས་དང་ལྡན་པ་རྣམས་ཀྱིས་གནས་སྐབས་དང་མཐར་ཐུག་གི་ཕན་པ་དང་བདེ་བའི་དགོས་འདོད་ཐམས་ཅད་ཀྱི་འབྱུང་གནས་དམ་པ་ནི་དྲི་མ་མེད་པའི་བཀའ་དང༌། དེའི་དགོངས་དོན་ཕྱིན་ཅི་མ་ལོག་པར་འགྲེལ་པའི་བསྟན་བཅོས་ཀྱི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འདི་དག་ཡིན་པར་ཁོང་དུ་ཆུད་པར་བྱས་ནས། དེ་ཉིད་ངན་རྟོག་འདམ་གྱི་དྲི་མས་མ་སྦགས་པར་བཤད་པ་དང་སྒྲུབ་པའི་རྒྱལ་མཚན་གྱི་རྩེ་མོར་མངའ་གསོལ་ཏེ། །འཇིག་རྟེན་གྱི་ཁམས་འདིར་ཡུན་རིང་དུ་གནས་པའི་ཐབས་ལ་ཉིན་དང་མཚན་དུ་འབད་པ་ནི་དགོས་པ་ཐམས་ཅད་ཀྱི་གཙོ་བོ་ཡིན་ཏེ། ཇི་སྐད་དུ་མདོ་ལས། ཆོས་རྣམས་ཐམས་ཅད་བཀའ་དང་བསྟན་བཅོས་གཉིས་སུ་འདུ། །ལེགས་པར་གསུངས་དང་དེ་ཡི་དགོངས་འགྲེལ་བཅས། །དེ་ཡི་དབང་གིས་ཤཱཀྱའི་བསྟན་པ་འདི། །འཇིག་རྟེན་ཁམས་སུ་ཡུན་རིང་གནས་པར་འགྱུར། །ཞེས་གསུངས་པ་ལྟར་རོ། །དེ་ལས་འདིར་སྐབས་སུ་བབ་པ་གང་ལ་འབད་པར་བྱ་བའི་ཆོས་ནི་བཀའི་དགོངས་དོན་རྣམ་པར་འགྲེལ་པའི་བསྟན་བཅོས་ཡིན་ལ། དེ་རྩོམ་པར་བྱེད་པའི་སློབ་དཔོན་ཡང༌། འཕགས་ཡུལ་དུ་བྱོན་ཞིང་ཡོངས་སུ་གྲགས་པའི་སློབ་དཔོན་ཆེན་པོ་རྣམས་དང༌། གངས་ཅན་གྱི་ལྗོངས་འདིར་བྱོན་ཞིང་ཡོངས་སུ་གྲགས་པའི་སློབ་དཔོན་ཆེན་པོ་གཉིས་ལས་འདི་ཕྱི་མ་ཡིན་ཞིང༌། དེ་ལས་བྱེ་བྲག་ལྷ་མོ་དྲི་མ་མེད་པས་ཞུས་པའི་མདོ་ལས། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ནས་གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་དར་བར་འགྱུར་རོ། །ཞེས་ལུང་བསྟན་པའི་ཡུལ་བོད་གངས་ཅན་གྱི་ཁྲོད་འདིར་མཁས་གྲུབ་ཀྱི་སློབ་དཔོན་མང་དུ་བྱོན་པའི་ནང་ནས་ཡོངས་སུ་གྲགས་པའི་སློབ་དཔོན་ཆེན་པོ། བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོའི་རྒྱལ་ཚབ་ཀྱི་སྐྱེས་བུ་དམ་པ། ལྷ་དང་བཅས་པའི་འགྲོ་བ་མ་ལུས་པའི་གཙུག་གི་ནོར་བུ། རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ། ངེས་པའི་དོན་དུ་རྗེ་བཙུན་འཇམ་པའི་དབྱངས་དང་དབྱེར་མ་མཆིས་པ་དཔལ་ས་སྐྱའི་རྗེ་བཙུན་གོང་མ་རྣམ་པ་ལྔའི་གསུང་རབ་རིན་པོ་ཆེའི་ཆོས་སྦྱིན་པར་དུ་བསྒྲུབས་པའི་དཀར་ཆགས་འཕྲུལ་གྱི་ལྡེ་མིག་ཅེས་བྱ་བ་འདི་ལ་སྤྱི་དོན་གསུམ་སྟེ། ཡིད་ཆེས་བསྐྱེད་པའི་ཆེད་དུ་བསྟན་བཅོས་རྩོམ་པ་པོ་བྱོན་ཚུལ། འཇུག་པ་བདེ་བའི་ཆེད་དུ་བརྩམས་པའི་བསྟན་བཅོས་ངོས་གཟུང་བ། བསྟན་པ་རྒྱས་པའི་ཆེད་དུ་ཆོས་སྦྱིན་པར་དུ་བསྒྲུབས་ཚུལ་ལོ། །དང་པོ་ལ་གསུམ་སྟེ། དགོས་པ་གང་ལ་དམིགས་ནས་བྱོན་ཚུལ། གང་གི་རིགས་ལས་མཆེད་ནས་བྱོན་ཚུལ། བྱོན་ནས་མཛད་པ་ཇི་ལྟར་མཛད་ཚུལ་ལོ། །དང་པོ་ནི། སྤྱིར་འཕགས་པ་ཕྱག་ན་པདྨའི་གདུལ་ཞིང་ཁ་བ་ཅན་གྱི་ལྗོངས་འདིར། སྔོན་གྱི་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་རྣམས་དང༌། ལོ་པཎ་མཁས་གྲུབ་མང་པོའི་དྲིན་ལས། འཕགས་པའི་ཡུལ་ནས་བཀའ་དང་བསྟན་བཅོས་ཕལ་མོ་ཆེ་རྣམས་སྤྱན་དྲངས་ཏེ། དེ་དང་ལྷན་ཅིག་སྡོམ་པ་གསུམ་དང་རྗེས་སུ་འབྲེལ་བའི་ཉན་བཤད་བསྒོམ་གསུམ་གྱི་སྲོལ་ཡང་དག་པ་ཅི་རིགས་པ་ཤིན་ཏུ་དར་བར་གྱུར་ཏོ། །དེ་ནས་རིང་ཞིག་ལོན་པ་ན། འཕགས་པ་སྡུད་པ་ལས། རིན་ཆེན་ཆོས་ཀྱང་དཀོན་ལ་རྟག་ཏུ་འཚེ་བ་མང༌། །ཞེས་གསུངས་པ་ལྟར་གང་ཟག་ཕལ་ཆེར་སྡེ་སྣོད་དང༌། རྒྱུད་སྡེ་དང༌། དེ་དག་གི་དགོངས་འགྲེལ་ཚད་ལྡན་རྣམས་ལ་སྦྱངས་པ་ཆུང་བ་དང༌། འགའ་ཞིག་ནི་རང་ཕྱོགས་རྒན་པོའི་ངག་སྒྲོས་ཙམ་ལ་ཞེན་པ་དང༌། ཁ་ཅིག་ནི་ཚེ་འདིའི་ཁེ་དང་གྲགས་འདོད་སྙིང་ཕུགས་སུ་བཅུག་པའི་ངན་རྟོག་གི་བྱེད་པས། སངས་རྒྱས་ཀྱི་བསྟན་པ་གཟུགས་བརྙན་ཙམ་ལ་སྤྱོད་པར་གྱུར་པ་ན། དེ་དག་ལ་རྗེས་སུ་བརྩེ་བས་རྗེས་སུ་གཟུང་ཞིང༌། རྗེས་སུ་གདམས་པས་ཡང་དག་པའི་ལམ་དུ་བཀྲི་བར་བྱ་བའི་ཕྱིར་དང༌། རྣམ་པར་དཀར་བའི་ཕྲིན་ལས་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་རྒྱལ་བའི་བསྟན་པ་ཉིན་མོར་བྱེད་པའི་དཀྱིལ་འཁོར་ལྟར་ཤིན་ཏུ་གསལ་བར་བྱ་བའི་ཕྱིར་དུ། བསམས་བཞིན་དུ་སྐུའི་སྐྱེ་བ་བཞེས་པའི་དཔལ་ས་སྐྱའི་རྗེ་བཙུན་རྣམ་པ་ལྔ་ཞེས་གྲགས་སྙན་ལྷའི་རྔ་སྒྲས་ཕྱོགས་ཀྱི་ཕ་མཐར་བགྲོད་པ་དེ་དག་འཇིག་རྟེན་དུ་བྱོན་པར་གྱུར་ཏོ། །སྨྲས་པ། སྙིང་རྗེའི་བདག་ཉིད་རང་བདེར་མ་ཆགས་པར། །གཞན་དོན་ཁུར་དུ་ལེན་ཕྱིར་བྱོན་པ་མཚར། །འོན་ཏེ་སྨོན་ལམ་རྗེས་དགོངས་རྒྱལ་བ་རྣམས། །འཇིག་རྟེན་དུས་དྲུག་གཟིགས་པ་གཤིས་མིན་ནམ། །འཁྲུལ་པའི་ལམ་འཕྱན་འགྲོ་ལ་སྙིང་རྗེས་ཐུགས། །འཁྲུགས་ཏེ་བྱོན་པས་ཁྱེད་རྣམས་མི་བསྔགས་ཏེ། །མགོན་མེད་རང་རང་ཕ་མའི་འདུ་ཤེས་ཀྱི། །བརྙས་ཐབས་འདི་ལ་གཏིང་ནས་བཟོད་ལགས་གྲང༌། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་རིགས་རུས་གང་ལས་མཆེད་ནས་བྱོན་ཚུལ་ནི། །སྤྱིར་བོད་དུ་བྲམ་ཟེའི་རིགས་སུ་གསལ་བ་མ་བྱུང་བས། རྒྱལ་རིགས། རྗེའུའི་རིགས། དམངས་རིགས་གསུམ་ལས་ཞང་བློན་རྗེའུའི་རིགས་ཡིན་ཏེ། འདི་ཉིད་ཀྱི་མིའི་གདུང་རབས་ཀྱི་ཐོགས་མ་དཀོན་པ་རྗེ་གུང་སྟག་དུ་གྲགས་པ་དེ་ཉིད་ནས་འཛིན་པར་བཤད། རུས་ནི་བོད་ཀྱི་རུས་ཆེན་བཞི་དང་མིའུ་རིགས་དྲུག་སོགས་ལས་མཆེད་པ་མ་ཡིན་པར། སྔོན་གྱི་དུས་ན་འོད་གསལ་ལྷའི་ནང་དུ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཐུགས་རྗེའི་ཟློས་གར། སྤྱི་རིང་གཡུ་རིང་གཡུ་སེ་སྟེ་གནམ་ལྷ་མཆེད་གསུམ་བྱོན་པ་མི་ཡུལ་དུ་བབ། གཡུ་སེས་མི་རྗེ་མཛད་པས་སྲས་སི་བྱི་ལི་སྤུན་བཞིར་གྲགས་པ་བྱུང༌། དེ་དག་གིས་ལྡོང་རུས་ཆེན་བཅོ་བརྒྱད་དང་འཐབ། དེའི་གྲོགས་སུ་གཅེན་པོ་གཡུ་རིང་གིས་བྱོན་ཏེ་ལྡོང་བཏུལ་ནས་བྲན་དུ་བྱས། གཡུ་རིང་གིས་དམུ་བཟའ་ལྡེམ་བུ་ཁབ་ཏུ་བཞེས་པའི་སྲས་མ་སང་སྤུན་བདུན་དུ་གྲགས་པ་བྱུང་བའི་གཅེན་དྲུག་ཡབ་དང་བཅས་པ་ལྷ་ཡུལ་དུ་གཤེགས། གཅུང་པོ་མ་སང་སྤྱི་རྗེ་བྱ་བ་དེས་མི་ཡུལ་དུ་བཞུགས་ཏེ། དེ་ལས་མཆེད་པ་ནས་བཟུང་སྟེ་མན་ཆད་ཐམས་ཅད་ལ་འོཾད་གསཾལ་ལྷཾའི་གདུང་གི་རྒྱུཾད་པཾར་གྲགས། གདུང་རྒྱུད་དེ་ལས་རིམ་གྱིས་གཡའ་སྤང་སྐྱེས་གཅིག་ཅེས་བྱ་བ་བྱུང་སྟེ། དེས་སྲིན་པོ་སྐྱ་རེངས་ཁྲག་མེད་བཏུལ་ནས། ཆུང་མ་གཡའ་འབྲུམ་སི་ལི་མ་ཁབ་ཏུ་བཞེས་པའི་སྲས་སྲིན་པོ་དང་འཁོན་པའི་བར་དུ་འཁྲུངས་པས་མཚན་འཁོན་པར་སྐྱེས་སུ་གྲགས་ལ། དེ་ནས་བཟུང་སྟེ་མན་ཆད་ཐམས་ཅད་ལ་འཇམ་དབྱངས་འཁོན་གྱི་རིགས་སུ་གྲགས། དེའང་ངེས་པའི་དོན་དུ་སྤང་བྱ་མ་རིག་པའི་དགྲ་དང་འཁོན་པས་ཏེ། གདུང་རྒྱུད་རིན་པོ་ཆེ་རྣམས་ལ་ཕྱག་ཞབས་འཁོར་ལོས་མཚན་པ་དང་སྤྱན་གྱི་རྫི་མ་འཁྲབ་ཚུལ་གཞན་དང་མི་འདྲ་བ་དང༌། མཚན་མོ་འོད་གསལ་ཟླ་བ་ཤར་བ་ལྟ་བུའི་ངང་དུ་སྤྱན་མི་འཛུམས་པར་གཟིམས་པ་ལ་སོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མངའ་བས་སོ། །ཡང་མཁན་ཆེན་ཞི་བ་འཚོས་བོད་ལ་རབ་བྱུང་རུང་མི་རུང་ཉམས་སད་པ་ན་རུང་བར་དགོངས་ནས་གནང་བའི་རབ་ཏུ་བྱུང་བའི་ཐོག་མ། སྒྲ་སྒྱུར་སད་མི་མི་བདུན་གྱི་ནང་ནས་ཤེས་རབ་ཆེ་ཤོས་སུ་གྲགས་པ་འཁོན་ཀླུའི་དབང་པོ་བསྲུངས་པའང་རྒྱུད་པ་འདི་ཉིད་ལས་འཁྲུངས་པ་ཡིན་ནོ། །དེ་ནས་འཁོན་དཀོན་མཆོག་རྒྱལ་པོས་རྡོ་རྗེའི་གདན་གཉིས་པ་དཔལ་ལྡན་ས་སྐྱའི་ཆོས་གྲྭ་ཆེན་པོ་བཏབ་པ་ནས་བཟུང་སྟེ་ལྷཾ་རིཾགས་འཁོཾན་སཾ་སྐྱཾ་པཾ་ཞེས་གྲགས་སོ། །དེ་ལྟར་རྒྱུད་པའི་རིགས་གཅིག་ལ་མཚན་གྱི་རྣམ་གྲངས་གསུམ་དུ་གྲགས་པའི་རིགས་རུས་ཁྱད་པར་དུ་འཕགས་པ་དེ་ཉིད་ལས་འཁྲུངས་པ་ནི་དཔལ་ས་སྐྱ་པ་ཆེན་པོ་ཡབ་སྲས་ཁུ་དབོན་དང་བཅས་པ་འདི་དག་རྣམས་སོ། །སྨྲས་པ། ཕྱི་རུ་ལྷ་རིགས་འཁོན་སྟོན་ས་སྐྱ་པ། ནང་དུ་འཇམ་དབྱངས་མི་བསྐྱོད་ཅོད་པན་ཅན། །གསང་བར་རིགས་བརྒྱ་མཉམ་ཉིད་རྡོ་རྗེ་སེམས། །རིགས་རུས་འདི་འདྲ་གང་ལ་ཡོད་དེ་མཐོ། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གསུམ་པ་བྱོན་ནས་མཛད་པ་ཇི་ལྟར་མཛད་ཚུལ་ལ་གཉིས་ཏེ། དངོས་དང༌། དགོས་པའོ། །དང་པོ་ནི། སྤྱིར་རྗེ་བཙུན་རྣམ་པ་ལྔའི་སྐུ་ཐོགས་གཅིག་གིས་བསྟན་པ་དང་སེམས་ཅན་གྱི་དོན་མཛད་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་ཀྱང་ཅུང་ཟད་རྒྱས་པ་དོན་དུ་གཉེར་ན་སོ་སོའི་རྣམ་ཐར་དུ་གསལ་ཞིང༌། འདིར་དགོས་པའི་དབང་གིས་ཤིན་ཏུ་བསྡུས་པའི་ངག་གིས་ཅུང་ཟད་གླེང་བ་ལ་ལྔ་སྟེ། དང་པོ་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ་ནི། སྐུ་ཚེ་སྔ་མའི་སྐྱེ་བ་ནི་བྱང་ཆུབ་སེམས་དཔའ་སྦྱིན་པ་དཔལ་ཉིད་བར་སྲིད་སྤྱན་རས་གཟིགས་ཁརྶ་པ་ཎའི་སྐུའི་རྣམ་པས་ཡུམ་གྱི་ལྷུམས་སུ་ཞུགས་ཏེ་ཆུ་ཕོ་སྤྲེལ་ལ་སྐུ་འཁྲུངས། ཐུགས་སྦྱངས་པའི་བག་ཆགས་སད་པས་ལུགས་ཀྱི་བསྟན་བཅོས་མཐའ་དག་དང་ཡབ་ལ་མངའ་བའི་ཆོས་རྣམས་ལ་གསན་སྦྱོང་མཛད་པས་མཁས་པར་གྱུར། དགུང་ལོ་བཅུ་གཅིག་པ་ལ་གཟིམས་ཁང་རྙིང་མར་འཇམ་དཔལ་བསྒྲུབས་པས། ཕྱི་དང་ནང་གི་བར་ཆད་བསལ་བ་ལ་སྒྲོལ་མ་དང་མི་གཡོ་བའི་ཞལ་གཟིགས། ཟླ་བ་དྲུག་ནས་འཕགས་པ་འཇམ་དཔལ་གྱིས་ཞལ་མངོན་སུམ་དུ་བསྟན་ཏེ། ཕ་རོལ་ཏུ་ཕྱིན་པའི་ལམ་ཡོངས་སུ་རྫོགས་པར་སྟོན་པའི་ཞེན་པ་བཞི་བྲལ་གྱི་གདམས་པ་སྩལ། དེའི་མོད་ལ་ཤེས་བྱ་ཐམས་ཅད་ལ་མི་འཇིགས་པའི་སྤོབས་པ་བརྙེས། དེ་ནས་བཟུང་སྟེ་མདོ་རྒྱུད་རྒྱ་མཚོའི་ཕ་རོལ་ཏུ་སོན་པའི་མཁས་གྲུབ་མང་པོ་ལས། མངོན་པ་དབུ་ཚད་གསང་སྔགས་ཀྱི་དབང་དང་རྒྱུད་བཤད་མན་ངག་སོགས་དཔག་ཏུ་མེད་པ་གསན། ཁྱད་པར་ལྕགས་ཕོ་བྱི་ལོ་ནས་ལོ་ངོ་བཞིའི་བར་ཞང་སྟོན་ལས་གསུང་ངག་རིན་པོ་ཆེའི་ཆོས་སྐོར་མ་ཚང་བ་མེད་པའི་བཀའ་དྲིན་མནོས། རང་ལོ་ཞེ་བདུན་པ་ས་ཕོ་སྟག་གི་ལོར་རྣལ་འབྱོར་གྱི་དབང་ཕྱུག་གྲུབ་ཆེན་བིརྺ་པ་གཙོ་འཁོར་ལྔའི་ཞལ་གཟིགས་ཏེ། དེ་ཡང་དུས་དེ་ཙམ་ན་རྒྱ་གར་ཡུལ་གྱི་སློབ་དཔོན་ཨ་བྷ་ཡ་ཀ་རའི་སྦྱིན་བདག་རྒྱལ་པོ་ཤིང་རྟ་ཅན་བྱ་བ་ཡོད་དེ། དེ་ལ་གླང་པོ་ཆེ་མང་དུ་ཡོད་པའི་ནང་ནས་གླང་པོའི་མཆོག་ཉི་མ་འཆར་བྱེད་ཅེས་བྱ་བ་ཡོད་པ་སྨྱོ་ནས་མི་དང་སེམས་ཅན་མང་པོ་བསད། རྡོ་རྗེའི་གདན་གྱི་ལྕགས་རི་བསྒྱེལ། གཙུག་ལག་ཁང་མང་པོ་ལའང་གནོད་པ་བྱེད་དུ་བྱུང་བ་ལ། དེ་གདུལ་བའི་ཕྱིར་དུ་རྒྱ་གར་ནུབ་ཕྱོགས་སོ་བ་ནཱ་ཐ་ནས་རྣལ་འབྱོར་དབང་ཕྱུག་བིརྺ་པ་རྡོའི་སྐུ་ལས་བཞེངས་ཏེ་བྱོན་ནས་གླང་པོ་ཆེ་ལ་ཕྱག་གི་ཐལ་མོས་བསྣུན་ནས་བཏུལ་ཏེ་སྨྱོ་བ་ལས་སངས་པར་བྱས། སྐལ་ལྡན་གྱི་འགྲོ་བ་འགའ་ཡང་རྗེས་སུ་བཟུང༌། ཁྱད་པར་རྣམ་པར་དག་པའི་ཕྲིན་ལས་ཀྱི་འཁོར་ལོས་ཇི་སྲིད་བསྐལ་པ་གནས་ཀྱི་བར་དུ། བསྟན་པ་དང་སེམས་ཅན་གྱི་དོན་རྒྱུན་མི་འཆད་པ་འབྱུང་བ་ལ་དགོངས་ཏེ་ཚུར་ལམ་ས་སྐྱར་ཕེབས་ནས་ས་ཆེན་ལ་དམ་ཆོས་སྒོ་སྐྱེལ་གྱི་ཚུལ་དུ་ས་དཀར་པོ་རྒྱབ་ཡོལ་དུ་མཛད། ཡ་གི་མོན་གྲོགས་ནས་མ་གི་འབལ་གྲོགས་གི་བར་སྐྱིལ་ཀྲུང་གིས་ཁྱབ་པར་མཛད་ནས་འདི་རྣམས་ཐམས་ཅད་ང་དབང་གསུང་ངོ༌། །དེའི་ཚེ་ས་སྐྱ་པ་ཆེན་པོའི་ཐུགས་རྒྱུད་ལ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ་འཁྲུངས། ཏིང་ངེ་འཛིན་དེ་ལས་བཞེངས་ནས་ཨ་ལ་ལ་ཏེ་སོགས་ཀྱི་བསྟོད་པ་ཡང་དེ་དུས་མཛད། དེ་ནས་ཟླ་བ་གཅིག་གི་བར་དུ་འཚོ་བ་རྣམས་ཟུར་ནས་བླངས་ཤིང་ཟབ་ཆོས་དཔག་ཏུ་མེད་པ་གསན་ཏེ། དེའང་སྤྱིར་རྒྱུད་སྡེ་བདུན་ཅུ་རྩ་གཉིས་ཀྱི་མན་ངག ཁྱད་པར་ལྕགས་རི་མི་འདའ་བའི་ཟབ་ཆོས་བཞི་ལ་སོགས་པ་སྟེ། མདོར་ན་གསུང་ངག་ཉེ་བརྒྱུད་ཀྱི་གདམས་པ་ཟབ་མོའི་བདུད་རྩི་ངོམས་པར་གསོལ། རང་ལོ་ལྔ་བཅུ་པ་ལྕགས་མོ་བྱ་ལོར་གསུང་ངག་གི་བཀའ་རྒྱ་ལོ་བཅོ་བརྒྱད་ཡོད་པའང་གྲོལ་ཏེ་ཁམས་པ་ཨ་སེང་གིས་ཞུས་པའི་ངོར། གསུང་ངག་གི་ཐོག་མ་བཀའ་སྩལ་ཏེ། གཞུང་བཤད་ཨ་སེང་མར་གྲགས་པ་ཡི་གེར་བཀོད་དེ། དེའང་ལམ་འབྲས་སོགས་མ་གཏོགས་བརྩམས་པའི་བསྟན་བཅོས་རྣམས་ཀྱི་རྐང་གྲངས་འོག་ཏུ་གསལ། མདོར་ན་སྐལ་ལྡན་གྱི་སློབ་མ་མང་པོ་ལ་རྒྱུད་དང་མན་ངག་ཟབ་མོའི་བདུད་རྩི་སྤེལ་བ་དང༌། དུས་གཅིག་ཏུ་སྐུའི་བཀོད་པ་དྲུག་བསྟན་ཏེ། དེ་ཡང་ཉིན་གཅིག་ལ་དོལ་པོ་ཚར་ཀར་སྒོམ་ཆེན་སུམ་ཅུ་ལ་ཁྲིད་བསྐྱང༌། ས་སྐྱའི་གདན་སར་བཞུགས་ནས་ལམ་འབྲས་གསུངས། གུང་ཐང་དུ་བླ་ཆེན་མལ་གྱི་ཉེ་གནས་མཛད་ནས་བདེ་མཆོག་དྲིལ་བུ་པའི་ཆོས་སྐོར་གསན། འབྲིང་མཚམས་སུ་ཞང་ཤེས་རབ་བླ་མས་ལྷ་ཁང་བརྒྱ་རྩ་བཞེངས་པའི་ཐོག་མ་མགྲོན་ལྷ་གཡུ་ཐོག་གི་ལྷ་ཁང་ལ་ནམ་མཁའ་དྲི་མེད་ཀྱི་དཀྱིལ་འཁོར་བཞེངས་ནས་རབ་གནས་མཛད། བཟངས་རྒྱུད་འབྲོག་པའི་གསེབ་ཏུ་ལམ་འབྲས་གསུངས། ཤབ་སྒོ་མངར་ཆོས་འཁོར་བསྐོར་བ་ལ་སོགས་པའི་སྒོ་ནས་བསྟན་པ་དང་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་མཛད་དེ། སློབ་མའི་མཆོག་ནི་དཔལ་ལྡན་རྩེ་མོ་དང་མཆོག་ཐོབ་པ་གསུམ། བཟོད་པ་ཐོབ་པ་བདུན། རྟོགས་པ་དང་ལྡན་པ་བརྒྱད་ཅུ། གཞན་ཡང་གཞུང་བཤད་འཛིན་པ་དང་ཚིག་རྐང་འགྲེལ་བ་ལ་སོགས་པའི་ཐུགས་སྲས་ཀྱི་སློབ་མ་མང་དུ་བསྐྲུན་ཏེ་བསྟན་པ་དང་སེམས་ཅན་དཔག་ཏུ་མེད་པའི་དོན་མཛད་པ་ནི་སྟོན་པ་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་བྱོན་པ་དང་ཚུལ་མཚུངས་པ་ཉིད་དོ། །རེ་བདུན་པ་ས་ཕོ་སྟག་གི་དབྱུག་པ་ཟླ་བའི་ཚེས་བཅུ་བཞི་ནས་གདུལ་བྱ་རྟག་འཛིན་ཅན་རྣམས་ལ་མི་རྟག་པར་བསྟན་པ་དང༌། ལེ་ལོ་ཅན་རྣམས་ཆོས་ལ་བསྐུལ་བའི་ཆེད་དུ་གཡས་རུ་སྐྱ་བོ་ཁ་གདངས་སུ་ཞི་བར་གཤེགས་པའི་ཚུལ་བསྟན། དེའི་ཚེ་སྐུའི་བཀོད་པ་བཞི་བསྟན་ཏེ། བདེ་བ་ཅན། པོ་ཏ་ལ། ཨུརྻན། བྱང་ཕྱོགས་གསེར་མདོག་ཅན་བཞི་ན་གཤེགས་ཏེ་སྐལ་ལྡན་གྱི་དོན་མཛད་ཅིང་ད་ལྟ་ཡང་བཞུགས་སྐད། ཡང་ཕག་གྲུ་བའི་རྣམ་ཐར་ན་བདེ་བ་ཅན། བྱང་ཨ་ཡུསྟཱ་རཱ། གསེར་མདོག་ཅན་གསུམ་ན་སྐུའི་བཀོད་པ་གསུམ་བསྟན་ཏེ་བཞུགས་གསུངས་པ་གཉིས་ཀའང་དོན་དུ་མི་འགལ་ཞིང་ངོ་མཚར་བའི་གནས་སོ། །སྨྲས་པ། རྡོ་རྗེ་འཆང་དབང་ཕལ་པའི་རོལ་རྩེད་ཀྱིས། །རྡོ་རྗེ་ཐེག་པ་ཡོངས་བཟུང་སྐུ་གསུང་ཐུགས། །རྡོ་རྗེ་རྣམ་གསུམ་བཀོད་པ་བགྲང་ཡས་ཀྱིས། །རྡོ་རྗེ་འཛིན་པས་ས་སྟེངས་ཀུན་ཁྱབ་མཛད། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།  །།གཉིས་པ་བླ་ཆེན་དེ་ཉིད་ཀྱི་སྲས་པཎྜི་ཏ་བསོད་ནམས་རྩེ་མོ་ནི་ཆུ་ཕོ་ཁྱི་ལོར་འཁྲུངས། དེའི་ཚེ་རྒྱ་གར་རྡོ་རྗེའི་གདན་གྱི་སྒོའི་ཡ་ཐེམ་ལ། འཇམ་དཔལ་གྱི་སྤྲུལ་པ་མཁན་པོ་བསོད་ནམས་རྩེ་མོ་རྡོ་རྗེ་ཐེག་པ་མཐའ་དག་གི་དབང་ཕྱུག་དམ་པ་ས་སྐྱར་སྐྱེས་སོ་ཞེས། མཁའ་འགྲོ་མ་རྣམས་ཀྱིས་ཡི་གེར་བྲིས་པ། ཀཽ་ཤམྦཱིའི་པཎྜི་ཏ་དེ་ཝ་མ་ཏིས་ཕྱོགས་ཐམས་ཅད་དུ་བསྒྲགས་པ་དང་དེ་ཉིད་བོད་ཀྱི་ས་སྐྱ་ཡིན་པར་རྩད་ཆོད་ཅེས་གྲགས། འཁྲུངས་མ་ཐག་ནས་ཤཱཀྱའི་རྒྱལ་པོ་ལྟར་སྐུ་མཚན་དཔེས་སྤྲས་པ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང༌། གསུང་ཚངས་དབྱངས་སྙན་པོས། བདག་ནི་བྱིས་པའི་སྤྱོད་པ་ལས་འདས་པའོ་ཞེས་ལན་གཉིས་སུ་གསུངས། དགུང་ལོ་གསུམ་པ་ལ་འཇམ་དབྱངས། ཀྱེ་རྡོར། སྒྲོལ་མ་གསུམ་གྱི་ཞལ་གཟིགས་ཤིང་རྒྱུད་གསུམ། བདེ་མཆོག་རྩ་རྒྱུད། ཀུན་ལས་བཏུས་ལྔ་ཐུགས་ལས་གསུངས། རྒྱ་གར་དུ་མི་ཐུབ་ཟླ་བ་ལ་སོགས་པའི་པཎྜི་ཏ་བཅུ་གཅིག་ཏུ་བཏུད་ནས་སྐྱེ་བ་བཞེས་ཏེ་འགྲོ་བའི་དོན་མཛད་པའི་སྔོན་གྱི་སྐྱེ་བ་མཁྱེན། དེ་ནས་དགུང་ལོ་བཅུ་དྲུག་པའི་བར་དུ་རྒྱུད་དང་མན་ངག་ཇི་སྙེད་པའི་གསན་སྦྱང་ཐུགས་ལ་ཆུད་པར་མཛད་པས། གངྒཱ་ཚུན་ཆད་དུ་རྡོ་རྗེ་ཐེག་པ་མཐའ་དག་ལ་མཁས་པར་གྲགས། དབུས་ཕྱོགས་སུ་ཆ་པ་ཆོས་རྗེའི་དྲུང་དུ་ཕེབས་ནས་ཕར་ཕྱིན་དང་ཚད་མ་སོགས་གསན་པས་མཁས་པར་གྱུར། དགུང་ལོ་བཅོ་བརྒྱད་པར་ས་སྐྱའི་གདན་ས་མཛད་དེ་འཆད་རྩོད་རྩོམ་པའི་སྒོ་ནས་བསྟན་པ་སྤེལ། དགུང་ལོ་ཉེར་བརྒྱད་པ་ལ་ལམ་འབྲས་གསུངས་པའི་ཚེ། ལྟ་བའི་ཁྲིད་ཀྱི་སྐབས་སུ་དུས་གཅིག་ལ་སྐུའི་བཀོད་པ་གསུམ་བསྟན་ཏེ། དེ་ཡང་ནམ་མཁར་མཆོད་སྤྲིན་འཁྲིགས་པའི་དབུས་ན་རྗེ་བཙུན་རིན་པོ་ཆེ་ལ་འཇམ་དབྱངས་དང༌། ཇོ་སྲས་ལྕགས་རྡོར་ལ་བིརྺ་པ། གཉགས་སོགས་ཕལ་ཆེར་ལ་སྤྱན་རས་གཟིགས་ཀྱི་སྐུར་བསྟན་ཏེ་ཆོས་གསུངས་པས་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེས་སོ། །ཁྱད་པར་རྗེ་བཙུན་ཆེན་པོ་ལ་སྤྲུལ་པའི་དཀྱིལ་འཁོར་མངོན་སུམ་དུ་བསྟན་ཏེ་དབང་བསྐུར་བས་ཏིང་ངེ་འཛིན་གྱི་སྒོ་བསམ་གྱིས་མི་ཁྱབ་པ་དབྱེ་བར་མཛད། དེ་ལ་སོགས་པ་སྔགས་དང་མཚན་ཉིད་ཀྱིས་བསྡུས་པའི་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་བདུད་རྩི་གདུལ་བྱ་གང་ལ་གང་འཚམ་པར་ལེགས་པར་སྩལ་ཏེ་བསྟན་འཛིན་སློབ་མའི་ཚོགས་དཔག་ཏུ་མེད་པ་བསྐྲུན་པ་དང༌། ཁྱད་པར་གསུང་ངག་བཤད་པའི་སློབ་མ་གྲུབ་མཐའ་སྙོགས་པ་མང་དུ་བྱུང་བ་སོགས་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེར་མཛད། ཆུ་འབྲུག་གི་ལོ་ནས་གདན་སའི་མཐིལ་གཅུང་ལ་གཏད་ནས་ཆུ་མིག་རྫིང་ཁར་སྒྲུབ་པ་གཙོར་མཛད། ཆུ་སྟག་སྨལ་པོ་ཟླ་བའི་ཚེས་བཅུ་གཅིག་ལ། ཆོས་ཉན་གྱི་སློབ་མ་ཀ་པ་ལི་ཐོགས་པ་བརྒྱད་ཅུ་ཙམ་གྱི་དབུས་སུ་ཆོས་གསུང་འཕྲོ་ལ་ཆོས་ཁྲིའི་སྟེང་ནས་སྐུ་དེ་ཉིད། ལྷའི་རོལ་མོ་སོགས་འགྲོ་བའི་སྣང་ཚུལ་ཐ་དད་པ་དུ་མ་དང་བཅས་ཏེ་བདེ་བ་ཅན་དུ་གཤེགས་སོ། །སྨྲས་པ། བསོཾད་ནཾམས་ཡེ་ཤེས་ཚོགས་ཀྱི་རྒྱ་མཚོ་ལས། །ལེགས་འཁྲུངས་སྐུ་ཡི་ཟླ་བ་སྤང་རྟོགས་ཆ། །ཡོངས་རྫོགས་བསྟན་པའི་རི་དབང་རྩེཾ་མོ་ནས། །ཕྲིན་ལས་འོད་དཀར་ནམ་མཁའི་མཐའ་མཉམ་སྤྲོས། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།  །།གསུམ་པ་དེ་ཉིད་ཀྱི་གཅུང་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་ནི། ཀླུའི་རྒྱལ་པོ་རིན་པོ་ཆེའི་རྒྱན་དུ་མས་སྤུད་པའི་རྣམ་པས་ཡུམ་གྱི་ལྷུམས་སུ་ཞུགས་ཏེ། མེ་ཡོས་ལ་བཀྲ་ཤིས་པའི་ལྟས་དང་བཅས་ཏེ་འཁྲུངས། དགུང་ལོ་བརྒྱད་པ་བྱང་སེམས་ཟླ་བ་རྒྱལ་མཚན་ལས་ཚངས་སྤྱོད་ཀྱི་དགེ་བསྙེན་ནོས་ཏེ་ཤ་ཆང་གཏན་མི་བཞེས་པ་སོགས་བསྲུང་བྱ་རྣམས་མིག་འབྲས་ལྟར་བསྲུངས། དགུང་ལོ་བཅུ་པར་སྡོམ་པ་ཉི་ཤུ་པ་དང་སྒྲུབ་ཐབས་མཚོ་སྐྱེས་གསན། བཅུ་གཅིག་པ་ལ་བཤད་པས་མཁས་པ་ཀུན་ཡ་མཚན་དུ་གྱུར་ཏེ་མཚན་བློ་གྲོས་ཆེན་པོ་ཞེས་བཏགས། དེའི་ཕྱི་ལོར་རྒྱུད་གསུམ་གྱི་པུ་སྟི་གསོལ་བའི་མནལ་ལམ་བྱུང་བ་དང་མོད་ལ་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཐུགས་སུ་ཆུད། དགུང་ལོ་བཅུ་གཉིས་པའི་བར་དུ་ཡབ་ལས་གདམས་ངག་རྣམས་ནོས། བཅུ་གསུམ་པར་རྩེ་མོ་དབུས་སུ་ཕེབས་ནས་རྗེ་འདིས་གདན་ས་བསྐྱངས་ཤིང་གསང་སྔགས་ཀྱི་བཤད་པ་མཛད། གཞུང་འཆད་པའི་བར་རྣམས་སུ་རང་གི་སློབ་དཔོན་གཞན་དང་གཞན་རྣམས་ལས་མདོ་སྡེ་དང་རྒྱུད་སྡེ་བཞི་འགྲེལ་བཤད་མན་ངག་ཡན་ལག་དང་བཅས་པ་མཐའ་དག་གསན་ཅིང་ཐུགས་སུ་ཆུད་པར་མཛད། དགུང་ལོ་ཉི་ཤུ་པར་ཉིན་ཕྱེད་མནལ་དུ་སོང་བའི་རྨི་ལམ་ན་སྔར་མ་བཟུང་བར་འཇམ་དཔལ་མཚན་བརྗོད་ཕྱེད་ཙམ་གསུང་བ་དང༌། དེའི་ཕྱི་ལོར་སྐྱེ་བ་སྔ་མ་ལ་བཟུང་བ་དྲན་ཏེ་རྨི་ལམ་དུ་ཚར་གཅིག་བཏོན་པ་ན། འཕགས་པ་འཇམ་དཔལ་སྐྱེ་བ་བདུན་གྱི་བར་དུ་ཡི་དམ་གྱི་ལྷའོ་ཞེས་ལུང་བསྟན་པ་བྱུང་སྟེ་ཤེས་བྱ་ཐམས་ཅད་ལ་མི་འཇིགས་པའི་གདེངས་ཐོབ། གཞན་དོན་ཕྲིན་ལས་གདུལ་བྱ་གང་ལ་གང་འོས་པའི་དབང་དང་ཁྲིད་དང་བཤད་པ་སོགས་ཅི་མཛད་ཀྱང་སློབ་མ་རྣམས་ཀྱིས་རྟོགས་སླ་བར་བཤད་ཅིང༌། ཐུགས་སྲས་སློབ་མའི་མཆོག་ས་པཎ་ཡིན་ལ། གཞན་ཡང་གྲགས་པའི་མི་བརྒྱད་ལ་སོགས་པ་དཔག་ཏུ་མེད་པ་བསྐྲུན། བརྩད་ཅིང་དྲིས་པ་ནའང་སྤོབས་པ་ཐོགས་པ་མེད་པར་ལུང་རིགས་དང་མཐུན་པའི་ལན་འདེབས་པས་ལོག་རྟོག་སེལ་བ་ཡིན་ནོ། །དངོས་པོ་ལ་འཛིན་ཆགས་མེད་ཅིང་ཡབ་དང་གཅེན་གཉིས་གཤེགས་པའི་མདད་ལ་ལོ་པཎ་མང་པོ་སྤྱན་དྲངས་ཏེ་ཆོས་འཁོར་དང་སྦྱིན་གཏོང་སོགས་བློའི་ཡུལ་ལས་འདས་པ་མཛད། ཐུགས་དམ་ལ་ཤིན་ཏུ་བརྩོན་པས་ཉིན་ཞག་ཕྲུགས་རེ་ལ་དཀྱིལ་འཁོར་མི་འདྲ་བ་བདུན་ཅུ་ཙམ་རེ་བསྒོམས་པས་ཡི་དམ་གྱི་ལྷའི་བྱིན་གྱིས་བརླབས་ཏེ། གྲུབ་པའི་མཚན་མ་བསམས་ན་མངོན་ཤེས་དང༌། ལྷ་ཀླུ་དག་གིས་དྲིས་པའི་ཐེ་ཚོམ་སེལ་བ་དང༌། དེ་དག་གིས་ཀྱང་ཇི་ལྟར་བསྒོ་བ་ཉན་པ་དང་རང་ཉིད་ཀྱིས་ཆོས་ཀྱི་ཐེ་ཚོམ་གཅོད་པ་ནའང་བིརྺ་པ་དང་ས་ཆེན་བྱོན་ནས་ལུང་སྟོན་ལ། ཁྱད་པར་དགུང་ལོ་ང་དྲུག་པར་ཆུ་ཕོ་ཁྱི་ལོར་འོད་གསལ་ཆེན་པོའི་ངང་ལས་བླ་མ་ས་ཆེན་གྱི་སྐུ་ཡེ་ཤེས་ཀྱི་སྣང་བ་བསྟན་ཏེ་ལམ་འབྲས་ཤིན་ཏུ་ཉེ་བརྒྱུད་དུ་གྲགས་པ་བརྡ་དོན་གསལ་བ་ནོས། ཡང་རྒྱ་གར་དུ་འཇིགས་བྱེད་ཀྱི་བསྐྱེད་རིམ་གསལ་ཞིང་རྫོགས་རིམ་དང་ལྷག་བསམ་བྲལ་བ་ཞིག་ཚེའི་དུས་བྱས་ནས། ལྦ་བ་དགུ་བརྩེགས་ཞེས་པའི་འདྲེ་གདུག་པ་ཅན་དུ་སྐྱེས་པ་དེས་བོད་དུ་འོངས་པ་སུས་ཀྱང་བཟློག་མ་ནུས་པའི་ཚེ། རྗེ་འདི་ཉིད་ཀྱིས་རྡོ་དྲིལ་ནམ་མཁར་བཞག་ནས་བསྐྲད་པས་རྒྱ་གར་དུ་ཡང་ལྡོག་མ་ནུས་པར་རྒྱ་ནག་ལ་བྲོས་པར་གྲགས། དགུང་ལོ་རེ་བརྒྱད་པ་དང་རེ་དགུ་པ་ལ་བདེ་བ་ཅན་དུ་སྤྱན་འདྲེན་པའི་ཕོ་ཉ་མང་པོ་བྱུང་ཡང་ཕྱིར་བཟློག བདུན་ཅུ་པ་ལ་ཅིས་ཀྱང་གཤེགས་སོ་ཟེར་བ་ན་བདེ་བ་ཅན་གྱི་བཀོད་པ་བཻཌཱུརྻའི་ས་གཞི་དང་རིན་པོ་ཆེའི་ཤིང་ལྗོན་པ་ལ་སོགས་པ་ཡིད་འཕྲོག་པ་གཟིགས། ཆོས་རྗེ་པ་དྲུང་ན་བཞུགས་པས་ཀྱང་གཟིགས་པ་ལ། ང་རེ་ཞིག་བདེ་བ་ཅན་དུ་འགྲོ། དེར་ཡུན་མི་རིང་བ་ཅིག་བསྡད། དེ་ནས་བྱང་ཕྱོགས་འཇིག་རྟེན་གྱི་ཁམས་གསེར་གྱི་མདོག་ཅན་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡོན་ཏན་མཐའ་ཡས་སུ་སྐྱེས་ནས་སངས་རྒྱས་ཀྱི་ཞིང་སྦྱོང་བ་དང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱས་ཏེ། དེ་ནས་སྐྱེ་བ་གསུམ་པའི་ལུས་དེ་ལ་བརྟེན་ནས་ལུས་མ་སྤངས་པར་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་འགྲུབ་པར་ཞལ་གྱིས་བཞེས། མེ་ཕོ་བྱི་ལོའི་དབོ་ཟླ་བའི་ཚེས་བཅུ་གཉིས་ལ་བདེ་བ་ཅན་དུ་གཤེགས་སོ། །སྨྲས་པ། མཁྱེན་པས་བཀའ་དོན་འགྲེལ་མཁས་ཡོངས་སུ་གྲཾགས། །བརྩེ་བས་འགྲོ་ལ་ལམ་མཆོག་སྟོན་པཾ་པོ། །ནུས་པས་རྒྱཾལ་བའི་ཞིང་སྦྱོང་སེམས་ཅན་ཡོངས། །སྨིན་བྱས་ཡ་མཚཾན་མཆོག་གི་དངོས་གྲུབ་བརྙེས། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།  །།བཞི་པ་ཕྱོགས་ལས་རྣམ་པར་རྒྱལ་བ་འཇམ་མགོན་ས་སྐྱ་པཎ་ཆེན་ནི། ཀླུའི་རྒྱལ་པོ་གཙུག་ན་ནོར་བུ་རིན་པོ་ཆེས་སྤྲས་པ་གཟི་བརྗིད་མིག་གིས་བལྟར་མི་བཟོད་པའི་རྣམ་པས་ཡུམ་གྱི་ལྷུམས་སུ་ཞུགས་ཏེ། ཆུ་སྟག་ཁྲ་ཟླ་བའི་ཉེར་དྲུག་ལ་འོད་ཀྱིས་བར་སྣང་ཁྱབ་པ་སོགས་བྱང་ཆུབ་སེམས་དཔའི་རྣམ་ཐར་དང་ཚུལ་མཐུན་པར་བལྟམས། གོག་ཐུབ་པ་ནས་སཾ་སྐྲྀ་ཏའི་སྐད་སྙན་པོར་སྨྲ་ཞིང་ཕྱག་མཛུབ་ཀྱིས། ས་ལ་ན་ག་ར་དང་ལཉྪ་ན་ལ་སོགས་པའི་ཨཱ་ལི་ཀཱ་ལི་ཚར་རེ་འདྲི་ཞིང་ཀློག ཡང་དེ་ལ་མི་བགོམ་པའི་ཆེད་དུ་འཕྱིད། རྒྱ་ཀློག་བོད་ཀློག་མང་པོ་མ་བསླབས་པར་ཐུགས་སུ་ཆུད། དགུང་ལོ་དགུ་པ་ནས་བཟུང་སྟེ་སྒྲུབ་ཐབས་མཚོ་སྐྱེས་དང་བརྟག་གཉིས། མཉམ་སྦྱོར། གུར། སམྦུ་ཊ་སོགས་ཐུགས་ལས་གསུངས་ཏེ། མདོར་ན་དགུང་ལོ་བཅོ་ལྔ་ཡན་གྱིས་བླ་མ་གོང་མའི་གསུང་བཅུད་མདོ་སྔགས་ཀྱི་ཟབ་ཆོས་མཐའ་དག་རྗེ་བཙུན་ཆེན་པོ་ཉིད་ལས་ཇི་ལྟར་གསན་པ་བཞིན་དུ་བཤད་པ་ལ་ཐོགས་པ་མེད་པར་གྱུར། དགུང་ལོ་བརྒྱད་པར་འོད་གསལ་གྱི་ངང་ལས་ཨ་ཕྱིའི་འབུམ་པའི་དྲུང་དུ་སློབ་དཔོན་དབྱིག་གཉེན་ལས། ནུབ་གཅིག་ལ་ཟླ་བ་གཅིག་གི་རྣམ་པས་མངོན་པ་མཛོད་ཚར་གཅིག་གསན། མནལ་སད་པ་ན་ཚིག་དོན་མ་ལུས་པ་ཐུགས་སུ་ཆུད། ཡང་རྒྱ་གར་ཤར་ཕྱོགས་སུ་ཕྱོགས་ཀྱི་གླང་པོའི་གདན་སར་འཁོད་དེ་ཚད་མ་སྡེ་བདུན་ལ་སོགས་པའི་གླེགས་བམ་མང་པོའི་ལྡེ་མིག་བཟུང་བའི་གཟིགས་སྣང་ཤར་བས་ཚད་མ་ལ་འབད་མི་དགོས་པར་མཁྱེན། དགུང་ལོ་བཅུ་དགུ་མན་ཆད་ནས་ཞུ་སྟོན་ལ་སོགས་པའི་མཁས་པ་རྣམས་དང༌། རྒྱ་གར་ཤར་ནུབ་གུང་གསུམ་ན་ཡོངས་སུ་གྲགས་པའི་སཾ་གྷ་ཤྲཱི་ལ་སོགས་པའི་མཁས་པ་རྣམས་ལས་ཚད་མ། ཕར་ཕྱིན། སྒྲ། སྙན་དངགས། སྡེབ་སྦྱོར། མངོན་བརྗོད། ཟློས་གར་སོགས་གསན། དགུང་ལོ་ཉེར་བདུན་པ་ས་འབྲུག་གི་ལོར་ཁ་ཆེའི་པཎ་ཆེན་ཤཱཀྱ་ཤྲཱི་ལ་སོགས་པའི་མཁན་སློབ་དང༌། དགེ་འདུན་རྒྱ་མཚོ་ལྟ་བུའི་དབུས་སུ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། དེ་དག་ལས་ཀྱང་ཚད་མ། འདུལ་བ། མདོ་སྡེ། གསང་སྔགས་སོགས་རྒྱ་བོད་ན་གྲགས་པའི་ཆོས་ཕལ་མོ་ཆེ་རྣམས་གསན། རང་ལོ་སོ་ལྔའི་བར་དུ་རྗེ་བཙུན་པའི་གསུང་གི་བདུད་རྩི་ངོམས་པར་གསོལ། ཁྱད་པར་ལམ་ཟབ་མོ་བླ་མའི་རྣལ་འབྱོར་འབོགས་པ་ན། ཕྱི་ནང་གི་རྟེན་འབྲེལ་གྱི་གནད་རང་སར་འགྲིགས་ནས་བླ་མ་འཇམ་དབྱངས་དངོས་སུ་མཐོང་སྟེ་ས་དང་པོའི་ཡོན་ཏན་ཐུགས་རྒྱུད་ལ་འཁྲུངས། ས་སྐྱ་ན་ཆོས་གསུངས་པའི་ཚེ་བར་སྣང་ནས་ཁྱོད་ནི་སྐྱེ་བ་ཉི་ཤུ་རྩ་བདུན་དུ་ཚད་མ་རྣམ་འགྲེལ་ལ་མཁས་པའི་པཎྜི་ཏ་ཡིན་ནོ། །སྐྱེ་བ་དེ་དང་དེ་དག་ཏུ་རྗེ་བཙུན་གྲགས་པ་རྒྱལ་མཚན་དགེ་བའི་བཤེས་གཉེན་དུ་གྱུར་པ་ཡིན་ནོ་ཞེས་དང༌། དུས་གཞན་ཞིག་ན་སུམ་ཅུ་རྩ་བདུན་ཞེས་སོགས་སྒྲ་ལན་གཉིས་སུ་བྱུང་ཞིང༌། འཆད་པའི་ཚེ་ནའང་རྣམ་བཤད་རིགས་པ་ལས་འབྱུང་བ་ལྟར། དགོས་བསྡུས་ཚིག་དོན་མཚམས་སྦྱོར་བརྒལ་ལན་དང་བཅས་པའི་སྒོ་ནས་གཞུང་ཐམས་ཅད་གཏན་ལ་ཕབ་ཅིང༌། ཕྱི་ནང་རིག་པའི་གནས་གང་ལ་ཡང་བརྩད་ཅིང་དྲིས་པ་ན་ལུང་རིགས་དང་མཐུན་པའི་ལན་ཐོགས་པ་མེད་པར་སྩལ་བས་རྒྱ་བོད་ཀྱི་མཁས་གྲུབ་དུ་མའི་ཡིད་འཕྲོག་པ་ཁོ་ན་མཛད་ཅིང༌། དགུང་ལོ་སོ་བརྒྱད་པ་ལ་རྒྱ་བོད་ཀྱི་ངན་རྟོག་གི་མུན་པ་རྣམ་པར་འཇོམས་པའི་བསྟན་བཅོས་ཀྱི་ཉི་མ་ཚད་མ་རིགས་པའི་གཏེར་བརྩམས། ལྔ་བཅུ་རྩ་གཅིག་པའི་ཚེ་བྱང་ཆུབ་ཀྱི་སྙིང་པོ་རྡོ་རྗེ་གདན་ནས་དཔག་ཚད་བཅུ་ཕྲག་དྲུག་བགྲོད་པ། མང་ཡུལ་སྐྱིད་གྲོང་གི་འཕགས་པ་ཝ་ཏཱིའི་དྲིའི་གཙང་ཁང་དང་འདབས་འབྱོར་བའི་གནས་སུ། ཆོས་རྗེ་པའི་སྙན་པའི་གྲགས་པ་ལ་མ་བཟོད་ནས་ཕྲག་དོག་གིས་འགྲན་པར་སེམས་ཏེ། རྒྱ་གར་ལྷོ་ཕྱོགས་ཀྱི་ཆ་ནས་དབང་ཕྱུག་དང་ཚངས་པའི་རྗེས་སུ་འབྲངས་ཤིང་རང་གི་གཞུང་ལུགས་དུ་མའི་ཕ་རོལ་ཏུ་སོན་པའི་མུ་སྟེགས་བྱེད་ཀྱི་སྟོན་པ་འཕྲོག་བྱེད་དགའ་བོ་ལ་སོགས་པ་ཕས་ཀྱི་རྒོལ་བ་ངན་པ་དྲུག་ལུང་རིགས་ཀྱིས་ཚར་བཅད་དེ་སངས་རྒྱས་པའི་བསྟན་པ་ལ་བཅུག དེ་ལ་སོགས་པའི་སྙན་པའི་རྔ་སྒྲ་གངས་རིའི་ལྗོངས་ལས་རྣམ་པར་བརྒལ་ཏེ། རྒྱ་གར་རྒྱ་ནག་ཧོར་བལ་གྱི་ལྗོངས་ཐམས་ཅད་གང་བར་བྱས་སོ། །དགུང་ལོ་དྲུག་ཅུ་རེ་གཉིས་པའི་ཚེ་བྱང་ཆུབ་སེམས་དཔའི་སྤྲུལ་པ་སྟོབས་ཀྱི་འཁོར་ལོས་སྒྱུར་བ་ཤར་ཕྱོགས་གོང་མ་རྒྱལ་པོ་གོ་དན་ཞེས་བྱ་བའི་མཆོད་གནས་སུ་སྤྱན་འདྲེན་པའི་ཕོ་ཉ་བྱུང་བ་ལ། སྔར་ཁ་ཆེ་པཎ་ཆེན་སིངྒ་ལའི་གླིང་དུ་བྱོན་པ་ན། ལྷ་གནམ་ཐེ་དཀར་པོས་ཧོར་ཡུལ་དུ་འབྱོན་པར་ཞུས། སྒྲོལ་མ་ལ་གསོལ་བ་བཏབ་པས་ཁྱོད་ཀྱིས་ཕྱིན་པས་ཕན་པ་མེད། ཁྱོད་ཀྱི་སློབ་མ་ཅིག་བོད་ན་འོང༌། དེས་ཕྱིན་ན་ཕན་པར་འགྱུར་བར་ལུང་སྟོན་ཅིག་ཅེས་གསུངས་ཏེ་པཎ་ཆེན་གྱིས་ཀྱང་དེ་ལྟར་ལུང་བསྟན་པ་དང༌། ཡང་རྗེ་བཙུན་ཆེན་པོས་ཁྱོད་ཀྱི་ཚེ་མཇུག་ཏུ་ཧོར་གྱིས་གདན་འདྲེན་དུ་འོང༌། ཕྱིན་ན་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བས་ཅི་ནས་ཀྱང་སོང་ཤིག་ཅེས་ལུང་བསྟན་པ་གཉིས་ཀ་དྲན་ཏེ་འབྱོན་པར་ཞལ་གྱིས་བཞེས་ནས་དགུང་ལོ་དྲུག་ཅུ་རྩ་གསུམ་པ་ལ་ས་སྐྱ་ནས་ཆིབས་ཀྱི་གདོང་བསྒྱུར་ཏེ། ལམ་བར་རྣམས་སུ་ཡང་སྐལ་ལྡན་གྱི་སེམས་ཅན་དུ་མ་ལ་དབང་དང་བྱིན་རླབས་རྗེས་སུ་གདམས་པས་ཚིམ་པར་མཛད་དེ། མེ་རྟ་ལ་རྒྱལ་ཁབ་ལིང་ཆུ་རྩེར་ཕེབས། རྒྱལ་པོས་ཉམས་སད་པའི་ཕྱིར་སྒྱུ་མའི་གཙུག་ལག་ཁང་བྱེད་དུ་བཅུག་ནས། དེར་རབ་ཏུ་གནས་པ་ལ་སྤྱན་དྲངས་པ་ན་ཏིང་ངེ་འཛིན་གྱི་མཐུས་བརྟན་པར་བཞུགས་སུ་གསོལ་བས་སྒྱུ་མ་མཁན་རྣམས་ཀྱིས་སྤྲུལ་པ་བསྡུ་མ་ནུས་པར་ད་ལྟ་ཡང་བྱང་ཕྱོགས་སྤྲུལ་པ་སྡེའི་གཙུག་ལག་ཁང་ཞེས་ཕྱོགས་ཀུན་ཏུ་གྲགས་ཤིང་སྒྱུ་མའི་མཁན་པོ་ལ་སླུས་ཆེན་པོ་དེར་བྱུང༌། རྒྱལ་པོ་འཁོར་བཅས་དགའ་སྟེ་ཡིད་རབ་ཏུ་གཡོས་སོ། །བདུན་ཅུ་པའི་བར་དུ་རྒྱ་ནག་གི་ཡུལ་དུ་བཤད་སྒྲུབ་ཀྱི་བསྟན་པ་སྤེལ། མདོར་ན་མཁས་པའི་བྱ་བ་རྣམ་པ་གསུམ་གྱིས་སངས་རྒྱས་ཀྱི་བསྟན་པ་ནམ་ལངས་པ་ལ་ཉི་མ་ཤར་བ་ལྟར་མཛད་དེ། ཚོགས་གྲུབ་དཔོན་གསུམ་ལ་སོགས་པའི་བསྟན་འཛིན་བུ་སློབ་མང་པོས་ས་སྟེངས་ཀུན་ཏུ་ཁྱབ་པར་གྱུར་ཏོ། །ལྕགས་ཕག་གི་ལོ་ཐ་སྐར་ཟླ་བའི་ཚེས་བརྒྱད་ནས་བཟུང་སྟེ་གཞན་དོན་ལ་འབྱོན་པའི་ལྟས་ས་གཡོ་བ་དང༌། བླ་མ་དང་ལྷག་པའི་ལྷ་བསམ་གྱིས་མི་ཁྱབ་པས་ཡང་དང་ཡང་དུ་ཞལ་མངོན་སུམ་དུ་བསྟན་ཏེ་ཆོས་གསུངས་པ་དང༌། ཐེ་ཚོམ་གཅོད་པ་དང༌། ལུང་བསྟན་པ་དང༌། དབུགས་དབྱུང་བ་ལ་སོགས་པས་ཉིན་མཚན་འདའ་བའི་ངང་ནས། སྨལ་པོ་ཟླ་བའི་ཚེས་བཅུ་བཞི་ལ་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ་ཏེ་དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བསུ་བ་དང་བཅས་ཏེ་སྒྱུ་འཕྲུལ་སྐུའི་བཀོད་པ་རེ་ཞིག་བསྡུས་ནས། སྐུའི་སྐྱེ་བ་ཕྱི་མར་མཁའ་ལ་སྤྱོད་པའི་རིག་པ་འཛིན་པར་གྱུར་ཏེ། དེས་སངས་རྒྱས་ཀྱི་ཞིང་སྦྱོང་བ་དང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་མཛད། དེ་ནས་སྐྱེ་བ་གཉིས་པའི་ཚེ་རྒྱ་གར་ཤར་ཕྱོགས་མུ་མུ་ནིར་བྱ་བར་རྒྱལ་པོ་ཉི་མའི་སྟོབས་འཕེལ་གྱི་སྲས་དམ་པར་གྱུར་ཏེ་སེམས་ཅན་འབུམ་ཕྲག་མང་པོ་གྲོལ་བར་བྱས། ས་དང་ལམ་ཕལ་ཆེར་བགྲོད་དེ། སྐྱེ་བ་གསུམ་པ་ལ་མངོན་པར་དགའ་བའི་ཞིང་དུ་དེ་བཞིན་གཤེགས་པ་དྲི་མ་མེད་པའི་དཔལ་ཞེས་བྱ་བ་ལོངས་སྐུའི་ཆ་བྱད་ཅན་ལ་གདུལ་བྱ་དག་པའི་འཁོར་གྱིས་བསྐོར་བ་ཉིད་དུ་འཚང་རྒྱ་བར་འགྱུར་རོ། །སྨྲས་པ། སྐྱེ་གསུམ་ཐོགས་པའི་ཀུཾན་མཁྱེན་བློ་གྲོས་ཉིས། །བསྟན་པའི་མཁའ་དབྱིངས་བགྲོད་ཚེ་འཇམ་མགོན་ཡང༌། །དགཾའ་བས་བཞིན་གྱི་སྦྲང་རྩིའི་རྒྱཾལ་མཚནཾ་ཚལ། །འཛུམ་ན་མཁས་པའི་བུང་བ་ཅིས་མི་མགུ། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།  །།ལྔ་པ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ་ནི། མངའ་རིས་ཀྱི་གླང་རི་ན་བྱང་ཆུབ་སེམས་དཔའ་ས་སྟོན་རི་བ་བྱ་བའི་དགེ་སློང་སྤྱན་རས་གཟིགས་དང་གསུང་གླེང་མཛད་པ་ཅིག་བྱུང་ངོ༌། །དེ་ལ་ཟངས་ཚའི་སྲས་སུ་སྐྱེ་བ་བླང་དགོས་པར་དཔལ་ཚོགས་ཀྱི་བདག་པོས་བསྐུལ་བ་བཞིན་བཞེད་དེ་སྐུ་ཚེ་འཕོས། ལྷུམས་སུ་ཞུགས་པ་དང་བལྟམས་པའི་ཚེ་ངོ་མཚར་བའི་ལྟས་དུ་མ་བྱུང༌། ཆུང་ངུ་ནས་ཡི་གེ་འདྲི་ཀློག་སོགས་འགའ་ཞིག་མ་བསླབས་པར་མཁྱེན་ལ། འགའ་ཞིག་དཀའ་ཚེགས་མེད་པར་མཁྱེན་ནོ། །དགུང་ལོ་གསུམ་པ་ལ་སྒྲུབ་ཐབས་མཚོ་སྐྱེས་ལ་སོགས་པ་ཐུགས་ལས་གསུངས་པས་ཐམས་ཅད་ངོ་མཚར་ཏེ་འདི་ནི་འཕགས་པའོ་ཞེས་ཀུན་ཏུ་གྲགས་པས་མཚན་ཡང་དེ་ཉིད་ཆགས། བཞི་པ་ལ་ཆོས་རྗེ་པའི་ཕྱག་ཕྱིར་སྐྱིད་གྲོང་དུ་ཕེབས་ཚེ་གླང་རི་བའི་དགེ་འདུན་རྣམས་ཀྱིས་མཇལ་བས་སྔོན་གྱི་སྐྱེ་བའི་གནས་དྲན་ཏེ་ཉེ་གནས་ངོས་འཛིན་མཛད། བརྒྱད་པ་ལ་སྐྱེས་རབས་དང༌། དགུ་པ་ལ་བརྟག་གཉིས་ཐུགས་ལས་གསུངས་པ་དང༌། ཚོགས་སུ་བཤད་པ་མཛད་པས་མཁས་པ་ཀུན་གྱི་ང་རྒྱལ་བཅག བཅུ་པ་ལ་རྗེའི་ཕྱག་ཕྱིར་བྱང་ངོས་སུ་བྱོན་པའི་ལམ་དུ་ལྷ་ས་ཇོ་བོའི་དྲུང་དུ་ཆོས་རྗེ་པས་མཁན་པོ། ཟུལ་ཕུ་མཁན་པོས་སློབ་དཔོན་མཛད་ནས་རབ་ཏུ་བྱུང༌། སྐྱོར་ལུང་མཁན་པོ་ཤེར་སེང་ལས་དགེ་ཚུལ་གྱི་བསླབ་བྱ་གསན། དེ་ནས་དགུང་ལོ་བཅུ་གསུམ་པ་ལ་ཧོར་ཡུལ་དུ་ཕེབས་ནས། ཆོས་རྗེ་པ་ལ་མངའ་བའི་ཕྱི་མཚན་ཉིད་ནང་གསང་སྔགས་ཀྱི་ཡོན་ཏན་ཕལ་ཆེར་ཐུགས་སུ་ཆུད་དེ། ཆོས་རྗེ་པ་ཐུགས་དགེས་པའི་རྣམ་འགྱུར་དུ་མ་དང་བཅས་པས་ལྷུང་བཟེད་དང་ཆོས་དུང་དཀར་པོ་རྒྱང་གྲགས་སོགས་སྩལ་ཏེ། ཁྱོད་ཀྱི་བསྟན་པའི་བྱ་བ་དང་སེམས་ཅན་མང་པོའི་དོན་བྱ་བའི་དུས་ལ་བབ་པས་སྔོན་གྱི་དམ་བཅས་པ་དྲན་པར་གྱིས་ཤིག་ཅེས་གསུངས་ནས། བསྟན་པ་བསྟན་འཛིན་དང་བཅས་པ་ཡོངས་སུ་རྫོགས་པའི་བདག་པོར་མངའ་གསོལ། དེ་ནས་ཆོས་རྗེ་པ་དག་པའི་ཞིང་དུ་གཤེགས། དེའི་ཕྱི་ནས་དགོངས་རྫོགས་སོགས་ལེགས་པར་བསྒྲུབས། བཅུ་དགུ་པ་ཆུ་གླང་གི་ལོ་ལ་ཧོར་སེ་ཆེན་གན་གྱིས་ཕོ་བྲང་དུ་སྤྱན་དྲངས་ཏེ་ཉམས་སད་པ་ན། ཆོས་དང་སྲིད་ཀྱི་ཤེས་བྱ་ཀུན་ལ་མཁྱེན་རབ་ཐོགས་པ་མེད་པས་རྒྱལ་པོ་འཁོར་དང་བཅས་པའི་ཡིད་རབ་ཏུ་འཕྲོགས་པར་གྱུར་ཏེ་དབང་བསྐུར་བར་གསོལ་བ་བཏབ་པའི་ངོར། རྒྱལ་པོས་དབུས་མཛད་པའི་སྐལ་ལྡན་ཉེར་ལྔ་ལ་དགེས་པ་རྡོ་རྗེའི་སྨིན་བྱེད་སྩལ་ཏེ་ཏི་ཤྲཱིའི་མཚན་གསོལ། དབང་ཡོན་ལ་བོད་ཁྲི་སྐོར་བཅུ་གསུམ་ཕུལ། འདི་ནས་བཟུང་སྟེ་བོད་ཁམས་ཐམས་ཅད་ས་སྐྱ་པས་ལུགས་གཉིས་ཀྱིས་བདེ་བར་བསྐྱངས་སོ། །དགུང་ལོ་ཉེར་གཅིག་པ་ལ་རྒྱ་ཧོར་ཡུལ་གྱི་མཚམས་སུ་སྙེ་ཐང་གྲགས་པ་སེང་གེ་སོགས་མཁན་སློབ་དགེ་འདུན་དང་བཅས་པའི་དབུས་སུ་བསྙེན་པར་རྫོགས། མཁན་སློབ་དེ་དག་ལས་འདུལ་བ་ཕར་ཕྱིན་སོགས་མང་དུ་གསན། ཐ་ཤང་ལ་བགྱིན་ཞེས་བྱ་བའི་རྗེས་སུ་འབྲངས་ནས་ལྟ་བ་ངན་པ་ལ་ཞེན་པའི་ཟིན་ཤིང་གི་སྟོན་པ་རིང་དུ་སྦྱངས་པས་རང་གི་གཞུང་ལུགས་མཐར་སོན་པ་བཅུ་བདུན་ལུང་དང་རིགས་པས་ཕམ་པར་མཛད་ནས་ཡང་དག་པའི་བསྟན་པ་ལ་བཅུག སླར་སོ་གཅིག་པ་ལ་ས་སྐྱར་ཕེབས་ཏེ་དབུས་གཙང་ཁམས་གསུམ་གྱི་འགྲོ་བ་རྣམས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་དང་ཟང་ཟིང་གི་འབྱོར་པས་བདེ་བ་ལ་བཀོད། སླར་སོ་གསུམ་པ་ལ་གོང་ནས་སྤྱན་འདྲེན་གྱི་གསེར་ཡིག་པ་ནན་ཆེ་བས་སླེབས་ཏེ། ལས་ཚན་བཅུ་གསུམ་གྱི་བཀོད་པ་བསྒྲིགས་ཏེ་ཆིབས་ཀྱི་གདོང་བསྒྱུར། བྱོན་པའི་བར་ལམ་དུ་བཀའ་གདམས་པ་ནམ་མཁའ་འབུམ་གྱིས་མཇལ་ནས། ཆོས་ཀྱི་དྲི་བ་དྲིས་ལན་མང་དུ་མཛད་པས་ཐམས་ཅད་མཁྱེན་པར་གོ་སྟེ་མི་ཕྱེད་པའི་དད་པ་ཐོབ། སེམས་བསྐྱེད་དང་དབང་བསྐུར་སོགས་མང་དུ་ཞུས། དེ་དུས་ཀྱི་ངོ་མཚར་བའི་རྣམ་ཐར་ཚན་གཉིས་བཀའ་གདམས་པས་མཛད། དེ་ལ་སོགས་པའི་ལམ་བར་རྣམས་སུ་ཡང་གདུལ་བྱ་མང་པོ་སྨིན་གྲོལ་གྱི་ལམ་ལ་བཀོད། རིམ་གྱིས་རྒྱལ་པོའི་ཕོ་བྲང་དུ་ཕེབས་ཏེ་རྡོ་རྗེ་ཐེག་པའི་དབང་བསྐུར་སྩལ། དབང་ཡོན་དུ་བོད་ཆོལ་ཁ་གསུམ་ཕུལ། རྒྱའི་མི་ཡུར་ཆོད། རྒྱ་ཧོར་གྱི་འགྲོ་བ་ཐམས་ཅད་རྒྱུ་དང་འབྲས་བུའི་ཐེག་པ་ལ་བཀོད་ནས་སླར་ཡང་གདན་ས་ཆེན་པོར་གདན་བཏེག དེའི་སྐྱེལ་ཐུང་ལ་འབྲལ་མི་ཕོད་པའི་དད་པས་ཇེ་འགྱངས་སུ་སོང་སྟེ་ཉི་ཟླ་ལྟ་བུའི་ཡོན་མཆོད་ཟུང་འབྲེལ་དུ་རྨ་ཆུ་ཁུག་པའི་སའི་ཆར་སྦོམ་ར་ལྷའི་བྱ་འདབས། རྨ་གུ་རའི་ལྷ་གཞོལ་གྱི་བར་དུ་ཕེབས་པ་ལ། མཐའི་རྒྱལ་པོ་དཔུང་ཚོགས་ཀྱིས་ཆེ་བ་བཅུ་གཅིག་ལ་འཁོར་འབུམ་ཕྲག་མང་པོས་བསྐོར་བ་དང་བཅས་ཏེ་ཟང་ཟིང་གི་མཆོད་པ་རྫོགས་ལྡན་གྱི་སྤྲིན་ཕུང་ལ་འགྲན་པས་བསྙེན་བཀུར་བའི་ཚེ། ནམ་མཁའ་དྭངས་པ་ལས་ཤར་ནུབ་ཀྱི་ཕྱོགས་གཉིས་ནས་སྤྲིན་དཀར་པོ་གླང་པོ་ཆེའི་སྣ་ལྟར་བརྐྱངས་པའི་རྩེ་ལ་གྲུབ་ཆེན་བིརྺ་པ་དང་རྗེ་བཙུན་ས་སྐྱ་པ་ལ་རྒྱ་བོད་ཀྱི་བླ་མ་བརྒྱུད་པ་རྣམས་དང༌། སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ལ་སོགས་པའི་ཆོ་འཕྲུལ་གྱི་རྣམ་པར་འཕྲུལ་པ་དཔག་ཏུ་མེད་པ་བསྟན་ཏེ་སྐལ་ལྡན་གྱི་དད་པ་ཕྱིར་ཞིང་བརྟན་པར་མཛད། སླར་ཡང་རྗེ་ཉིད་མི་དང་མི་མ་ཡིན་པའི་འགྲོ་བ་མང་པོའི་དོན་མཛད་ཅིང་དེ་དག་གིས་ཀྱང་མཆོད་པའི་བྱེ་བྲག་མང་པོའི་བསྙེན་བཀུར་དང་བསུ་སྐྱེལ་དང་བགྲོད་དཀའི་ཆུ་བོ་རྣམས་ལ་ཟམ་པ་འཛུགས་པ་སོགས་ངོ་མཚར་བའི་ཁྱད་པར་དུ་མ་དང་བཅས་ཏེ་དགུང་ལོ་ཞེ་གཅིག་པར་གདན་ས་ཆེན་པོར་ཕེབས། དེའི་མོད་ལ་དབུས་གཙང་རྒྱ་གར་ཁ་ཆེ་སོགས་ནས་འདུས་པའི་པཎྜི་ཏ་དང་དགེ་བའི་བཤེས་གཉེན་རྣམས་ལ་སོ་སོ་གང་ལ་གང་འཚམ་པའི་མདོ་རྒྱུད་མན་ངག་ཕྲ་ཞིང་ཕྲ་བ་དང་བཅས་པ་དཔེ་མཁྱུད་མེད་པར་གནང༌། མེ་གླང་གི་དཔྱིད་ཟླ་ར་བར་གཙང་ཆུ་མིག་རིང་མོར་དགེ་འདུན་འགྲོ་བ་ཕལ་པ་དང་བཅས་འབུམ་དུ་ལངས་པ་ལ། ཐེག་པ་ཆེན་པོའི་སེམས་བསྐྱེད་ལ་སོགས་པའི་ཆོས་འཁོར་ཆེན་པོ་ཞག་བཅུ་བཞིའི་བར་དུ་བསྐོར་བའི་ཞག་ཁ་ཡར་སོང་བ་ན། ཐོ་རེངས་རླུང་ཆེན་པོ་ཞིག་བྱུང་སྟེ་རྡུལ་དང་མི་གཙང་བ་མི་ཆགས་པར་བྱས། མེ་ཏོག་གི་ཆར་བབས་པས་ས་གཞི་སྣུམ་ལྗང་གི་བག་དང་ལྡན་པར་གཏང༌། སྔོན་ཆད་སུས་ཀྱང་སྣའི་དབང་པོར་མ་སོན་པའི་དྲི་ཞིམ་པོས་ཕྱོགས་ཀུན་ཏུ་ཁྱབ་པར་གྱུར་ཏོ། །དེ་ནས་འཁོར་རྣམས་འདུས་པའི་སྔ་དྲོར་ནམ་མཁར་འཇའ་འོད་ཀྱི་གུར་ཁྱིམ་ཉིས་རིམ་ནས་ལྔ་རིམ་གྱི་བར་དུ་ཡོད་པ་མང་པོ་དང་མཆོད་པའི་བྱེ་བྲག་དུ་མ་དང་བཅས་པ་ནི་མང་པོས་མཐོང་ཞིང༌། གུར་ཁྱིམ་གྱི་ནང་ན་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་འོད་དང་འོད་ཟེར་དཔག་ཏུ་མེད་པར་འཕྲོ་བ་དང་བཅས་པས་ནམ་མཁའ་གང་བར་གྱུར་པ་ནི་ཡོངས་འཛིན་བཅུ་གཅིག་དང་ཆིངས་སངས་བཅུ་གཉིས་སོགས་ལས་དག་པ་རྣམས་ཀྱིས་མཐོང༌། དེའི་ཚེ་ཆུ་མིག་གི་ཁྱམས་ཀྱི་ཡང་ཐོགས་ཏུ་ཀུན་རྫོབ་ཀྱི་མཆོད་པ་སྣ་ཚོགས་བཤམས་ཤིང༌། གོས་འཇག་ལ་ཕྱག་ཞབས་དབུ་དང་བཅས་པའི་རྗེས་ཐགས་གྲུབ་ཡོད་པའི་སྟེང་དུ་འཕགས་པའི་ཞབས་བཀོད་དེ། གང་གི་ཐུགས་ལས་བྱུང་བའི་ཀུན་ཏུ་བཟང་པོའི་མཆོད་སྤྲིན་དང་བཅས་ཕྱག་ཕུལ་ཏེ་ཕྱོགས་བཅུའི་སངས་རྒྱས་དང་ཞུ་གསུང་བྱེད་པ་ལ་སོགས་པ་དང༌། གཞན་ཡང་ཞག་འགའ་སོང་བའི་དགོངས་མོར་བླ་མ་ཆེན་པོ་གཞལ་ཡས་ཁང་ན་བཞུགས་པའི་སྤྱན་སྔར་ཆིངས་སངས་བཅུ་གཉིས་སོགས་སྐལ་ལྡན་འགའ་ཞིག་འཁོད་པ་ན། དྲི་ཞིམ་པོ་ཞིག་བྱུང༌། དེ་ཆེར་སོང་བའི་ངད་པ་དེ་དག་གིས་མ་བཟོད་པར་སྐྱུགས་པ་ཆལ་ཆིལ་དུ་ཤོར། ཅི་ལགས་ཞུས་པས། རིག་པ་འཛིན་པ་བརྒྱད་ཅུ་བྱོན་ནས་དཔའ་བོ་མཁའ་འགྲོ་རྣམས་ཀྱི་མཆོད་པ་དང་དུར་ཁྲོད་བརྒྱད་ཀྱི་ཚིལ་ཆེན་གྱི་དུད་པ་བཏང་བ་ཡིན། དེ་ཁྱེད་ཐ་མལ་པའི་དབང་པོས་མི་བཟོད་པ་བདེན་གསུངས་ནས་ནང་མཆོད་ཐིགས་པ་རེ་ཁོང་རྣམས་ཀྱི་ལྕེ་ལ་བཞག་པས་སངས་པར་གྱུར་ཏོ། །དེའི་ཚེ་མདུན་གྱི་ནམ་མཁར་ཀླུ་སྒྲུབ་གཙོ་བོར་བཞུགས་པའི་གཡས་སུ་བིརྺ་པ་དང༌། གཡོན་དུ་པདྨ་བཛྲ་ལ་སོགས་པ་རིག་པ་འཛིན་པ་བརྒྱད་ཅུ། དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ནམ་མཁའ་གང་བ་དང་བཅས་པས་འཕགས་པའི་དབུ་ལ་ཕྱག་བཞག་ནས་རྗེས་སུ་གདམས་པ། ལུང་བསྟན་པ། མཆོག་ཏུ་མངའ་གསོལ་བའི་ཤིས་བརྗོད་སོགས་མཛད་དོ། །ཆོས་འཁོར་རྫོགས་པའི་ཉིན་བསྔོ་བའི་ཡོན་བཤད་མཛད་པའི་སྔ་དྲོར་ནམ་མཁའ་དང་ས་གཞི་ཐམས་ཅད་ངོ་མཚར་བའི་ལྟས་ཀྱིས་གང་བ་བྱུང་ཞིང༌། སྔར་བཅོམ་ལྡན་རལ་གྲི་ཞེས་པའི་མཁས་པ་དེ་ང་རྒྱལ་ནས་ཡོད་ཀྱང༌། དེ་ཉིན་འཕགས་པའི་མཛད་ཚུལ་འདིའི་དོགས་པ་མ་དཔྱད་པར་བཞག་ན་མི་རུང་དགོངས་ཏེ། ཆས་ཅུང་ཟད་བསྒྱུར་བའི་རྣམ་པས་བྱོན་པས་སྣར་ཐང་གི་ལྷོ་ནུབ་མཚམས་ཀྱི་རི་འགྲམ་གྲོག་པོའི་ཕུག་ན་གཏམ་སྒྲ་ཅིག་དིར་དིར་འདུག་པ་ཅི་ཡིན་སྙམ་ནས་གཟིགས་པས། གནས་བརྟན་བགྲེས་པོ་ན་བཟའ་ཁ་བབས་པ་བཞེས་པ་བཅུ་དྲུག་འདུག དེ་ལ་འདི་སྙམ་དུ་སེམས་སོ། །ཐག་རིང་གི་རི་ཕུག་རྣམས་ནས་ཀྱང་འདི་ལྟ་བུའི་ལང་ཚོ་མཐར་ཕྱིན་པ་རྣམས་ཀྱང་བསྐྱོད་ནུས་པ་འདི་གཞན་ལས་ཁྱད་པར་འཕགས་པ་ཅིག་འདུག་སྙམ་པའི་ངང་ནས་ཆུ་མིག་ཏུ་ཕེབས། དེར་འཁོར་ཚོགས་འདུས་པ་རྒྱ་མཚོའི་ཁྲོད་ན་ཆོས་ཀྱི་རྒྱལ་པོ་ཉིད་སྐུ་གསུང་ཐུགས་མི་ཕྱེད་རྡོ་རྗེ་གསུམ་གྱི་རང་བཞིན་དུ་བཞུགས་པ་མཐོང་བ་ན། ཐུགས་ཀྱང་སྣང་བའང་དེའི་དབང་དུ་སོང་ནས་གཞན་ཅི་ཡང་ཡིད་ལ་བྱེད་པར་མ་གྱུར་ཏོ། །དེར་བསྔོ་བའི་ཡོན་བཤད་ཟིན་ནས་འདུ་བ་གྲོལ་ཏེ་ཆོས་རྗེ་ཉིད་གཙུག་ལག་ཁང་དེའི་ཡང་ཐོག་ཏུ་བཞུགས་པ་ན། བཅོམ་རལ་གྱི་སྣར་སྔོན་མེད་པའི་དྲི་ཞིམ་པོ་ཞིག་ཚོར་ནས། འཕགས་པ་བཞུགས་པའི་རྒྱ་ཕིབས་ཀྱི་འོག་གི་རྒྱ་དྲྭའི་ཕྱི་ན་བྱོན་ཏེ་གཟིགས་པས་གཞལ་ཡས་ཁང་གི་ནང་ན་ཁ་ཐི་དིང་དཔོན་གྱི་འབོལ་ལྔ་བརྩེགས་ཁོ་ན་བཤམས་པ་བཅུ་དྲུག་མཆོད་པའི་ཚོགས་དང་བཅས་འདུག་པ་གཟིགས་པས། སྔར་གྲོག་པོའི་ནང་གི་གནས་བརྟན་རྣམས་དྲན་ཏེ། འདི་ལྟ་བུའི་གང་ཟག་ལ་སྔར་རང་རྒྱུད་རེངས་པའི་དབང་དུ་སོང་སྙམ་པའི་འགྱོད་པ་དང་བཅས་ཏེ་བཞུགས་པས་དྲི་བཟང་གི་ངད་ཀྱང་ཆེས་ཆེ་བར་གྱུར་ཏོ། །དེའི་མོད་ལ་གཟིགས་པས་ཁྲི་གདན་བཅུ་དྲུག་གི་སྟེང་ན་འཕགས་པའི་གནས་བརྟན་བཅུ་དྲུག་འཁོད་པ་ལ་ཡན་ལག་བདུན་པའི་མཆོད་འབུལ་མཛད་པ་གཟིགས་པས། ཐུགས་འགྱོད་ཆེར་སྐྱེས་ནས་ཕྱག་དང་བཤགས་པ་གྲངས་མེད་པར་ཕུལ། དེ་ཚུན་ནས་ཐུགས་ཞི་དུལ་དང་ལྡན་པར་གྱུར་ཏེ། ཕྱིས་བླ་མ་ཆོས་ཀྱི་རྒྱལ་པོ་ལ་ཤིན་ཏུ་དད་པས་བསྟོད་དབྱངས་ཚངས་པའི་འབྲུག་སྒྲ་ཞེས་པ་ཡང་ཕུལ་བ་ཡིན་ནོ། །དེ་ལ་སོགས་པ་མཐོང་ཐོས་དྲན་རེག་ཙམ་གྱིས་ཀྱང་སེམས་ཅན་དཔག་ཏུ་མེད་པའི་དོན་བྱེད་ཅིང༌། ཚུལ་ཁྲིམས་ཀྱི་བསླབ་པའི་སྒོ་ནས་དགེ་སློང་མ་དང༌། དགེ་ཚུལ་ཕ་མ་སྟོང་བཞི་བརྒྱ་ཉེར་ལྔ་ཙམ་གྱི་མཁན་པོ་མཛད། མདོར་ན་སྡོམ་པ་གསུམ་གྱི་སྒོ་ནས་སེམས་ཅན་ཐམས་ཅད་མངོན་མཐོ་ངེས་ལེགས་ཀྱི་ལམ་དང་འབྲས་བུ་ལ་བཀོད་པ་ནི་སྟོན་པ་འཇིག་རྟེན་དུ་བྱོན་པ་དང་ཚུལ་མཚུངས་ལ། སློབ་མའི་མཆོག་ཞང་དཀོན་མཆོག་དཔལ་ལ་སོགས་པ་གདམས་ངག་དང་རྒྱུད་དང་མགོན་པོའི་བཀའ་བབས་སོགས་བསྟན་འཛིན་གྲངས་མེད་པ་བསྐྲུན་སྟེ་བསྟན་པ་རྒྱས་པའི་བྱ་བ་རྒྱ་ཆེན་པོ་མཛད་དོ། །ཞེ་དྲུག་པ་འབྲུག་ལོ་ཟླ་བ་བཅུ་གཅིག་པའི་ཉེར་གཉིས་ལ་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ་ཏེ་གདུལ་བྱ་རྣམས་ཀྱི་ལེ་ལོ་དང་རྟག་འཛིན་གྱི་བློ་ལྡོག་པའི་ཆེད་དུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་ཏོ། །སྨྲས་པ། འཕཾགས་པཾའི་བློཾ་གྲོཾས་གཅིག་གིས་ཇི་ལྟ་དང༌། །ཇི་སྙེད་ཤེས་བྱའི་གནས་ཀུན་མ་གཟིགས་མེད། །རྒྱཾལ་བ་ཀུན་དངོས་མཚཾན་དཔེའི་སྐུ་གཅིག་གིས། །ཁམས་གསུམ་ཀུན་ན་ཆོས་ལམ་མ་བསྟན་མེད། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།  །།གཉིས་པ་དགོས་པ་ནི། གལ་ཏེ་རྣམ་ཐར་རྒྱས་པ་བཞུགས་བཞིན་དུ་འདིར་མཛད་པ་ཇི་ལྟར་བསྟན་ཚུལ་རྣམས་ཤིན་ཏུ་བསྡུས་པའི་ངག་གིས་གླེངས་བ་འདི་ལ་དགོས་པ་ཅི་ཡོད་སྙམ་ན་ཤིན་ཏུའང་ཡོད་དེ། གསུང་རབ་རིན་པོ་ཆེ་འདི་ཉིད་ཕྱོགས་ཀུན་ཏུ་ཁྱབ་པར་འགྱུར་བ་ན། མང་ཐོས་མཁས་པ་ཀུན་གྱི་གཙུག་གིས་བསྟེན་བྱའི་ནོར་བུ་ལྟ་བུར་མཁྱེན་དུ་ཟིན་ཡང༌། ཆོས་བརྒྱུད་མི་གཅིག་པའི་དབང་གིས་ཐུགས་རྒྱུས་ཆུང་བའམ། གཅིག་ཀྱང་ཐོས་པ་ཆུང་བས་ཉེན་པ་འགའ་ཞིག བསྟན་བཅོས་འདི་ཉིད་རྩོམ་པའི་སློབ་དཔོན་ཡོངས་སུ་གྲགས་པ་ཞིག་ཡིན་ནམ་མིན། ལུང་རྟོགས་ཀྱི་ཡོན་ཏན་ཇི་ལྟ་བུ་མངའ་ཞེས་དོགས་པར་གྱུར་ན་དེ་སེལ་བ་དང༌། བློ་གསལ་ཞིང་དོན་གཉེར་ཆུང་བ་རྣམས་ཀྱང་དམ་པའི་ཡོན་ཏན་བརྗོད་པས་ཡིད་ཆེས་ཏེ། བདག་ཀྱང་འདི་ལྟ་བུའི་མཁས་པར་གྱུར་ན་ཅི་མ་རུང་སྙམ་པའི་སྤྲོ་བ་སྐྱེས་ཏེ། གསུང་རབ་འདིའམ་གཞན་དག་ལ་བརྩོན་འགྲུས་ཆེན་པོས་ཐོས་བསམ་བྱེད་པར་འགྱུར་བ་དང༌། སྙིགས་མའི་དུས་ཀྱི་སྐྱེ་བོ་གདུལ་དཀའ་བས་ཡིད་འབྱུང་སྟེ་བཏང་སྙོམས་སུ་བཞུགས་པའི་མཁས་པ་སྡེ་སྣོད་འཛིན་པ་རྣམས་ཀྱང་འདི་བཀླགས་པས་རྐྱེན་བྱས་ནས། སླར་ཐུགས་ཀྱི་གཟེངས་བསྟོད་པར་གྱུར་ཏེ་མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་ལ་བརྩོན་པར་འགྱུར་བ་དང༌། ངས་བསླབས་ཀྱང་མི་ཤེས་ཞེས་ཡིད་ཞུམ་པར་གྱུར་པ་རྣམས་དང་ཡོན་ཏན་ཕྱོགས་རེ་ཙམ་གྱིས་ཆོག་པར་འཛིན་པ་རྣམས་ཀྱང་བློ་དེ་ལས་ལྡོག་སྟེ་བཀའ་དང་བསྟན་བཅོས་ཚད་ལྡན་རྣམས་ལ་ཐོས་བསམ་བསྒོམ་གསུམ་བྱེད་པར་འགྱུར་བ་ལ་སོགས་པའི་དགོས་པ་དཔག་ཏུ་མེད་པ་ཡོད་དེ། རྣམ་བཤད་རིགས་པ་ལས། ཞུམ་ལ་གཟེངས་བསྟོད་རྒོད་པ་ལ། །འཁོར་བའི་ཉེས་དམིགས་ལེགས་པར་བཤད། །རྨུགས་པ་རྣམས་ལ་ངོ་མཚར་གྱི། །གཏམ་བཤད་ནས་ནི་ཉན་དུ་གཞུག །ཅེས་དང་ཆོས་ཀྱི་གྲགས་པས་ཀྱང༌། གལ་ཏེ་ཆོས་ཀྱི་གྲགས་པ་ཡི། །སྨྲ་བའི་ཉི་མ་ནུབ་པ་ན། །ཆོས་རྣམས་གཉིད་ལོག་ཡང་ན་ཤི །ཆོས་མ་ཡིན་རྣམས་ད་གདོད་ལྡང༌། །ཞེས་གསུངས་པ་ཡང་དོན་དེ་དག་ལ་དགོངས་པས་ཡིན་གྱི་གཞན་དུ་ང་རྒྱལ་ལ་སོགས་པའི་ཚིག་ནི་མ་ཡིན་ནོ།།  །།སྨྲས་པ། རྡོ་རྗེ་འཆང་དབཾང་དབངཾ་པོའི་གྲངས་ལྡན་གྱི། །མཛད་པ་རྒྱ་ཆེཾ་ཆེཾ་བའི་ཡོན་ཏན་རྗེས། །འཇུག་འདོད་ཡིད་ཆེཾས་ཆེཾས་ཆེར་བསྐྱེད་པའི་གཏམ། །མང་པོའི་དོན་བསྡུཾས་བསྡུཾས་པའི་སྐྱོན་མེད་བགྱིས། །ངོ་མཚར་ཕྲིན་ལས་ཕ་མཐའ་རྟོགས་དཀའ་ཡི། །དཔེ་ཟླ་ང་ལ་ཡོད་ཅེས་ཀུན་གསལ་ཁྱོད། །སྙེམས་པ་མ་བྱེད་དུས་གསུམ་སངས་རྒྱས་ཀྱི། །མཛད་པ་མཐའ་མེད་དེས་ཀྱང་འགྲན་གྱིས་དོགས། །དལ་འབྱོར་རྟེན་གྱི་གྲུ་ཆེན་མི་སྟོང་ཆེད། །དད་པའི་བ་དན་ལེགས་བསྐྱོད་རྒྱལ་སྲས་ཀྱི། །སྤྱོད་པའི་རྒྱ་མཚོར་ཞུགས་པར་གྱུར་ན་དེར། །དོན་གཉིས་ལྷུན་གྲུབ་ནོར་བུ་ཡོད་དོ་ཀྱེ། །དཔལ་ས་སྐྱའི་རྗེ་བཙུན་གོང་མ་ལྔའི་གསུང་རབ་རིན་པོ་ཆེའི་པར་གྱི་སྒོ་འཕར་འབྱེད་པའི་དཀར་ཆག་འཕྲུལ་གྱི་ལྡེ་མིག་ལས། ཡིད་ཆེས་བསྐྱེད་པའི་ཆེད་དུ་བསྟན་བཅོས་རྩོམ་པ་པོ་བྱོན་ཚུལ་གྱི་སྐབས་ཏེ་དང་པོའོ།།  །།སྤྱི་དོན་གཉིས་པ་འཇུག་པ་བདེ་བའི་ཆེད་དུ་བརྩམས་པའི་བསྟན་བཅོས་ངོས་གཟུང་བ་ལ་གསུམ་སྟེ། སྤྱིའི་ངོས་གཟུང་གི་སྒོ་ནས་མདོར་བསྟན། བྱེ་བྲག་ངོས་གཟུང་གི་སྒོ་ནས་རྒྱས་པར་བཤད། བརྒྱུད་པའི་ངོས་གཟུང་གི་སྒོ་ནས་མཇུག་བསྡུ་བའོ། །དང་པོ་ལ་གསུམ། མཚན་ཉིད། སྒྲ་དོན། དབྱེ་བའོ། །དང་པོ་བསྟན་བཅོས་ཀྱི་མཚན་ཉིད་ནི། དེ་ལྟ་བུའི་རྩོམ་པ་པོ་སློབ་དཔོན་ནི་སྤང་རྟོགས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་ཤིང་རྣམ་གཡེང་མེད་པའི་ཡིད་ཅན་གྱིས། འགྲེལ་བྱ་བཀའ་སྤྱི་དང་བྱེ་བྲག་གི་དགོངས་པ་རྣམས་བརྗོད་བྱ་དོན་ཇི་ལྟ་བ་དང་ཇི་སྙེད་པ་དང་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་དང་རྗེས་སུ་མཐུན་པར། བྱེད་ལས་བཀའི་ཚིག་དོན་རྒྱ་ཆེན་པོ་རྣམས་སྡུད་པ་དང༌། ཟབ་མོ་རྣམ་པར་འབྱེད་པ་དང༌། འཁྲུགས་པ་གོ་རིམ་དུ་བསྡེབས་ནས་དགོངས་དོན་རྣམ་པར་འགྲེལ་པ་འདི་ལྟ་བུའི་བསྟན་བཅོས་ཆེན་པོ་ཉིད་ནི་གང་ན་འདུག་ཀྱང་ཐུབ་པའི་བཀའ་བཞིན་དུ་སྤྱི་བོས་བླངས་འོས་པར་གསུངས་ཏེ། རྒྱུད་བླ་མ་ལས། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི །དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླང༌། །ཞེས་གསུངས་པའི་མཚན་ཉིད་ཅན་གྱི་ངག་དམ་པ་དེ་ལ་གསུང་རབ་བམ། བསྟན་བཅོས་ཞེས་པའི་ཐ་སྙད་བྱས་པ་ཡིན་ནོ།།  །།གཉིས་པ་སྒྲ་དོན་ནི། བསྟན་བཅོས་ཀྱི་སྐད་དོད་ཤཱསྟྲ་སྟེ་ཤཱ་ས་ན་ཞེས་པ་འཆོས་པ་དང༌། ཏཱ་ཡཱི་ཞེས་པ་སྐྱོབ་པ་སྟེ། རྒྱུ་ཉོན་མོངས་པ་དུག་གསུམ་བསླབ་པ་སུམ་ལྡན་དུ་འཆོས་པ་དང༌། འབྲས་བུ་ངན་འགྲོ་དང་སྲིད་པའི་སྡུག་བསྔལ་ལས་སྐྱོབ་པས་ན་བསྟན་བཅོས་ཏེ། དེ་ལྟར་ཡང་རྣམ་བཤད་རིགས་པ་ལས། ཉོན་མོངས་དགྲ་རྣམས་ལུས་འཆོས་པ་དང༌། །ངན་འགྲོའི་སྲིད་ལས་སྐྱོབ་པ་གང་ཡིན་པ། །འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །དེ་ལྟ་བས་ན་སངས་རྒྱས་ཀྱི་གསུང་ཁོ་ན་ཡིན་པས་འཆོས་པ་ལ་སྐྱོབ་པའི་ཡོན་ཏན་གྱི་ཕྱིར་ཡང་དོན་གཟུང་བ་ལ་འབད་པ་དང་ལྡན་པར་བྱའོ། །ཞེས་གསུངས་པས་སོ། །དེ་བས་ན་བསྟན་པ་ལ་ཞུགས་པའི་གང་ཟག་རྣམས་ཀྱིས་བཀའ་ལ་གུས་པ་ཇི་ལྟར་བསྐྱེད་པ་བཞིན། བསྟན་བཅོས་ལ་ཡང་དེ་བཞིན་དུ་གུས་པར་བྱ་བར་རིགས་སོ། །ཅིའི་ཕྱིར་ཞེ་ན། སྒྲ་དོན་མཚུངས་པ་ཁོ་ནར་མ་ཟད། བསྟན་བཅོས་ཚད་ལྡན་ཐམས་ཅད་ཀྱི་བཤད་བྱ་ནི་བཀའི་དོན་གསལ་བར་བྱེད་པ་ལས་གཞན་མིན་པའི་ཕྱིར་དང༌། དེ་གསལ་བར་བྱེད་ནུས་པའི་སློབ་དཔོན་དེ་ཡང་གདུལ་བྱའི་སྣང་ཚུལ་ཙམ་ལས་གཞན་པའི་ཁྱད་པར་མི་འགྲུབ་སྟེ། ཡང་དག་པར་སྦྱོར་བའི་རྒྱུད་ལས། ཁ་ཅིག་ཏུ་ནི་བྱང་ཆུབ་ཆེན་པོའི་སེམས། །ཁ་ཅིག་ཏུ་ནི་ཇི་ལྟར་སྤྱོད་རྗེས་འབྲང༌། །ཁ་ཅིག་ཏུ་ནི་བྱང་ཆུབ་མངོན་བྱང་ཆུབ། །ཁ་ཅིག་ཏུ་ནི་འཁོར་ལོ་རབ་ཏུ་བསྐོར། །ཞེས་དང༌། དཔལ་ཡེ་ཤེས་ཐིག་ལེའི་རྒྱུད་ལས་ཀྱང༌། ལ་ལར་སངས་རྒྱས་ཀྱི་ནི་གཟུགས། །ལ་ལར་ཧེ་རུ་ཀ་ཡི་གཟུགས། །ལ་ལར་རྒྱུད་དང་བསྟན་བཅོས་ནི། །མཛད་དང་ལ་ལ་རུ་ནི་འཛིན། །ཞེས་བྱ་བ་ལ་སོགས་པ་མདོ་རྒྱུད་དུ་མ་ནས་རྒྱ་ཆེར་གསུངས་པས་སོ།།  །།གསུམ་པ་དེ་ལ་དབྱེ་ན། ཆོས་ཀྱི་རྗེ་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ས་སྐྱ་པ་བརྩེ་བ་ཆེན་པོ་ཀུན་དགའ་སྙིང་པོའི་གསུང་རབ་གླེགས་བམ་གཉིས། གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོ་ཞེས་ཡོངས་སུ་གྲགས་པའི་སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོའི་གསུང་རབ་གླེགས་བམ་གསུམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་གསང་བ་འཛིན་པ་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱི་གསུང་རབ་གླེགས་བམ་བཞི་སྟེ་དགུ་པོ་འདི་ཙམ་ཞིག་གོང་མ་ཡབ་སྲས་གསུམ་གྱི་གསུང་རབ་དུས་ཕྱིས་ཕྱོགས་གཅིག་ཏུ་བསྡེབས་པ་རྣམས་ཡིན་གྱི། གཞན་མ་ཤིན་ཏུ་ཟབ་ཅིང་བཀའ་རྒྱ་ཡོད་པ་གསུང་ངག་རིན་པོ་ཆེའི་གཞུང་བཤད་སོགས་མན་ངག་གི་སྐོར་མང་པོ་ལམ་སྐོར་ཕྱི་མ་བརྒྱད་ཡན་ལག་དང་བཅས་པ་དང༌། ཆོས་སྐྱོང་གུར་ཞལ་སོགས་ཀྱི་སྒྲུབ་སྐོར་ཆེས་གཉན་པ་རྣམས་ནི། གླེགས་བམ་འདི་དག་གི་གྲས་སུ་བླ་མ་གོང་མ་རྣམས་ཀྱིས་འཇུག་པར་མ་གནང་ཞིང༌། ཉམས་ཁྲིད་དང་ལུང་རྒྱུན་སོགས་ཀྱང་ཟུར་དུ་མཛད་པ་ཡིན་པས་དོན་དུ་གཉེར་བ་རྣམས་ཀྱིས་ལོགས་སུ་རྟོགས་པར་བྱ་དགོས་པ་ཁོ་ན་ཡིན་ནོ། །ཡང་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་འཇམ་མགོན་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་གསུང་རབ་གླེགས་བམ་གསུམ། ཁམས་གསུམ་འགྲོ་བའི་མགོན་པོ་འཕགས་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་གསུང་རབ་གླེགས་བམ་གསུམ་དང་དྲུག་སྟེ། ཐམས་ཅད་བསྡོམས་པ་གླེགས་བམ་བཅོ་ལྔ་པོ་འདི་རྣམས་ནི། བདེ་ལེགས་སུ་འདོད་པའི་སྐྱེས་བུ་བློ་གྲོས་ཅན་རྣམས་ཀྱིས་ཐོས་བསམ་བསྒོམ་གསུམ་ལ་འབད་པར་བྱ་བའི་རིགས་ཏེ། ཇི་སྐད་དུ་སྡོམ་གསུམ་རབ་དབྱེ་ལས། དེ་ན་སངས་རྒྱས་གསུང་རབ་དང༌། །མཁས་པ་རྣམས་ཀྱི་བསྟན་བཅོས་ཀྱི། །ཚིག་དོན་ལ་ནི་བྱིན་རླབས་ཡོད། །འདི་འདྲ་ཉན་བཤད་བྱེད་པ་ལ། །ཐོས་པ་ཞེས་ནི་བརྗོད་པ་ཡིན། །དེ་དོན་དཔྱོད་པ་བསམ་པ་ཡིན། །ནན་ཏན་གྱིས་ནི་དེ་བསྒྲུབ་པ། །བསྒོམ་པ་ཡིན་པར་ཤེས་པར་བྱ། །ཐོས་བསམ་བསྒོམ་གསུམ་དེ་ལྟར་གྱིས། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་གསུངས་པ་ལྟར་རྟོགས་པར་བྱའོ། །སྨྲས་པ། ལུང་སྦྱོར་དཔྱིད་ཀྱི་དཔལ་མོའི་རྒྱང་གླུས་སྔུན། །བསུས་པའི་མདོར་བསྟན་སྙན་ཚིག་དབྱར་སྐྱེས་ཀྱི། །པདྨའི་དགའ་ཚལ་སྙིང་གི་གྲོགས་གཞོན་འདི། །དཔྱོད་ལྡན་རྐང་དྲུག་ལྷ་བུའི་སྙིང་དུ་སྡུག །བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།  །།གཉིས་པ་བྱེ་བྲག་ངོས་གཟུང་གི་སྒོ་ནས་རྒྱས་པར་བཤད་པ་ལ་ལྔ་སྟེ། དང་པོ་ཆོས་ཀྱི་རྗེ་རྣལ་འབྱོར་གྱི་དབང་ཕྱུག་བརྩེ་བ་ཆེན་པོ་ཀུན་དགའ་སྙིང་པོའི་གསུང་རབ་གླེགས་བམ་དང་པོ་༼ཀ༽པ་ལ་ཐོག་མར་དཔལ་ལྡན་བི་རཱུ་པ་ལ་བསྟོད་པ་ལྷན་སྐྱེས་སྤྲོས་བྲལ་མ། ཞང་སྟོན་ལ་བསྟོད་པ་ཡོན་ཏན་མཆོག་མངའ་མ། རྒྱུད་སྡེ་སྤྱིའི་རྣམ་གཞག་ཆུང་ངུ་མགོར། བླ་མ་རིན་ཆེན་ལྟ་བུ་དང༌། །ཞེས་དང་ཆ་ཤས་ཀྱི་བཤད་པའི་རྒྱུད་སཾ་པུ་ཊ་ཡིན་ནོའི་མཐའ་ཅན། བརྟག་གཉིས་ཀྱི་ས་བཅད་མགོར་དཔལ་ཀྱེ་རྡོ་རྗེ་ལ་ཕྱག་འཚལ་ལོ། །དཔལ་ཀྱེའི་རྡོ་རྗེའི་བརྟག་པ་གཉིས་ཀྱི་བདག་ཉིད་ཅན་གྱི་རྒྱུད་ཅེས་བྱ་བ་དང་བརྟག་གཉིས་པའི་བསྡུས་དོན་རྫོགས་སོའི་མཐའ་ཅན། ཀྱེའི་རྡོ་རྗེའི་རྩ་བའི་རྒྱུད་བརྟག་པ་གཉིས་པའི་ཚིག་འགྲེལ་བླ་མ་མངའ་རིས་པས་མཛད་པ་མགོར་བླ་མ་དམ་པ་རྣམས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ། །རང་བཞིན་ལྷན་ཅིག་སྐྱེས་པ་མཁའ་ལྟར་ཞེས་པ་དང་མི་ཕྱེད་ཕྱག་རྒྱ་ཆེན་པོ་མངོན་གྱུར་ཤོག་གི་མཐའ་ཅན། སྒྱི་ཆུ་བས་མཛད་པའི་བརྟག་གཉིས་ཀྱི་དཀའ་འགྲེལ་མགོར་དཔལ་ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཀྱེ་ཡི་རྡོ་རྗེ་རྣལ་འབྱོར་ཆེ། །ཞེས་པ་དང་མན་ངག་དོན་གསལ་ཞེས་བྱ་བ་རྨོངས་པས་རྟོགས་སླ་བའི་དོན་དུ་བྲིས་པ་རྫོགས་སོའི་མཐའ་ཅན། དཀོན་མཆོག་ལྷུན་གྲུབ་པའི་གསན་ཡིག་ན་སྒྱི་ཆུ་བའི་དཀར་འགྲེལ་དང་ཊཱི་ཀ་ཆུང་མན་ངག་དོན་གསལ་ཞེས་སོ་སོར་གསུངས་པ་ལྟར་འདུག་ཀྱང་གཅིག་ཡིན་པར་འདི་ཉིད་ཀྱི་གཞུག་ན་གསལ། འོན་ཀྱང་འོག་ས་ཆེན་ཉིད་ཀྱིས་མཛད་པ་འདི་གསན་ཡིག་རྣམས་ན་མི་སྣང་བས་དཔྱད། བརྟག་གཉིས་ཀྱི་དཀའ་འགྲེལ་མགོར་བཅོམ་ལྡན་འདས་དཔལ་ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །བློ་གྲོས་མཚུངས་མེད་འཇིག་རྟེན་ཀུན་གྱི་མིག །ཅེས་བྱ་བ་དང༌། ཀྱེའི་རྡོ་རྗེའི་དཀའ་འགྲེལ་བླ་མ་ས་ཆེན་གྱིས་མཛད་པ་རྫོགས་སོའི་མཐའ་ཅན་དང་རྩ་བཤད་ཀྱི་རྒྱུད་དུ་འཇོག་ཚུལ་འཐོར་བུ་འགའ་རེ་དང་བཅས་པ། རྡོ་རྗེ་གུར་ཡི་ཐོ་ཡིག་མགོར་བཅོམ་ལྡན་འདས་དཔལ་ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །དགེས་པ་རྡོ་རྗེའི་རྒྱུད་ལ་འབུམ་ཚོ་ལྔ་བྱུང་བ་ནི་ཞེས་པ་དང༌། ནམ་མཁའི་ཁམས་ཀྱི་དབུས་གནས་པར། །ཞེས་པ་ལ་སོགས་པས་བསྟན་ཏོ་ས་མཱཔྟའི་མཐའ་ཅན། གུར་གྱི་བཤད་པའི་ཆིང་མགོར་ཨོཾ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དེ་ལ་ཐོག་མར་ཞེས་པ་དང་དཀྱིལ་འཁོར་འཁོར་ལོའི་ལམ་བསྟན་པའོ་རྫོགས་པའི་མཐའ་ཅན། གུར་རིགས་བསྡུས་ཀྱི་རིག་པའི་དབང་གི་བཤད་པ་མགོར་འཁོར་གསུམ་ཡོངས་སུ་དག་པ་ལ་བཞི་སྟེ་ཞེས་པ་དང་དེས་ལུས་རྟག་པ་སྟེ་རྣམ་སྣང་དུ་འགྱུར་ཨི་ཐིའི་མཐའ་ཅན། གུར་གྱི་རྒྱུད་ཀྱི་དཀའ་གནས་བཤད་པ་མགོར་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ལེའུ་དང་པོ་འཁོར་གྱི་ལྷ་མོའི་ཞེས་པ་དང་ལྷག་མ་གོ་སླའོའི་མཐའ་ཅན། མཆོག་སྒྲུབ་པའི་དང་ལས་རྒྱས་པའི་ལྷའི་གྲངས་མགོར་འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་འདིས་ཞེས་པ་དང་གོང་དུ་བསྟན་པའི་གསལ་བར་སྟོན་ཏོའི་མཐའ་ཅན། རྡོ་རྗེ་གླུའི་བཤད་པ་མགོར་རྡོ་རྗེ་གླུའི་བཤད་པ་ལ་དོན་གསུམ་སྟེ་ཞེས་པ་དང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པར་བྱས་ཤིང་གོམས་པར་བྱས་པའོའི་མཐའ་ཅན། རྩའི་མངོན་རྟོགས་མགོར་རྩའི་མངོན་པར་རྟོགས་པའི་དོན་བསྟན་པ་ལས་ཞེས་པ་དང་དེ་ནི་བྱང་སེམས་ལ་བརྩིས་པས་ཕྲ་བའོ། །ས་མཱཔྟ་མི་ཐིའི་མཐའ་ཅན། རྡོ་རྗེ་ཉིང་འགྲེལ་སྔ་འགྱུར་གྱི་ཡིག་སྣ་མགོར་འཇིག་རྟེན་སྤྱོད་པ་ཞེས་པ་ན་མར་ཞེས་པ་དང་ཁྱབ་བྱེད་ཅེས་བྱ་སྟེ་མ་ལུས་སོ། །ས་མཱཔྟ་མི་ཐིའི་མཐའ་ཅན། གུར་གྱི་རྒྱུད་ཀྱི་ཟིན་བྲིས་མགོར་ལེའུ་དང་པོར་རྒྱལ་བ་རིགས་ལྔ་ཞེས་པ་དང་དབང་བསྐུར་བའི་སློབ་དཔོན་ལ་ཇི་ལྟར་གུས་པར་བྱ་བ་བསྟན་ཏོ། །ས་མཱཔྟ་མི་ཐིའི་མཐའ་ཅན། འདི་ལ་གསན་ཡིག་དབང་གི་རྒྱལ་པོར་ལེ་འགྲེལ་གསུང༌། སཾ་པུ་ཊའི་རྒྱུད་ཀྱི་དཀའ་འགྲེལ་མགོར་བླ་མ་དམ་པ་རྣམས་ལ་གུས་པས་ཕྱག་འཚལ་ལོ། །དཔལ་ཡང་དག་པར་སྦྱོར་བ་ཞེས་པ་དང་དཀའ་བའི་གནས་རྣམས་བསྡུས་པས་ནོངས་པར་གྱུར་ན་བླ་མ་མཁའ་འགྲོས་བཟོད་པར་མཛོད། ས་མཱཔྟ་མི་ཐིའི་མཐའ་ཅན། «རྒྱ་མཚོར་རྫོགས་རིམ་གྱི་མན་ངག་གསུང༌།་་་་་»ཁ་སྦྱོར་ཐིག་ལེའི་དོན་འབྱུང་བ་མགོར་དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཆེན་པོ་ལས་ཁ་སྦྱོར་ཐིག་ལེའི་དོན་ཞེས་པ་དང་ཉམས་སུ་བླང་བའི་མན་ངག་སྔར་བླ་མའི་ཞལ་ལས་ཤེས་པར་བྱའོ། །ཡང་སྤྱིར་རང་བྱིན་གྱིས་བརླབ་པ་ལ་ཞེས་པ་དང་གང་རུང་འོང་གསུང་ཨི་ཐིའི་མཐའ་ཅན་ཅིག སཾ་པུ་ཊའི་རྒྱུད་ཕྱི་མའི་རྣམ་པར་བཤད་པ་མགོར་བླ་མ་དམ་པའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ། །བརྟག་པ་བཅུ་གཅིག་པའི་རྒྱུད་ཕྱི་མའི་ཞེས་པ་དང༌། དཀོན་མཆོག་བླ་མ་མཁའ་འགྲོའི་ཚོགས། །བཀའ་ཆད་མི་སྩལ་བཟོད་པར་གསོལ་གྱི་མཐའ་ཅན། ཁ་སྦྱོར་ཕྱི་མའི་བརྟག་པ་བཅུའི་དོན་བཤད་མགོར་དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །དེ་ལ་ཡང་དག་པར་སྦྱོར་བའི་རྒྱུད་ཕྱི་མས་བཅུ་པའི་དོན་ཞེས་པ་དང་བརྟག་པ་གསུམ་པ་དངོས་སུ་མི་གསལ་བ་གསལ་བར་བྱེད་པར་རྟོགས་པར་བྱའོའི་མཐའ་ཅན། བསྡུས་པའི་དཀྱིལ་འཁོར་དུ་སློབ་མ་དབང་བསྐུར་བ་མགོར་བླ་མ་དམ་པའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ། །བསྡུས་པའི་དཀྱིལ་འཁོར་དུ་སློབ་མ་དབང་བསྐུར་བའི་རྟོག་པ་ཞེས་པ་དང་མཆོག་གི་དངོས་གྲུབ་ཀྱི་སྒྲུབ་ཐབས་ཀྱང་འདི་ཉིད་ཀྱིས་ཤེས་པར་བྱ་བ་ཁོ་ན་ཡིན་ནོའི་མཐའ་ཅན། གསན་ཡིག་དབང་གི་རྒྱལ་པོར་སཾ་པུ་ཊའི་དཀྱིལ་འཁོར་ཆོ་གའི་ཐོ་ཡིག་གསུངས་པ་འདི་ཡིན་ནམ་དཔྱད།།  །།གླེགས་བམ་གཉིས་པ་༼ཁ༽པ་ལ་བདེ་མཆོག་ནག་པོ་པའི་ལོ་རྒྱུས་མགོར་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །སློབ་དཔོན་བརྟུལ་ཞུགས་སྤྱོད་པ་ཞེས་པ་དང་གཞུང་དྲུག་པོ་དེ་དག་གི་གསེབ་ཚགས་ནས་བཏོན་པ་ཡིན་གསུང་ངོའི་མཐའ་ཅན། གཞུང་དྲུག་སྤྱིའི་རྣམ་གཞག་མགོར་སློབ་དཔོན་ནག་པོ་པའི་གཞུང་འདི་ཞེས་པ་དང་བརྩམས་པ་མཐར་ཕྱིན་པའོའི་མཐའ་ཅན། ནག་པོ་པའི་དཀྱིལ་ཆོག་གི་ས་བཅད་མགོར་བླ་མ་དམ་པའི་ཞབས་ལ་སྤྱི་བོས་གུས་པས་ཕྱག་འཚལ་ལོ། །སློབ་དཔོན་སྤྱོད་པའི་རྡོ་རྗེས་མཛད་པའི་ཞེས་པ་དང་སྤྱོད་པའི་རྗེས་སུ་གནང་བའོ་ཨི་ཐིའི་མཐའ་ཅན། སྒྲུབ་ཐབས་ས་བཅད་མགོར་སློབ་དཔོན་ནག་པོ་སྤྱོད་པ་བས་མཛད་པའི་ཞེས་པ་དང་གཞན་རྣམས་གོང་དང་འདྲའོ་ཨི་ཐིའི་མཐའ་ཅན། སྦྱིན་སྲེག་ས་བཅད་མགོར་སློབ་དཔོན་སྤྱོད་པའི་རྡོ་རྗེས་མཛད་པའི་ཞེས་པ་དང་ཕུར་བུ་དབྱུང་བ་ལ་སོགས་པ་མཇུག་གི་ཆོ་ག་བསྟན་པའོ་ཨི་ཐིའི་མཐའ་ཅན། གསང་བའི་དེ་ཁོ་ན་ཉིད་གསལ་བའི་ས་བཅད་མགོར་བླ་མ་དམ་པའི་ཞབས་པད་སྤྱི་བོས་ལེན། སློབ་དཔོན་སྤྱོད་པ་བས་ཞེས་པ་དང་གསང་བའི་དེ་ཁོ་ན་ཉིད་རབ་ཏུ་གསལ་བའི་འགྲེལ་པ་ཨི་ཐིའི་མཐའ་ཅན། ཨོ་ལ་པ་ཏིའི་ས་བཅད་མགོར་ན་མཿཤྲཱི་ཙཀྲ་སམྦ་ར་མཎྜ་ལེ་བྷྱཿ ཨོ་ལ་པ་ཏི་ཞེས་པ་དང་རིམ་པ་གཉིས་ལ་སོགས་པའོ་ཨི་ཐིའི་མཐའ་ཅན། དཔྱིད་ཀྱི་ཐིག་ལེའི་ས་བཅད་མགོར་དཔྱིད་ཀྱི་ཐིག་ལེ་ལ་དོན་གསུམ་སྟེ་ཞེས་པ་དང་འབྲས་བུ་གསང་བའི་རིམ་པའོ་རྫོགས་སོའི་མཐའ་ཅན། རས་བྲིས་ལ་བརྟེན་པའི་དཀྱིལ་ཆོག་མགོར་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །ནག་པོ་ཆོ་ག་ལ་བརྟེན་ནས། ཞེས་པ་དང་བཀའ་བཞིན་བསྒྲུབ་པར་ཁས་བླངས་སོ་གསུང་ངོའི་མཐའ་ཅན། མངོན་རྟོགས་ཀྱི་ཊཱི་ཀ་«གསལ་བྱེད་ཀྱང་གསུང་་་་་་»ཆུང་མགོར་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །འཁོར་ལོ་སྡོམ་པའི་སྒྲུབ་པའི་ཐབས་འདི་ཞེས་པ་དང་ནག་པོ་མངོན་རྟོགས་ཀྱི་ཏི་པ་ན་ཨི་ཐིའི་མཐའ་ཅན། སྦྱིན་སྲེག་གི་ཊཱི་ཀ་མགོར་ཤྲཱི་ཝཱཾ་གུ་རུ་བྷ་དྲཱ་ཡ་ན་མཿ དངོས་གྲུབ་མ་གྲུབ་པ་གྲུབ་པར་བྱེད། ཅེས་པ་དང་ཚིག་གི་དོན་རྣམས་ནི་གཞུང་ཉིད་ནས་གསལ་ལོ་སྦྱིན་སྲེག་ས་མཱཔྟ་མི་ཐིའི་མཐའ་ཅན། སྦྱིན་སྲེག་གི་ལག་ལེན་མགོར་ཀྲྀཥྞ་ཨཱ་ཙཱརྻས་མཛད་པའི་ཞེས་པ་དང་འདི་ནི་ལ་མ་ཀ་ལ་སོགས་པའི་སྤྱོད་ཡུལ་ཡིན་གསུང་ངོ་ཨི་ཐིའི་མཐའ་ཅན། རོ་སྲེག་གི་ཆོ་ག་མགོར་བཅོམ་ལྡན་འདས་བདེ་མཆོག་ལ་ཕྱག་འཚལ་ལོ། །སློབ་དཔོན་སྤྱོད་པ་བའི་ཞེས་པ་དང་གཞན་དག་གི་ནི་བསྲེག་རྫས་དང་ཡོན་བདག་ཏུ་བྱ་བའི་ལུགས་ཀྱང་བཞེད་དེ་བརྒྱུད་པ་འདིས་མི་བཞེད་དོའི་མཐའ་ཅན། གསང་བའི་དེ་ཁོ་ན་ཉིད་ཀྱི་ཊཱི་ཀ་མགོར་བླ་མ་དང་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །སློབ་དཔོན་སྤྱོད་པའི་རྡོ་རྗེས་མཛད་པའི་ཞེས་པ་དང་གསང་བའི་དེ་ཁོ་ན་ཉིད་རབ་ཏུ་གསལ་བའི་གསལ་བྱེད་རྫོགས་པའི་མཐའ་ཅན། དེའི་ཚིག་དོན་བསྡུས་པའི་གོ་འབྱེད་མགོར་བཅོམ་ལྡན་འདས་དཔལ་འཁོར་ལོ་བདེ་མཆོག་ལ་ཕྱག་འཚལ་ལོ། །གསང་བའི་དེ་ཁོ་ན་ཉིད་ཅེས་པ་དང་ཚིག་དོན་གཉིས་བསྡུས་པའི་གོ་འབྱེད་ཅུང་ཟད་ཙམ་བསྟན་པའོ་རྫོགས་སོའི་མཐའ་ཅན། ཡང་དེའི་དོན་གྱི་ཆ་བླ་མའི་གསུང་གནང་བ་བྲིས་པ་མགོར་བླ་མ་དམ་པའི་ཞབས་ལ་སྤྱི་བོས་གུས་པར་ཕྱག་འཚལ་ལོ། །དཔལ་ལྡན་གསང་བ་འདུས་པ་དང༌། ཞེས་པ་དང༌། གསང་བའི་དེ་ཁོ་ན་ཉིད་ཀྱི་དོན་གྱི་ཆ་ཙམ་བླ་མའི་གསུང་དང་གཞུང་ན་སྣང་བ་བྲིས་པ་རྫོགས་སོའི་མཐའ་ཅན། ཨོ་ལ་པ་ཏིའི་རྣམ་བཤད་མགོར་ན་མཿཤྲཱི་ཙཀྲ་སམྦ་ར་མཎྜ་ལཱ་ཡ། རྗེ་བཙུན་བླ་མ་ཞེས་པ་དང་ཨོ་ལ་པ་ཏིའི་རྣམ་པར་བཤད་པ་ཨི་ཐི། ཡང་དེའི་མན་ངག་མགོར་དབྱུ་གུ་གཅིག་ལ་སུམ་བརྒྱ་ཞེས་པ་དང་ཨོ་ལ་པ་ཏིའི་མན་ངག་ཨི་ཐིའི་མཐའ་ཅན། དཔྱིད་ཐིག་གི་ཊཱི་ཀ་མགོར་ན་མོ་གུ་རུ་བྷྱཿཤྲཱི་ཙཀྲ་སམྦ་ར་མཎྜ་ལཱ་ཡ། སློབ་དཔོན་སྤྱོད་པའི་རྡོ་རྗེའི་དགོངས་པས་ཞེས་པ་དང་དཔྱིད་ཀྱི་ཐིག་ལེ་ཞེས་བྱ་བའི་རྣམ་འགྲེལ་ཨི་ཐིའི་མཐའ་ཅན་ཏེ་དེ་རྣམས་ལ་ནག་པོ་གཞུང་དྲུག་གི་མན་ངག་ནག་འབུམ་དུ་གྲགས་སོ། །དེ་རྣམས་ལ་གསན་ཡིག་དབང་གི་རྒྱལ་པོར་གཞུང་དྲུག་གི་ཐོ་ཡིག་ཅེས་སྦས་པ་ཙམ་ལས་མ་གསུངས། རིམ་པ་བཞིའི་གདམས་ངག་མགོར་དཔལ་འཁོར་ལོ་སྡོམ་པ་ལ་ཕྱག་འཚལ་ལོ། །སྲིད་པ་གསུམ་ན་མཚུངས་པ་མེད་པའི་ཞེས་པ་དང་མང་བ་དང་ཉུང་བ་ཁེགས་གསུང་ངོ་ཨི་ཐིའི་མཐའ་ཅན། ཡང་དེའི་ལག་ཏུ་བླང་བའི་རིམ་པ་སོགས་མན་ངག་ཐོར་བུ་བ་འགའ་རེ། འཇིགས་བྱེད་རྟོག་བདུན་གྱི་ཊཱིཀ་མགོར་བཅོམ་ལྡན་འདས་དཔལ་འཇིགས་བྱེད་ལ་ཕྱག་འཚལ་ལོ། །འཇམ་དཔལ་ཁྲི་དྲུག་སྟོང་ཡོད་པའི་ལེའུ་དྲུག་པ་ཞེས་པ་དང་བསད་པའི་ལས་སུ་སྦྱར་བ་ཡིན་ས་མཱཔྟ་མི་ཐིའི་མཐའ་ཅན། སྒྲོལ་མ་ལྷ་བཅུ་བདུན་མའི་དཀྱིལ་ཆོག་མགོར་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །དང་པོ་མཚན་ཉིད་དང་ལྡན་པའི་བླ་མ་ཞེས་པ་དང་དབང་གི་ཆོ་གའི་ཐོ་ཙམ་ཕྱོགས་གཅིག་ཏུ་བསྡེབས་ནས་བསྟན་པ་རྫོགས་སོའི་མཐའ་ཅན། དཔལ་ས་སྐྱ་པའི་མན་ངག་གཅེས་པ་བཏུས་པ་རིན་པོ་ཆེའི་ཕྲེང་བ་བིརྺ་པའི་སྒྲུབ་ཐབས་སོགས་གདམས་པ་མང་རབ་ཡོད། གུར་ལས་གསུངས་པའི་ཁྲོ་བཅུའི་སྲུང་འཁོར་མགོར་བླ་མ་དམ་པའི་ཞབས་ལ་སྤྱི་བོས་གུས་པར་ཕྱག་འཚལ་ལོ། །འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་ཞེས་པ་དང་ཁྲོ་བོ་བཅུའི་མངོན་པར་རྟོགས་པ་ཡོངས་སུ་རྫོགས་སོའི་མཐའ་ཅན་དང༌། བྷ་ཡ་ནཱ་སའི་སྲུང་འཁོར་མགོར་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །བྷ་ཡ་ནཱ་ས་འདི་ནི་ཞེས་པ་དང་བསྲུང་བའི་མཆོག་གོ་རྫོགས་སོའི་མཐའ་ཅན། སྐྱུར་ཨ་སྐྱབས་ལ་ཞུ་ཡིག་མགོར་བླ་མ་དམ་པ་རྣམས་ཀྱི་ཞབས་ལ་སྤྱི་བོས་གུས་པར་ཕྱག་འཚལ་ལོ། །ཡོན་ཏན་རིན་ཆེན་དཔག་མེད་འབྱུང་བའི་གནས། །ཞེས་ཡོད་པ། བུམ་གཏེར་འཇུག་པའི་མན་ངག་མགོར་ཨོཾ་སྭ་སྟི་སིདྡྷཾ་མཆོད་རྟེན་ནམ་གཙུག་ལག་ཁང་ཞེས་པ་དང་ཚུལ་འདི་བཞིན་ཤེས་པར་བྱའོའི་མཐའ་ཅན། ཁྱུང་ཁྲའི་མན་ངག་བསྟོད་པ་བཅས་པའི་མགོར་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ནམ་མཁའ་ལྡིང་བསྒོམ་པར་འདོད་པའི་ཞེས་པ་དང་རྡོ་རྗེ་ནམ་མཁའ་ལྡིང་གི་བསྟོད་པའོའི་མཐའ་ཅན། དུར་ཁྲོད་བདག་པོའི་སྒྲུབ་སྐོར་ཚིགས་བཅད་མ་སོགས་ལས་ཚོགས་འཐོར་བུ། བཀའ་འབུམ་གྱི་དཔེ་སྔ་མ་རྣམས་སུ་འདི་ཉིད་བྲིས་འདུག་ཅིང་སྒྲུབ་སྐོར་གཞན་དུ་ཚིགས་བཅད་འདི་ལ་འགྲེལ་པ་བྱས་པ་ཞིག་ལའང་ས་ཆེན་གྱིས་མཛད་ཟེར་བ་འདུག་ཀྱང་ལུང་རྒྱུན་ཡོད་པ་གང་ཡིན་དཔྱོད། བདེ་མཆོག་རྩ་རྒྱུད་ཀྱི་ཊཱི་ཀ་མུ་ཏིག་ཕྲེང་བ་མགོར། སྣ་ཚོགས་པདྨའི་གེ་སར་རྡུལ་གྱིས་སྐུ་བྱུགས་པ། །ཞེས་པ་དང་ཊཱི་ཀ་མུ་ཏིག་ཕྲེང་བ་ཞེས་བྱ་བ་རྫོགས་སོའི་མཐའ་ཅན། འདི་བླ་ཆེན་མལ་དང་རྗེ་ས་ཆེན་གཉིས་ཆར་གྱི་སློབ་མ་རྗེ་བཙུན་སྐུ་མཆེད་གཉིས་ཀྱི་སློབ་དཔོན་བླ་མ་གཉན་ཕུལ་བྱུང་བས་ས་ཆེན་གྱི་གསུང་ལ་ཟིན་བྲིས་མཛད་པས་བཀའ་འབུམ་དངོས་དང་ཁྱད་པར་མེད་ཅིང་གསན་ཡིག་ཐམས་ཅད་ལའང་ཡོད་པས་ལུང་རྒྱུན་བཞུགས། སློབ་དཔོན་མཚོ་སྐྱེས་ཀྱི་ལོ་རྒྱུས་མགོར་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །རྡོ་རྗེ་གདན་གྱི་ལྷོ་ཕྱོགས་ཨོ་ཌེ་བི་ཤ་ཞེས་དང་དེ་ལྟར་བརྒྱུད་ཁུངས་སོ་ཨི་ཐིའི་མཐའ་ཅན། གྲུབ་ཐབས་མཚོ་སྐྱེས་ཀྱི་བསྡུས་དོན་མགོར་དཔལ་ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །སློབ་དཔོན་པདྨ་བཛྲས་མཛད་པའི་སྒྲུབ་ཐབས་ལ་ཞེས་བྱ་བ་དང་བརྩམས་པའི་དགེ་བའི་རྩ་བ་གཞན་དོན་དུ་བསྔོ་བའོ་ས་མཱཔྟ་མི་ཐིའི་མཐའ་ཅན། མཚོ་སྐྱེས་ཀྱི་མངོན་རྟོགས་ཚིག་གི་བུམ་པ་མགོར། བླ་མ་རྗེ་བཙུན་སྒྱི་ཆུ་བའི། ཞེས་པ་དང༌། དེས་ནི་བླ་མ་ལ་གུས་ཤོག ས་མཱཔྟ་མི་ཐིའི་མཐའ་ཅན། དཀོན་མཆོག་ལྷུན་གྲུབ་པའི་གསན་ཡིག་ན་སྒྲུབ་ཐབས་ཀྱི་འགྲེལ་པ་ཞེས་པ་དང་མངོན་རྟོགས་ཚིག་གི་བུམ་པ་ཞེས་པ་གཉིས་སོ་སོར་བགྲངས་འདུག་ཀྱང་རྡོ་རྗེ་འཆང་གི་གསན་ཡིག་རྒྱ་མཚོར་མཚོ་སྐྱེས་ཀྱི་བཤད་པ་ཚིགས་བཅད་མ་ཞེས་འདི་ལ་ངོས་འཛིན་མཛད་འདུག་པས་ཕྱི་མའི་ཡི་གེ་མ་དག་པ་ཡིན་ནམ་སྙམ། ཀྱེ་རྡོ་རྗེའི་གདན་གྱི་རྣམ་དག་མགོར་བླ་མ་དམ་པའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ། །གཙོ་བོའི་གདན་གྱི་ཚངས་པ་ཞེས་པ་དང་སྤྱི་གཙུག་ཏུ་ནི་ཧཱུྃ་མཛད་དོའི་མཐའ་ཅན། སྔོན་བྱུང་གི་རྣམ་འཕྲུལ་མགོར་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ལྷའི་རྣམ་པའི་སྐབས་སུ་ཞེས་པ་དང་སྔོན་བྱུང་གི་རྣམ་འཕྲུལ་སྐབས་བསྟན་ཟིན་ཏོའི་མཐའ་ཅན། ཌོམྦི་པའི་དེ་ཉིད་བཅུའི་གསལ་བྱེད་མགོར་བླ་མ་དམ་པ་ལ་ཕྱག་འཚལ་ལོ། །ཌོམྦི་ཧེ་རུ་ཀའི་ཞེས་པ་དང་དེའི་རྗེས་སུ་འབྲངས་ནས་གསུངས་པ་ཡིན་ནོའི་མཐའ་ཅན། ཀག་ཆོལ་གྱི་སྒྲུབ་ཐབས་རིན་ཆེན་རྡོ་རྗེས་མཛད་པའི་འགྲེལ་པ་མགོར། བླ་མ་དང་ནི་ལྷག་པའི་ལྷ། །ཞེས་པ་དང་རྡོ་རྗེ་རིན་པོ་ཆེའི་མྱུ་གུ་ཞེས་བྱ་བ་རྫོགས་སོ་ཨི་ཐིའི་མཐའ་ཅན། བདེ་མཆོག་རྩ་རྒྱུད་ཀྱི་ལེ་འབྲེལ་མགོར། ནཱ་རོ་ཆེན་པོའི་བཞེད་པ་ཡིས། །ཞེས་པ་དང༌། དེང་སང་བློ་ལྡན་རྣམས་ཀྱིས་སྦྱང་བར་རིགས། ས་མཱཔྟ་མི་ཐིའི་མཐའ་ཅན། བདེ་མཆོག་རྩ་རྒྱུད་ཀྱི་བསྡུས་དོན་མགོར་བླ་མ་དམ་པའི་ཞབས་ལ་སྤྱི་བོས་གུས་པར་ཕྱག་འཚལ་ལོ། །ནཱ་རོ་ཆེན་པོའི་བཞེད་པས་ཞེས་པ་དང༌། འཁོར་ལོ་སྡོམ་པའི་རྩ་བའི་རྒྱུད་ཀྱི་བསྡུས་དོན་རྫོགས་སོའི་མཐའ་ཅན། རྩ་རྒྱུད་ཀྱི་དཀའ་བའི་གནས་ཀྱི་ཟིན་བྲིས་མགོར་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ལ་གྷུ་སམྦ་ར་ཞེས་པ་དང་དཀའ་བ་རྣམས་རང་དོན་དུ་ཡི་གེར་བཀོད་པའོ། །ས་མཱཔྟ་མི་ཐིའི་མཐའ་ཅན། ནག་པོ་དཀྱིལ་ཆོག་གི་ཐོ་ཡིག་ཐེ་ཚོམ་ཅན་དུ་བཞེད་པ་མགོར་བླ་མ་དམ་པའི་ཞབས་ལ་སྤྱི་བོས་གུས་པས་ཕྱག་འཚལ་ལོ། །དཀྱིལ་འཁོར་གྱི་ཆོ་ག་འདི་རྩ་བའི་རྒྱུད་དང་བཤད་པའི་རྒྱུད་ཅེས་པ་དང༌། ནག་པོ་པའི་དཀྱིལ་འཁོར་གྱི་ཐོ་ཡིག་ཙམ་དུ་སྦྱར་བའོ་རྫོགས་སོའི་མཐའ་ཅན་རྣམས་བཞུགས་སོ། །འདིར་དཔེ་མ་རྙེད་པ་ལམ་འབྲས་བརྒྱུད་པའི་གསོལ་འདེབས། གསན་ཡིག་དབང་གི་རྒྱལ་པོར་བླ་མ་ལ་མཆོད་པ་བརྗོད་ཚུལ་གསུངས་པ་གཉིས་མ་རྙེད།།  །།གཉིས་པ་གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོ་ཞེས་ཡོངས་སུ་གྲགས་པའི་སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོའི་གསུང་རབ་གླེགས་བམ་དང་པོ་༼ག༽པ་ལ་རྒྱུད་སྡེ་སྤྱིའི་རྣམ་པར་གཞག་པ་འཇམ་དབྱངས་ས་པཎ་གྱིས་ཞུས་དག་མཛད་པ། རྗེ་ས་སྐྱ་པ་ཆེན་པོ་ལ་བསྟོད་པ་མགོར་ཚངས་དབང་གཙུག་གི་ནོར་བུ་ཞེས་ཡོད་པ། བརྒྱུད་པ་དང་བཅས་པ་ལ་གསོལ་བ་འདེབས་པ་མགོར། གང་ཐུགས་ཀུན་ནས་དགའ་བའི་དཔལ་མངའ་བ། །ཞེས་པ་དང༌། དེ་འདྲ་སྙིང་ལ་འདོད་ནས་འདི་བརྩམས་སོ་ས་མཱཔྟའི་མཐའ་ཅན། རྒྱ་སྒོམ་ཚུལ་ཁྲིམས་གྲགས་ལ་སྤྲིང་བ་མགོར་ཨོཾ་སྭ་སྟི། དཔལ་ས་སྐྱའི་དབེན་གནས་ཞེས་པ་དང་བྱ་ལོ་ཟླ་བ་གསུམ་པ་ལ་བྲིས་པའི་མཐའ་ཅན། སློབ་དཔོན་ཆ་པ་ལ་བསྟོད་པ་མགོར་བརྩེ་ཆེན་སྤྲོས་བྲལ་ཞེས་ཡོད་པ། དཔལ་ཀྱེ་རྡོ་རྗེའི་རྩ་བའི་རྒྱུད་བརྟག་པ་གཉིས་པའི་རྣམ་བཤད་ཉི་མའི་འོད་ཟེར་མགོར་ན་མོ་གུ་རུ་བྷ་དྲཱ་ཡ། ན་མཿཤྲཱི་ཧེ་བཛྲཱ་ཡ། གང་གིས་སྤྲོས་པའི་ཞེས་ཡོད་པ། བཟང་པོ་ཡོངས་གཟུང་གི་རབ་གནས་ཀྱི་འགྲེལ་པ་མགོར་དཔལ་ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །དཀྱིལ་འཁོར་གྱི་སྒྲུབ་ཐབས་ལེགས་པར་བསྡུ་བའི་ལུགས་ཀྱིས་ཞེས་ཡོད་པ་དང་སྦྱིན་སྲེག་གི་འགྲེལ་པ་མགོར་དཔལ་ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །དཔལ་ཀྱེའི་རྡོ་རྗེའི་བསྙེན་པ་ཡོངས་སུ་རྫོགས་པའི་ཞེས་ཡོད་པ། སྒྲུབ་ཐབས་མཚོ་སྐྱེས་ཊཱི་ཀ་མགོར་ཨོཾ་སིདྡྷི་རསྟུ་དཔལ་ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །གང་ལ་བློ་གྲོས་ཐུགས་རྗེ་གསལ་ལྡན་པ། །ཞེས་ཡོད་པ། ནས་གླིང་མའི་དཀྱིལ་ཆོག་མགོར་བླ་མ་དམ་པའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ། །བླ་མ་གོང་མ་ནས་དབང་གི་བརྒྱུད་པ་དང་ལྡན་ཞེས་ཡོད་པ། ལས་དང་པོ་པའི་བྱ་བའི་རིམ་པ་མགོར། དཔལ་ལྡན་འཁྲུལ་པ་ཀུན་བཅོམ་ཞིང༌། །ཞེས་ཡོད་པ། ཌོམྦི་ལུགས་ཀྱི་དཀྱིལ་ཆོག་མགོར་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །དཔལ་ཀྱེའི་རྡོ་རྗེའི་དཀྱིལ་འཁོར་དུ་སློབ་མ་ཡོངས་སུ་སྨིན་པར་བྱེད་ཅེས་ཡོད་པ། བརྟག་གཉིས་ཀྱི་ས་བཅད་མགོར་དཔལ་ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །དཔལ་ཀྱེ་རྡོ་རྗེའི་བརྟག་པ་གཉིས་ཀྱི་བདག་ཉིད་ཅན་ཞེས་པ་དང༌། རྒྱུད་ཀྱི་རྒྱལ་པོའི་དོན་ཏོ་རྫོགས་སོའི་མཐའ་ཅན། སཾ་པུ་ཊའི་རྒྱུད་ཀྱི་བསྡུས་དོན་མགོར་དཔལ་རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །ཡང་དག་པར་སྦྱོར་བའི་རྒྱུད་ཆེན་པོ་འདི་ལ་ཞེས་ཡོད་པ་སླར་ཡང་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་ཞུས་དག་མཛད་པ་རྣམས་བཞུགས་སོ།།  །།གླེགས་བམ་གཉིས་པ་༼ང་༽པ་ལ་སཾ་པུ་ཊའི་ཊཱི་ཀ་གནད་ཀྱི་གསལ་བྱེད་མགོར་ན་མོ་གུ་རུ་བྷ་དྲཱ་ཡ། ན་མཿཤྲཱི་ཧེ་བཛྲཱ་ཡ། གང་གི་ཐུགས་རྗེ་རྒྱུན་མི་འཆད་པ་ཞེས་ཡོད་པ། སཾ་པུ་ཊའི་བརྟག་པ་གཉིས་པའི་རབ་བྱེད་གཉིས་པའི་ཊཱི་ཀ་མགོར་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དངོས་ཀུན་ཡོད་མེད་གཉིས་མིན་གཉིས་ཀའི་མཐའ། ཞེས་ཡོད་པ། ཆོས་ལ་འཇུག་པའི་སྒོ་མགོར་ཨོཾ་སྭ་སྟི་སིདྡྷི་རསྟུ། སྣ་ཚོགས་རབ་བཀྲ་དངོས་རྣམས་དེ་ཁོ་ན། །ཞེས་ཡོད་པ། ཡི་གེའི་བཀླག་ཐབས་བྱིས་པ་བདེ་བླག་ཏུ་འཇུག་པ་མགོར། འགྲོ་བའི་གཉེན་གཅིག་ཐམས་ཅད་མཁྱེན་པ་དང༌། ཞེས་ཡོད་པ་རྣམས་བཞུགས་སོ།།  །།གླེགས་བམ་གསུམ་པ་༼ཅ༽པ་ལ་ཀྱེའི་རྡོ་རྗེའི་མངོན་པར་རྟོགས་པ་རྒྱས་པ་ཡན་ལག་བཞི་པ་མགོར་བླ་མ་དམ་པའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ། །དཔལ་ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །གང་ཞིག་ཐུགས་ནི་སྤྲོས་པ་ཀུན་བྲལ་ཡང༌། །ཞེས་ཡོད་པ། དབང་གི་ཆུ་བོ་ཆེན་མོ་མགོར་བླ་མ་དམ་པའི་ཞབས་ལ་སྤྱི་བོས་གུས་པར་ཕྱག་འཚལ་ལོ། །དབང་བསྐུར་བ་ནི་རྡོ་རྗེ་ཐེག་པའི་ལམ་གྱི་གཞི་ཞེས་བྱ་བ་དང་དབང་གི་ཆུ་བོ་མ་ནུབ་པ་བསྐུར་བའི་ལུགས་བླ་མས་ཇི་ལྟར་ཕྱག་ལེན་མཛད་པ་བཞིན་བྲིས་པའོའི་མཐའ་ཅན། ཀྱེ་རྡོ་རྗེའི་རབ་གནས་བཟང་དྲུག་མགོར་དཔལ་ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །དཔལ་ཀྱེའི་རྡོ་རྗེའི་རབ་ཏུ་གནས་པར་བྱེད་ན་ཞེས་པ་དང༌། དགེ་བསྙེན་བསོད་ནམས་རྩེ་མོས་སྦྱར་བ་ལ་དུས་ཕྱིས་རྣལ་འབྱོར་པ་གྲགས་པ་རྒྱལ་མཚན་གྱིས་ཞུས་དག་བགྱིས་ཏེ་ལེགས་པར་བསྡེབས་པའོ། །རབ་ཏུ་གནས་པའི་ཆོ་ག་རྫོགས་སོའི་མཐའ་ཅན། ཀྱེ་རྡོ་རྗེའི་ཞི་བའི་སྦྱིན་སྲེག་མགོར་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །དཔལ་ཀྱེའི་རྡོ་རྗེ་རྣལ་འབྱོར་པས་བསྙེན་པ་རྫོགས་ནས་ཞེས་ཡོད་པ། སྐབས་འདིར་དཀོན་མཆོག་ལྷུན་གྲུབ་པའི་གསན་ཡིག་ན་ལས་བཞིའི་སྦྱིན་སྲེག་གསུངས་པ་ཕྱི་མོ་རྣམས་ན་གོང་གི་བཟང་པོ་ཡོངས་གཟུང་གི་སྦྱིན་སྲེག་གི་འགྲེལ་པ་དེ་འདུག་པ་བཞིན་ལས་གཞན་མ་རྙེད། བདག་མེད་མའི་དབང་གི་ཐོ་ཡིག་མགོར་རྗེ་བཙུན་ལྷ་མོ་བཅོ་ལྔའི་རིམ་གཉིས་བསྒོམ་ཞེས་དང༌། ནེ་ཚོ་སྦལ་སྟོན་ལ་སྤྲིང་བའི་ཡི་གེ་བདག་མེད་མའི་དབང་གི་ཐོ་ཡིག་དགེའོའི་མཐའ་ཅན། བདེ་མཆོག་དྲིལ་བུ་པའི་མངོན་རྟོགས་མགོར་སིདྡྷི་རསྟུ་བླ་མ་དམ་པའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ། །དངོས་ཀུན་དེ་ཉིད་སྡོམ་གཅིག་པུ་ཞེས་ཡོད་པ། དེའི་དབང་གི་བྱ་བ་མདོར་བསྡུས་ཀྱི་བཤད་པ་མགོར་སིདྡྷི་རསྟུ་བླ་མ་དམ་པའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ། །གང་གི་རང་བཞིན་མཁའ་འདྲ་སྤྲོས་པའི་འཆིང་ཀུན་བྲལ། །ཞེས་ཡོད་པ། བདེ་མཆོག་གི་མཆོད་ཕྲེང་མགོར་དཔལ་འཁོར་ལོ་སྡོམ་པའི་མཆོད་པའི་ཆོ་ག་ཞེས་ཡོད་པ། གཙུག་ཏོར་རྣམ་རྒྱལ་གྱི་རྟོག་པའི་ཊཱི་ཀ་མགོར་ན་མོ་ལོ་ཀེ་ཤྭ་རཱ་ཡ། བརྩེ་བས་ལྷག་བསམ་བརྟན་མཛད་ནས། །ཞེས་པ་དང༌། དཔལ་ལྡན་བླ་མས་མཛད་པ་ནི། །ལེགས་པར་སྡེབས་ཤིག་ལུང་གནང་བས། །གྲགས་པ་རྒྱལ་མཚན་བདག་གིས་ནི། །ཅུང་ཟད་གསལ་བར་བགྱིས་པ་ལགས། །ཞེས་པའི་མཐའ་ཅན། དེའི་ས་བཅད་མགོར་ན་མོ་གུ་ར་ཝེ། རྣམ་པར་རྒྱལ་བའི་རྟོག་པ་ལ་གཉིས་ཏེ་ཞེས་པ་དང་རྣམ་པར་རྒྱལ་བའི་རྟོག་པའི་བསྡུས་དོན་ཨི་ཐིའི་མཐའ་ཅན། སེང་གེ་སྒྲའི་སྒྲུབ་སྐོར་གྱི་མགོར་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །གང་གི་ཐུགས་ནི་ཤིན་ཏུ་རྣམ་དག་ཅིང༌། །ཞེས་ཡོད་པ། དོན་ཞག་ཀྱི་ལོ་རྒྱུས་མགོར་འཕགས་པ་དོན་ཡོད་ཞགས་པ་ལ་ཕྱག་འཚལ་ལོ། །འདིའི་ལོ་རྒྱུས་ནི་ཞེས་པ་དང་དེའི་སློབ་མ་བ་རི་ལོ་ཙཱ་བ་ལའོའི་མཐའ་ཅན། དོན་ཞགས་ཀྱི་མདོའི་ས་བཅད་མགོར་ཨ་མོ་གྷ་པཱ་ཤཱ་ནཱ་མ། རྒྱུད་འདི་ལ་དོན་གསུམ་སྟེ་ཞེས་པ་དང་ལྕགས་སུ་གཏོར་མ་མི་ཕྱེད་པའི་རྒྱུ་མཚན་ནོའི་མཐའ་ཅན། ལྷ་ལྔའི་བསྟོད་པ་མགོར། སེམས་ཅན་སྡུག་བསྔལ་མེ་ཚོགས་ཀྱིས་གདུངས་ལ། །ཞེས་པ་དང༌། ལྷ་མོ་ཁྲོ་གཉེར་ཅན་ལ་ཕྱག་འཚལ་བསྟོད། །ལྷ་ལྔའི་བསྟོད་པ་རྫོགས་སོའི་མཐའ་ཅན། དོན་ཞགས་མདོའི་རྣམ་བཤད་རིན་ཆེན་ཕྲེང་བ་མགོར་བླ་མ་དང་མགོན་པོ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །གང་གི་ཐུགས་རྗེས་འགྲོ་བ་ཡི། །ཞེས་ཡོད་པ། གཏོར་ཆེན་གྱི་ལོ་རྒྱུས་དང་ཆོ་ག་མགོར་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །འདིའི་ལོ་རྒྱུས་ནི་ཞེས་པ་དང་ཞལ་ནས་སྙན་དུ་བརྒྱུད་པའི་གདམས་ངག་གོ་ཨི་ཐིའི་མཐའ་ཅན། རྡོ་རྗེ་གདན་པའི་ཐུགས་དམ་ཆོས་དྲུག་མགོར་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །དཔལ་ལྡན་རྟོག་པའི་འཆིང་རྣམས་བཅད། །ཅེས་པ་དང་བླ་མ་རྡོ་རྗེ་གདན་པའི་ཐུགས་དམ་ཆོས་དྲུག་ཕྱོགས་གཅིག་ཏུ་བསྡེབས་པའི་བརྗེད་བྱང་རྫོགས་སོའི་«ཕྱིའི་བར་ཆད། ནང་གི་བར་ཆད། རིམས་ནད་ཞི་བ། དུས་མིན་འཆི་བ་དང་རྨི་ལམ་ངན་པ་བཟློག་པ། ཚེ་ཚད་ལས་ལྷག་པར་ཐུབ་པར་བྱེད་པ། ལས་སྒྲིབ་ཟད་པར་བྱེད་པ་རྣམས་སོ།་་་་་»མཐའ་ཅན། མི་གཡོ་སྔོན་པོའི་སྒྲུབ་སྐོར་མགོར་བགེགས་རྣམས་སྲེག་པའི་གཉིས་མེད་ཡེ་ཤེས་མེ་འོད་ཅེས་བྱ་བ་སོགས་ཡོད་པ། ཞར་ལས་རྒྱ་གཞུང་གི་སྲུང་འཁོར་དང་བསྟོད་པ་པཎྜི་ཏ་ཆོས་ཀྱི་རྡོ་རྗེ་དང་ལོ་ཙཱ་བ་ནམ་མཁའ་རྡོ་རྗེས་བསྒྱུར་བ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་འགྲེལ་པ་མགོར་ཤཱཀྱ་སེང་གེ་ལ་ཕྱག་འཚལ་ལོ། །འཇམ་དབྱངས་གཙོ་བོ་ཕྱོགས་བཅུར་རབ་གྲགས་པ། །ཞེས་ཡོད་པ་རྣམས་བཞུགས་སོ།།  །།གསུམ་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་གསང་བ་འཛིན་པ་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱི་གསུང་རབ་གླེགས་བམ་དང་པོ་༼ཆ༽པ་ལ་རྒྱུད་ཀྱི་མངོན་པར་རྟོགས་པ་རིན་པོ་ཆེའི་ལྗོན་ཤིང་མགོར་རྗེ་བཙུན་བླ་མ་རྣམས་ལ་གུས་པས་ཕྱག་འཚལ་ལོ། །རྡོ་རྗེ་འཆང་དབང་གསུང་གི་རིན་ཆེན་གཏེར། །ཞེས་ཡོད་ཅིང་ཆོས་རྗེ་ས་པཎ་གྱིས་ཞུ་དག་མཛད་པ། སྟོང་ཐུན་ས་བཅད་མགོར་བླ་མ་དང་དཔལ་ལྡན་བིརྺ་པ་ལ་ཕྱག་འཚལ་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་གསུང་གི་དོན་ཀྱེའི་རྡོ་རྗེ་ཞེས་ཡོད་པ། འདིའི་ཕྱི་མོ་གོང་དཀར་བའི་པར་མ་ལས་བཤུས་པས་ཐུན་མོང་བའི་ལམ་རིམ་སྐབས་ཀྱི་ས་བཅད་བསྡུས་ཙམ་ལས་མེད་ཀྱང་འདི་ཉིད་ཡོངས་གྲགས་ཡིན་པ་དང༌། སླད་ནས་ས་པཎ་གྱིས་གཞུང་གཉིས་པོའི་ཞུ་དག་མཛད་པའི་སྐབས་ཅུང་ཟད་བསྡུས་པ་ཡིན་ནམ་སྙམ། གཞན་དུ་སྔོན་གྱི་དཔེ་རྙིང་རྣམས་ལས་སྤྱི་ལྗོན་གྱི་གཞུང་ནས་ཇི་ལྟར་འབྱུང་བའི་ས་བཅད་ཤིན་ཏུ་རྒྱས་པ་ཅན་མང་པོ་འབྱུང༌། ལམ་འབྲས་བརྒྱུད་པའི་གསོལ་འདེབས་མགོར་ན་མོ་གུ་ར་ཝེ། བླ་མ་རྡོར་འཛིན་འཇམ་མགོན་སྤྱན་རས་གཟིགས། །ཞེས་ཡོད་པ། སློབ་དཔོན་རིན་པོ་ཆེ་ལ་རྣམ་ཐར་དང་མཐུན་པར་བསྟོད་པ་ཁྱོད་ཉིད་མ། རྗེ་ས་ཆེན་གྱི་རྣམ་ཐར་བསྡུས་པ་མགོར་བླ་མ་དམ་པ་རྣམས་ལ་གུས་པར་ཕྱག་འཚལ་ལོ། །སེམས་ཅན་ཐམས་ཅད་ཀྱི་སྟོན་པ་ཞེས་ཡོད་པ། བླ་མ་བསྟན་པའི་ཐབས་ཤློ་ཀ་ལྔ་བཅུའི་གསལ་བྱེད་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །རྗེ་བཙུན་བླ་མའི་ཚོགས་ལ་གུས་པ་ཡིས། །ཞེས་ཡོད་པ། བྱིན་རླབས་ཚར་གསུམ་ཁུག་པ་མགོར་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །ག་ཡ་དྷ་ར་བོད་དུ་བྱོན་དུས་ཞེས་ཡོད་པ་དབང་ཕྱུག་འོད་ཟེར་གྱི་ངོར་མཛད། ལམ་འབྲས་ཀྱི་གཞུང་ཇི་ལྟ་བ་བཞིན་དུ་བཀྲི་བའི་ཁྲིད་ཡིག་ཚིགས་བཅད་ཉེར་བརྒྱད་པ་མགོར། དཔལ་ལྡན་བླ་མའི་ཚོགས་ལ་ཕྱག་འཚལ་ཏེ། །ཞེས་ཡོད་པ་བྲ་སྟོན་བློ་གྲོས་ཀྱི་ངོར་མཛད། བརྟག་པ་གཉིས་པའི་རྣམ་པར་བཤད་པ་མ་དག་པ་རྣམས་འཇོམས་པར་བྱེད་པའི་རྣམ་བཤད་དག་ལྡན་མགོར་རྗེ་བཙུན་བླ་མ་རིན་པོ་ཆེ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་ཞེས་ཡོད་པ། རྒྱུད་སྡེའི་དུམ་བུ་མགོར་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཨེ་ཝཾ་མ་ཡཱ་ཤྲུ་ཏ་མེ་ཀསྨིན་ས་མ་ཡེ་ཞེས་ཡོད་པ་འདི་ས་ཆེན་གྱིས་མཛད་པ་ཡིན་ཡང་སྔ་མ་རྣམས་ཀྱིས་འདིར་བྲིས་འདུག བླ་མ་བརྒྱུད་པ་རྒྱ་བོད་ཀྱི་ལོ་རྒྱུས་རྣམས་བཞུགས་སོ། །དཀོན་མཆོག་ལྷུན་གྲུབ་པའི་གསན་ཡིག་དང་གསན་ཡིག་རྒྱ་མཚོ་ན་གསོལ་འདེབས་ཆེ་ཆུང་ཞེས་འདུག་ཀྱང་ཆུང་བ་དེའི་ཕྱི་མོ་མ་བྱུང༌།།  །།གླེགས་བམ་གཉིས་པ་༼ཇ༽པ་ལ་རྡོ་རྗེ་གུར་གྱི་རྒྱན་ཞེས་བྱ་བའི་རྣམ་འགྲེལ་མགོར་ན་མོ་བཛྲ་སཏྭཱ་ཡ། གང་གི་ཐུགས་ནི་ལྟ་བའི་རྒྱ་མཚོ་ལས་བརྒལ་བ། །ཞེས་ཡོད་པ། གུར་གྱི་བསྡུས་དོན་མགོར་འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་ལ་ཕྱག་འཚལ་ལོ། །རྡོ་རྗེ་གུར་གྱི་རྒྱུད་ལ་དོན་གསུམ་སྟེ་ཞེས་ཡོད་པ། གུར་གྱི་ཐིག་ཆོག་མགོར་ཐིག་གི་ཆོ་ག་རབ་ཏུ་གསལ་བ་ཞེས་བྱ་བ་རྒྱ་སྐད་དང་བོད་སྐད་དུ་བྱས་པ། ཀྱེའི་རྡོ་རྗེའི་མངོན་པར་རྟོགས་པ་འབྲིང་པོ་ཡན་ལག་དྲུག་པ་མགོར་བླ་མ་དམ་པའི་ཞབས་ལ་སྤྱི་བོས་གུས་པར་ཕྱག་འཚལ་ལོ། །རྗེ་བཙུན་རིན་ཆེན་རྡོ་རྗེ་འཆང་དབང་གི །ཞེས་པ་དང་མཐར་མངོན་རྟོགས་ཀྱི་མི་འདྲ་བའི་ཁྱད་པར་བཅས་འདི་ལ་ཕྱི་མོ་འགའ་ཞིག་ཏུ་སྔར་བཤད་པའི་འཁོར་ལོ་བཞི་གསལ་གདབ་ཅེས་པ་ནས་འཁོར་ལོ་བཞི་ལ་བརྟེན་པའི་རྫོགས་རིམ་མདོར་བསྡུས་པའོ་ཞེས་པའི་བར་འདི་དཔེ་གཅིག་ལས་མ་གཏོགས་མ་བྱུང་ཡང་འདིར་བྲིས་ཡོད། ཀྱེའི་རྡོ་རྗེ་དཔའ་བོ་གཅིག་པའི་མངོན་རྟོགས་མགོར་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །དཔལ་ཀྱེའི་རྡོ་རྗེའི་རྣལ་འབྱོར་བས་ཐུན་བཞིའི་ཞེས་ཡོད་པ། འདིའི་མཇུག་ཏུ་དྲན་སྟོན་ཆོས་ཀྱི་གྲགས་པ་ལ་གནང་བའོ་ཞེས་པ་བརྒྱུད་པའི་ཁ་སྐོང་ལྷག་པོ་འདུག་ཀྱང་དཔེ་སྔ་མ་ཐམས་ཅད་ན་འདི་བཞིན་འདུག བདག་མེད་ལྷ་མོ་བཅོ་ལྔའི་མངོན་རྟོགས་མགོར་བླ་མ་དམ་པའི་ཞབས་ལ་སྤྱི་བོས་གུས་པར་ཕྱག་འཚལ་ལོ། །རྗེ་བཙུན་རྡོ་རྗེ་བདག་མེད་མ་སྒྲུབ་པར་འདོད་པའི་གང་ཟག་ནི་ཞེས་ཡོད་པ། བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པའི་ལག་ལེན་གྱི་ཐོ་ཡིག་མགོར། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ་ཞེས་པ་དང་ཚིག་སྔ་མ་དེ་ཉིད་ཡོད་པ། ཚོགས་འཁོར་འབྲིང་པོ་མགོར། ཡོན་ཏན་རིན་ཆེན་སྐྱེད་བྱེད་སྤྲོས་བྲལ་བའི། །ཞེས་ཡོད་པ། ཀྱེའི་རྡོ་རྗེའི་ཞི་བའི་སྦྱིན་སྲེག་གི་ཆོ་ག་ཞིབ་ཏུ་བསྟན་ཅིང་རྣམ་གཞག་མདོར་བསྟན་མགོར། བླ་མ་དམ་པའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ། །ཀྱེའི་རྡོ་རྗེའི་རྣལ་འབྱོར་པས་ཞེས་ཡོད་པ། ཡང་དེའི་ལས་བཞིའི་སྦྱིན་སྲེག་གི་ཆོ་ག་མདོར་བསྡུས་ཏེ་རྣམ་གཞག་རྒྱས་པར་བརྗོད་པ་མགོར། རྗེ་བཙུན་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ད་ནི་ལས་བཞིའི་ཆོ་ག་མདོར་བསྡུས་ཏེ་རྣམ་གཞག་རྒྱས་པར་བརྗོད་ན་ཞེས་ཡོད་པ། རྡོ་རྗེ་ཐེག་པའི་རྩ་བ་དང་ཡན་ལག་གི་རྣམ་པར་བཤད་པ་འཁྲུལ་པ་སྤོང་བ་མགོར་བླ་མ་དམ་པའི་ཞབས་ལ་སྤྱི་བོས་གུས་པར་ཕྱག་འཚལ་ལོ། །དེ་ཉིད་དོན་སྟོན་བླ་མའི་ཚོགས་རྣམས་དང༌། །ཞེས་ཡོད་པ། ཧེ་རུ་ཀའི་ཆོས་དྲུག་གི་བཤད་པ་མགོར་བླ་མ་རྗེ་བཙུན་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱི་ཞབས་ལ་སྤྱི་བོས་གུས་པར་ཕྱག་འཚལ་ལོ། །རྗེ་བཙུན་བླ་མ་ཞེས་ཡོད་པ། རྡོ་རྗེ་དྲིལ་བུ་བགྲང་ཕྲེང་གི་དེ་ཁོ་ན་ཉིད་མགོར་བླ་མ་དམ་པའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ། །རྡོ་རྗེའི་དེ་ཁོ་ན་ཉིད་ནི་ཞེས་བྱ་བ་ཡོད་པ་འདི་དཀོན་མཆོག་ལྷུན་གྲུབ་པའི་གསན་ཡིག་ན་ཐེ་ཚོམ་ཅན་དུ་བཞེད། དགའ་སྟོན་རྡོ་རྗེ་གྲགས་ལ་སྤྲིང་བ་མགོར་ཨོཾ་སྭ་སྟི་སིདྡྷཾ་དཔལ་ལྡན་ས་སྐྱའི་དགོན་པ་ནས་ཞེས་ཡོད་པ། རྒྱུད་འབུམ་གྱི་དཀར་ཆག་མགོར་ན་མོ་གུ་རུ་བུདྡྷཱ་ཡ་རྣལ་འབྱོར་ཆེན་པོ་ཐབས་ཀྱི་རྒྱུད་ལ་ཞེས་པ་དང་རྒྱུད་སྡེ་བཞིའི་དཀར་ཆག་ཆེ་རགས་ལགས་སོའི་མཐའ་ཅན། བླ་མ་གོང་མའི་ཆོས་སྐོར་གྱི་དཀར་ཆག་མགོར་མལ་གྱོ་ལས་འོངས་པའི་ཞེས་ཡོད་པ། ཀྱེ་རྡོ་རྗེའི་ཆོས་སྐོར་གྱི་དཀར་ཆག་མགོར་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བརྟག་པ་གཉིས་པ་ཞེས་ཡོད་པ། རྣལ་འབྱོར་བྱང་སེང་གི་དྲི་བ་མགོར་ན་མོ་གུ་ར་ཝེ། ས་སྐྱའི་རྗེ་བཙུན་ཆེན་པོའི་དྲུང༌། །ཞེས་པ་དང་རྒྱུ་མཚན་ཐུགས་ལ་འདོགས་པར་ཞུའི་མཐའ་ཅན། དེའི་དྲིས་ལན་མགོར་ཨོཾ་སྭ་སྟི་སིདྡྷཾ་གཙང་ལ་སྟོད་ཀྱི་གྲོམ་པ་ས་སྐྱའི་དགོན་པ་ནས་ཞེས་ཡོད་པ། དབང་གི་སྔོན་འགྲོའི་སེམས་བསྐྱེད་བརྒྱུད་པ་ཉིས་ལྡན་གྱི་ཆོ་ག་མགོར་རྗེ་བཙུན་ས་སྐྱ་པ་ལ་ཕྱག་འཚལ་ལོ། །སྐྱབས་འགྲོ་ཐུན་མོང་བ་ཙམ་དབོག་པར་འདོད་པས་ཞེས་ཡོད་པ། རིན་ཆེན་འབར་བའི་ས་བཅད་མགོར། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །རིན་ཆེན་འབར་བ་སྒྲུབ་པའི་ཐབས་ཞེས་ཡོད་པ། དུས་ཐ་མའི་ཆོ་ག་གཞན་ལ་ཕན་པའི་བདུད་རྩིའི་ཐིགས་པ་མགོར་བླ་མ་དམ་པའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ། །ཚེ་འདས་པ་རྣམས་ཀྱི་དོན་བྱ་བར་འདོད་པས་ཞེས་ཡོད་པ། ཀྱེའི་རྡོ་རྗེའི་བཀྲ་ཤིས་མཚུངས་མེད་བླ་མ་ཞེས་པ། ཀྱེའི་རྡོ་རྗེ་ཡབ་ཀྱི་བསྟོད་པ་དཎྜ་ཀ་མགོར། བདག་གིས་ཐལ་མོ་སྤྱིར་སྦྱར་ནས། །ཞེས་ཡོད་པ། ཡུམ་གྱི་བསྟོད་པ་དྲི་མ་མེད་པའི་རྒྱན་མགོར། ན་མོ་གུ་རུ་བྷ་དྲཱ་ཡ། རང་བཞིན་དྲི་མེད་བློ་གྲོས་གློ་བུར་གྱི། །ཞེས་ཡོད་པ། དེའི་བསྡུས་དོན་མགོར་འདི་ལ་དོན་གསུམ་སྟེ་ཞེས་དང༌། བརྩམས་པའི་དགེ་བ་གཞན་དོན་དུ་བསྔོ་བའོའི་མཐའ་ཅན། བདེ་མཆོག་ལཱུ་ཧི་པའི་བླ་མ་བརྒྱུད་པའི་ལོ་རྒྱུས་མགོར། བླ་མ་དང་བཅོམ་ལྡན་འདས་བདེ་མཆོག་འཁོར་ལོ་ལ་ཕྱག་འཚལ་ལོ། །དཔལ་བཅོམ་ལྡན་འདས་ཀྱི་མངོན་པར་རྟོགས་པའི་བླ་མ་བརྒྱུད་པའི་ཞེས་པ་དང༌། རྣལ་འབྱོར་གྱི་དབང་ཕྱུག་ལཱུ་ཧི་པ་བརྒྱུད་པ་དང་བཅས་པའི་གཏམ་རྒྱུད་བླ་མས་གསུངས་པ་བཞིན་བྲིས་པའོའི་མཐའ་ཅན། བླ་མ་མལ་ལ་ས་སྐྱ་བླ་ཆེན་གྱིས་ཞེས་པའི་ལོ་རྒྱུས་འཐོར་བུ་ཅིག དཔལ་ཧེ་རུ་ཀའི་བྱུང་ཚུལ་རྣམ་པར་གཞག་པ་བླ་མའི་གསུང་ལས་ཅུང་ཟད་བཏུས་པ་མགོར་དཔལ་ལྡན་ཁྲག་འཐུང་མགོན་པོ་ལ་ཕྱག་འཚལ་ལོ། །དཔལ་ཧེ་རུ་ཀའི་བྱུང་ཚུལ་ལམ་ཞེས་ཡོད་པ། ནག་པོ་པའི་དཀྱིལ་ཆོག་གི་ས་བཅད་འཁྲུགས་ཅན་འཁྲུགས་མེད་དང་སྒྲུབ་ཐབས་ཀྱི་ས་བཅད་དང་སྦྱིན་སྲེག་གི་ས་བཅད་རེ་རེ་སྟེ་དེ་བཞི་ཀའི་མགོར་ཨོཾ་རྗེ་བཙུན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སློབ་དཔོན་སྤྱོད་པ་པས་མཛད་པའི་ཞེས་ཡོད་པ། ནག་པོ་པའི་དཀྱིལ་འཁོར་གྱི་འགྲེལ་པ་མགོར། རྗེ་བཙུན་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བླ་མ་རྣམས་དང་སྤྲོས་བྲལ་གཟུགས་སྐུ་མཁའ་འགྲོ་མ། །ཞེས་ཡོད་པ། འདི་དཀོན་མཆོག་ལྷུན་གྲུབ་པའི་གསན་ཡིག་ཏུ་བཤད་སྦྱར་གསུངས་པ་འདི་ཡིན། ནག་པོ་པའི་དཀྱིལ་འཁོར་ཆོ་ག་ལག་ཏུ་བླང་བའི་རིམ་པ་མགོར། ཧེ་རུ་ཀ་དཔལ་བླ་ཆེན་གྱི། །ཞེས་ཡོད་པ། སློབ་དཔོན་རྡོ་རྗེ་དྲིལ་བུ་པའི་ལོ་རྒྱུས་མགོར། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །སློབ་དཔོན་ཆེན་པོ་རྡོ་རྗེ་དྲིལ་བུ་པ་འདི་ཞེས་ཡོད་པ། དྲིལ་བུ་པའི་མངོན་རྟོགས་བསྐྱེད་པའི་རིམ་པའི་གཞུང་གསལ་བར་བྱེད་པ་མགོར། བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཉིན་བྱེད་འཇིགས་བྱེད་དུས་མཚན་རབ་ཏུ་བརྫིས། །ཞེས་ཡོད་པ། དྲིལ་བུ་རིམ་ལྔའི་གསལ་བྱེད་མགོར། །དཔལ་ལྡན་བླ་མ་ཧེ་རུ་ཀ་དཔལ་གྱི། །ཞེས་ཡོད་པ། དཀོན་མཆོག་ལྷུན་གྲུབ་པའི་གསན་ཡིག་ཏུ་འདི་གཉིས་ཀ་ལ་དོན་འགྲེལ་གསུང༌། ཚེས་བཅུ་ལ་སོགས་པའི་དུས་ཀྱི་མཆོད་པའི་ཡི་གེ་མགོར། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཚེས་བཅུའི་མཆོད་པ་ནི་ཞེས་ཡོད་པ་རྣམས་བཞུགས་སོ།།  །།གླེགས་བམ་གསུམ་པ་༼ཉ༽པ་ལ་བདེ་མཆོག་ལཱུ་ཧི་པའི་མངོན་པར་རྟོགས་པ་སྒོམ་པའི་རིམ་པ་མགོར། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །དཔལ་ལྡན་རྡོ་རྗེ་འཆང་དབང་དང༌། །ཞེས་ཡོད་པ། གསན་ཡིག་རྒྱ་མཚོར་མངོན་པར་རྟོགས་པ་རྒྱས་འབྲིང་བསྡུས་གསུམ་དུ་ཕྱེ་བ་ཞེས་གསུངས་པ་འདི་ཡིན། ཕག་མོ་ཞལ་གཉིས་མའི་སྒྲུབ་ཐབས་མགོར། བསྐལ་པའི་མེ་དང་འདྲ་བའི་འོད་ལྡན་ཞིང༌། །ཞེས་ཡོད་པ། སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་བྱིན་རླབས་ཞེས་བྱ་བའི་རྫོགས་རིམ་མགོར། དཔལ་ལྡན་བླ་མ་རྡོ་རྗེ་རྣལ་འབྱོར་མའི། །ཞེས་ཡོད་པ། ཕག་མོ་ལས་བཅུའི་གསལ་བྱེད་མགོར། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །རྡོ་རྗེ་འཆང་མཚུངས་རྗེ་བཙུན་བླ་མ་དང༌། །ཞེས་བྱ་བ་ཡོད་པ་སྟེ། དེ་གསུམ་ལ་མི་དབང་ཆོས་གསུམ་དུ་གྲགས། མེ་ཏྲཱི་མཁའ་སྤྱོད་ཀྱི་རྒྱུད་ཆུང་འབུམ་ཕྲག་གསུམ་པ་ལས་ཕྱུང་བའི་སྒྱུ་འཕྲུལ་དྲྭ་བ་ཆེན་མོ་རལ་པ་གྱེན་དུ་བརྫེས་པའི་རྒྱུད་ལས་ཕྱུང་བ། བཙུན་པ་སུམ་པ་ལོ་ཙཱ་བ་དར་མ་ཡོན་ཏན་གྱིས་བསྒྱུར་བ། སྒྲུབ་ཐབས་སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པ། རྗེས་གནང་གི་ཆོ་ག་རྒྱལ་བའི་སྡེས་མཛད་པ་ལ་སུམ་པ་ལོ་ཙཱའི་འགྱུར་འདི་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་པ་དང་མཆན་བཏབ་པ་རྣམས་རྗེ་བཙུན་གྱིས་མཛད་པས་འདིར་བྲིས་པར་སྣང༌། ན་རོ་མཁའ་སྤྱོད་ཀྱི་སྒྲུབ་ཐབས་སུ་མ་ཏི་དང་པྲ་ཛྙཱ་ཀཱིརྟིས་བསྒྱུར་བ་ལ་ས་ཆེན་གྱིས་མཆན་བཏབ་པ། བསྐྱེད་པའི་རིམ་པའི་ཆ་བཟླས་བསྒོམ་ལ་བརྟེན་ནས་མཁའ་སྤྱོད་ཀྱི་དངོས་གྲུབ་བསྒྲུབ་པ་དབུ་ནའང་ཚིག་དེ་ཉིད་ཡོད་ཅིང༌། །བླ་མའི་ཞལ་གྱི་གདམས་པ་རྫོགས་སོའི་མཐའ་ཅན། རྣལ་འབྱོར་མའི་ཞལ་གདམས་དོན་བཅུ་གཅིག་མ་མགོར། བླ་མ་དང་རྡོ་རྗེ་རྣལ་འབྱོར་མ་སྤྱན་རས་གཟིགས་གསུམ་ལ་ཕྱག་འཚལ་དང༌། བདུད་རྩི་ལྟ་བུའི་དོན་བྱང་ཆུབ་སེམས་དཔས་བཀྲོལ་བའོའི་མཐའ་ཅན། བྱིན་རླབས་ཀྱི་ཡི་གེ་མགོར་དཔལ་བདེ་མཆོག་འཁོར་ལོ་ལ་ཕྱག་འཚལ་ལོ། །ཚེས་བཅུ་ལ་སོགས་པའི་དུས་ཁྱད་པར་ཅན་ཞེས་པ་དང༌། གཞོན་ནུ་མ་ལ་སྟོན་མོ་བྱ་བ་ཡང་དམ་ཚིག་གོའི་མཐའ་ཅན། ཚོགས་ཀྱི་མཆོད་པ་མགོར། རྗེ་བཙུན་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །ཚོགས་ཀྱི་མཆོད་པ་མདོར་བསྡུས་བྱེད་པར་འདོད་ན་ཞེས་པ་དང༌། ལས་ཀྱི་རྗེས་མི་མངོན་པར་བྱའོའི་མཐའ་ཅན། ཡང་ཚེས་བཅུའི་མཆོད་ཆུང་མགོར། བླ་མ་དམ་པ་དང་རྣལ་འབྱོར་མ་ཐ་མི་དད་པ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་པས་ཚེས་བཅུའི་མཆོད་པ་ཞེས་དང༌། ཉམས་པ་ཐམས་ཅད་འདག་གསུང་གི་མཐའ་ཅན། སྦྱིན་སྲེག་མགོར་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །རྣལ་འབྱོར་མའི་སྦྱིན་སྲེག་བྱེད་པར་འདོད་པས་ཞེས་པ་དང༌། བདག་ཉིད་ལ་བསྡུའོའི་མཐའ་ཅན། མར་མེའི་སྦྱིན་སྲེག་མགོར། རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་པ་གང་ཞིག་མར་མེའི་སྦྱིན་སྲེག་ཞེས་པ་དང༌། ཞལ་གདམས་གཞན་ལ་ཕན་པའི་བློས་བཀོད་པའོའི་མཐའ་ཅན། ལམ་གྱི་ཡན་ལག་པྲ་སེ་ན་དབབ་པ་མགོར། ན་མོ་གུ་རུ་བྷ་དྲཱ་ཡ། ལམ་གྱི་ཡན་ལག་པྲ་སེ་ན་ཞེས་པ་དང༌། པྲ་སེ་ན་དབབ་པའི་མན་ངག་གོའི་མཐའ་ཅན། གནོད་སྦྱིན་མོའི་སྒྲུབ་ཐབས་མགོར། །རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ། །དོན་ཡོད་གྲུབ་པ་ཡི་དམ་དུ་བྱེད་པའི་རྟེན་གྱི་གང་ཟག་ཅེས་པ་དང༌། བླ་མ་གཉིས་ཀྱི་བརྒྱུད་པའི་མན་ངག་ཡིག་ཆུང་རྫོགས་སོའི་མཐའ་ཅན། ཚངས་པའི་བུ་མོའི་སྒྲུབ་ཐབས་མགོར། དེ་ནས་གནོད་སྦྱིན་མོའི་རྟོག་པ་བཤད་པར་བྱ་སྟེ་ཞེས་པ་དང༌། ཚངས་པའི་བུ་མོའི་སྒྲུབ་ཐབས་མན་ངག་ཏུ་བྱས་པ་རྫོགས་སོའི་མཐའ་ཅན། པདྨ་པ་ཏིའི་མན་ངག་མགོར། གནོད་སྦྱིན་མོའི་བཅུད་ལེན་དང་ཞེས་པ་དང༌། ཡིད་དུ་འོང་བ་པདྨ་པ་ཏིའི་མན་ངག་རྫོགས་སོའི་མཐའ་ཅན། ཁོལ་པོ་པ་ཏིའི་མན་ངག་མགོར་འོང་ངེས་པ་ཞེས་པ་དང༌། པྲ་ཡཙྪ་ཛྫ་ཞེས་བརྗོད་ཀྱི་མཐའ་ཅན། སྨན་ཆེན་པོའི་བཅུད་ལེན་མགོར། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །ལམ་གྱི་ཡན་ལག་སྨན་ཆེན་པོའི་བཅུད་ལེན་ནི་ཞེས་པ་དང༌། ཐུན་མོང་མ་ཡིན་པའི་གདམས་ངག་གོ་ཨི་ཐིའི་མཐའ་ཅན། གསན་ཡིག་དབང་གི་རྒྱལ་པོར་གོང་སྒྲུབ་ཐབས་གཉིས་མེད་རྡོ་རྗེས་མཛད་པ་མན་ཆད་ནས་འདི་བར་ལ་ཇོ་བོ་ནཱ་རོ་ཏ་པའི་གསུང་ངག དེའི་མན་ངག་ཐོར་བུ་རྣམས་ཚང་མ་ཞེས་པ་ཙམ་ལས་སོ་སོར་མ་གསུངས་ཀྱང་ཐམས་ཅད་བསྡུས་ནས་གསུངས་པ་ཡིན་ནོ། །དབང་གི་ལས་ཀྱི་མན་ངག་མགོར། །རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །བསྐྱེད་པའི་རིམ་པ་ཞེས་པ་ནས་ཟིན་བྲིས་ཆིག་བརྒྱུད་དུ་བྱས་པ་ཨི་ཐིའི་མཐའ་ཅན། གསང་བའི་གནད་ལྔ་ཞལ་ཤེས་དང་བཅས་པའི་ཐོ་ཡིག་སོགས་མན་ངག་འཐོར་བུ་ཤིན་ཏུ་གསང་བ་གལ་ཆེ་ཨི་ཐིའི་མཐའ་ཅན་ཏེ་འདི་རྣམས་རྗེ་ས་ཆེན་གྱིས་མཛད་པ་ཡིན་ཡང་ཕག་མོ་སྐོར་གསུམ་གྱི་མན་ངག་འདི་རྣམས་ཕྱོགས་གཅིག་ཏུ་བྱ་བའི་ཕྱིར། སྔ་མ་རྣམས་ཀྱིས་འདིར་བྲིས་པ་ལྟར་གཞག་གོ །རྩ་དབུ་མའི་མན་ངག་མགོར། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །ཇོ་བོ་ནཱ་རོ་ཏ་པས་གཞན་ལ་མ་གནང་བའི་ཞེས་ཡོད་པ། ངེས་བརྗོད་བླ་མའི་འཁྲུལ་འཁོར་བྲི་བསྒོམ་གྱི་མན་ངག་མགོར། རྗེ་བཙུན་བླ་མའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །རྡོ་རྗེ་འཆང་མཚུངས་རྗེ་བཙུན་བླ་ཆེན་དང༌། །ཞེས་ཡོད་པ། གསན་ཡིག་རྒྱ་མཚོར་འདི་ལ་འཆི་མེད་རྡོ་རྗེ་ལྷ་མོའི་སྒྲུབ་ཐབས་ཀྱང་ཟེར་གསུང༌། ཀུན་ཏུ་སྤྱོད་པའི་རྒྱུད་ཀྱི་བཤད་ཐབས་ཀྱི་མན་ངག་བསྡུས་དོན་བཅས་མགོར། བླ་མ་རྗེ་བཙུན་རིན་ཆེན་ལྟ་བུ་དང༌། ཞེས་ཡོད་པ། ཀུན་ཏུ་སྤྱོད་པའི་རྒྱུད་ཀྱི་གསལ་བྱེད་མགོར། བླ་མ་དམ་པའི་ཞབས་ལ་སྤྱི་བོས་གུས་པར་ཕྱག་འཚལ་ལོ། །སྤང་བྱའི་དྲི་མ་མ་ལུས་ཀུན་སྤངས་ཤིང༌། །ཞེས་ཡོད་པ། ཀུ་རུ་ཀུལླེའི་སྒྲུབ་ཐབས་མགོར། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །ཀུ་རུ་ཀུལླེའི་གྲུབ་ཐབས་ལ་དོན་གཉིས་ཏེ་ཞེས་ཡོད་པ། ཚོགས་བདག་དམར་པོའི་སྒྲུབ་ཐབས་སྦྱིན་སྲེག་ཞལ་གདམས་དང་བཅས་པའི་མགོར། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །གདམས་པ་འདི་རྡོ་རྗེ་མཁའ་འགྲོའི་ལེའུ་ཞེས་ཡོད་པ། དགྲ་ནག་གི་སྒྲུབ་ཐབས་མགོར། དྲི་མེད་རྒྱུད་དོན་སྟོན་མཛད་བླ་མ་དང༌། ཞེས་ཡོད་པ། རྡོ་རྗེ་འཇིགས་བྱེད་ཀྱི་བསྟོད་པ་མགོར། མིའུ་ཐུང་ནག་པོ་སྤྲིན་ལྟའི་མདོག །ཅེས་པ་དང༌། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྟོད་པ་ཨི་ཐིའི་མཐའ་ཅན། ཡང་དེ་ལ་བསྟོད་པ་དཔལ་རྡོ་རྗེ་འཇིགས་བྱེད་ལ་བསྟོད་པ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དངོས་པོ་ཀུན་གྱི་དེ་ཉིད་ཆོས་དབྱིངས་ཀུན་རྟོག་བྲལ། །ཞེས་ཡོད་པ། དཀོན་མཆོག་ལྷུན་གྲུབ་པའི་གསན་ཡིག་ན་བསྟོད་པ་གཉིས་ཡོད་མེད་ཀྱི་ངེས་པ་མ་མཛད་ཀྱང་གསན་ཡིག་རྒྱ་མཚོ་དང༌། དབང་གི་རྒྱལ་པོ་གཉིས་ཀ་ནས་གཉིས་ཀྱི་གསལ་ཁ་བྱུང་བས་གོང་མར་མཛད་བྱང་མེད་པ་སོགས་ལ་ཐེ་ཚོམ་མ་ཟ་ཞིག ཕྱི་མ་འདི་རྩེ་མོའི་ཞབས་ཀྱིས་མཛད་པ་ལ། སླར་ཡང་རྗེ་བཙུན་གྱིས་ཁ་སྐོང་མཛད་པ་གཞུང་ཚིག་གིས་གསལ་ལོ། །བདུད་རྩི་འཁྱིལ་པའི་སྒྲུབ་ཐབས་ལས་སྦྱོར་དང་བཅས་པའི་མགོར། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །དཔལ་གསང་བ་འདུས་པའི་རྗེས་སུ་འབྲང་བ། ཞེས་ཡོད་པ། སྒྲོལ་མ་ཉིན་ཞི་མཚན་ཁྲོའི་སྒྲུབ་ཐབས་དང་བསྟོད་པ་འདོན་ཐབས་ལས་ཁ་ཚར་དང་བཅས་པ་མགོར། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །རྗེ་བཙུན་སྒྲོལ་མ་ཞི་ཁྲོ་གཉིས། །ཞེས་ཡོད་པ། སྒྲོལ་མ་སྤྱིའི་སྒྲུབ་ཐབས་མགོར། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །བརྒྱུད་ལྡན་བླ་མའི་ཚོགས་དང་སྒྲོལ་མ་ལ། །ཞེས་པ་དང༌། སྤྱིའི་སྒྲུབ་ཐབས་ཀྱི་བརྗེད་བྱང་ཨི་ཐིའི་མཐའ་ཅན། སོ་སོའི་སྒྲུབ་ཐབས་མགོར། ཡི་དམ་ལྷ་ལ་ཕྱག་འཚལ་ལོ། །སྤྱིའི་སྒྲུབ་ཐབས་བཞིན་བསྙེན་པ་ཡོངས་སུ་རྫོགས་ནས་སྒྲུབ་པ་དང་ལས་སྦྱོར་གྱི་དུས་ཀྱི་རྣལ་འབྱོར། ཞེས་ཡོད་པ་དང༌། མངོན་པར་རྟོགས་པའི་བརྗེད་བྱང་ཨི་ཐིའི་མཐའ་ཅན། བསྟོད་པ་འདོན་ཐབས་ཀྱི་བརྗེད་བྱང་མགོར། ཨོཾ་སྭ་སྟི། ཐུན་མཚམས་སུ་ཕྱག་འཚལ་ཉེར་གཅིག་པ་འདོན་པར་འདོད་པས། ཞེས་ཡོད་པ། གསན་ཡིག་དབང་གི་རྒྱལ་པོར་གོང་སྒྲོལ་མ་ཉིན་ཞི་མཚན་ཁྲོ་ནས་འདིའི་བར་ལ་སྒྲོལ་མའི་ཆོས་སྐོར་གསུངས་པ་ཙམ་ལས་མིང་སོ་སོར་མ་སྨོས་ཀྱང་ཡི་གེ་ཉུང་བའི་ཕྱིར་དུ་ཕྱོགས་གཅིག་བསྡུས་ནས་གསུང་པ་ཡིན་པས་ལུང་བཞུགས་པ་ཡིན་ནོ། །སྒྲོལ་མ་ཉེར་གཅིག་གི་སྒྲུབ་ཐབས་ཀྱི་ཊཱི་ཀ་དང་ས་བཅད་མགོར། རྗེ་བཙུན་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །དང་པོར་བླ་མ་ལ་བཏུད་ནས། །ཞེས་ཡོད་པ་དང༌། རྡོ་རྗེ་སྒྲོལ་མའི་མན་ངག་རྫོགས་སོའི་མཐའ་ཅན། དེའི་ལས་ཚོགས་ཀྱི་བསྡུས་དོན་མགོར། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ཉི་ཤུ་རྩ་གཅིག་ཅེས་ཡོད་པ། དབང་བསྐུར་བའི་ས་བཅད། ལེའུ་བཅུ་པ་དབང་བསྐུར་བའི་ཆོ་ག་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །དབང་གི་ཆོ་ག་ལ་གཉིས་ཏེ། ཞེས་པ་དང༌། ས་བཅད་དོའི་མཐའ་ཅན། དབང་བསྐུར་བའི་ཆོ་ག་མགོར། རྗེ་བཙུན་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །དང་པོ་མཚན་ཉིད་ལྔ་དང་ལྡན་པའི་བླ་མ་ཞེས་པ་དང༌། དབང་གི་ཆོ་གའི་ཐོ་ཙམ་ཕྱོགས་གཅིག་ཏུ་བསྡེབས་ཏེ་བསྟན་པ་དབང་གི་མངོན་རྟོགས་འདི་ས་སྐྱ་པ་ཆེན་པོས་མཛད་དོ། །དགུ་པ་དབང་བསྐུར་བའི་མན་ངག་གོའི་མཐའ་ཅན། སྒྲོལ་མ་ལུས་དཀྱིལ་གྱི་སྒྲུབ་ཐབས་མགོར། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དཔལ་ས་སྐྱའི་དགོན་པ་ནས་རིགས་དང་ཡོན་ཏན་ཕུན་སུམ་ཚོགས་པ་ཞེས་དང་བཤད་ན་མཐའ་ཡས་པར་འགྱུར་མོད། བོད་སྐད་ཐད་སོར་བསྒྱུར་མི་བཏུབ་ལགས། མཆན་མེད་པ་རྣམས་ཀྱི་ཐད་སོར་དེ་སྐད་གསུང་བར་ཞུའི་མཐའ་ཅན། འདི་མཆིམས་ཆོས་སེང་གེ་དོན་དུ་མཛད་པ་ཡིན་ནོ། །ཕྱག་འཚལ་ཉེར་གཅིག་གི་ས་བཅད་ན་མོ་བུདྡྷཱ་ཡ། བསྟོད་པ་ལ་དོན་གཉིས་ཏེ། ཞེས་ཡོད་པ། བསྟོད་པའི་རྣམ་བཤད་གསལ་བའི་འོད་ཟེར་མགོར། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་སྒྲོལ་མ་ནི་ཞེས་ཡོད་པ། རྡོ་རྗེ་འཆང་གི་དཀར་ཆག་ན་འདི་རྗེ་བཙུན་གྱིས་སྒྲོལ་བསྟོད་ལ་མཆན་མཛད་པ་དེ་གང་ཟག་རྗེས་མ་ཅིག་གིས་དཀྱུས་སུ་བཅུག་པ་སྣང་ངོ་གསུངས་པ་དེ་ཤིན་ཏུ་འབྲེལ་ཆེ་སྟེ་མཆན་དཀྱུས་སུ་སོང་ཚེ་ཚིག་གི་ཁྲིགས་གོང་འོག་ཅུང་ཟད་འཁྲུགས་པ་ལྟར་སྣང་ངོ༌། །སྒྲོལ་མའི་སྒྲུབ་ཐབས་ཡན་ལག་དྲུག་པ་ལས་ཚོགས་དང་བཅས་པའི་མགོར། བླ་མ་དམ་པའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ། །ཐུགས་རྗེའི་བདག་ཉིད་ཤེས་རབ་དངོས། །ཞེས་ཡོད་པ། གསོལ་འདེབས་མཎྜལ་བཞི་པ། ན་མོ་གུ་ར་ཝེ། སྲོད་དང་ཐོ་རངས་ལངས་པར་བྱས་ནས། །ཞེས་ཡོད་པ། རྗེ་བཙུན་པའི་རྣམ་ཐར་མནལ་ལམ་ཁམས་པ་སྦལ་སྟོན་གྱིས་བྲིས་པ་མགོར། ཨོཾ་སྭ་སྟི་སིདྡྷཾ། བླ་མ་རྗེ་བཙུན་ཆེན་པོ་གྲགས་པ་རྒྱལ་མཚན་གྱི་ཞལ་ནས་ཞེས་པ་དང༌། རྗེ་བཙུན་ཆེན་པོའི་མནལ་ལམ་བྲིས་པའོའི་མཐའ་ཅན། རྡོ་རྗེ་འཆང་གི་དཀར་ཆག་ན་འདི་ཁམས་པ་སྦལ་སྟོན་གྱིས་བྲིས་པ་ཡིན་ནའང༌། རྗེ་བཙུན་གྱི་གསུང་ཇི་ལྟ་བ་བཞིན་ཡིན་པས་འདིར་བཞག་པ་ཡིན་གསུངས། གསང་སྔགས་ནང་གི་ལྷུང་བཟེད་བརྟག་པ་མགོར། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །རིན་པོ་ཆེའི་གཞལ་ཡས་ཁང་བརྟག་པ་ལ་ཞེས་ཡོད་པ། འདི་ཡང་རྗེ་བཙུན་གྱི་གསུང་ལས་ཇི་ལྟར་བྱུང་བ་བཞིན་དུ་སྣ་རོའི་བནྡེས་བྲིས་པ་ཡིན་ནོ། །ག་རིང་རྒྱལ་པོ་ལ་རྩིས་བསྡུར་དུ་བཏང་བའི་ཡི་གེ་མགོར། བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །དཔལ་ལྡན་ས་སྐྱ་པའི་བརྒྱུད་པ་ནི། ཞེས་ཡོད་པ། ངན་སོང་སྦྱོང་རྒྱུད་ཀྱི་སྤྱི་དོན་མགོར། སངས་རྒྱས་ཀུན་དངོས་ངོ་བོ་ཉིད། །ཅེས་ཡོད་པ། སྦྱོང་རྒྱུད་ཀྱི་ས་བཅད་མགོར། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱུད་འདི་ལ་དོན་བཞི་སྟེ། ཞེས་པ་དང༌། འདི་ནི་དཔལ་ལྡན་ས་སྐྱར་བྲིས་ཀྱི་མཐའ་ཅན། ཡོ་ག་རྡོ་རྗེ་འབྱུང་བའི་ཡིག་སྣ་མགོར། ཆོས་རྣམས་རང་བཞིན་མེད་གཟིགས་ཀྱང༌། །ཞེས་པ་ཅན། སྒྲུབ་ཐབས་བརྒྱ་རྩའི་གཞུང་སོ་སོའི་ཡིག་སྣ་མགོར། མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་ལ་ཞེས་པ་ཅན། སྒྲུབ་ཐབས་ཀུན་གྱི་ཊཱིཀ་ཆུང་རེ་དང་བསྡུས་དོན་བཅས་འདི་རྡོ་རྗེ་འཆང་གི་དཀར་ཆག་ཏུ་འདིར་བཞག་འདུག དཀོན་མཆོག་ལྷུན་གྲུབ་པའི་སྒྲུབ་ཐབས་བརྒྱ་རྩའི་ཐོ་ཡིག་མུན་སེལ་སྒྲོན་མེའི་གཞུག་ན་ས་སྐྱ་པ་ཆེན་པོས་མཛད་པར་བཞེད་འདུག སྒྲུབ་ཐབས་སྤྱིའི་རྣམ་གཞག་མགོར། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སྤྱིར་འཁོར་བ་ལ་ཐོག་མ་མེད་ཅེས་པ་དང་སྒྲུབ་ཐབས་ཀྱི་གཏད་རྒྱའོ་ཨི་ཐིའི་མཐའ་ཅན། རྡོ་རྗེ་ཕུར་བའི་མངོན་རྟོགས་དང་ལས་བྱང༌། ཡང་དེའི་སྒྲུབ་ཐབས་ཚིགས་བཅད་མ། གསན་ཡིག་རྒྱ་མཚོར་ཕུར་པའི་སྒྲུབ་ཐབས་ཚིགས་བཅད་མ། ཕུར་པའི་ཐོ་ཡིག་རྒྱུན་གྱི་མན་ངག་ལ་སོགས་པའི་ལས་ཁ་ཚར་བ་འགའ་གསུང༌། གོང་གི་ཚིགས་ལྷུག་པ་འདི་རྗེ་ས་ཆེན་གྱིས་མཛད་པ་ཡིན་ནའང་འདིར་གླེགས་བམ་ཁ་ལངས་པའི་ཆེད་དུ་ཕུར་པའི་སྒྲུབ་སྐོར་རྣམས་ཕྱོགས་གཅིག་ཏུ་བསྡེབས་ཏེ་བྲིས་པ་རྣམས་བཞུགས་སོ།།  །།གླེགས་བམ་བཞི་པ་༼ཏ༽པ་ལ་ཀུན་རིག་གི་ཆོ་ག་གཞན་ལ་ཕན་པའི་འོད་ཟེར་མགོར། རྒྱུད་དོན་གསལ་བར་སྟོན་མཛད་བླ་མ་དང༌། །ཞེས་ཡོད་པ། དེའི་ཆོ་ག་བསྡུས་པ་གཞན་ཕན་ཉེར་མགོ་མགོར། བཅོམ་ལྡན་འདས་དཔལ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཐོག་མར་བདག་གི་རྣལ་འབྱོར་བསྟན་པ་ནི། ཞེས་ཡོད་པ། གསན་ཡིག་རྒྱ་མཚོར་རོ་བསྲེགས་ཏེ་སྡིག་པ་སྦྱོང་བ། ཀུན་རིག་ནས་འབྱུང་བའི་ཕྱག་ལེན། ཞི་བའི་སྦྱིན་སྲེག་གསུངས་པ་དེ་ཐམས་ཅད་ཀྱང་འདིར་འདུས་སོ། །ཨརྒའི་ཆོ་ག་མགོར་བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །རྟེན་གསར་པ་ལ་ཞེས་ཡོད་པ། རབ་ཏུ་གནས་པའི་ཆོ་ག་དོན་གསལ་མགོར། བླ་མ་དམ་པ་རྣམས་ཀྱི་ཞབས་ལ་སྤྱི་བོས་གུས་པར་ཕྱག་འཚལ་ལོ། །གང་ཞིག་སྤྲོས་པ་ཀུན་ལས་རྣམ་གྲོལ་ཡང༌། །ཞེས་ཡོད་པ། བྱ་སྤྱོད་རིགས་གསུམ་སྤྱིའི་རིགས་གཏད་ཀྱི་ཆོ་ག་མགོར། བྱང་ཆུབ་སེམས་དཔའ་ཆེན་པོ་གསུང་གི་མངའ་བདག་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །བྱ་བ་དང་སྤྱོད་པའི་རྒྱུད་ཀྱི་དཀྱིལ་འཁོར་དུ་སློབ་མ་དབང་བསྐུར་བར་འདོད་ན་ཞེས་ཡོད་པ། འཇམ་དཔལ་དཔའ་བོ་གཅིག་ཏུ་གྲུབ་པའི་རྒྱུད་ཀྱི་དཀའ་འགྲེལ་མན་ངག་དོན་གསལ་མགོར། རིན་ཆེན་ལྟ་བུའི་བླ་མ་མཆོག་རྣམས་དང༌། །ཞེས་ཡོད་པ། མི་གཡོ་བའི་བསྟོད་པ་རིམ་པ་གསུམ་པ་འཐད་པར་ལྡན་པ་མགོར། དད་པས་བླ་མའི་ཞབས་ལ་ཕྱག་འཚལ་ནས། །ཞེས་ཡོད་པ། འཇམ་པའི་དབྱངས་ཀྱི་བསྟོད་པ་རྒྱུད་གསུམ་འཁོར་ལོ་མགོར། མཚུངས་མེད་བླ་མའི་ཞབས་ལ་ཕྱག་འཚལ་ནས། །ཞེས་ཡོད་པ། འཇམ་དཔལ་ཨ་ར་པ་ཙ་ནའི་སྒྲུབ་ཐབས་ཚིགས་བཅད་མ་མགོར། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་སྐུ་གཞོན་ནུའི་ཚུལ་འཆང་ཞེས་ཡོད་པ། འདི་རྡོ་རྗེ་འཆང་གི་དཀར་ཆག་ན་སྔོན་གྱི་དཔེ་རྙིང་འགའ་ལ་རྩེ་མོས་མཛད་ཟེར་བ་འདུག་པ་དེ་དག་པ་ཡིན་ནོ་གསུང༌། མཚན་བརྗོད་འདོན་ཐབས་མགོར་བཅོམ་ལྡན་འདས་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །མཚན་ཡང་དག་པར་བརྗོད་པ་འདོན་པའི་གདམས་ངག་ལ་གསུམ་ཞེས་ཡོད་པ། ཨ་ར་པ་ཙ་ན་ལྷ་ལྔའི་སྒྲུབ་ཐབས་ཐེ་ཚོམ་ཅན་དུ་བཞེད་པ་མགོར། བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །འཇམ་པའི་དབྱངས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ཅིང་ཞེས་པ་དང་འཇམ་པའི་དབྱངས་ཀྱི་ཞལ་མཐོང་ཤོག་གི་མཐའ་ཅན། འདི་ངོར་ཆེན་རྡོ་རྗེ་འཆང་གི་དཀར་ཆག་ཏུ་སིང་ཧ་ཤྲཱི་ཟེར་པ་ཅིག་གིས་བྱས་པ་སྣང་གསུང༌། རྗེ་བཙུན་འཕགས་པ་ཨ་ར་པ་ཙ་ན་ལྷ་ལྔའི་དབང་གི་ཆོ་ག་ཡེ་ཤེས་སྣང་བའི་སྒྲོན་མ་མགོར་ཚིག་དེ་ཉིད་ཡོད་པ། དོན་ཡོད་ཞགས་པའི་ཆོ་ག་ལག་ཏུ་བླང་བའི་རིམ་པ་མགོར་ན་མོ་བུདྡྷཱ་ཡ། དེ་ཉིད་དོན་སྟོན་བླ་མ་དང༌། །ཞེས་ཡོད་པ། དེའི་མཎྜལ་གྱི་ཆོ་ག་མགོར་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །མཎྜལ་བྱ་བ་ནི་དྲི་ཞིམ་པོའི་ཆུས་བྱུགས་ལ་ཞེས་པ་དང་མེ་ཏོག་མཎྜལ་གྱི་དབུས་སུ་སྤུངས་ལ་གཞག་གོ་ཨི་ཐིའི་མཐའ་ཅན། ལྷ་ལྔའི་བསྟོད་པ་མགོར། བདེ་གཤེགས་ཀུན་ལས་ཐུགས་རྗེ་མཆོག་གྱུར་པ། །ཞེས་པ་དང༌། ཐུགས་རྗེའི་སྒོ་ནས་བསྟོད་པ་དྷ་བྱང་ཆུབ་སེམས་དཔས་མཛད་པའོའི་མཐའ་ཅན། སྲུང་འཁོར་བྲི་ཚུལ་ཚན་པ་གཉིས་མགོར་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །འདིའི་སྲུང་བའི་འཁོར་ལོ་ལ་དོན་ལྔ་སྟེ་ཞེས་པ་དང་སྤྱི་དང་མཐུན་པར་གདའོའི་མཐའ་ཅན། ལག་ན་རྡོ་རྗེ་དོན་ཀུན་«གོས་སྔོན་ཅན་ཡིན་་་་་་»གྲུབ་པའི་གཟུངས་ཀྱི་ལག་ཏུ་བླང་བའི་རིམ་པ་མགོར་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །རྡོ་རྗེ་འཛིན་དབང་དཔལ་ལྡན་བླ་ཆེན་གྱི། །ཞེས་ཡོད་པ། རྣམ་པར་འཇོམས་པའི་རྒྱུད་ཀྱི་ཊཱི་ཀ་མགོར། དོན་དམ་སྟོན་བྱེད་ནུས་པའི་ཚོགས་རྣམས་དང༌། ཞེས་ཡོད་པ། དེའི་ས་བཅད་མགོར་དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །མདོ་འདི་ལ་གཉིས་ཏེ་ཞེས་པ་དང་ཕན་ཡོན་བསྟན་པའོའི་མཐའ་ཅན་འདི་གཉིས་ལ་དཀོན་མཆོག་ལྷུན་གྲུབ་པའི་གསན་ཡིག་ན་ཐེ་ཚོམ་ཅན་དུ་བཞེད་ཡོད་དོ། །དཔུང་བཟང་གི་མདོ་འགྲེལ་མགོར་དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །འཕགས་པ་དཔུང་བཟང་གིས་ཞུས་པའི་མདོ་སྡེ་འདི་ལ་ཞེས་ཡོད་པ། བར་འདིར་གསན་ཡིག་དབང་གི་རྒྱལ་པོ་སོགས་སུ་མཁའ་ལྡིང་གི་མན་ངག་གསུངས་ཀྱང་དཔེ་རྣམས་ན་ཡོད་པ་ནི་གོང་ས་ཆེན་གྱི་སྐབས་ན་ཡོད་པ་དང་ཞུ་དག་ཕེར་བ་ཡོད་པས་ལོགས་པ་མ་བྲིས་སོ། །མི་གཡོ་བ་གསང་བ་ཆེན་པོའི་རྒྱུད་ཀྱི་མན་ངག་མགོར། བགེགས་རྣམས་འཇོམས་མཛད་དངོས་གྲུབ་ཀུན་སྩོལ་བ། །ཞེས་ཡོད་པ། གསན་ཡིག་དབང་གི་རྒྱལ་པོར་རྟོག་པ་དང་པོའི་རྣམ་འགྲེལ་གསུངས་པ་འདི་ཡིན་ནོ། །གཏོར་ཆེན་དོན་ལྔ་མ་མགོར། བླ་མ་དང་ནི་རྐང་གཉིས་གཙོ། །ཞེས་ཡོད་པ་འདི་རྡོ་རྗེ་འཆང་གི་དཀར་ཆག་དང་དཀོན་མཆོག་ལྷུན་གྲུབ་གསན་ཡིག་གཉིས་ཀ་ན་རྩེ་མོ་དང་མི་མཐུན་པའི་ཤེས་བྱེད་ཀྱིས་ཐེ་ཚོམ་ཅན་དུ་བཞེད་དོ། །གཏོར་མ་བརྒྱ་རྩ་མགོར། དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡབ། །ཅེས་ཡོད་པ། གསན་ཡིག་རྒྱ་མཚོར་བྱང་སེམས་ཟླ་བ་རྒྱལ་མཚན་གྱི་རྗེས་སུ་འབྲང་བའི་ཞེས་གསུང༌། ཤཱཀྱ་རྣམས་ཀྱི་རྒྱལ་རབས་མགོར། ལྷར་བཅས་འགྲོ་བའི་གཙུག་ན་གང་གི་གསུང༌། །ཞེས་ཡོད་པ། བོད་ཀྱི་རྒྱལ་རབས་མགོར། ཨོཾ་སྭ་སྟི་སིདྡྷཾ་བོད་ཀྱི་རྒྱལ་རབས་ཁྲི་བདུན་ལྡེང་གཅིག་ཅེས་ཡོད་པ། རྒྱ་བོད་ཀྱི་སྡེ་པའི་གྱེས་མདོ་མགོར་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །གང་ཞིག་གང་ལ་བརྟེན་པ་ཡིས། །ཞེས་པ་དང༌། ལེགས་པའི་གཏམ་འདི་ཤེས་པར་གྱིས་ཀྱི་མཐའ་ཅན། དུས་ཚོད་ངེས་པར་བཟུང་བའི་རྩིས་ཡིག་མགོར་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ལོ་གང་ལ་ཟླ་བའི་ལྷག་མ་ཡོད་པ་ཞེས་པ་ཅན། གཟའ་སྐར་གྱི་འཕྲོད་བརྟག་མགོར། འགྲོ་རྣམས་དགེ་དང་མི་དགེ་བསྟན་པའི་ཕྱིར། །ཞེས་ཡོད་པ། ཞེས་དགུ་ཕྲུགས་ཀྱི་ཡི་གེ་མགོར། འགྲོ་མགོན་མཉམ་མེད་ཇི་སྙེད་ཀུན་གཟིགས་ཤིང༌། །ཞེས་པ་དང་རྩེ་སྤྲོད་རྒོད་པོ་གཤོག་དང་ལྔའི་མཐའ་ཅན། ཕྱག་རྒྱ་ཆེན་པོ་གཅེས་བཏུས་མགོར། བླ་མ་རྡོ་རྗེ་གདན་པའི་མན་ངག་ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པ་འོད་གསལ་བ་ཞེས་བྱ་བ་ཡོད་པ་སོགས་མན་ངག་སུམ་ཅུ་ཐམ་པ་བླ་མ་སོ་སོའི་གདམས་ངག་ཟབ་མོ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ། རྡོ་རྗེ་མཁའ་འགྲོ་མའི་སྦྱིན་སྲེག་མགོར་བླ་མ་དམ་པའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ། །རྫ་གསར་པ་ཞེས་ཡོད་པ། ལས་དང་པོ་པས་ཉམས་སུ་བླང་བའི་རིམ་པ་ཆོས་སྤྱོད་རིན་ཆེན་ཕྲེང་བ་མགོར། སྐུ་གསུམ་རིན་ཆེན་དེའི་གསུང་དྲི་མ་མེད། །ཅེས་ཡོད་པ། བྱང་ཆུབ་སེམས་དཔའི་སྡོམ་པ་གསལ་བར་སྟོན་པ་ཤློ་ཀ་ཉི་ཤུ་པའི་བཤད་པ་མགོར་བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ་དང༌། དོན་སྟོན་དོན་བྱེད་བླ་མའི་ཚོགས་རྣམས་ལ། །ཞེས་ཡོད་པ། སྤྱོད་འཇུག་གི་བསྡུས་དོན་མགོར་བྱང་ཆུབ་སེམས་དཔའ་ཆེན་པོ་གསུང་གི་མངའ་བདག་ཅེས་བྱ་བ་ཡོད་པ། ཞེན་པ་བཞི་བྲལ་གྱི་གདམས་པ་གཉིས་ཀྱི་དང་པོའི་མགོར་བླ་མ་ས་སྐྱ་པ་ཆེན་པོ་དགུང་ལོ་བཅུ་གཉིས་བཞེས་པའི་ཚེ་ཞེས་པ་དང༌། ངེས་ཤེས་ཁྱད་པར་ཅན་ཐོབ་པ་ཡིན་ནོ་ས་མཱཔྟ་མི་ཐིའི་མཐའ་ཅན། འདི་རྗེ་བཙུན་གྱིས་མཛད་པ་ཡིན་མིན་བརྟག གཉིས་པའི་མགོར། བཀའ་དྲིན་ཅན་གྱི་བླ་མ་དང༌། །ཞེས་ཡོད་པ། ཡེ་ཤེས་རྡོ་རྗེ་ལ་གནང་བའི་ཉམས་དབྱངས་མགོར་ན་མོ་གུ་ར་ཝེ། དུས་གསུམ་གྱི་བླ་མ་ཐམས་ཅད་ལ། །ཞེས་པ་དང༌། བླ་མེད་རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག་གི་མཐའ་ཅན། ཁམས་བདེ་དྲི་བའི་ཉམས་དབྱངས་མགོར། རྗེ་བླ་མ་རྣམས་ཀྱི་ཞབས་ལ་འདུད། །ཅེས་ཡོད་པ་དང༌། ཨེ་མའོ་འགྲོ་བ་ཉོན་རེ་མོངས། །ཞེས་པའི་མཐའ་ཅན་ཡང༌། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །ཞེས་པའི་མན་ངག་ཡེ་ཤེས་རྡོ་རྗེ་ལ་གནང་བ་ཅིག་དང༌། བདག་དམ་པའི་ལྷ་ཆོས་བྱེད་པ་ལ། །ཞེས་ཡོད་པ་ཅིག གནས་བསྟོད་ཀྱི་ཉམས་དབྱངས་མགོར་དུས་གསུམ་གྱི་བླ་མ་དམ་པའི་ཞེས་པ་དང༌། གླུ་མགུར་གྱི་རྟ་ལ་བསྐྱོན་ལ་ལོང༌། །ཨི་ཐིའི་མཐའ་ཅན། རྨི་ལམ་ཉམས་ལེན་བརྒྱད་ཀྱི་ཉམས་དབྱངས་མགོར། །གྲོང་དང་གནས་གཞི་ཚོང་དུས་གསུམ། །ཞེས་དང་རྨི་ལམ་ཉམས་ལེན་བརྒྱད་ཀྱི་དབྱངས་ཨི་ཐིའི་མཐའ་ཅན། གཉེན་པོ་བསྟེན་ཚུལ་གྱི་ཉམས་དབྱངས་མགོར། སེམས་ཀྱི་རང་སོ་མ་ཚུགས་པས། །ཞེས་པ་དང༌། སེམས་གཉེན་པོ་བསྟེན་ནས་བླངས་པ་ཡིན་གྱི་མཐའ་ཅན། སེམས་འདུལ་ཚུལ་གྱི་ཉམས་དབྱངས་མགོར། །མངོན་ཤེས་མིག་བྲལ་བདག་ནི་ལས་མང་ཞིང༌། །ཞེས་དང༌། ཏིང་འཛིན་སྐྱོན་ཅན་ཀློང་དུ་འགྲོ་མི་བྱའི་མཐའ་ཅན། སྒྲུབ་པ་ཉམས་སུ་ལེན་ཚུལ་འཚལ་བ་བརྒྱད་ཡོད་པ། གསང་སྔགས་ནང་པའི་ཉམས་ལེན་འཚལ་བ་བཅུ་ཡོད་པ། རང་གིས་རང་ལ་བསྐུལ་བ་མགོར་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བདག་ནི་ཉོན་མོངས་གྱིས་བཟུང་འཁོར་བའི་ཆོས་ལ་དད། །ཅེས་ཡོད་པ། ཉམས་དབྱངས་ཆེན་མོ་མགོར་ན་མོ་གུ་རུ་བྷ་དྲཱ་ཡ། ཡོན་ཏན་མཐའ་དག་རྒྱུད་ལ་སྦྱོར་མཛད་པའི། །ཞེས་ཡོད་པ། འདི་རྡོ་རྗེ་འཆང་གི་དཀར་ཆག་ཏུ་གླིང་རས་ཀྱི་ཟུར་ཟ་ཆེན་མོ་ལ་བཅོས་ནས་གཞན་ཞིག་གིས་བྱས་པ་ཡིན་ནམ་ཞེས་བདག་གི་བླ་མ་གསུང་ངོ་ཞེས་ཐེ་ཚོམ་ཅན་དུ་བཞེད། གསོ་དཔྱད་རྒྱལ་པོའི་དཀོར་མཛོད་ཅེས་གྲགས་པ་ཡན་ལག་བརྒྱད་པའི་མན་ངག་འཕགས་པ་ཀླུ་སྒྲུབ་ནས་ལོ་ཙཱ་བ་རིན་ཆེན་བཟང་པོའི་བར་རིམ་པར་བརྒྱུད་དེ། བླ་མ་མལ་ལོ་ཙཱ་བ་ཆེན་པོ་ལ་བྱུང་བའི་གདམས་ངག་རྣམས་རྗེ་ས་ཆེན། རྗེ་བཙུན་ཆེན་པོ། བླ་མ་དཔལ་ཆེན་འོད་པོ་རྣམས་ཀྱིས་གདམས་ངག་འཐོར་བུ་མཛད་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་དང་པོ་འདུ་བ་སྤྱིའི་རྣམ་གཞག་ནས་མཐར་མགོ་བཅོས་ཀྱི་བར་གྱི་སྨན་དཔྱད་འཐོར་དཔྱད་སོགས་རྟེན་འབྲེལ་གྱི་གདམས་ངག་མང་པོ་རྣམས་བཞུགས་སོ།།  །།བཞི་པ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཆེན་པོ་འཇམ་མགོན་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་པའི་ཞབས་ཀྱི་གསུང་རབ་གླེགས་བམ་དང་པོ་༼ཐ༽པ་ལ་ཐུབ་པའི་དགོངས་པ་རབ་ཏུ་གསལ་བ་ཞེས་བྱ་བའི་བསྟན་བཅོས་མགོར་ཚིག་དེ་ཉིད་རྒྱ་སྐད་དང་བོད་སྐད་དུ་ཡོད་པ། ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ཞེས་བྱ་བའི་བསྟན་བཅོས་མགོར་ཚིག་དེ་ཉིད་རྒྱ་སྐད་དང་བོད་སྐད་དུ་ཡོད་པ། གཞུང་ལུགས་ལེགས་པར་བཤད་པ་མགོར་ཚིག་དེ་ཉིད་རྒྱ་སྐད་དང་བོད་སྐད་དུ་ཡོད་པ། རོལ་མོའི་བསྟན་བཅོས་མགོར་ཚིག་དེ་ཉིད་ཡོད་པ། བློ་གསལ་ཞིང་དོན་དུ་གཉེར་པའི་སྐྱེས་བུ་རྣམས་ལ་ཇི་ལྟར་དྲི་བའི་ཚུལ་འགའ་ཞིག་བརྩམ་འཕྲོ་ལ་གཞག་པ་མགོར་སྭ་སྟི་དཔལ་ལྡན་ས་སྐྱ་པཎྜི་ཏས་ཞེས་པ་དང༌། དེ་ལྟར་ཚིག་གིས་ང་ལ་དྲིས། །ཞེས་པའི་མཐའ་ཅན། མཁས་པ་འཇུག་པའི་སྒོ་མགོར་ཚིག་དེ་ཉིད་རྒྱ་སྐད་དང་བོད་སྐད་དུ་ཡོད་པ། སྒྲ་ལ་འཇུག་པ་མགོར་བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བདེན་པ་བརྙེས་པ་འཕགས་པ་རྒྱ་མཚོའི་འཁོར། །ཞེས་ཡོད་པ། སྨྲ་སྒོའི་ས་བཅད་མགོར་འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ལོ། །སྨྲ་བའི་སྒོ་ལ་དོན་གསུམ་སྟེ་ཞེས་ཡོད་པ། བྱིས་པ་བདེ་བླག་ཏུ་འཇུག་པའི་རྣམ་བཤད་བྱིས་པ་ལ་ཕན་པ་མགོར་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཞེས་དང་བསྟན་བཅོས་ཀྱི་མིང་དེ་ཉིད་ཡོད་པ། ཡི་གེའི་སྦྱོར་བ་མགོར་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བསླབ་པ་ཀུན་གྱི་གཞི་འཛིན་ཅིང༌། །ཞེས་ཡོད་པ། རྣམ་པར་གཅད་བྱ་ཇི་ལྟར་སྦྱོར་ཚུལ་མགོར་བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །རྣམ་པར་གཅད་པའི་ཡི་གེའི་ཚུལ་ཅུང་ཟད་བརྗོད་ན་ཞེས་ཡོད་པ། སྔགས་ཀྱི་བཀླག་ཐབས་འབྲས་བུ་འབྱུང་བའི་མེ་ཏོག་མགོར་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །རིག་སྔགས་ལོག་པར་བཟླས་གྱུར་ན། ཞེས་ཡོད་པ། སྒྲ་ཉེ་བར་བསྡུས་པའི་ཚིགས་སུ་བཅད་པ་མགོར་བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བཟླས་བརྗོད་འདྲི་དང་ཀློག་སོགས་ལ། །ཞེས་ཡོད་པ། ཚིག་གི་གཏེར་མགོར་ཚིག་དེ་ཉིད་རྒྱ་སྐད་དང་བོད་སྐད་དུ་ཡོད་པ། སྡེབ་སྦྱོར་སྣ་ཚོགས་མེ་ཏོག་གི་ཆུན་པོ་ཞེས་བྱ་བའི་བསྟན་བཅོས་མགོར་ཚིག་དེ་ཉིད་ཡོད་པ། བདེ་བར་གཤེགས་པའི་ཐུགས་རྗེ་ལ་བསྐུལ་བ་མགོར་ཚིག་དེ་ཉིད་ཡོད་པ། བླ་མ་རྗེ་བཙུན་ཆེན་པོའི་རྣམ་ཐར་ཐུན་མོང་དུ་གྲགས་པ་མགོར་དཔལ་ཆོས་ཀྱི་རྗེ་ཁམས་གསུམ་གྱི་མགོན་པོ་རྗེ་བཙུན་ས་སྐྱ་པ་ཆེན་པོ་ཞེས་ཡོད་པ། ང་བརྒྱད་མ་རྩ་འགྲེལ་མགོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སྒྲ་པ་ང་ཡིན་ཞེས་དང༌། བཤད་པ་འདི་ལ་འགལ་བ་ཅི་མཆིས་པ། །དེ་ནི་མཁས་པའི་ཚོགས་ལ་བཟོད་པར་གསོལ་གྱི་མཐའ་ཅན་རྣམས་བཞུགས་སོ།།  །།གླེགས་བམ་གཉིས་པ་༼ད༽པ་ལ་ཚད་མ་རིགས་པའི་གཏེར་རྩ་བ་དང་འགྲེལ་པ་གཉིས། དབུ་མ་ལུགས་ཀྱི་སེམས་བསྐྱེད་ཀྱི་ཆོ་ག་མགོར་བླ་མ་དང་འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ལོ། །བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པའི་ཆོ་ག་རྒྱས་པ་ཞེས་ཡོད་པ། དེའི་ལུང་སྦྱོར་མགོར་བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་ལས་བྱུང་བ་ཡི། །ཞེས་ཡོད་པ། གཉན་ཕུག་ཆུང་བས་མཛད་པའི་ལཱུ་ཧི་པའི་འབྲུ་འབུམ་འདི་དཔེ་སྔ་མ་རྣམས་སུ་ས་ཆེན་གྱི་སྐབས་ན་བྲིས་འདུག་ཀྱང་འདིར་གླེགས་བམ་ཁ་ལངས་པའི་ཆེད་དུ་བྲིས་པ་རྣམས་བཞུགས་སོ།།  །།གླེགས་བམ་གསུམ་པ་༼ན༽པ་ལ་བསྟན་བཅོས་སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བ་མགོར་ཚིག་དེ་ཉིད་ཡོད་པ། འཇམ་པའི་རྡོ་རྗེ་ལ་མཆོད་པ་བརྗོད་པའི་ཚུལ་གྱིས་བསྟོད་པ་མགོར་བླ་མ་དང་རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །དཔལ་ལྡན་བློ་གྲོས་དྷཱིཿལས་བྱུང༌། །ཞེས་ཡོད་པ་ཅན། རྗེ་བཙུན་ཆེན་པོ་ལ་བསྟོད་པ་མགོར། སྲིད་པའི་འཁྲི་ཤིང་དྲྭ་བ་དྲལ་མཛད་ཅིང༌། །ཞེས་ཡོད་པ། བི་རཱུ་པ་ལ་བསྟོད་པ། དད་པའི་ཆུ་ལས་ཚིག་གི་མེ་ཏོག་འདི། །ཞེས་ཡོད་པ། བདེ་མཆོག་བརྒྱུད་པའི་གསོལ་འདེབས་མགོར་བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་གི་སྐྱེ་དང་འཇིག་པ་དག །ཅེས་ཡོད་པ། འདིའི་བར་སྐབས་སུ་ཁ་སྐོང་ཤློ་ཀ་གཉིས་འདི་བླ་མ་ཕྱི་མ་ཞིག་གིས་མཛད་པར་བསམས་ནས་ཡིག་ཆུང་བྱས་བྲིས་ཡོད། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཞུ་བའི་ཕྲིན་ཡིག་མགོར་ཚིག་དེ་ཉིད་ཡོད་པ། སྐྱེས་བུ་དམ་པ་རྣམས་ལ་སྤྲིང་བའི་ཡི་གེ་མགོར་བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བརྩེ་བས་ལེགས་པའི་ལམ་ལ་སྦྱོར། །ཞེས་ཡོད་པ། ལུང་རིགས་རྣམ་དག་དང་མཐུན་པར་འཆད་དགོས་ཚུལ་མགོར་བླ་མ་དང་འཇམ་པའི་དབྱངས་ལ་སྤྱི་བོས་ཕྱག་འཚལ་ལོ། །མཁས་པ་རྣམས་ལས་སྡེ་སྣོད་མང་ཐོས་ཤིང༌། །ཞེས་ཡོད་པ། རྟོག་ལྡན་རྒྱན་པོའི་དྲིས་ལན་མགོར་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྣམ་འཕྲུལ་ཞེས་ཡོད་པ། རྣེལ་ཕུ་བའི་ཞུས་ལན་མགོར་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །དམ་པའི་དོན་དུ་ཆོས་རྣམས་ཀུན། །ཞེས་པ་དང་མདོར་བསྡུས་པ་འདི་ལེགས་པར་དགོངས་ཀྱི་མཐའ་ཅན། དཀོན་མཆོག་ལྷུན་གྲུབ་པའི་གསན་ཡིག་ན་འདིའི་ཚབ་ཏུ་རྟོགས་ལྡན་ཞིག་གི་དྲིས་ལན་གསུངས་པ་འདི་ཡིན་ནམ་སྙམ་ནས་བཞག་པ་ལས་ངེས་པ་མ་བྱུང༌། ཞང་ལོ་ཙཱ་བ་ལ་གདམས་པ་ཚིགས་སུ་བཅད་པ་བཅུ་གསུམ་པ་མགོར་ན་མཿཤྲཱི་མཉྫུ་གྷོ་ཥཱ་ཡ། རྣམ་དག་ཡིད་ཀྱི་ཆུ་གཙང་ལས་འཁྲུངས་པའི། །ཞེས་ཡོད་པ། བསྟན་པ་ལ་དགའ་བའི་ལྷ་རྣམས་ལ་སྤྲིང་བ་མགོར་ཚིག་དེ་ཉིད་ཡོད་པ། ཡང་ཚིགས་སུ་བཅད་པ་གོང་འོག་གཉིས་སྨྲས་པ་ཞེས་པའི་དབུ་ཅན། མི་ཉག་གི་རྒྱལ་ཁམས་སུ་བདེ་ཆེན་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་གཉུག་མར་གནས་པའི་མཁན་སློབ་དགེ་འདུན་རྣམས་ལ་གནང་བའི་ཡི་གེ་མགོར་ཨོཾ་སྭ་སྟི་སིདྡྷཾ། མི་ཉག་གི་རྒྱལ་ཁམས་ན་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞེས་ཡོད་པ། ཉི་མ་ལ་སྤྲིང་བ་མགོར་ཨོཾ་སྭ་སྟི་སིདྡྷཾ་དཔལ་ལྡན་ས་སྐྱ་པཎྜི་ཏས་ཞེས་ཡོད་པ། ཤོ་དགོན་པ་འགྲོ་མགོན་རིན་ཆེན་ལ་སྤྲིང་བ་མགོར་བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བདེན་པར་སྨྲ་བ་འཕགས་པ་རྒྱ་མཚོའི་འཁོར། །ཞེས་པ་དང༌། ཤོ་དགོན་དགེ་འདུན་རྣམས་ལ་སྤྲིང་བ་མགོར་བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བསོད་ནམས་ཆུ་གཏེར་ཡོན་ཏན་པདྨོའི་ཚལ། །ཞེས་པ་དང་སྡེ་དགོན་ཡོན་མཆོད་རྣམས་ཀྱི་ཕྱག་ཏུ་ཕུལ་གྱི་མཐའ་ཅན། ལམ་ཟབ་མོ་བླ་མའི་རྣལ་འབྱོར་མགོར་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །གང་གིས་བསྐལ་པ་དུ་མར་དཀའ་སྤྱད་པ། །ཞེས་ཡོད་པ། བླ་མའི་རྣལ་འབྱོར་གུ་ཤི་ཇོ་འབུམ་གྱི་དོན་དུ་མཛད་པ་མགོར་ན་མོ་གུ་རུ་བྷ་དྲཱ་ཡ་སྤྱིར་འོ་སྐོལ་རྡོ་རྗེ་ཐེག་པའི་སྒོར་ཞུགས་པ་རྣམས་ཞེས་ཡོད་པ། སྒྲུབ་པ་ལུང་འབོགས་མགོར་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སྒྲུབ་པ་ལུང་འབོགས་པའི་ཞེས་ཡོད་པ། འདི་ལ་མཛད་བྱང་མེད་པས་ས་པཎ་ཡིན་མིན་བརྟག སྒྲུབ་པ་ལུང་སྦྱིན་མགོར་བླ་མ་དམ་པའི་ཞབས་ཀྱི་རྡུལ་དྲི་མ་མེད་པའི་ཞེས་ཡོད་པ། རྟེན་འབྲེལ་ལྔའི་ཡི་གེ་མགོར་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །རྟེན་ཅིང་འབྲེལ་བར་འབྱུང་བ་ལྔས་ཞེས་ཡོད་པ། ལམ་སྦས་བཤད་མགོར་བླ་མ་དམ་པའི་ཞབས་ལ་སྤྱི་བོས་གུས་པས་ཕྱག་འཚལ་ལོ། །ས་བདུན་པ་ཡན་ཆད་ཅེས་པ་དང༌། ཡི་གེ་སྔ་མར་གསལ་བས་འདིར་མ་བྲིས་སོ་ས་མཱཔྟའི་མཐའ་ཅན། གྲུབ་ཆེན་བཅུ་དང་ཕྲ་མོ་བརྒྱད་ཀྱི་མན་ངག ཕྱི་ནང་གསང་གསུམ་གྱི་མཎྜལ་འབུལ་ཆོག་མགོར་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །མཎྜལ་འབུལ་བར་འདོད་པས་ཞེས་ཡོད་པ། ཨཥྚའི་གཞི་བཤད་སྙིང་པོ་དོན་གསལ་མགོར་བླ་མ་དམ་པའི་ཞབས་ལ་སྤྱི་བོས་གུས་པས་ཕྱག་འཚལ་ལོ། །ཨནྡ་རྙིལ་བཏགས་ཞེས་ཡོད་པ། ཚོགས་ཀྱི་འཁོར་ལོའི་ལག་ཏུ་བླང་བའི་རིམ་པ་མགོར་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པའི། །ཞེས་ཡོད་པ། དེ་ལ་དགོས་པའི་རྡོ་རྗེ་གུར་གྱི་ལུང་སྦྱོར། རྣམ་འཇོམས་རྒྱུད་ཀྱི་བཤད་པ་བདུད་རྩི་སྤེལ་བ་མགོར་བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བཅུ་ཕྲག་བདུན་དང་ལྔ་ཕྲག་གཅིག །ཅེས་ཡོད་པ། ལམ་འབྲས་ཁྲིད་ཀྱི་དཀར་ཆག་ན་མོ་གུ་ར་ཝེ། མཐུ་སྟོབས་དབང་ཕྱུག་གསུང་གི་རྒྱུན། །ཞེས་ཡོད་པ། ཨ་ར་པ་ཙ་ནའི་སྒྲུབ་ཐབས་ཀྱི་གསལ་བྱེད་མགོར་བླ་མ་དམ་པའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ། །འདིའི་བརྒྱུད་པ་ནི་ཞེས་ཡོད་པ། སྒྲོལ་མ་ལྗང་གུའི་མངོན་རྟོགས་མགོར་རྗེ་བཙུན་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །རྗེ་བཙུན་མ་སྒྲུབ་པའི་གང་ཟག་གིས་ཞེས་ཡོད་པ། ཀག་ཆོལ་གྱི་རྗེས་གནང་མགོར་ན་མོ་གུ་རུ་བྷྱཿ རྗེ་བཙུན་བླ་མའི་ཞབས་ལ་གུས་བཏུད་ནས། །ཞེས་ཡོད་པ། བ་རི་བའི་གདམས་པ་ཐུན་མོང་མ་ཡིན་པ། ཡང་མན་ངག་བསྡུས་པ་གཅིག་དང་བཅས། གཟའ་ཐམས་ཅད་ཀྱི་ཡུམ་གྱི་མཆོད་ཆོག་མགོར་ཚིག་དེ་ཉིད་ཡོད་པ། རིགས་དྲུག་གི་མཚན་དོན་དང་ཡེ་ཤེས་བསྲེ་བའི་བཤད་པ་མགོར་ཚངས་པ་ལ་བྲཧྨ་ཞེས་པའི་སྒྲས་ཞེས་ཡོད་པ། རིགས་ཀྱི་རབ་དབྱེའི་བཤད་སྦྱར་མགོར་ཚིག་དེ་ཉིད་ཡོད་པ། སྒྲ་སྒྲུབ་དུམ་བུ་དགུ་པ་ནི་དཱ་ན་ཞེས་པའི་སྒྲ་ལས་དྲངས་ན་ཞེས་པའི་དབུ་ཅན། རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བའི་བཤད་པ་མགོར་ཚིག་དེ་ཉིད་རྒྱ་སྐད་དང་བོད་སྐད་དུ་ཡོད་པ། བདག་མེད་ལྷ་མོ་བཅོ་ལྔའི་བསྟོད་པ་དྲི་མ་མེད་པའི་རྒྱན་གྱི་འགྲེལ་པ་མགོར་དྲི་མ་མེད་པའི་རྒྱན་ཞེས་བྱ་བའི་རྒྱ་ཆེར་འགྲེལ་པ་ཞེས་ཡོད་པ། ཟུང་འཇུག་གསལ་བའི་ས་བཅད་མགོར་བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །སློབ་དཔོན་སྒྲ་གཅན་འཛིན་གྱིས་མཛད་པའི་ཟུང་དུ་འཇུག་པའི་དཀྱིལ་འཁོར་གྱི་ཞེས་ཡོད་པ། བླ་མ་ལ་ཐུན་མོང་བའི་སྒོ་ནས་གསོལ་བ་འདེབས་པ་མགོར། སྐུ་ཡི་སྤྱོད་པ་རྣམ་དག་པ། །ཞེས་ཡོད་པ། ཐུན་མོང་མ་ཡིན་པའི་སྒོ་ནས་གསོལ་བ་འདེབས་པ་མགོར། གང་གི་དྲིན་གྱིས་བདེ་ཆེན་ཉིད། །ཅེས་ཡོད་པ། བོད་ཡུལ་ལ་བསྔགས་པ་བསྟོད་ཚིག་པདྨོའི་ཕྲེང་བ་མགོར། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ལྷ་མཆོག་རྣམས་ཀྱི་གཙུག་གི་ནོར་བུ་ཡིས། །ཞེས་ཡོད་པ། ཤཱཀྱའི་རྒྱལ་པོ་ལ་གསོལ་བ་འདེབས་པ་ཚིགས་སུ་བཅད་པ་བཅོ་ལྔ་པ་མགོར་བླ་མ་དང་འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ལོ། །གང་ཞིག་བྱང་ཆུབ་ཤིང་དབང་དྲུང་དུ་ཞེས་ཡོད་པ། བདེ་བར་གཤེགས་པ་ཁམས་གསུམ་གྱི་མགོན་པོ་ལ་བསྟོད་པ་ཚིགས་བཅད་དགུ་པ་མགོར་བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །འགྲོ་བའི་རྩ་ལག་འཕགས་པའི་གཙོ་དང་ལྷ་དབང་གྲུབ་པ་རིག་འཛིན་གྱིས། །ཞེས་ཡོད་པ། འཇིག་རྟེན་དབང་ཕྱུག་ལ་བསྟོད་པ་ཚིགས་སུ་བཅད་པ་བཅུ་གཅིག་པ་མགོར་བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །འཇིག་རྟེན་དབང་ཕྱུག་ལྷ་བརྒྱའི་གཙུག་གིས་ཞབས་མཆོད་པ། །ཞེས་ཡོད་པ། ལྷ་སའི་བདེ་བར་གཤེགས་པ་རྣམས་ལ་བསྔགས་པ་མགོར་བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཟླ་བ་ཁ་བ་ཀུནྡ་གངས་རིའི་མདོག །ཅེས་ཡོད་པ། འཇམ་དབྱངས་ཀྱི་བསྟོད་པའི་རྣམ་བཤད་ཡི་གེ་ཉུང་ངུ་ཞེས་བྱ་བ་མགོར་བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བློ་གྲོས་གཙུག་ན་ཡོན་ཏན་ནོར་བུའི་འོད་གསལ་ཞིང༌། །ཞེས་ཡོད་པ། འཇམ་དཔལ་གྱི་ཕྱག་མཚན་རི་མོའི་ཡི་གེར་མགོར། སྡོམ་བརྩོན་དམ་པ་དཔལ་ལྡན་ཞི་བ་འཚོ། །ཞེས་ཡོད་པ། གངས་རིའི་ཁྲོད་ཀྱི་སྒོམ་ཆེན་རྣམས་ལ་སྤྲིང་བ་མགོར། གངས་རིའི་ཁྲོད་འདིར་སྒོམ་ཆེན་མང་ཡོད་དེ། །ཞེས་ཡོད་པ། བུ་སློབ་རྣམས་སྤྲིང་བ་མགོར་བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །དཔལ་ལྡན་ས་སྐྱ་པཎྜི་ཏས་ཞེས་ཡོད་པ། གསན་ཡིག་དབང་གི་རྒྱལ་པོར་བོད་ཡུལ་ལ་བསྔགས་པ་ཞེས་བྱུང་བ་འདི་མིན་པ་གཞན་མི་འདུག་པས་ཡིག་སྐྱོན་ཡིན་ནམ་སྙམ། བོད་འབངས་སྤྱི་ལ་གདམས་པ་ཞེས་དཔེ་དངོས་ལ་འདུག བཀའ་གདམས་དོ་ཀོར་བའི་ཞུ་བ། དོ་ཀོར་བའི་ཞུས་ལན་མགོར་བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །སོ་སོར་ཐར་པ་འདུལ་བ་བཞིན། །ཞེས་ཡོད་པ། མུ་སྟེགས་ཀྱི་སྟོན་པ་འཕྲོག་བྱེད་དགའ་བོ་ལ་སོགས་པ་དྲུག་བཏུལ་བའི་ཚེ་སྦྱར་བའི་ཚིགས་བཅད་མགོར་ཨོཾ་སྭ་སྟི་སིདྡྷཾ་རྒྱ་མཚོའི་གོས་ཅན་ཞེས་པའི་དབུ་ཅན། ཡོན་ཏན་སྒྲོགས་པའི་ཚལ་ལ་བསྟོད་པ་མགོར་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །དོ་ཤལ་ཕྲེང་བ་སིལ་སིལ་སྒྲ་སྒྲོགས་ཤིང༌། །ཞེས་ཡོད་པ། བ་གོར་ཞེས་བྱ་བའི་སྒྲ་ལས་བསྟོད་པ་གསུངས་པ་འདི་ཡིན། རྟ་ནག་རི་ཁུད་ཀྱི་རྔ་བོ་ཆེ་ལ་བསྔགས་པ་མགོར། ལྷ་དང་ལྷ་དབང་ཀླུ་དབང་མི་ཡི་གཙོ། །ཞེས་ཡོད་པ། དོན་མོ་རི་པའི་གཙུག་ལག་ཁང་དུ་རྗེ་བཙུན་གྱི་རི་མོ་མཛད་དུས་ཀྱི་ཚིགས་བཅད་གཉིས། དཔལ་གདོང་བཞི་པའི་མགོན་པོ་ལ་བསྟོད་པ་མགོར་ན་མོ་གུ་ར་ཝེ་དང༌། ཚིག་དེ་ཉིད་ཡོད་པ། ཐེག་ཆེན་ལམ་གྱི་རྣམ་གཞག་མདོར་བསྡུས་མགོར་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །ཐུབ་པས་ཆོས་རྣམས་གང་གསུངས་པ། །ཞེས་ཡོད་པ། ཞེན་པ་བཞི་བྲལ་གྱི་གདམས་པ་མགོར་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །སྤྱིར་དལ་འབྱོར་གྱི་ལུས་ཐོབ་ཅེས་ཡོད་པ། སྣང་བ་མཐའ་ཡས་ཀྱི་སྒོམ་དོན་མགོར་བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བཟང་སྤྱོད་ནས་འབྱུང་བའི་ཞེས་ཡོད་པ། འཆི་ཁ་མའི་གདམས་ངག་ངོ་མཚར་ཅན་མགོར་བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །དང་པོ་དཀོན་མཆོག་གསུམ་སྐྱབས་འགྲོ། །ཞེས་ཡོད་པ། འཕགས་པ་སྡུད་པ་སོགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་འདོན་ཐབས་མགོར་རྗེ་བཙུན་བླ་མ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ལ་ཕྱག་འཚལ་ལོ། །འཕགས་པ་སྡུད་པ་ལ་སོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་འདོན་པར་འདོད་ན་ཞེས་བྱ་བ་ཡོད་པ། ཕུང་པོ་གསུམ་པའི་མདོ་འདོན་ཐབས་ན་མོ་མཉྫུ་ཤྲཱི་ཡེ། ཕུང་པོ་གསུམ་པའི་མདོ་འདོན་པའི་མན་ངག་ནི་ཞེས་ཡོད་པ། སྤྱོད་པ་རྣམ་དག་གི་ཚིགས་སུ་བཅད་པ་བཅུ་གཉིས་པ་མགོར་སྤྱོད་པ་རྣམ་པར་དག་པ་ཞེས་ཡོད་པ། སེམས་ཀྱི་གནས་ལུགས་རྣལ་དུ་མཚོན་པར་བྱེད་པའི་མན་ངག་ཚིགས་སུ་བཅད་པ་བརྒྱད་པ་མགོར་ཚིག་དེ་ཉིད་ཡོད་པ། ཆགས་ལོའི་ཞུ་བ་མགོར་ཨོཾ་སྭ་སྟི་སིདྡྷཾ་སྡོམ་པ་གསུམ་ལྡན་རིག་པའི་གནས་ལྔ་ཐུགས་སུ་ཆུད་པ་ཞེས་ཡོད་པ། དེའི་ཞུས་ལན་མགོར་བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བདེ་བྱེད་ཆུར་ཉལ་རང་བྱུང་མེ་ཏོག་མདའ། །ཞེས་ཡོད་པ། གློ་བོ་ལོ་ཙཱ་བ་ཤེས་རབ་རིན་ཆེན་ལ་སྤྲིང་བ་མགོར་ཨོཾ་སྭ་སྟི་སིདྡྷཾ་དཔལ་ས་སྐྱའི་དགོན་པ་ནས་ཞེས་ཡོད་པ། བཀའ་གདམས་པ་ནམ་མཁའ་འབུམ་གྱི་དྲིས་ལན་མགོར་ཨོཾ་སྭ་སྟི་སིདྡྷཾ། དཔལ་ལྡན་ས་སྐྱ་པཎྜི་ཏས་དགེ་བའི་བཤེས་གཉེན་བསྒྲུབ་པ་རྩེ་གཅིག་ཏུ་མཛད་ཅིང་ཐུགས་དགོངས་རྣམ་པར་དག་ཞེས་ཡོད་པ། སྟོན་པ་བློ་གྲོས་རབ་གསལ་གྱི་དྲིན་ལས་མགོར་ཚིག་དེ་ཉིད་ཡོད་པ། སྙེ་མོ་སྒོམ་ཆེན་གྱི་དྲིས་ལན་མགོར་བླ་མ་དམ་པའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ། །དཔལ་ལྡན་ས་སྐྱ་པཎྜི་ཏས་དད་པ་དང་འདུན་པ་དང་ལྡན་ཞིང་ཞེས་ཡོད་པ། རྣལ་འབྱོར་པ་ཕྲུ་མའི་དྲིས་ལན་མགོར་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྣམ་འཕྲུལ་ཞེས་ཡོད་པ། བསྔོ་བ་ཡོན་བཤད་མགོར་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །རྒྱལ་བ་དགྲ་རྒྱལ་ཆོས་ཀྱི་རྒྱལ་པོ་ཡི། །ཞེས་ཡོད་པ། བདེ་མཆོག་ལྷན་སྐྱེས་ཀྱི་བྱིན་རླབས་རས་པ་ཤེས་རབ་འོད་ཀྱི་དོན་དུ་མཛད་པ་མགོར་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །བདེ་མཆོག་འཁོར་ལོ་ལྷན་ཅིག་སྐྱེས་པ་ཡི། །ཞེས་ཡོད་པ། རླུང་གི་རྟེན་འབྲེལ་མགོར། བླ་མ་དམ་པའི་ཞབས་པད་ལ་བཏུད་དེ། རླུང་གི་རྟེན་འབྲེལ་ཞེས་ཡོད་པ། མནལ་ལམ་ཚིགས་བཅད་མ་མགོར། སྐྱེ་བ་སྐྱེ་བ་མེད་པའི་ཚུལ་རྟོགས་ཀྱང༌། །ཞེས་ཡོད་པ། དབང་གི་རྒྱལ་པོའི་སྦྱིན་སྲེག་མགོར་གསུམ་པ་མཇུག་གི་སྦྱིན་སྲེག་བྱ་བའི་ཞེས་ཡོད་པ། སྨེ་བརྩེགས་ཀྱི་སྒྲུབ་ཐབས་མགོར་ན་མོ་གུ་རུ་བྷྱཿ ཁྲོ་བོ་སྟོབས་པོ་ཆེ་བསྒྲུབ་པར་འདོད་པས་ཞེས་བྱ་བ་ཡོད་པ། ལུས་ཀྱི་ཟག་པ་སྦྱིན་པ་གཏོང་བའི་གཟུངས་མགོར་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གོང་གི་མིང་དེ་ཉིད་དང་བ་རི་ལོ་ཙཱ་བས་བསྒྱུར་བ། རང་གིས་རང་ལ་གྲོས་འདེབས་མགོར། ཡོན་ཏན་རིན་ཆེན་དཔལ་གྱིས་ལྷམ་མེ་བ། །ཞེས་ཡོད་པ། དུག་བཅོས་མགོར་ཨོཾ་སྭ་སྟི་སིདྡྷཾ། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །སྦྱོར་བ་དང་པོ་འདིས་ཞེས་པ་དང༌། ཡང་དུག་གློ་བུར་བ་ཞེས་པ་གཉིས། སྒྲའི་བསྟན་བཅོས་མཁས་པའི་ཁ་རྒྱན་མགོར་ཨོཾ་སྭ་སྟི་སིདྡྷཾ་དང༌། ཚིག་དེ་ཉིད་ཡོད་པ། ལེགས་བཤད་འཕྲུལ་གྱི་དྲྭ་བ་མགོར་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ཐམས་ཅད་མཁྱེན་པས་བདག་རྒྱུད་བྱིན་གྱིས་བརླབས་ཞེས་བྱ་བ་ཡོད་པ་འདི་ཐེ་ཚོམ་ཅན་དུ་བཞེད་པ་ཡིན་ནོ། །ཞར་ལས་ས་སྐྱ་པཎྜི་ཏའི་རྣམ་ཐར་མཁས་པ་ཞང་རྒྱལ་བ་དཔལ་གྱིས་མཛད་པའང་བྲིས་ཡོད། འདིར་གསན་ཡིག་ན་ཡོད་པའི་ཕྱི་མོ་མ་རྙེད་པ་ནི་བརྟག་གཉིས་ཀྱི་ས་བཅད་སྣ་བསྲིང་བ། ཐུབ་པའི་བསྟོད་པ་ལྷུག་པ། གུར་སྟོན་ཞུས་ལན། བཀའ་གདམས་པ་ནམ་མཁའ་འབུམ་གྱི་དྲིས་ལན་མདོར་བསྡུས། ཡན་ལག་བདུན་ལྡན་གྱི་རྩ་བ་རྣམས་སོ།།  །།ལྔ་པ་ཁམས་གསུམ་འགྲོ་བའི་མགོན་པོ་འཕགས་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་པའི་ཞལ་སྔ་ནས་ཀྱི་གསུང་རབ་གླེགས་བམ་དང་པོ་༼པ༽པ་ལ་ཤེས་བྱ་རབ་ཏུ་གསལ་བ་མགོར་ཚིག་དེ་ཉིད་རྒྱ་སྐད་དང་བོད་སྐད་དུ་ཡོད་པ། ལམ་འབྲས་བརྒྱུད་པའི་ཕྱག་མཆོད་མི་འཕྲོགས་མ། རྒྱུད་འགྲེལ་གྱི་བརྒྱུད་པའི་གསོལ་འདེབས་མགོར་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །ཐབས་དང་ཤེས་རབ་ཀུན་ཏུ་མཉམ་སྦྱོར་ཞིང༌། །ཞེས་ཡོད་པ། རྡོ་རྗེ་འཆང་གི་བརྟག་གཉིས་ཀྱི་འགྲེལ་པ་ཀུ་མུ་ཏི་དང་བཅས་པའི་གསོལ་འདེབས་གསུངས་པ་འདི་ཡིན་ནོ། །བ་རི་བའི་ཆོས་སྐོར་གྱི་བརྒྱུད་འདེབས་མགོར་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །གང་གི་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཞེས་ཡོད་པ། འཇིགས་བྱེད་བརྒྱུད་པའི་གསོལ་འདེབས་མགོར་བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །དཔལ་ལྡན་སངས་རྒྱས་ཀུན་རང་བཞིན། །ཞེས་ཡོད་པ། བླ་མ་བརྒྱུད་པའི་མཚན་འབུམ་སཾ་སྐྲྀ་ཏའི་སྐད་ཅན། བླ་མ་དམ་པ་ལ་གསོལ་བ་འདེབས་པའི་རབ་བྱེད་སྤེལ་བ་མགོར་བླ་མ་དམ་པའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ། །དཔལ་མཆོག་སངས་རྒྱས་ཀུན་བདག་ཉིད། །ཅེས་ཡོད་པ། ཡང་གསོལ་བ་འདེབས་པའི་རབ་བྱེད་སྐུའི་སྤྱོད་པ་ལ་སྤེལ་བ། བླ་མ་སྤྱིའི་བསྟོད་པ་མུ་ཏིག་ཕྲེང་བ་མཇུག་ཏུ་ཚིག་དེ་ཉིད་ཡོད་པ། ཆོས་རྗེ་པ་ལ་བསྟོད་པ་གཉིས་མགོར་ན་མཿཤྲཱི་མཱཾ་པ་ར་མ་གུ་རུ་ཙ་ར་ཎཾ་ཀ་མ་ལ་སྱ་བནྡ་ནཾ་ཀ་རོ་མི། བློ་ཆེན་ལྡན་པ་ཞེས་དང༌། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །གང་གི་སྔོན་དུ་བྱང་ཆུབ་བརྙེས་གྱུར་ཀྱང༌། །ཞེས་ཡོད་པ། ཆོས་སྤྱོད་བཅུ་པ་ཅུང་ཟད་རྒྱས་པར་སྤེལ་བ་མགོར་བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་ལས་སྲིད་དང་རྣམ་གྲོལ་བའི། །ཞེས་ཡོད་པ། དཀོན་མཆོག་ལྷུན་གྲུབ་གསན་ཡིག་ན་གསོལ་འདེབས་ཡན་ལག་བདུན་པ་གསུངས་པ་འདི་ཡིན་ནམ་སྙམ། ཆོས་སྤྱོད་ཡན་ལག་བཅུ་པ་མགོར་བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཕྱོགས་དུས་ཀུན་ན་བཞུགས་པ་ཡི། །ཞེས་ཡོད་པ། ཆོས་རྗེ་པ་ལ་བསྟོད་པ་རི་བོ་རྩེ་ལྔར་སྦྱར་བ་མགོར་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །ཚོགས་གཉིས་ཚོགས་ནི་རྫོགས་གྱུར་ཅིང༌། །ཞེས་ཡོད་པ། དཀོན་མཆོག་གསུམ་ལ་བསྟོད་པ་མགོར། བསོད་ནམས་ཆུ་གཏེར་དབུས་སུ་ལེགས་འཁྲུངས་ཤིང༌། །ཞེས་ཡོད་པ། ཆོས་རྗེ་པའི་མཚན་ལ་སྤེལ་བའི་བསྟོད་པ་གཉིས་མགོར་འགྲོ་ཀུན་གང་ལ་ཞེས་པ་དང༌། བདེ་ལེགས་འབྱུང་གནས་ཞེས་ཡོད་པ། ཡང་ཆོས་རྗེ་པ་ལ་བསྟོད་པ་བཞི་གང་གི་ཐུགས་ཞེས་པ་དང༌། བསོད་ནམས་གསེར་གྱི་ཞེས་པ་དང༌། མཁས་པའི་ཚོགས་ཀུན་ཞེས་པ་དང༌། མཁྱེན་པའི་སྙིང་པོ་ཞེས་ཡོད་པ། ཐོགས་མེད་སྐུ་མཆེད་སོགས་ལ་བསྟོད་པ་ཚུལ་ཁྲིམས་ལྷུན་པོ་ཞེས་ཡོད་པ། ཡང་ཆོས་རྗེ་པ་ལ་བསྟོད་པ་གཉིས་མགོར་གདོང་བཞི་ཐོར་ཚུགས་ཞེས་པ་དང༌། མཁྱེན་པའི་ཆུ་འཛིན་ཞེས་ཡོད་པ། ཐོས་པ་རྒྱ་མཚོ་མ། མཆོག་བརྒྱད་ཀྱི་བསྟོད་པ་མགོར་བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གཞུང་ལུགས་མི་འདྲའི་ཆུ་བོ་ཞེས་ཡོད་པ། བླ་མ་ལ་ཐུན་མོང་མ་ཡིན་པའི་སྒོ་ནས་གསོལ་བ་འདེབས་པ་གང་དྲིན་མའི་འབྲུ་འགྲེལ། བླ་མ་ལ་མཎྜལ་འབུལ་ཞིང་གསོལ་བ་འདེབས་པ་ཤོ་དགོན་གྱི་སློབ་དཔོན་སྦྱོང་ང་བའི་དོན་དུ་མཛད་པ། བླ་མའི་རྣལ་འབྱོར་ལའོ་ཤུའི་དོན་དུ་མཛད་པ། བླ་མ་ལ་ཐུན་མོང་མ་ཡིན་པའི་སྒོ་ནས་གསོལ་བ་འདེབས་པ་ཕྱོགས་བཅུ་དུས་གསུམ་མ་དགེ་སློང་གནས་བརྟན་བྱང་ཆུབ་བཟང་པོའི་དོན་དུ་མཛད་པ། ཆོས་རྗེ་པའི་རྣམ་ཐར་བསྡུས་པ་མགོར་བླ་མ་དང་འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ལོ། །གང་གི་རང་བཞིན་ཀུན་ནས་རྣམ་དག་ཅེས་ཡོད་པ། ཆོས་རྗེ་པ་ལ་རྣམ་ཐར་གྱི་སྒོ་ནས་བསྟོད་པ་མེ་ཏོག་ཕྲེང་བ་མགོར་ན་མོ་མཉྫུ་གྷོ་ཥཱ་ཡ་མཁྱེན་པའི་དཀྱིལ་འཁོར་རྒྱ་ཆེ་ཞེས་ཡོད་པ། ལམ་འབྲས་ལམ་སྐོར་སོགས་ཀྱི་གསན་ཡིག་མགོར། སངས་རྒྱས་ཀུན་དངོས་བླ་མ་ལ། །ཞེས་ཡོད་པ། བཀྲ་ཤིས་རྒྱལ་མཚན་གྱིས་ཞུས་ནས་མཚལ་མདོར་བསྡེབས་པ། དཔལ་ཀྱེ་རྡོ་རྗེའི་བརྟག་པ་གཉིས་པའི་བསྡུས་པའི་དོན་མགོར་ཚིག་དེ་ཉིད་ཡོད་པ། རྒྱུད་ཀྱི་མངོན་རྟོགས་ལྗོན་ཆུང་མགོར་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་ཡོད་པ། ཞར་བྱུང་མངྒ་ལ་ཡབ་ཡུམ་ལ་གནང་བའི་བཀྲ་ཤིས། ཇི་བིག་ཡབ་ཡུམ་ལ་གནང་བའི་བཀྲ་ཤིས། དཔོན་མོ་ཆེན་མོ་ལ་གནང་བའི་བཀྲ་ཤིས་གསུམ་ཡང་བྲིས་འདུག བརྟག་གཉིས་ཀྱི་འགྲེལ་པ་དག་ལྡན་ཆུང་བ་མགོར་དཔལ་ཀྱེའི་རྡོ་རྗེའི་རྒྱུད་འདི་འཆད་པར་བྱེད་པ་ལ་ཞེས་ཡོད་པ། དཔལ་ཀྱེ་རྡོ་རྗེའི་སྤྱི་དོན་གསལ་བ་མགོར་ཚིག་དེ་ཉིད་ཡོད་པ། འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་ལེའུའི་འབྲེལ་མགོར་ཚིག་དེ་ཉིད་ཡོད་པ། དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་རྒྱལ་པོའི་བསྡུས་དོན་མགོར་ཚིག་དེ་ཉིད་ཡོད་པ། ཡིག་བརྒྱ་བཟླ་བའི་མན་ངག་མགོར་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །རྡོ་རྗེ་སེམས་དཔའ་བསྒོམ་པར་འདོད་པས་ཞེས་ཡོད་པ། བླ་མ་ལ་མཎྜལ་དབུལ་ཞིང་གསོལ་བ་གདབ་པའི་མན་ངག་མགོར་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །རྩ་བའི་བླ་མ་ལ་ཞེས་ཡོད་པ། དཔལ་ཀྱེ་རྡོ་རྗེའི་མངོན་པར་རྟོགས་པ་ཡིད་བཞིན་ནོར་བུ་མགོར་ཚིག་དེ་ཉིད་ཡོད་པ། ཀྱེའི་རྡོ་རྗེའི་སྒྲུབ་ཐབས་སྲུང་འཁོར་དང་བཅས་པ་མགོར་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །མཉམ་སྦྱོར་བདེ་ཆེན་རྟག་པའི་སྐྱ། །ཞེས་ཡོད་པ། གསན་ཡིག་དབང་གི་རྒྱལ་པོར་ཡིག་བརྒྱ་བཟླ་བའི་ཚུལ་གཉིས་གསུངས་པ་གཅིག་འདིའི་མགོ་ན་ཡོད་པ་བགྲང་བ་ཡིན། མངོན་རྟོགས་ཡན་ལག་དྲུག་ཆུང་མགོར་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །བསྙེན་སྒྲུབ་ཡན་ལག་བཞི་པ་དང་ཞེས་ཡོད་པ། གསན་ཡིག་དབང་གི་རྒྱལ་པོར་བསྙེན་སྒྲུབ་ཡན་ལག་བཞི་དྲུག་གི་མི་འདྲ་བའི་ཁྱད་པར་གསུངས་པའང་འདི་ཡིན་ནོ། །བསྙེན་པའི་གྲངས་ཚད་ཀྱི་ཞུས་ལན་མགོར་དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །དད་པས་དྲི་བ་བྱེད་པ་གང་ཡིན་པ། །ཞེས་ཡོད་པ། དམ་ཚིག་གསུམ་གྱི་གླུའི་རྗེས་ལ་བྱ་བའི་སྨོན་ལམ་མགོར་ཚིག་དེ་ཉིད་ཀྱི་ཕྱེད་ཡོད་པ། དཔལ་ཀྱེ་རྡོ་རྗེའི་དཀྱིལ་འཁོར་དུ་བདག་ཉིད་འཇུག་ཅིང་དབང་བླང་བའི་ཆོ་ག་མགོར་ཚིག་དེ་ཉིད་ཡོད་པ། གསན་ཡིག་དབང་གི་རྒྱལ་པོར་བདག་འཇུག་དཔལ་འབྱུང་མ་གསུངས་པའང་འདི་ཡིན། དབང་གོང་མ་གསུམ་གྱི་ལག་ལེན་གྱི་རིམ་པ་ཚིགས་བཅད་མ། བདག་འཇུག་གི་ཆོ་ག་སྙིང་པོ་གསལ་བ་མགོར་བླ་མ་དམ་པའི་ཞབས་ལ་སྤྱི་བོས་གུས་པས་ཕྱག་འཚལ་ལོ། །ཁྱབ་བདག་གཉིས་མེད་བདེ་ཆེན་རྟག་པའི་སྐུ། །ཞེས་ཡོད་པ། ལམ་དུས་ཀྱི་དབང་རྒྱས་པ་བླང་བའི་ལག་ལེན་མགོར་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །ལམ་དུས་ཀྱི་དབང་རྒྱས་པ་ཞེས་ཡོད་པ། རྒྱ་མཚོར་གོ་གོ་ཅན་གྱི་དོན་དུ་མཛད་པ་གསུངས་པ་འདི་ཡིན། ཀྱེའི་རྡོ་རྗེའི་ལུས་དཀྱིལ་གྱི་སྒྲུབ་ཐབས་མགོར་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །འགྲོ་བའི་ལུས་སེམས་གདོད་མ་ནས། །ཞེས་ཡོད་པ། དཔལ་ཀྱེ་རྡོ་རྗེའི་ཚོགས་ཀྱི་འཁོར་ལོའི་ཆོ་ག་བདུད་རྩིའི་བུམ་པ་མགོར་ཚིག་དེ་ཉིད་ཡོད་པ། དེའི་ལུང་སྦྱོར་རྡོ་རྗེ་གུར་ནས་ཕྱུང་བ། ཚོགས་འཁོར་བསྡུས་པ་མགོར་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །ཚོགས་གཉིས་རྒྱ་མཚོའི་དཔལ་ལས་འཁྲུངས་གྱུར་པའི། །ཞེས་ཡོད་པ། བདུད་རྩི་འབྱུང་བ་མགོར་བདུད་རྩི་འཁྱིལ་པ་ལ་ཕྱག་འཚལ་ལོ། །བདུད་རྩི་ལྔ་དང་ཞེས་ཡོད་པ། དཔལ་རྡོ་རྗེ་བདག་མེད་མའི་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས་མགོར་ཚིག་དེ་ཉིད་ཡོད་པ། རྡོ་རྗེ་བདག་མེད་མའི་བསྟོད་པ་རྣམ་དག་གི་ཕྲེང་བ་མགོར་ཚིག་དེ་ཉིད་ཡོད་པ། དག་པ་གསུམ་གྱི་ཁྲིད་ཡིག་མགོར་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །ལམ་གྱི་སྔོན་དུ་འགྲོ་བ་ཞེས་ཡོད་པ། ཚོགས་སྦྱོར་གྱི་མངོན་རྟོགས་«་་་་་དབང་གསུམ་པའི་ལམ་ཡང་ཟེར་»མགོར་ཚིག་སྔ་མ་དེ་ཉིད་ཡོད་པ། འཕོ་བའི་རྣལ་འབྱོར་མགོར་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །འཕོ་བའི་རྣལ་འབྱོར་སྒོམ་པར་ཞེས་ཡོད་པ། ཁྲོ་བཅུའི་བསྟོད་བསྐུལ་མགོར་དཔལ་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །མཁའ་དབྱིངས་དག་པའི་ཀློང་དཀྱིལ་དུ། །ཞེས་ཡོད་པ། སེང་གེ་མཐའི་ཞུས་ལན་རྣམ་པར་ངེས་པ་མགོར་བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་གི་ཀུན་མཁྱེན་ཡོན་ཏན་རྒྱ་མཚོ་ཡི། །ཞེས་ཡོད་པ། དབང་ཕྱུག་འབུམ་གྱི་དྲིས་ལན་ཚིགས་བཅད་མ་མགོར་རྣམ་པར་ངེས་པ་ཞེས་བྱ་བ་ཡོད་པ། དུས་འཁོར་ཐུགས་དཀྱིལ་གྱི་མངོན་རྟོགས་མགོར་ན་མོ་གུ་རུ་ཀཱ་ལ་ཙཀྲཱ་ཡ་ཞེས་ཡོད་པ། བདེ་མཆོག་ནག་པོ་པའི་དབང་གི་སྡོམ་ཚིགས་བཅད་མ་མགོར་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །སྣ་ཚོགས་པདྨའི་ལྟེ་བར་བཞུགས། །ཞེས་ཡོད་པ། དཔལ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་དུ་བདག་ཉིད་འཇུག་ཅིང་དབང་བླང་བའི་ཆོ་ག་མགོར་ཚིག་དེ་ཉིད་ཡོད་པ། དཔལ་འཁོར་ལོ་བདེ་མཆོག་གི་མངོན་པར་རྟོགས་པ་སྒྲུབ་པའི་ཐབས་ཀྱི་སྙིང་པོ་ཞེས་བྱ་བའི་མགོར་ཚིག་དེ་ཉིད་ཡོད་པ། དཔལ་འཁོར་ལོ་བདེ་མཆོག་གི་མཆོད་པའི་ཆོ་ག་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ཞེས་བྱ་བ་མགོར་ཚིག་དེ་ཉིད་ཡོད་པ། དེའི་སྦྱིན་སྲེག་གི་སྡོམ་ཚིགས་བཅད་མ་མགོར་ན་མཿཤྲཱི་ཙཀྲ་སཾ་བ་ར། ཉོན་མོངས་བུད་ཤིང་ཀུན་བསྲེགས་ཤིང༌། །ཞེས་ཡོད་པ། དེའི་སྦྱིན་སྲེག་གི་ཆོ་ག་རྒྱས་པ་མགོར་དཔལ་འཁོར་ལོ་སྡོམ་པའི་སྦྱིན་སྲེག་གི་ཆོ་ག་ཞེས་ཡོད་པ། དཔལ་འཁོར་ལོ་བདེ་མཆོག་གི་ལུས་ཀྱི་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས་ཉུང་ཞིང་གསལ་བ་མགོར་ཚིག་དེ་ཉིད་ཡོད་པ་རྣམས་བཞུགས་སོ།།  །།གླེགས་བམ་གཉིས་པ་༼ཕ༽པ་ལ་དཔལ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་གྱི་འཁོར་ལོའི་སྒྲུབ་པའི་ཐབས་རིམ་པ་གསལ་བ་མགོར་ཚིག་དེ་ཉིད་ཡོད་པ། དེའི་སྒྲུབ་ཐབས་བསྡུས་པ་མགོར་དཔལ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་གྱི་འཁོར་ལོ་སྒྲུབ་པའི་ཐབས་ཞེས་ཡོད་པ། གསན་ཡིག་དབང་གི་རྒྱལ་པོར་ངག་འདོན་གསུངས་པ་འདི་ཡིན། བདེ་མཆོག་གི་རྒྱུན་བཤགས་དཔལ་ནཱ་རོ་པ་ལས་བརྒྱུད་དེ་འོངས་པ་མགོར་བླ་མ་དང་བདེ་མཆོག་ལ་ཕྱག་འཚལ་རྒྱ་སྐད་དུ་ཡོད་པ། དཔལ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་གྱི་བསྟོད་པའི་རབ་ཏུ་བྱེད་པ་མགོར་ཚིག་དེ་ཉིད་ཡོད་པ། སྒོ་མཚམས་མ་བརྒྱད་ཀྱི་བསྟོད་བསྐུལ་མགོར་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །ཧཱུྃ་ང་ནི་སྐུ་གསུམ་མཉམ་སྦྱོར་ཞིང༌། །ཞེས་ཡོད་པ། དྲིལ་བུ་པའི་དབང་གི་བྱ་བ་བསྡུས་པ་ཚིགས་བཅད་མ་མགོར། སྐུ་གསུམ་ཡེ་ཤེས་ལྔ་ཡི་དངོས། །ཞེས་ཡོད་པ། ལུས་དཀྱིལ་གྱི་བདག་འཇུག་མགོར་དཔལ་འཁོར་ལོ་བདེ་མཆོག་གི་ལུས་ཀྱི་དཀྱིལ་འཁོར་དུ་བདག་ཉིད་འཇུག་ཅིང་དབང་བླང་བའི་ཆོ་ག་ཞེས་ཡོད་པ། དཔལ་འཁོར་ལོ་སྡོམ་པའི་རིམ་པ་ལྔ་པའི་མན་ངག་མགོར་ཚིག་དེ་ཉིད་ཡོད་པ། དཔལ་འཁོར་ལོ་བདེ་མཆོག་ལྷ་ལྔའི་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས་མགོར་ཚིག་དེ་ཉིད་ཡོད་པ། དཔལ་འཁོར་ལོ་བདེ་མཆོག་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་མགོར་ཚིག་དེ་ཉིད་ཡོད་པ། ཡང་དེའི་སྒྲུབ་ཐབས་ཇོ་སྲས་ཕག་མཆུའི་དོན་དུ་མཛད་པ་མགོར་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །དཔལ་བདེ་མཆོག་ལྷན་ཅིག་སྐྱེས་པ་ཞེས་ཡོད་པ། དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་མགོར་ཚིག་དེ་ཉིད་ཡོད་པ། འདི་ཁ་ཆེ་རིན་ཆེན་རྡོ་རྗེས་མཛད་པ་ལ་ཚིག་རྐང་མ་མཉམ་པ་ལ་སོགས་པ་རྣམས་ཀྱི་ཞུས་དག་དང་ཁ་སྐོང་མཛད་པ་ཡིན། ཡང་ཇིམ་གྱིམ་དང་གོ་གོ་ཅན་ལ་གནང་བའི་བཀྲ་ཤིས་ཚིགས་བཅད་མགོར། བླ་མ་དང་དཀོན་མཆོག་ཅེས་པ་དང་བླ་མ་ལ་ན་མཿཞེས་ཡོད་པ། ཕག་མོ་ལྷ་སོ་བདུན་མའི་མངོན་རྟོགས་མགོར་རྗེ་བཙུན་མ་རྡོ་རྗེ་ཕག་མོའི་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས་ཞེས་ཡོད་པ། ན་རོ་མཁའ་སྤྱོད་གྱི་མངོན་རྟོགས་མགོར་དཔལ་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་ཞེས་ཡོད་པ། ཡང་དེའི་སྒྲུབ་ཐབས་མགོར་རྡོ་རྗེ་རྣལ་འབྱོར་མ་མཁའ་སྤྱོད་མ་བསྒོམ་པར་འདོད་པ་ཞེས་ཡོད་པ། དེའི་ཚོགས་འཁོར་མགོར་དཔལ་རྡོ་རྗེ་རྣལ་འབྱོར་མའི་ཚོགས་ཀྱི་འཁོར་ལོའི་ཆོ་ག་ཞེས་ཡོད་པ། དེའི་སྦྱིན་སྲེག་མགོར་དཔལ་རྡོ་རྗེ་རྣལ་འབྱོར་མའི་སྦྱིན་སྲེག་གི་ཆོ་ག་ཞེས་ཡོད་པ། དཔལ་རྡོ་རྗེ་རྣལ་འབྱོར་མའི་སིནྡྷུ་རའི་དཀྱིལ་འཁོར་དུ་བདག་ཉིད་འཇུག་ཅིང་དབང་བླང་བའི་ཆོ་ག་མགོར་ཚིག་དེ་ཉིད་ཡོད་པ། རྡོ་རྗེ་མཁའ་འགྲོའི་སྡིག་སྦྱོང་གི་ཆོ་ག་མགོར་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཟ་བྱེད་རྡོ་རྗེ་མཁའ་འགྲོ་མའི་སྒོ་ནས་ཞེས་ཡོད་པ། དཔལ་སྒྱུ་མ་ཆེན་མོའི་དཀྱིལ་འཁོར་གྱི་ཆོ་ག་དབང་རྣམ་པར་རོལ་པ་མགོར་ཚིག་དེ་ཉིད་ཡོད་པ། དཔལ་སྒྱུ་མ་ཆེན་མོའི་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས་སྒྱུ་འཕྲུལ་རྣམ་པར་རོལ་པ་མགོར་ཚིག་དེ་ཉིད་ཡོད་པ། ཡང་དེའི་སྒྲུབ་ཐབས་བསྡུས་པ་མགོར་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །མ་ཧཱ་མཱ་ཡཱ་བསྒོམ་པར་འདོད་པས་ཞེས་ཡོད་པ། དཔལ་སྒྱུ་མ་ཆེན་མོའི་ཚོགས་ཀྱི་འཁོར་ལོའི་ཆོ་ག་མགོར་ཚིག་དེ་ཉིད་ཡོད་པ། སྒྲོལ་མ་ལྷ་བཅུ་བདུན་མའི་སྒྲུབ་ཐབས་མགོར་རྗེ་བཙུན་མ་སྒྲོལ་མའི་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས་ཞེས་ཡོད་པ། ཕྱག་འཚལ་ཉི་ཤུ་རྩ་གཅིག་གི་ལྷ་མོའི་སྒྲུབ་ཐབས་མགོར་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ཉི་ཤུ་རྩ་གཅིག་པའི་ལྷ་མོ་བསྒོམ་པར་འདོད་པས་ཞེས་ཡོད་པ། གུར་གྱི་རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས་མགོར་ཚིག་དེ་ཉིད་ཡོད་པ་ཐང་ངོ་ཏའི་དོན་དུ་མཛད་པ་ཡིན། བཅོམ་ལྡན་འདས་མ་སྒྲོལ་མའི་ལུས་ཀྱི་དཀྱིལ་འཁོར་བསྒོམ་པའི་རིམ་པ་མགོར་ཚིག་དེ་ཉིད་ཡོད་པ། སློབ་དཔོན་ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱིས་མཛད་པའི་འཇིགས་པ་བརྒྱད་སྐྱོབ་ཀྱི་སྒྲོལ་མའི་སྒྲུབ་ཐབས་མགོར་མིང་དེ་ཉིད་རྒྱ་སྐད་དང་བོད་སྐད་དུ་བྱས་པ། འདི་འཕགས་པས་མཛད་པ་མིན་ཡང་ཁ་ཆེའི་པཎྜི་ཏ་ཏ་ཐཱ་ག་ཏ་བྷ་དྲ་དང་འཕགས་པས་རྒྱའི་ཡུལ་ཅོང་ཏོ་མཁར་དུ་བསྒྱུར་བ་ཡིན། གནས་ཀྱི་དབང་ཕྱུག་མའི་སྒྲོལ་མའི་སྒྲུབ་ཐབས་མགོར་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །སྲིད་གསུམ་འཁོར་བའི་རྒྱ་མཚོ་ལས་སྒྲོལ་མ། །ཞེས་ཡོད་པ། གསན་ཡིག་དབང་གི་རྒྱལ་པོར་ཨཽ་ཌྱན་གྱི་སྒྲོལ་མའི་སྒྲུབ་ཐབས་གསུངས་པའང་དེ་ཉིད་ཡིན་ནོ། །འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྗེས་སུ་འབྲང་བའི་སྒྲོལ་མའི་སྒྲུབ་ཐབས་མགོར་ཚིག་དེ་ཉིད་ཡོད་པ། ཕྱག་དྲུག་སྒྲོལ་མའི་སྒྲུབ་ཐབས་མགོར་ཚིག་དེ་ཉིད་ཡོད་པ། འདི་སྒྱུ་འཕྲུལ་དྲྭ་བའི་རྗེས་སུ་འབྲང་བ་ཡིན། སྒྲོལ་མ་ལྷ་བཅུ་བདུན་མའི་དབང་ཆོག་མགོར་རྗེ་བཙུན་མ་སྒྲོལ་མའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་ཞེས་ཡོད་པ། མདོར་བྱས་ཀྱི་ས་བཅད་མགོར་འདི་ལ་གཉིས་ཏེ་ཞེས་ཡོད་པ། གསང་འདུས་མི་བསྐྱོད་པའི་དབང་ཆོག་མགོར་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་ཀྱི་ཆོ་ག་དབང་རབ་ཏུ་གསལ་བ་ཞེས་ཡོད་པ། སངས་རྒྱས་ཡེ་ཤེས་ཞབས་ཀྱི་རྣམ་ཐར་དང་བརྒྱུད་པའི་རིམ་པ་མགོར་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །སྔོན་བྱུང་བ་རྒྱ་གར་ལྷོ་ཕྱོགས་ཀྱི་ཡུལ་ཞེས་ཡོད་པ། དཔལ་གསང་བ་འདུས་པ་ལྷ་བཅུ་དགུའི་སྒྲུབ་ཐབས་མགོར་ཚིག་དེ་ཉིད་ཡོད་པ། དཔལ་གཤིན་རྗེ་གཤེད་དགྲ་ནག་པོའི་སྒྲུབ་པའི་ཐབས་བསྡུས་པ་མགོར་ཚིག་དེ་ཉིད་ཡོད་པ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་མངོན་པར་རྟོགས་པ་མགོར་ཚིག་དེ་ཉིད་ཡོད་པ། འཇིགས་བྱེད་ཕྱག་དྲུག་པའི་མངོན་རྟོགས་མགོར་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་མངོན་པར་རྟོགས་པ་ཞེས་ཡོད་པ་ཚོགས་འཁོར་དང་བཅས་པ། ཡང་དཔལ་རྡོ་རྗེ་འཇིགས་བྱེད་ཕྱག་དྲུག་པའི་སྒྲུབ་ཐབས་མགོར་ཚིག་དེ་ཉིད་ཡོད་པ་ཨ་རོག་ཆེའི་དོན་དུ་མཛད་པ། དཔལ་རྡོ་རྗེ་འཇིགས་བྱེད་ཕྱག་གཉིས་པའི་སྒྲུབ་པའི་ཐབས་མགོར་ཚིག་དེ་ཉིད་ཡོད་པ། ཕྱག་གཉིས་པའི་སྒྲུབ་ཐབས་མགོར་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །ཡ་མཱནྟ་ཀ་བསྒོམ་པར་འདོད་པས་ཞེས་ཡོད་པ། འཇིགས་བྱེད་ཀྱི་བདག་འཇུག་མགོར་དཔལ་ཆེན་པོའི་དཀྱིལ་འཁོར་དུ་བདག་ཉིད་འཇུག་པའི་ཆོ་ག་ཞེས་ཡོད་པ། དེའི་སྦྱིན་སྲེག་མགོར་དཔལ་ཆེན་པོའི་སྦྱིན་སྲེག་གི་ཆོ་ག་ཞེས་ཡོད་པ། ཞེ་དགུ་མའི་སྒྲུབ་ཐབས་མགོར་འཇམ་དཔལ་ཞི་ཁྲོ་རྣམ་པར་རོལ་པའི་སྒྲུབ་ཐབས་ཞེས་ཡོད་པ། རབ་གནས་སཾ་གྷ་མི་ཏྲའི་དོན་དུ་མཛད་པ་མགོར། སངས་རྒྱས་ཐམས་ཅད་གཅིག་བསྡུས་པའི། །ཞེས་ཡོད་པ། དཔལ་གཤིན་རྗེ་གཤེད་དམར་པོའི་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས་མགོར་ཚིག་དེ་ཉིད་ཡོད་པ་ལྷ་བཅུ་གསུམ་མ་ཡིན། དཔལ་གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་མགོར་ཚིག་དེ་ཉིད་ཡོད་པ། དཔལ་གཤིན་རྗེ་གཤེད་དམར་པོའི་སྒྲུབ་ཐབས་འཇིགས་པ་མེད་པ་རྣམ་པར་རོལ་པ་མགོར་ཚིག་དེ་ཉིད་ཡོད་ཅིང་ཚོགས་འཁོར་དང་བཅས་པ། དཔལ་གཤིན་རྗེ་གཤེད་དམར་པོ་ལྷན་སྐྱེས་ཀྱི་སྒྲུབ་ཐབས་མགོར་ཚིག་དེ་ཉིད་ཡོད་པ། རྡོ་རྗེ་ཐེག་པའི་རྩ་བ་དང་ཡན་ལག་གི་ལྟུང་བའི་རྣམ་པར་བཤད་པ་དམ་ཚིག་རབ་ཏུ་གསལ་བ་མགོར་ཚིག་དེ་ཉིད་རྒྱ་སྐད་དང་བོད་སྐད་དུ་ཡོད་པ། བླ་མ་ལྔ་བཅུ་པའི་བསྡུས་དོན་མགོར་ན་མོ་མཉྫུ་གྷོ་ཥཱ་ཡ། གང་གི་བསྐལ་པ་དུ་མར་རྙེད་དཀའ་བའི། །ཞེས་ཡོད་པ། སྦྱོང་རྒྱུད་ནས་གསུངས་པའི་ཚེ་དཔག་མེད་ཀྱི་སྒྲུབ་ཐབས་མགོར་བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །དཔག་ཡས་བསོད་ནམས་ཡེ་ཤེས་ཚོགས་ལས་ཉེར་བསྒྲུབས་པས། །ཞེས་ཡོད་པ། མགོན་པོ་ཚེ་དཔག་ཏུ་མེད་པའི་སྒྲུབ་པའི་ཐབས་མགོར་ཚིག་དེ་ཉིད་དང་བསོད་ནམས་གསེར་གྱི་ས་གཞི་ཞེས་ཡོད་པ། ཚེ་དཔག་མེད་ཀྱི་བསྟོད་པ་པདྨོའི་ཕྲེང་བ་མགོར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཞེས་ཡོད་པ། འོད་དཔག་མེད་ཀྱི་བསྒོམ་ཐབས་མགོར་བླ་མ་དང་འཇམ་པའི་དབྱངས་ཀྱི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །སངས་རྒྱས་འོད་དཔག་ཏུ་མེད་པའི་སྒོ་ནས་ཞེས་ཡོད་པ། མི་འཁྲུགས་པའི་སྦྱིན་སྲེག་མགོར་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །མཚུངས་མེད་བླ་མ་ཆོས་རྗེ་རིན་པོ་ཆེ་དང་ཞེས་ཡོད་པ། ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་མགོར་བླ་མ་དང་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །དཔལ་ཕྱག་ན་རྡོ་རྗེ་བསྒོམ་པར་འདོད་པས་ཞེས་ཡོད་པ། རྣམ་འཇོམས་ཀྱི་སྒྲུབ་ཐབས་བྱ་བ་བསྲུང་སྦྱིན་སྲེག་དང་བཅས་པ་མགོར་རྡོ་རྗེ་རྣམ་པར་འཇོམས་པའི་སྒྲུབ་ཐབས་ཞེས་ཡོད་པ། འཇམ་དཔལ་གྱི་སྒྲུབ་ཐབས་མགོར་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །འཕགས་པ་འཇམ་དཔལ་བསྒོམ་པར་ཞེས་ཡོད་པ། འཇམ་དཔལ་དཔའ་བོ་གྲུབ་པའི་སྒྲུབ་ཐབས་མགོར་ཚིག་དེ་ཉིད་ཡོད་པ། ཐུགས་རྗེ་ཆེན་པོ་དང་ཕྱག་རྒྱ་ཆེན་པོ་ཟུང་འཇུག་ཏུ་ཉམས་སུ་ལེན་ཚུལ་མགོར་བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སྟན་བདེ་བ་ལ་ཞེས་ཡོད་པ། ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་རྡོ་རྗེ་ཁྱེའུ་འདྲེན་གྱི་དོན་དུ་སྦྱར་བ། ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་མགོར་བླ་མ་དང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་བསྒོམ་པར་འདོད་པས་ཞེས་ཡོད་པ་རྒྱ་ཡུལ་དུ་སྦྱར་བ། སེང་གེ་སྒྲའི་སྒྲུབ་ཐབས་སྒང་རར་སྦྱར་བ། རྟ་མགྲིན་ཁྱུང་གཤོག་ཅན་གྱི་སྒྲུབ་ཐབས་ཏྲེའི་ས་ཆར་བཀོད་པ། བྱམས་པའི་ཆོས་སྐོར་ཡན་ལག་དང་བཅས་པ་མགོར་རྗེ་བཙུན་བླ་མ་དམ་པ་དང་འཕགས་པ་བྱམས་པ་ལ་ཕྱག་འཚལ་ལོ། །ཞེས་ཡོད་པ། མི་གཡོ་བ་སྔོན་པོའི་སྒྲུབ་ཐབས་མགོར་བླ་མ་དང་རྗེ་བཙུན་མི་གཡོ་མགོན་ལ་ཕྱག་འཚལ་ལོ། །རྗེ་བཙུན་མི་གཡོ་བ་ཞེས་ཡོད་པ། འཕགས་པ་མི་གཡོ་བ་ཕྱག་བཞི་པའི་སྒྲུབ་ཐབས་མགོར་ཚིག་དེ་ཉིད་རྒྱ་སྐད་དང་བོད་སྐད་དུ་ཡོད་ཅིང་ཕྱག་བཞི་པ་འཕགས་པ་མི་གཡོ་བའི་སྒྲུབ་ཐབས་རྫོགས་སོའི་མཐའ་ཅན། དེའི་བསྟོད་པ་མགོར། གང་གི་དྲིན་གྱིས་བདེ་འགྲོའི་འབྱོར་པ་དང༌། ཞེས་ཡོད་པ། རྗེ་བཙུན་མ་རྣམ་པར་རྒྱལ་མའི་སྒྲུབ་ཐབས་སྟོང་མཆོད་དང་བཅས་པ་མགོར་རྗེ་བཙུན་མ་རྣམ་པར་རྒྱལ་མའི་སྒྲུབ་ཐབས་བཅོམ་ལྡན་འདས་མ་ཞེས་ཡོད་པ། གདུགས་དཀར་བསྒོམ་ཐབས་གཟུངས་བཀླག་ཐབས་དང་བཅས་པ་མགོར་བླ་མ་དམ་པའི་ཞབས་ལ་སྤྱི་བོར་ཕྱག་འཚལ་ལོ། །བཅོམ་ལྡན་འདས་མ་གཙུག་ཏོར་གདུགས་དཀར་མོ་ཅན་བསྒོམ་པར་འདོད་པས་ཞེས་ཡོད་པ། རི་ཁྲོད་ལོ་མ་ཅན་སྒྲུབ་ཐབས་གཟུངས་ཆོ་ག་དང་བཅས་པ་མགོར་རྗེ་བཙུན་མ་རི་ཁྲོད་ལོ་མ་ཅན་གྱི་སྒྲུབ་པའི་ཐབས་ཞེས་ཡོད་པ། རི་ཁྲོད་མའི་སྒྲུབ་ཐབས་ཆོས་རྗེ་ས་སྐྱ་པའི་མན་ངག་ཡི་གེར་བཀོད་པའོའི་མཐའ་ཅན། དེའི་བསྟོད་པ་མགོར་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །རྒྱལ་བ་ཀུན་གྱི་ཡེ་ཤེས་སྒྱུ་མ་ཡི། །ཞེས་ཡོད་པ། ཙུནྡའི་སྒྲུབ་ཐབས་རྒྱུད་ལས་བྱུང་བའི་རིམ་པ་མགོར་ཚིག་དེ་ཉིད་རྒྱ་སྐད་དང་བོད་སྐད་དུ་ཡོད་པ། སྲུང་བ་ལྔའི་དབང་ཆོག་གི་སྐོར་གཏོར་མ། བྱུར་བསལ། དུག་དབྱུང༌། དབང་ཆོག་གི་སྡོམ། དབང་བསྐུར་བ་དངོས་ཏེ་དེ་རྣམས་རྒྱས་པ་འོག་གླེགས་བམ་བ་པའི་ནང་ན་བཞུགས་ཀྱང་འདི་ཉིད་ཀྱི་སྔགས་རྣམས་ལ་འདྲ་མིན་མང་པོ་བྱུང་བ་ཕྱི་མོ་མང་པོ་ལ་གཏུགས་ནས་ཞུས་དག་ནན་ཆེར་བྱས་ཚེ་འདི་ལྟར་བྱུང་ལ། འོག་མ་ནི་བཀའ་དང་བསྟུན་པའི་ཞུ་དག་བགྱིས་པ་ཡིན་པས་གང་དག་དཔྱད་པར་བྱའོ། །ཕྱོགས་བཅུའི་མུན་པ་རྣམ་པར་སེལ་བའི་བཀྲ་ཤིས་དང༌། ཞར་བྱུང་རྒྱལ་པོ་ལ་གདམས་པའི་རབ་ཏུ་བྱེད་པའི་རྣམ་པར་བཤད་པ་གསུང་རབ་གསལ་བའི་རྒྱན་ཞེས་བྱ་བ་འཕགས་པའི་དངོས་སློབ་ཤེས་རབ་གཞོན་ནུས་མཛད་པ་རྣམས་བཞུགས་སོ།།  །།གླེགས་བམ་གསུམ་པ་༼བ༽པ་ལ་འཕགས་མ་འོད་ཟེར་ཅན་གྱི་སྒྲུབ་པའི་ཐབས་ཚིགས་བཅད་མ་མགོར་མིང་དེ་ཉིད་རྒྱ་སྐད་དང་བོད་སྐད་དུ་ཡོད་པ། མྱ་ངན་མེད་པའི་འོད་ཟེར་ཅན་གྱི་སྒྲུབ་ཐབས་བསྟོད་པ་དང་བཅས་པའི་མགོར་ལྷ་མོ་འོད་ཟེར་ཅན་སྒྲུབ་པའི་ཐབས་རྗེ་བཙུན་མ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །ཕྲིན་ལས་འོད་ཀྱིས་ཞེས་ཡོད་པ། ཡང་དེའི་སྒྲུབ་ཐབས་བསྟོད་པ་བཅས་མགོར་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །འཕགས་མ་འོད་ཟེར་ཅན་སྒྲུབ་པར་འདོད་པས་ཞེས་ཡོད་པ། འདི་སྐད་གཉིས་སྨྲ་བ་དུ་ལག་གི་ངོར་མཛད་པའོ། ལྷ་མོ་འོད་ཟེར་ཅན་གྱི་སྦྱིན་སྲེག་གི་ཆོ་ག་མགོར་ཚིག་དེ་ཉིད་ཡོད་ཅིང་འདི་དང་གོང་གི་སྒྲུབ་ཐབས་གཉིས་ལོ་ཙཱ་བ་སཾ་གྷའི་དོན་དུ་མཛད་པ་ཡིན། དེའི་བསྟོད་པ་རྒྱས་པ་མགོར་བཅོམ་ལྡན་འདས་འོད་ཟེར་ཅན་མའི་བསྟོད་པ་ཞེས་ཡོད་པ། སྤྱན་མའི་སྒྲུབ་པའི་ཐབས་མགོར་ཚིག་དེ་ཉིད་རྒྱ་སྐད་དང་བོད་སྐད་དུ་ཡོད་པ། གཟའ་ཡུམ་གྱི་སྒྲུབ་ཐབས་མགོར་རྗེ་བཙུན་མ་གཟའ་ཐམས་ཅད་ཀྱི་ཡུམ་བསྒོམ་པར་འདོད་པས་ཞེས་ཡོད་པ། ཞར་ལ་སྔགས་ཀྱི་དག་བྱེད་ཅིག་ཀྱང་མ་དཔེ་ན་བྱུང་བ་བཞིན་བྲིས་ཡོད། འདོད་པའི་ལྷ་རྣམས་ལ་བསྟོད་པ་མགོར། རྒྱལ་བ་ཀུན་གྱི་ཐུགས་ལས་སྐྱེས་པའི་སྲས། །ཞེས་ཡོད་པ། རིག་མ་བཅུ་དྲུག་གི་མཆོད་པའི་ཚིག་ཚན་པ་གཉིས་ཀྱི་མགོར་ན་མོ་གུ་རུ་བཛྲ་དྷ་རཱ་ཡ། རྡོ་རྗེ་ལྷ་མོ་པི་ཝང་མ། །ཞེས་ཡོད་པ་དང༌། ན་མོ་བཛྲ་སཏྭཱ་ཡ། ཧཱུྃ་གི་ཡི་གེ་ལས་བྱུང་དཔལ་ལྷ་མོ། །ཞེས་ཡོད་པ། གསན་ཡིག་དབང་གི་རྒྱལ་པོར་ཆེ་བརྗོད་དང་མཆོད་གར་གསུངས་པ་དེ་ཡིན། སྲུང་བ་ལྔའི་སྡོམ་རིང་ཐུང་གཉིས་ཀྱི་མགོར། རིགས་ཀྱི་ཁྲོ་བོའི་ང་རྒྱལ་གྱིས། །ཞེས་དང་རྗེ་བཙུན་མ་རིག་པའི་རྒྱལ་མོ་ལྔ་ལ་ཕྱག་འཚལ་ལོ། །དེ་ནས་རིག་སྔགས་འཆང་བ་ཞེས་ཡོད་པ། དེའི་མཚམས་གཅོད་མགོར་གནས་དང་ཡོ་བྱད་བྱིན་ཕབ་ནས་ཞེས་ཡོད་པ། དེའི་སྒྲུབ་ཐབས་བསྡུས་པ་མགོར་སྲུང་བ་ལྔའི་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས་ཞེས་ཡོད་པ། དེའི་སྒྲུབ་ཐབས་རྒྱས་པ་མགོར་གོང་གི་ཚིག་དེ་ཉིད་ཡོད་པ། དེའི་བསྟོད་པ་མགོར་སྲུང་བ་ལྔའི་ལྷ་མོ་ལ་བསྟོད་པ་ཞེས་ཡོད་པ། ཡང་དེའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་བསྟོད་པ་མགོར་སྲུང་བ་ལྔའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཀྱི་བསྟོད་པ་ཞེས་ཡོད་པ། འདི་སློབ་དཔོན་ཤཱནྟི་པས་མཛད་པ་ལ་འཕགས་པས་ཁ་སྐོང་མཛད་གསུང༌། ཕྱོགས་ཀྱི་གཏོར་མ་མགོར་དེ་ནས་ཕྱོགས་ཀྱི་གཏོར་མ་གཏང་བའི་ཕྱིར་ཞེས་ཡོད་པ། གཟའ་སྐར་གྱི་གཏོར་མ་མགོར་གཟའ་དང་རྒྱུ་སྐར་ལ་མཆོད་ཅིང་གཏོར་མ་ཕུལ་ནས་འདི་སྐད་ཅེས་ཡོད་པ། བྱུར་བསལ་བ་དེ་ནས་དབང་བསྐུར་བའི་སྔོན་དུ་བྱུར་བསལ་བའི་ཕྱིར་ཞེས་ཡོད་པ། དུག་དབྱུང་བ། སངས་རྒྱས་ཀུན་གྱི་གཟི་བརྗིད་དང༌། །ཞེས་ཡོད་པ། རྒྱལ་བར་བྱེད་པ་མགོར་ན་མོ་བུདྡྷཱ་ཡ་ཞེས་ཡོད་པ། དབང་བསྐུར་བ་དངོས་མགོར་དེ་ནས་ཡོན་གྱི་བདག་པོས་མཎྜལ་ཕུལ་ལ་ཞེས་ཡོད་པ། འདི་ཡན་དཀོན་མཆོག་ལྷུན་གྲུབ་པའི་གསན་ཡིག་དང་དབང་གི་རྒྱལ་པོ་གཉིས་ཀར་གཟའ་སྐར་གྱི་གཏོར་མ་སོགས་གསུངས་པས་སོགས་ཁོངས་སུ་བསྡུས་པར་ངེས་ཤིང་ཕྱི་མོ་མང་པོ་ན་ཡང་དཔེ་ཚན་གཅིག་ཏུ་བྱས་འདུག དབང་བསྐུར་བའི་གཟུངས་ཕྱི་མ་མགོར་ཏདྱ་ཐཱ་ཨོཾ་གི་རི་གི་རི་ཞེས་ཡོད་པ། བདེན་པའི་སྟོབས་བརྗོད་པ་མགོར་བདེན་པ་དང་བདེན་པའི་མཆོག་གང་གིས་ཞེས་ཡོད་པ། ཤིས་པ་བརྗོད་པ་མགོར་ནད་པའི་ཟས་དང་སྐོམ་དང་ཞེས་ཡོད་པ་སྟེ་འདི་གཉིས་གོང་མའི་ཁར་ས་བཅད་བཅུ་བཞི་པ་དང་བཅོ་ལྔ་པ་འགྲིགས་ཀྱང་དཔེ་རྒྱུན་གཅིག་ལས་མ་བྱུང་བས་དཀོན་མཆོག་ལྷུན་གྲུབ་པའི་གསན་ཡིག་ན་ཐུས་མིན་སླར་དཔྱད། རྒྱུད་སྡེའི་དཀར་ཆག་མགོར་ན་མོ་གུ་རུ་བྷྱཿན་མཿཤྲཱི་བྷཊྚཱ་ར་ཀ་བཛྲ་དྷ་རཱ་ཡ་ཞེས་ཡོད་པ། མགོན་པོའི་སྒྲུབ་ཡིག་མགོར་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །མཁྱེན་བརྩེའི་བདག་ཉིད་བླ་མ་དང༌། །ཞེས་ཡོད་པ། བདུད་རྩི་ལྔ་མཆོད་མགོར་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །དགྲ་བགེགས་རྣམས་ནི་ཐམས་ཅད་ཀྱི། །ཞེས་ཡོད་པ། མགོན་པོའི་བསྟོད་པ་མགོར་ན་མོ་གུ་རུ་བྷྱཿན་མཿཤྲཱི་མ་ཧཱ་ཀཱ་ལཱ་ཡ། ཧཱུྃ་གང་གི་ཐུགས་ནི་དབྱིངས་ལས་མ་གཡོས་ཀྱང༌། །ཞེས་ཡོད་པ། གསན་ཡིག་དབང་གི་རྒྱལ་པོར་བསྟོད་པ་གཉིས་གསུངས་ཀྱང་འདི་ལས་མ་བྱུང་བས་ཡིག་སྐྱོན་ཡིན་ནམ་བརྟག ལྕམ་དྲལ་གྱི་གཏོར་ཆོག་མགོར་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །དཔལ་རྡོ་རྗེ་ནག་པོ་ཆེན་པོ་དང་ཞེས་ཡོད་པ་ཇིམ་གྱིམ་ལ་ཕུལ་བ་གསུངས་པ་འདི་ཡིན། བཤགས་པ་མགོར་དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་ཞེས་ཡོད་པ། གདོང་བཞི་པའི་བསྟོད་པ་མགོར་དཔལ་གདོང་བཞི་པའི་བསྟོད་པ་ཞེས་ཡོད་པ། ཛམྦྷ་ལ་སེར་པོའི་སྒྲུབ་ཐབས་མགོར་བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འཕགས་པ་ཛམྦྷ་ལ་བསྒོམ་པར་ཞེས་ཡོད་པ། ཕྱོགས་བཞིའི་གཏོར་མ་མགོར་དཔལ་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །ཤར་ཕྱོགས་སུ་ལྷ་ཐམས་ཅད་པའི་གཏོར་མ་ཞེས་པ་ནས་བྱང་ཕྱོགས་སུ་བྱ་བ་གནོད་སྦྱིན་ཐམས་ཅད་པའི་གཏོར་མའི་ཆོ་ག་རྫོགས་སོའི་མཐའ་ཅན། ས་སྐྱ་པའི་ཉིན་ཞག་ཕྲུགས་གཅིག་ལ་ཐུགས་དམ་དུ་མཛད་པའི་གཏོར་མའི་རིམ་པ་མགོར་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །ཆོས་རྗེ་ས་སྐྱ་པ་ཡབ་སྲས་ཀྱིས་ཉིན་ཞག་ཕྲུགས་གཅིག་ལ་ཞེས་ཡོད་པ། ཆ་གསུམ་གཏོར་མ་འབྲིང་པོ་མགོར་བགེགས་གཏོར་ནི། བསང་བ་ནས་ཞེས་ཡོད་པ། ཀླུ་གཏོར་མགོར་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །ཀླུ་གཏོར་གཏང་བར་འདོད་པས་ཞེས་ཡོད་པ། ཆུ་གཏོར་གཏང་བའི་རིམ་པ་མགོར་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །རྒྱུ་དང་ཚེགས་ཆུང་ཞིང་ཕན་ཡོན་དང་ཞེས་ཡོད་པ། བསྟོད་དབྱངས་རྒྱ་མཚོ་སྙན་ངག་རིན་པོ་ཆེའི་རྒྱན་རྣམ་པར་བཀྲ་བ་མགོར་ན་མོ་མཉྫུ་གྷོ་ཥཱ་ཡ་དང་ཚིག་སྔ་མ་དེ་ཉིད་ཡོད་པ། གསན་ཡིག་དབང་གི་རྒྱལ་པོར་ཆོས་རྗེ་ས་པཎ་ལ་བསྟོད་པ་གསུངས་པ་འདི་ཡིན། སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟོད་པ་མགོར་ཚིག་དེ་ཉིད་ཡོད་པ་འདི་དེ་བཞིན་གཤེགས་པའི་ཚེམས་མཆེ་བ་མཐོང་ཚེ་བསྟོད་པ་ཡིན། འཇམ་དཔལ་ལ་མཚན་དོན་གྱི་སྒོ་ནས་བསྟོད་པ་མགོར་ན་མོ་མཉྫུ་གྷོ་ཥཱ་ཡ། སྐྱབས་མཆོག་སངས་རྒྱས་ཀུན་གྱི་དངོས། །ཞེས་ཡོད་པ་ཚིགས་སུ་བཅད་པ་ཉི་ཤུ་ལྔ་ཡོད། འཇམ་དཔལ་ལ་ཉེ་བར་བསྔགས་པ་མེ་ཏོག་གི་ཕྲེང་བ་མགོར་ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། ཤེས་བྱ་ཀུན་མཁྱེན་ཆོས་ཀྱི་རྒྱ་མཚོ་ཞེས་ཡོད་པ། འཇམ་དབྱངས་ལ་རི་བོ་རྩེ་ལྔར་བསྟོད་པ་ནོར་བུའི་ཕྲེང་བ་མགོར་ན་མོ་མཉྫུ་ནཱ་ཐཱ་ཡ། རྒྱལ་བ་ཀུན་གྱི་ཡེ་ཤེས་རྒྱ་མཚོར་འཁྲུངས། །ཞེས་ཡོད་པ། ཕྱག་མཚན་རི་མོའི་བསྟོད་ཚིག་ལ་སྤེལ་བ་མགོར་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །བདེ་གཤེགས་ཐུབ་པས་ས་གསུམ་སྙན་པར་བསྒྲགས། །ཞེས་ཡོད་པ། འཇམ་དཔལ་བརྟན་པའི་འཁོར་ལོ་ལ་བསྟོད་པ་མགོར་ན་མོ་མཉྫུ་གྷོ་ཥཱ་ཡ། རྒྱལ་བ་ཀུན་གྱི་ཡེ་ཤེས་ལས་གྲུབ་པས། །ཞེས་ཡོད་པ། ཕྱག་འཚལ་དུ་ཕྱིན་པའི་ཚེ་རི་བོ་རྩེ་ལྔའི་རིགས་སོ་སོ་དང་མཐུན་པར་བསྟོད་པ་མགོར་ན་མོ་མཉྫུ་གྷོ་ཥཱ་ཡ། བྱམས་པའི་ལྟེ་བ་རབ་ཏུ་བརྟན་ཞིང་ཞེས་ཡོད་པ། ཨཱ་ནནྡ་ཀཱིརྟིའི་དོན་དུ་དཔའ་བོའི་འཁོར་ལོ་བྲིས་པ་མགོར་པཉྩ་པརྦ་ཏ་བི་ཀྲི་ཌཱ་ཞེས་ཡོད་པ། འཇམ་དཔལ་ལ་བསྟོད་པ་མགོར་ན་མོ་མཉྫུ་གྷོ་ཥཱ་ཡ། རྣམ་པ་སྣ་ཚོགས་ལོ་འདབ་ཀྱིས་བཀྲ་ཞེས་ཡོད་པ། སྐྱིད་གྲོང་གི་འཕགས་པ་ཝ་ཏི་ལ་མནལ་ལམ་དུ་བསྟོད་པ་མགོར་ན་མཿཤྲཱི་ལོ་ཀེ་ཤྭ་རཱ་ཡ་འཕགས་པ་འཇིག་རྟེན་མགོན་པོ་ཞེས་ཡོད་པ། བྱམས་པ་མགོན་པོ་ལ་བསྟོད་པ་མགོར། བྱམས་པའི་ཐུགས་ཀྱིས་བྱང་ཆུབ་ཐུགས་བསྐྱེད་ནས། །ཞེས་ཡོད་པ། གནས་བརྟན་བཅུ་དྲུག་ལ་བསྟོད་པ་མགོར། དགྲ་བཅོམ་བློ་མཆོག་དབང་དུལ་བ། །ཞེས་ཡོད་པ། ཡན་ལག་བཅུ་པ་མགོར། དུས་གསུམ་ཕྱོགས་བཅུའི་འཇིག་རྟེན་དུ། ཞེས་ཡོད་པ། ཡན་ལག་བདུན་པ་ཕྱག་མཆོད་སྡིག་བཤགས་བསྔོ་བ་དང་བཅས་པའི་ཚིགས་བཅད་མགོར། དུས་གསུམ་བདེ་བར་གཤེགས་པའི་སྐུ་གསུང་ཐུགས། །ཞེས་ཡོད་པ། སེམས་བསྐྱེད་ཀྱི་ཆོ་ག་བསྡུས་པ་མགོར་བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འོ་ཉིད་ཅག་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པའི་ཞེས་ཡོད་པ། སྐྱབས་འགྲོ་སེམས་བསྐྱེད་བསྔོ་བ་དང་བཅས་པ་འབྲིང་དུ་བསྟན་པ་མགོར་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །སྤྱིར་བསྟན་པའི་གཞི་སྐྱབས་སུ་འགྲོ་བ་ཡིན་ཞེས་ཡོད་པ། ཡང་དེ་གསུམ་བསྡུས་པ་ཡུལ་སྐྱོང་མགོན་པོ་དཔལ་བཟང་གི་དོན་དུ་མཛད་པ། སྐྱབས་འགྲོའི་རྣམ་གཞག་བོ་ལོད་ཀྱི་དོན་དུ་མཛད་པ། སྐྱབས་འགྲོ་སེམས་བསྐྱེད་དབང་བསྐུར་གྱི་བསླབ་བྱ་རྒྱལ་པོ་ཨ་རོག་ཆེ་ལ་ཕུལ་བ། རྒྱལ་པོ་ལ་གདམས་པའི་རབ་ཏུ་བྱེད་པ་མགོར་ཚིག་དེ་ཉིད་ཡོད་པ། དེའི་བསྡུས་དོན་མགོར་མཁྱེན་རབ་ཀྱི་དབང་ཕྱུག་འཇམ་དཔལ་གཞོན་ནུར་གྱུར་པ་ཞེས་ཡོད་པ། ཐེག་པ་ཆེན་པོ་གསོལ་བ་ཞེས་བྱ་བ་ཡི་གེའི་མ་མོ་ལ་སྤེལ་བའི་རབ་ཏུ་བྱེད་པ་མགོར་ཚིག་དེ་ཉིད་ཡོད་པ། དེའི་བསྡུས་དོན་མགོར་ན་མོ་མཉྫུ་གྷོ་ཥཱ་ཡ་ཐེག་པ་ཆེན་པོ་གསལ་བ་ལ་དོན་གསུམ་ཞེས་ཡོད་པ། ལས་འབྲས་གསལ་བའི་མེ་ལོང་ཚིགས་སུ་བཅད་པ་བཞི་བཅུ་པ་མགོར་མིང་དེ་ཉིད་ཡོད་པ། རྒྱལ་བུ་ཇི་བིག་དེ་མུར་ལ་གཏམ་དུ་བྱ་བ་ནོར་བུའི་ཕྲེང་བ་མགོར་ཚིག་དེ་ཉིད་ཡོད་པ། རྒྱལ་བུ་མངྒལ་ལ་གཏམ་དུ་བྱ་བ་བཀྲ་ཤིས་ཀྱི་ཕྲེང་བ་མགོར་ཚིག་དེ་ཉིད་ཡོད་པ། རྒྱལ་བུ་ནོ་མོ་གན་ལ་སྤྲིང་བའི་རབ་ཏུ་བྱེད་པ་ཚིགས་སུ་བཅད་པ་བརྒྱ་རྩ་བརྒྱད་པ་མགོར་ཚིག་དེ་ཉིད་ཡོད་པ། རྒྱལ་པོ་ཧོ་ཀོའི་དོན་དུ་མཛད་པའི་ཐེག་པ་ཆེ་ཆུང་གི་ཆོས་ཀྱི་རྣམ་གཞག་མགོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདིར་རྒྱལ་པོ་ཧོ་ཀོའི་དོན་དུ་ཞེས་ཡོད་པ། རྒྱལ་བུ་དེ་གུས་བྷོ་ག་ལ་གདམས་པ་བདུད་རྩིའི་འབྱུང་གནས་མགོར་ཚིག་དེ་ཉིད་ཡོད་པ། རྒྱལ་བུ་དེ་མུར་བྷོ་ག་ལ་གདམས་པ་ཟླ་བའི་འོད་ཟེར་མགོར་ཚིག་དེ་ཉིད་ཡོད་པ། དཔོན་མོ་པུནྡ་རིའི་དོན་དུ་མཛད་པ་སྒྲུབ་པའི་རིམ་པ་རབ་ཏུ་གསལ་བ་མགོར་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །བདག་ལ་ཕྱི་དང་ནང་གི་ཞེས་ཡོད་པ། རྒྱལ་སྲས་ཇིམ་གྱིམ་ལ་སྤྲིང་བ་མགོར་བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དགེ་སློང་རྡོ་རྗེ་འཛིན་པ་འཕགས་པས་ཞེས་ཡོད་པ། ཡང་ཇིམ་གྱིམ་ལ་སྤྲིང་བ་གཉིས་ཀྱི་མགོར་བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །རང་བཞིན་སངས་རྒྱས་རིན་ཆེན་ཏེ། །ཞེས་པ་དང༌། བརྩེ་བའི་དབང་ཕྱུག་ཐམས་ཅད་མཁྱེན་པ་ཞེས་ཡོད་པ། ཨ་ཙ་ར་ལ་སྤྲིང་བ་མགོར། མི་གང་དལ་བ་འབྱོར་པ་ཐོབ་གྱུར་ཅིང༌། །ཞེས་ཡོད་པ། དགེ་བའི་བཤེས་གཉེན་ལྡོང་སྟོན་གྱི་དོན་དུ་སྤྲིང་བའི་ཡི་གེ་མགོར་བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གང་ལས་སངས་རྒྱས་ཆོས་ཚོགས་ཀུན་འབྱུང་ན། །ཞེས་ཡོད་པ། ཡེ་ཤེས་འབུམ་ལ་གདམས་པ་བདུད་རྩིའི་ཐིག་ལེ་མགོར་བསྟན་བཅོས་ཀྱི་མིང་དེ་ཉིད་ཡོད་པ། རིགས་པར་སྨྲ་བ་གྲགས་བཟང་ལ་སྤྲིང་བ་མགོར་ཚིག་དེ་ཉིད་ཡོད་པ། བདེན་པ་གཉིས་རྣམ་པར་ངེས་པ་མགོར་ཚིག་དེ་ཉིད་ཡོད་པ། ཟབ་མོ་སྣང་བ་ཞེས་བྱ་བའི་རབ་ཏུ་བྱེད་པ་མགོར་ཚིག་དེ་ཉིད་ཡོད་པ། ཕྱག་རྒྱ་ཆེན་པོ་ཉམས་སུ་ལེན་པའི་མན་ངག་མགོར་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །རྣམ་ཀུན་མཆོག་ལྡན་སྟོང་པ་ཉིད། །ཅེས་ཡོད་པ། དེའི་ཁྲིད་ཡན་ལག་བདུན་ལྡན་མགོར་ཕྱག་རྒྱ་ཆེན་པོ་ཉམས་སུ་བླང་བའི་མན་ངག་ཡན་ལག་བདུན་པ་ཞེས་ཡོད་པ། ཡན་ལག་བདུན་གྱི་གཏམ་མགོར་ཚིག་དེ་ཉིད་ཡོད་པ། དམ་ཆོས་པད་དཀར་གྱི་ཚིག་དོན་ལ་གཞན་གྱི་ལོག་པར་རྟོག་པ་དགག་པ་མགོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དམ་པའི་ཆོས་པདྨ་དཀར་པོ་ལས་བྱུང་བའི་གསུང་རབ་ཀྱི་ཞེས་ཡོད་པ། བུ་མོ་རིན་ཆེན་གྱིས་ཞུས་པའི་མདོའི་དོན་ཡང་དག་པར་བསྡུས་པ་མགོར་ཐེག་པ་ཆེན་པོའི་མན་ངག་ཡང་དག་པར་བསྡུས་པ་ཞེས་ཡོད་པ། སྙིང་པོའི་སྡོམ། ཐབས་ལ་མཁས་པའི་སྡོམ། ཏིང་ངེ་འཛིན་གྱི་སྡོམ། བྱང་ཆུབ་སེམས་དཔའི་སའི་སྡོམ། སངས་རྒྱས་ཀྱི་སའི་སྡོམ་སྟེ་ཟབ་མོའི་མདོ་ལྔར་གྲགས་པའི་སྡོམ་རྣམས་ཀྱི་མགོར་སོ་སོའི་ཚིག་དེ་རྣམས་ཡོད་པ། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་བསྡུས་དོན་མགོར། སངས་རྒྱས་ཆོས་ཚོགས་ཁམས་དང་བྱང་ཆུབ་དང༌། །ཞེས་ཡོད་པ། སྐྱོ་བའི་གཏམ་མགོར་ན་མོ་གུ་རུ་མཉྫུ་ནཱ་ཐཱ་ཡ། ཐུགས་ཀྱི་བང་མཛོད་ཡོན་ཏན་ནོར་བུས་གཏམས། །ཞེས་ཡོད་པ། ངན་པའི་སྤྱོད་ཚུལ་ལ་ཁྲེལ་བའི་གཏམ་མགོར་འདིར་སྨྲས་པ། སྙིགས་མའི་དུས་འདིར་སྙིགས་མའི་ངང་ཚུལ་ཅན། །ཞེས་ཡོད་པ། ཐེག་པའི་རྣམ་པར་དབྱེ་བ་མགོར་ཚིག་དེ་ཉིད་ཡོད་པ། བསམ་གཏན་ཤེས་རབ་ཀྱི་དྲིན་ལན་མགོར་བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །མཁྱེན་པའི་དཀྱིལ་འཁོར་ལེགས་བཤད་འོད་ཟེར་ཅན། །ཞེས་ཡོད་པ། ཀ་སོགས་སུམ་ཅུ་ལ་སྤེལ་བའི་ཚིགས་བཅད་མགོར་ན་མོ་མཉྫུ་གྷོ་ཥཱ་ཡ། ཀ་ལ་པིངྒའི་དབྱངས་ལྟར་སྙན་གསུང་གིས། །ཞེས་ཡོད་པ། ལྡན་ཡུལ་དུ་སྐྱེས་པའི་སྟོན་པ་བརྩོན་འགྲུས་ཀྱི་དྲིན་ལས་མགོར་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །འདིར་དྲིས་པའི་ལན་ཅུང་ཟད་གདབ་པར་བྱ་སྟེ་ཞེས་ཡོད་པ། བྱང་ཆུབ་ལམ་གྱི་སྙིང་པོ་བསྒོམ་པའི་རིམ་པ་མགོར་ཚིག་དེ་ཉིད་ཡོད་པ། དྲན་པ་གསོ་ཐབས་མགོར། གང་གི་བསོད་ནམས་ཡེ་ཤེས་ཚོགས་རྫོགས་པས། །ཞེས་ཡོད་པ། གསན་ཡིག་དབང་གི་རྒྱལ་པོར་ལྟ་བ་སྟོན་པའི་ཚིགས་བཅད་གསུངས་པ་འདི་འདྲ། དབུས་གཙང་གི་དགེ་བའི་བཤེས་གཉེན་རྣམས་ལ་སྤྲིང་བ་མགོར་བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དགེ་ཚོགས་དཔག་མེད་རིན་ཆེན་ལས་བསྒྲུབས་ཤིང༌། །ཞེས་ཡོད་པ། ཚ་རོང་བ་ལ་སྤྲིང་བ་མགོར་བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གཉིས་མེད་ཐུགས་རྗེའི་དཀྱིལ་འཁོར་རྒྱ་ཆེ་ཞིང༌། །ཞེས་ཡོད་པ། སྡོམ་བརྩོན་ཅིག་ལ་སྤྲིང་བ་མགོར་བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཆོས་དབྱིངས་རྒྱ་མཚོའི་དབུས་སུ་ལེགས་འཁྲུངས་ཤིང༌། །ཞེས་ཡོད་པ། ཟབ་མོ་ཉམས་སུ་ལེན་ཚུལ་མདོར་བསྡུས་མགོར་བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །རྟག་ཏུ་འཆི་བ་བསམ་པར་བྱ། །ཞེས་ཡོད་པ། རྒྱལ་བུ་ཇི་བིག་དེ་མུར་ལ་སྤྲིང་བ་མགོར་བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཀུན་ནས་བརྩེ་བའི་ཐུགས་མངའ་བ། །ཞེས་ཡོད་པ། ཡང་དེ་ལ་སྤྲིང་བ་མགོར། ཡེ་ཤེས་དཀྱིལ་འཁོར་རབ་རྒྱས་ཤིང༌། །ཞེས་ཡོད་པ། ཡི་གྱང་ཇུས་གླེགས་བམ་བསྒྲུབས་པ་ལ་བསྔགས་པ་མགོར། ན་མོ་གུ་རུ་རཏྣ་ཏྲ་ཡཱ་ཡ། དཔལ་ཀུན་གྱི་ནི་འབྱུང་གནས་ཏེ། །ཞེས་ཡོད་པ། རྒྱལ་བུ་བྱང་ཆུབ་སེམས་དཔའ་ལ་གནང་བའི་བཀའ་ཡིག་མགོར་བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཟག་པ་མེད་དབྱིངས་ནམ་མཁའི་ཁམས། །ཞེས་ཡོད་པ། རྒྱལ་བུ་ཨལྒོ་ལ་སྤྲིང་བ་མགོར་བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བསོད་ནམས་རྒྱ་མཚོའི་དབུས་སུ་ལེགས་འཁྲུངས་པ། །ཞེས་ཡོད་པ། རིན་ཆེན་པཀྵི་ལ་སྤྲིང་བ་མགོར་བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་རབ་རྒྱས་ཤིང༌། །ཞེས་ཡོད་པ། བྲམ་ཟེའི་པཎྜི་ཏ་ལཀྵྨཱི་ཀ་ར་ལ་སྤྲིང་བ་མགོར་བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དགེ་སློང་བློ་གྲོས་ཀྱི་མིང་དང་ལྡན་པ་ཞེས་ཡོད་པ། ཤོང་སྟོན་ལོ་ཙཱ་བ་ལ་སྤྲིང་བ་བླ་མ་འཕགས་པས་ཞེས་ཡོད་པ། རྭ་དཔོན་ལ་སྤྲིང་བ་མགོར། །གཞུང་ལུགས་བརྒྱ་ཕྲག་དུ་མའི་ཆུ་ཀླུང་དང༌། །ཞེས་ཡོད་པ། འཕགས་པ་རལ་གྲི་ལ་སྤྲིང་བ་མགོར། མཁའ་དབྱིངས་དག་པ་སྐྱེ་དགུའི་སྒྲོན་མེའི་དཔལ། །ཞེས་ཡོད་པ། སྤྱི་བོ་ལྷས་པ་བཤེས་གཉེན་རིན་ཆེན་ལ་བསྐུར་བ་མགོར་བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གདོད་ནས་ཉེར་ཞི་ཞི་བའི་ལམ་གྱིས་ཞེས་ཡོད་པ། །ཆག་ལོ་ཙཱ་བ། དབུས་གཙང་གི་མཚན་ཉིད་པ་སྤྱི། དབུས་ཀྱི་བཀའ་གདམས་པ་སྤྱི། སྟག་ལུང་པ། དབུས་ཀྱི་སྒོམ་ཆེན་པ་སྤྱི་རྣམས་ལ་རིམ་པ་བཞིན་དུ་མ་ཆགས་ལོ་བདག་ཅེས་པ་དང༌། དམིགས་མེད་ཐུགས་རྗེའི་ཞེས་པ་དང༌། ཇི་བཞིན་གཟིགས་པས་ཞེས་པ་དང༌། སྲིད་དང་ཞི་བའི་ཞེས་པ་དང༌། །ཏིང་ངེ་འཛིན་དང་ཞེས་པ་རྣམས་ཀྱི་དབུ་ཅན། རྒྱལ་བུ་ཇི་བིག་དེ་མུར་ལ་སྤྲིང་བ་གསུམ་གྱི་མགོར་ཡེ་ཤེས་དཀྱིལ་འཁོར་ཞེས་པ་དང༌། སྤྲོས་པ་མེད་པའི་ཞེས་པ་དང༌། མཚན་དཔེའི་དཔལ་ཞེས་བྱ་བ་རྣམས་རིམ་པས་ཡོད་པ། དཔོན་མོ་དུ་གལ་དུར་མི་ལ་བསྐུར་བ་གཉིས་ཀྱི་མགོར་དཔལ་ལྡན་ཡོན་ཏན་ཞེས་པ་དང༌། ཆོས་ཀྱི་དབྱིངས་ལས་ཞེས་ཡོད་པ། རྒྱལ་བུ་ཇིམ་གྱིམ། ཧོ་ཀོ གྲགས་བཟང༌། སྟོན་གཞོན་རྣམས་ལ་སྤྲིང་བའི་མགོར་འདིར་སྨྲས་པ། དེང་སང་འདི་ན་ཞེས་པ་དང༌། སྟོབས་སོགས་ཡོན་ཏན་ཞེས་པ་དང༌། མདངས་དང་དྲི་རོ་ཞེས་པ་དང༌། བློ་ཆེ་རློམ་ཆེ་ཞེས་བྱ་བ་རྣམས་རིམ་པས་ཡོད་པ། གོས་དར་ལྔ་སྟོང་དང་དགུ་བརྒྱ་བཞི་བཅུ་ཕུལ་བའི་དུས་ཀྱི་མཆོད་བརྗོད་དང་བསྔོ་བ་མགོར། ཆོས་ཀྱི་དབྱིངས་ཀྱི་མཁའ་ལས་མངོན་འཕགས་ཤིང༌། །ཞེས་ཡོད་པ། ཚེ་དཔག་མེད་ལ་བསྟོད་པ་མགོར། སྣ་ཚོགས་འདབ་རྒྱས་ཆུ་སྐྱེས་ཞེས་བྱ་བ་ཡོད་པའི་ཤློ་ཀ་གཅིག ཡང་འདི་ལ་མ་དམིགས་ཞེས་པ་དང༌། ཡན་ལག་དྲུག་ཅུ་ཞེས་པའི་ཚིགས་བཅད་འཐོར་བུ་གཉིས། མགོན་གཡག་ལ་བསྔགས་པ་མགོར། གང་ལུས་ཆར་སྤྲིན་ཕུང་པོ་ནི། །ཞེས་ཡོད་པ། གསན་ཡིག་དབང་གི་རྒྱལ་པོར་གླང་པོ་ཆེ་ལ་བསྔགས་པ་གསུངས་པ་འདི་ཉིད་ལ་ཡིག་སྐྱོན་ཞུགས་པ་འདྲ། ཆང་ལ་བསྔགས་པའི་རབ་ཏུ་བྱེད་པ་བདུད་རྩིའི་བུམ་པ་མགོར་ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ་པ་ལ་ཕྱག་འཚལ་ལོ། །ས་ཡི་སྙིང་པོ་འགྲོ་བའི་ཉེར་འཚོ་དང༌། ཞེས་ཡོད་པ། མཆོད་འོས་ལ་བསྔགས་པ་མགོར་བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གང་ལས་སངས་རྒྱས་ཆོས་ཚོགས་ཞེས་ཡོད་པ། ལྔ་བསྡུས་སྒྲ་གཅན་གཟའ་ལྔ་དང་བཅས་པའི་རྩིས་གཞི་རིན་པོ་ཆེའི་འོད་ཟེར་དྲི་མ་མེད་པ་མགོར་བླ་མ་དམ་པའི་ཞབས་ཀྱི་པདྨོར་གུས་པས་ཕྱག་འཚལ་ལོ། །སྲིད་དང་མྱ་ངན་འདས་པའི་གཙོ། །ཞེས་ཡོད་པ། ཉི་ཁྱིམ་འཕོ་བའི་ངེས་པ་མགོར། གསལ་ཞིང་ཐོགས་མེད་མྱུར་དུ་འཇུག །ཅེས་ཡོད་པ། དཔལ་དུས་ཀྱི་འཁོར་ལོའི་རྩིས་དུས་གསལ་བའི་སྒྲོན་མེ་མགོར་ཚིག་དེ་ཉིད་རྒྱ་སྐད་དང་བོད་སྐད་དུ་ཡོད་པ། དེའི་དོན་ཡང་དག་པར་བསྡུས་པ་མགོར་དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །རབ་བྱུང་སོགས་བསྡོམས་བཅུ་གཉིས་ཞེས་ཡོད་པ། གདོད་མའི་དུས་གསལ་བར་བྱེད་པ་ཞེས་བྱ་བའི་རྩིས་མགོར་ཚིག་དེ་ཉིད་ཡོད་པ། རྩིས་ཀྱི་གཙུག་ལག་དང་མཐུན་པར་ངེས་པ་ཞེས་བྱ་བ་མགོར་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །མཁྱེན་པའི་ཉི་འོད་རབ་གསལ་ཞིང༌། །ཞེས་ཡོད་པ། དྷྲཱུ་བ་གཉིས་པའི་རྩིས་མགོར། ན་མོ་གུ་རུ་རཏྣ་བྷཊྚཱ་ར་ཀཱ་ཡ། གང་གི་ཐུགས་རྗེས་འགྲོ་ཀུན་རབ་བཟུང་ནས། །ཞེས་ཡོད་པ། ལོ་བདག་ཉི་ཤུ་རྩ་གཉིས་ཀྱི་རྩིས་མགོར། མཁྱེན་པས་ཤེས་བྱ་ཀུན་གཟིགས་ནས། །ཞེས་ཡོད་པ། རྟེན་ཅིང་འབྲེལ་བར་འབྱུང་བའི་གཙུག་ལག་གི་དེ་ཁོ་ན་ཉིད་རིན་པོ་ཆེའི་སྒྲོན་མ་མགོར་ཚིག་དེ་ཉིད་རྒྱ་སྐད་དང་བོད་སྐད་དུ་ཡོད་པ། ཆོས་འཁོར་དུས་ཀྱི་བསྟན་རྩིས་མགོར་སངས་རྒྱས་བལྟམས་པའི་དུས་ལ་སོགས་ནས་ཞེས་ཡོད་པ། སངས་རྒྱས་ཀྱི་དུས་ཆེན་བཞིའི་ངོས་འཛིན་མགོར་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་བཅོམ་ལྡན་འདས་དགའ་ལྡན་ནས་ཞེས་ཡོད་པ། བདེ་བར་གཤེགས་པའི་གསུང་རབ་འགྱུར་རོ་འཚལ་«བཞེངས་པ་པོ་ཇིམ་གྱིམ་ཡིན་་་་་་»བཞེངས་པའི་གསལ་བྱེད་སྡེབ་སྦྱོར་གྱི་རྒྱན་རྣམ་པར་བཀྲ་བ་མགོར་ཚིག་དེ་ཉིད་ཡོད་པ། དམ་པའི་ཆོས་རིན་པོ་ཆེ་ཤིན་ཏུ་རྒྱས་པའི་སྡེ་སྣོད་བཞེངས་པའི་ཚུལ་བསྟན་པའི་རབ་ཏུ་བྱེད་པ་མགོར་ཚིག་དེ་ཉིད་ཡོད་པ། གསན་ཡིག་དབང་གི་རྒྱལ་པོར་ཇིམ་གྱིམ་གསུངས་པ་འདི་ཡིན། དཀོན་མཆོག་ལྷུན་གྲུབ་པའི་གསན་ཡིག་དབང་གི་རྒྱལ་པོ་གཉིས་ཀར་གཉིས་ཡོད་གསུངས་ཀྱང་གཅིག་ལས་དཔེ་མ་རྙེད། མངྒལ་ཡབ་ཡུམ་གྱིས་རྒྱས་འབྲིང་བསྡུས་གསུམ་དང་ཕལ་པོ་ཆེ་བཞེངས་པ་ལ་བསྔགས་པ་མགོར་ཆོས་རིན་པོ་ཆེ་ཉེ་བར་བཞེངས་པའི་མཚོན་བྱེད་ཀྱི་རབ་ཏུ་བྱེད་པ་ཞེས་ཡོད་པ། ཇི་བིག་དེ་མུར་གྱིས་ཕལ་པོ་ཆེ། གསེར་འོད་དམ་པ། སྟོང་ཕྲག་བརྒྱ་པ་རྣམས་བཞེངས་པའི་མཚོན་བྱེད་མགོར་བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་ཐུགས་ནི་ཀུན་ནས་རྣམ་དག་ཅིང༌། །ཞེས་ཡོད་པ། རྒྱལ་པོ་ཨ་རོག་ཆེས་འབུམ་བཞེངས་པའི་མཚོན་བྱེད་མགོར་བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སྲིད་ཞིའི་བདེ་ལེགས་མ་ལུས་འབྱུང་བའི་གཞི། །ཞེས་ཡོད་པ། གོ་པེ་ལས་རྒྱས་འབྲིང་བསྡུས་གསུམ་བཞེངས་པའི་མཚོན་བྱེད་མགོར་གསུང་རབ་རིན་པོ་ཆེ་རྣམ་པར་བཀོད་པའི་མཚོན་བྱེད་ཅེས་ཡོད་པ། དགེ་འདུན་བཟང་པོ་སོགས་ཀྱིས་ཡུམ་རྒྱས་འབྲིང་བསྡུས་གསུམ་བཞེངས་པའི་མཚོན་བྱེད་མགོར་བླ་མ་དང་དཀོན་མཆོག་གསུམ་ལ་སྤྱི་བོས་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། ཆོས་ཀྱི་དབྱིངས་ལས་ཞེས་ཡོད་པ། རིན་ཆེན་དཔལ་གྱིས་འབུམ་བཞེངས་པ་ལ་བསྔགས་པ་མགོར་ཆོས་བཞེངས་པའི་མཚོན་བྱེད་ཉེ་བར་བཀོད་པ་ཞེས་ཡོད་པ། ཟིན་ཤིང་གི་སྟོན་པ་བཅུ་བདུན་ཡང་དག་པའི་རིགས་པས་ཕམ་པར་བྱས་ཏེ་རབ་ཏུ་བྱུང་བའི་ཚེ་སྦྱར་བའི་ཚིགས་བཅད་མགོར་བླ་མ་དང་འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ལོ། །ཡོད་དང་མེད་པ་ལ་སོགས་པ། །ཞེས་ཡོད་པ། ཐེག་པ་ཆེན་པོའི་སློབ་དཔོན་དང་སློབ་མས་ལམ་ཉམས་སུ་བླང་བའི་ཚུལ་གྱི་རྣམ་དབྱེ་བསྟན་པ་མགོར་བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གཙང་མཁས་རབ་བརྟན་བྱམས་པར་ལྡན། །ཞེས་ཡོད་པ། ཆོས་རྗེ་པ་བདེ་བར་གཤེགས་དུས་དབུས་གཙང་གི་དགེ་བའི་བཤེས་གཉེན་རྣམས་ལ་སྤྲིང་བ་མགོར། དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །ཞེས་ཡོད་པ། ཁྲོ་བུ་ལོ་ཙཱ་བ་ལ་བསྐུར་བ་དང་གདམས་པ་གཉིས་མགོར། དཔལ་ལྡན་ཉིན་མོར་བྱེད་པའི་གཟི་ལྡན་ཞིང༌། །ཞེས་པ་དང༌། མཁྱེན་པའི་དཀྱིལ་འཁོར་ལེགས་བཤད་འོད་ཟེར་གྱིས། །ཞེས་ཡོད་པ། ལས་ཆོག་རྒྱས་བསྡུས་གཉིས་ཀྱི་མགོར་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །མཁན་པོ་དང་སློབ་དཔོན་དང་དགེ་འདུན་རྣམས་ཞེས་ཡོད་པ། བསྙེན་གནས་ཀྱི་ཆོ་ག་མགོར་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །བསྙེན་གནས་ཀྱི་སྡོམ་པ་འབོགས་པའི་ཚུལ་ནི་ཞེས་ཡོད་པ། གསན་ཡིག་དབང་གི་རྒྱལ་པོར་འདི་གསལ་ཁ་མེད་ཀྱང་ཕྱི་མོ་ཐམས་ཅད་ན་གོང་གི་ལས་ཆོག་དང་འབྲེལ་ནས་འདུག་པས་ལུང་རྒྱུན་ཡོད་པ་འདྲ། རྒྱལ་པོ་ཡབ་སྲས་ཀྱིས་མཆོད་རྟེན་བཞེངས་པ་ལ་བསྔགས་པའི་སྡེབ་སྦྱོར་དཎྜ་ཀ་མགོར་ན་མོ་གུ་རུ་རཏྣ་ཏྲ་ཡཱ་ཡ། དཔལ་དང་ལྡན་ཞིང་ཞེས་ཡོད་པ། གསན་ཡིག་དབང་གི་རྒྱལ་པོར་རྒྱལ་བུ་ཇིམ་གྱིམ་སོགས་ལ་བསྔགས་པ་གསུངས་པ་འདི་ཡིན། བསྔགས་པར་འོས་པའི་རབ་ཏུ་བྱེད་པ་མགོར་ཚིག་དེ་ཉིད་ཡོད་པ། གསན་ཡིག་དབང་གི་རྒྱལ་པོར་ཧོར་གྱི་རྒྱལ་རབས་ལྔ་པ་རྒྱལ་པོ་གོ་པེ་ལ་བསྔགས་པར་གསུངས་པ་འདི་ཡིན། བོད་ཀྱི་རྒྱལ་རབས་ལ་བསྔགས་པའི་ཚིགས་བཅད་མགོར་གང་གི་སྲིད་གསུམ་རྒྱ་མཚོའི་ཞེས་ཡོད་པ། གསན་ཡིག་དབང་གི་རྒྱལ་པོར་ཇིམ་གྱིམ་ལ་བསྟོད་པ་གསུངས་པ་འདི་ཡིན། བོད་ཀྱི་རྒྱལ་རབས་མགོར། སྲོང་བཙན་སྒམ་པོ་མེ་མོ་གླང་ལ་འཁྲུངས། །ཞེས་ཡོད་པ། ལུང་དང་བརྒྱུད་པ་སྣ་ཚོགས་ཀྱི་གསན་ཡིག་མགོར། ཨོཾ་སྭ་སྟི་སིདྡྷཾ། རྡོ་རྗེ་འཆང་ཞེས་ཡོད་པ། སློབ་དཔོན་བསོད་ནམས་སེང་གེའི་སྤྱན་སྔར་ཕྲིན་དུ་ཞུ་བ་མགོར་བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བླ་མ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་ཡོད་པ། གྲགས་པ་རིན་ཆེན་གྱི་ཞུས་ལན་མགོར་དཔལ་མཆོག་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །སྡེ་སྣོད་འཛིན་པ་གྲགས་པ་རིན་ཆེན་གྱིས། །ཞེས་ཡོད་པ། རྒྱལ་བུ་བྱང་ཆུབ་སེམས་དཔའ་ཁྱུ་མཆོག་སྐྱོང་ལ་བཀའ་བསྒོ་གནང་བ་མགོར་བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བླ་མ་དམ་པ་བརྒྱུད་པ་དང་ཞེས་ཡོད་པ། གུར་མགོན་གྱི་རྗེས་གནང་མགོར་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཐོག་མ་ཁོ་ནར་མཁའ་འགྲོ་དང་ཆོས་སྐྱོང་ཞེས་ཡོད་པ། རྒྱལ་པོ་གོ་པེ་ལ་སྲས་དང་བཙུན་མོར་བཅས་པ་ལ་བདེ་ལེགས་སུ་བྱ་བའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། ཤིང་ཡོས་དཔལ་ལྡན་མ། མེ་འབྲུག་བསོད་ནམས་མ། མེ་སྦྲུལ་དཔལ་འབྱུང་མ། ས་རྟ་བཀྲ་ཤིས་མ། འདིར་ལུག་སྤྲེལ་གཉིས་ལ་མི་སྣང༌། ལྕགས་བྱ་ཚེ་དང་ཡེ་ཤེས་མ། །ཆུ་ཁྱི་འགྲོ་བ་མ། ཆུ་ཕག་བདེ་ལེགས་མ། ཤིང་བྱི་གང་མཉེས་མ། ཤིང་གླང་བྱང་སེམས་མ། མེ་སྟག་ཧེ་རུ་ཀ་དཔལ་མ། མེ་ཡོས་རྒྱལ་མཚན་རྩེ་མོ། ས་འབྲུག་ཇི་སྙེད་མ། ས་སྦྲུལ་རྒྱལ་བ་མ། ལྕགས་རྟ་བཀྲ་ཤིས་མ། ལྕགས་ལུག་ཆོས་ཉིད་མ། ཆུ་སྤྲེལ་སྐྱོབ་པ་མ། ཆུ་བྱ་དངོས་གྲུབ་མ། ཤིང་ཁྱི་ས་དབང་མ། ཤིང་ཕག་བླ་མེད་མ། མེ་བྱི་དངོས་གྲུབ་མ། མེ་གླང་དོན་གྲུབ་མ། ས་སྟག་གང་ལ་བཀྲ་ཤིས་མ། ས་ཡོས་གང་དྲིན་མ། ལྕགས་འབྲུག་ཐུབ་དབང་ཆོས་རྒྱལ་མ་རྣམས་ཏེ་ལོ་གསར་གྱི་ཚེ་གནང་བའི་བཀྲ་ཤིས་ཉེར་གསུམ་མོ། །ཡང་དཔལ་ལྡན་ཁྱེད་སྐུ་ལྷུན་པོ་ལྟར་བརྟན་ཞིང༌། །ཞེས་བྱ་བའི་བཀྲ་ཤིས་ཤློ་ཀ་གཅིག་རྣམས་བཞུགས་སོ།།  །།འདི་དག་གི་གོ་རིམ་བསྒྲིགས་པའི་གཞི་ནི་ངོར་ཆེན་རྡོ་རྗེ་འཆང་གི་གསན་ཡིག་རྒྱ་མཚོ་དང༌། གློ་བོ་སྨོན་ཐང་གི་རྒྱལ་པོས་གོང་མ་ཡབ་སྲས་གསུམ་གྱི་བཀའ་འབུམ་བཞེངས་པའི་དཀར་ཆག་རྡོ་རྗེ་འཆང་གིས་མཛད་པ་དང༌། དཀོན་མཆོག་ལྷུན་གྲུབ་པའི་གསན་ཡིག་ཐུབ་བསྟན་རྒྱས་པའི་ཉིན་བྱེད་དང༌། འཇམ་མགོན་སངས་རྒྱས་ཕུན་ཚོགས་པའི་གསན་ཡིག་དབང་གི་རྒྱལ་པོ་རྣམས་ལ་ཞིབ་ཏུ་གཏུགས་ཚེ། སྔ་ཕྱིའི་གོ་རིམ་འདྲ་མིན་དང་ཆོས་ཚན་མང་ཉུང་སོགས་ཀྱི་ཁྱད་པར་འགའ་རེ་མཆིས་ཀྱང༌། འདིར་སྔོན་གྱི་བཀའ་འབུམ་ཕལ་ཆེར་དཀོན་མཆོག་ལྷུན་གྲུབ་པའི་གསན་ཡིག་དང་མཐུན་ཤས་ཆེ་བ་བྱུང་བས་འགའ་ཞིག་དེ་ཉིད་གཞིར་གཞག ད་ལྟའི་ལུང་རྒྱུན་དཔལ་མཆོག་ནས་སངས་རྒྱས་ཕུན་ཚོགས་པས་གསན་པ་འདི་ཉིད་ཁྱབ་ཆེ་བ་སྣང་ཡང༌། དཀོན་མཆོག་ལྷུན་གྲུབ་པའི་དེ་དང་སྔ་ཕྱིའི་གོ་རིམ་དང་ཆོས་ཚན་མང་ཉུང་དང༌། བསྟན་བཅོས་ཀྱི་མིང་གཟུང་ཡང་འགའ་ཞིག་གཞུང་ཚིག་དང༌། འགའ་ཞིག་ཁ་བྱང་ལས་དྲས་ནས་བཏགས་པ་སོགས་ཀྱིས་ལས་དང་པོ་པས་ངོས་ཟིན་དཀའ་བར་འདུག་ཀྱང༌། འདིར་གོང་འོག་ཐམས་ཅད་ཀྱི་ཁྱད་པར་ངོས་གཟུང་སླ་བའི་ཆེད་དུ་ངོར་ཆེན་རྡོ་རྗེ་འཆང་ལ་སོགས་པའི་བླ་མ་གོང་མ་རྣམས་ཀྱི་གསན་ཡིག་ཐམས་ཅད་ཕྱོགས་གཅིག་ཏུ་བསྡོམས་ནས་སྒོ་ཁྱིམ་ལ་ཨཾ་གི་དགུ་པའི་མཚན་མ་ཡོད་པ་རྣམས་དེད་པས་ངོར་ཆེན་རྡོ་རྗེ་འཆང་གི་གདན་ས་དགུ་པ་དཀོན་མཆོག་ལྷུན་གྲུབ་པས་གསན་ལྟར་རྟོགས་པ་དང༌། ཨཾ་གི་ཉེར་བཞི་པའི་མཚན་མ་ཡོད་པ་རྣམས་དེད་པས་གདན་ས་ཉེར་བཞི་པ་སངས་རྒྱས་ཕུན་ཚོགས་པས་གསན་ལྟར་རྟོགས་པར་འགྱུར་ལ། གཞན་པཎ་ཆེན་ནམ་མཁའ་དཔལ་བཟང༌། མཁས་གྲུབ་དཔལ་ལྡན་དོན་གྲུབ། ངག་དབང་བརྟན་པའི་རྡོ་རྗེ། མཁན་ཆེན་བཟང་པོ་རྒྱལ་མཚན་སོགས་ཀྱིས་གསན་པའི་ལུང་རྒྱུན་ནི་བརྒྱུད་པའི་ཁ་སྐོང་མ་གཏོགས་པ་ཡན་ཆད་དཀོན་མཆོག་ལྷུན་གྲུབ་པའི་གསན་ཡིག་ཇི་ལྟ་བ་བཞིན་ཡིན་ནོ། །རྟགས་གང་ཡང་མེད་པ་རྣམས་ནི་གསན་ཡིག་ན་མེད་ཀྱང༌། གླེགས་བམ་གྱི་གྲགས་སུ་སྔར་ཡོད་པ་དང་ཕྱིས་རྙེད་པ་གསར་འཛུད་ཞུས་པ་རྣམས་ཡིན་པས། སླར་འདི་དག་གི་ལུང་རྒྱུན་བརྒྱུད་པ་ཡིད་ཆེས་པ་ལས་བཙལ་ཏེ་རྒྱ་ཆེར་སྤེལ་དགོས་སོ་ཞེས་པའི་དོན་ཡིན་ནོ། །སྨྲས་པ། རྒྱས་བཤད་དཀར་ཆག་ངོས་སུ་ཕྲ་ཞིབ་ཆོས། །གཏན་ལ་འབེབས་ནུས་རིག་པ་བདག་མེད་རྫུན། །ཡང་ན་ཤེས་རབ་རང་རྩལ་མ་འགགས་གདངས། །ཤེས་བྱའི་གནས་ལ་ཆགས་བྲལ་ཙམ་ཞིག་ངེས། །གསུང་རབ་དད་པའི་མེ་ལྕེས་ཡིད་ཀྱི་ཆུ། །བསྐོལ་བའི་ཤུགས་ཀྱིས་མིང་ཚིག་ཡི་གེའི་ཚོགས། །འདུས་པའི་དཔའ་རླབས་ལང་ལིང་འཕྱུར་བའི་རྩེར། །དཀའ་གནས་ལྦུ་དཀར་འཛུམ་པའི་ལྟད་མོ་བྱུང༌། །འདི་མཐོང་རྒྱུས་མེད་མགོ་བོ་མགོར་བྱེད་པའི། །རྨོངས་པ་སྐྱེངས་ཏེ་མ་བཟོད་འདྲེས་ཆེ་བའི། །གྲོགས་འདིས་ད་ནས་བདག་ཅག་སྤངས་སོ་ཞེས། །སྐྱོ་བའི་ཟོལ་གྱིས་ཡུལ་གཞན་འཁྱམས་པ་བཞིན། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།  །།གསུམ་པ་བརྒྱུད་པའི་ངོས་གཟུང་གི་སྒོ་ནས་མཇུག་བསྡུས་བ་ལ་གཉིས་ཀྱི་དང་པོ་གོང་མ་ཡབ་སྲས་གསུམ་པའི་གསུང་རབ་རྣམས་ཀྱི་ལུང་དང་གླེགས་བམ་དང་པོ་ནས་ཕྱོགས་གཅིག་ཏུ་བསྡེབས་པ་མ་བྱུང་བ་ལ། དུས་ཕྱིས་བླ་མ་དཔལ་ལྡན་སེང་གེའི་ཐུགས་དགོངས་རྫོགས་པའི་ཕྱིར་དུ་ཆོས་རྗེ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ་པའི་བཀས་བསྐུལ་ཏེ། མཁན་པོ་ཤེས་རབ་རྡོ་རྗེ་དང༌། དབུས་པ་རིན་རྒྱལ་གཉིས་ཕྱོགས་ཀུན་ཏུ་བཏང་སྟེ། ལུང་སུ་ཡོད་ལས་ཞུས་ཤིང་དཔེ་རྣམས་ཕྱོགས་གཅིག་བསྡེབས་པས་ན། ལུང་ཐམས་ཅད་ཕྱོགས་གཅིག་ནས་བརྒྱུད་པ་མེད་མོད། འོན་ཀྱང་མཁན་པོ་ཤེས་རབ་རྡོ་རྗེས་བླ་མ་སོ་སོ་ལས་གསན་པའི་བརྒྱུད་པ་ནི་ལམ་འབྲས་སོགས་ལམ་སྐོར་དགུ། ལམ་གཅེས་བསྡུས་དང་བཅས་པའི་བརྒྱུད་པ་ནི་རྗེ་ས་ཆེན། བསོད་ནམས་རྩེ་མོ། རྗེ་བཙུན་པ། ཆོས་རྗེ་པ། འཕགས་པ། དགའ་ལྡན་པ་ཀུན་བསོད། དཔལ་ལྡན་སེང་གེ ཆོས་རྗེ་བསོད་ནམས་རྒྱལ་མཚན། དེས་ཤེར་རྡོར་ལའོ། །ཡང་ན་འཕགས་པ། ཞང་དཀོན་མཆོག་དཔལ། ན་བཟའ་བྲག་ཕུག་པ། ཆོས་རྗེ་བསོད་ནམས་རྒྱལ་མཚན་པ་ལའོ། །ཡང་ན་ཆོས་རྗེ་ས་པཎྜི་ཏ། ཚོགས་སྒོམ་པ། ཉན་ཆེན་པ། བྲག་ཕུག་པ། དཔལ་ལྡན་སེང་གེ དེ་གཉིས་ལས་ཆོས་རྗེ་བསོད་ནམས་རྒྱལ་མཚན་པས་གསན་ནོ། །འོན་ཀྱང་གསུང་ངག་རིན་པོ་ཆེའི་སྐོར་རྣམས་ཉམས་ཁྲིད་མ་གཏོགས། བཀླག་ལུང་བྱེད་པའི་སྲོལ་མེད་དོ་ཞེས་ངོར་ཆེན་རྡོ་རྗེ་འཆང་གིས་གསན་ཡིག་རྒྱ་མཚོ་ལས་གསུངས། རྒྱུད་སྡེ་སྤྱིའི་སྟོང་ཐུན། དག་ལྡན། མངོན་རྟོགས་ལྗོན་ཤིང༌། གུར་གྱི་ས་བཅད། གུར་རྒྱན་རྣམས་ས་ཆེན། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་པ། ཆོས་རྗེ་པ། ཞང་མདོ་སྡེ་དཔལ། འཇམ་སྐྱ། དཔལ་ལྡན་སེང་གེ ཆོས་རྗེ་བླ་མ་དམ་པ། ཤེར་རྡོར་རོ། །ནག་པོ་པའི་དཀྱིལ་ཆོག དེའི་ཊཱི་ཀ ནཱ་རོ་མཁའ་སྤྱོད་ཀྱི་སྒྲུབ་ཐབས། མེ་ཏཱི་མཁའ་སྤྱོད་ཀྱི་སྒྲུབ་ཐབས། རྫོགས་རིམ་རྩ་དབུ་མ། ལམ་གྱི་ཡན་ལག་པྲ་ཕབ་པ། གནོད་སྦྱིན་མོའི་སྒྲུབ་ཐབས། ཚངས་པའི་བུ་མོའི་སྒྲུབ་པ། པདྨ་པ་ཏིའི་མན་ངག ཁོལ་པོ་པ་ཏིའི་མན་ངག སྨན་ཆེན་པོའི་བཅུད་ལེན། མེ་ཏྲཱི་མཁའ་སྤྱོད་ཀྱི་རྗེས་གནང་རྣམས་བྲག་ཕུག་པ། ཆོས་རྗེ་བསོད་ནམས་རྒྱལ་མཚན་པ། ཤེར་རྡོར་རོ། །སྒྲོལ་མ་སྤྱི་སྒྲུབ། སོ་སོའི་སྒྲུབ་ཐབས། བསྟོད་པ་འདོན་ཐབས། ཉི་སྦས་པས་མཛད་པའི་ཕྱག་འཚལ་ཉེར་གཅིག་གི་སྒྲུབ་ཐབས་ལས་ཚོགས་དང་བཅས་པའི་ཊཱི་ཀ ས་ཆེན་གྱིས་མཛད་པའི་ལྷ་བཅུ་བདུན་མའི་དཀྱིལ་ཆོག་རྣམས་རིན་ཆེན་བསོད་ནམས་གྲགས་པ། ཆོས་རྗེ་བསོད་ནམས་པ། ཤེར་རྡོར་རོ། །སྒྲོལ་མའི་བསྟོད་སྒྲུབ་གཉིས་ཀྱི་བརྒྱུད་པ་ནི། ཉི་སྦས། ཏི་ལོ། ནཱ་རོ། ནག་པོ་པ། གུ་རུབ་ལོ་ཙཱ་བ། རོང་པ། བྲང་ཏི་དར་མ་སྙིང་པོ། བླ་མ་ས་ཆེན། མཆིམས་ཁུ་དབོན་གཉིས། བླ་མ་འཇམ་གསར། ལྕེ་མདོ་སེང༌། བླ་མ་རྒ་ལོ། རོང་པ་ཤེར་སེང༌། རིན་ཆེན་བསོད་ནམས་གྲགས་པ་མན་ཆད་གོང་དང་འདྲ། དཀྱིལ་ཆོག་གི་བརྒྱུད་པ་ནི། སྒྲོལ་མ། ཀླུ་སྒྲུབ། ཉི་མ་སྦས་པ། སླ་ན་ཤྲཱི། མཉྫུ་ཤྲཱི། མལ་ལོ་ཙཱ་བ། ས་ཆེན་པ། མཆིམས་ཆོས་སེང༌། མཆིམས་བློ་བརྟན། བླ་མ་འཇམ་གསར། སྲིའུ། རྗེ་བཙུན་རྒ་ལོ། ཤེར་སེང༌། རིན་ཆེན་བསོད་ནམས་གྲགས་པ་མན་ཆད་སྔར་དང་འདྲ། སྒྲོལ་མ་མཎྜལ་བཞི་མའི་བརྒྱུད་པ་ནི། མཁན་པོ་ཤེས་རབ་རྒྱལ་མཚན། གྲུབ་པ་དཔལ་བཟང་པོ། བླ་མ་བཟང་པོ་པ། ཆོས་རྗེ་བསོད་ནམས་རྒྱལ་མཚན་མན་གོང་དང་འདྲ། རྣམ་འཇོམས་བྱ་བ་བསྲུང་དང་བཅས་པ། དཔལ་ལྡན་པ། ཆོས་རྗེ་བསོད་ནམས་པ་མན་འདྲའོ། །ས་ཆེན་པའི་རྒྱུད་སྡེ་སྤྱིའི་རྣམ་གཞག བརྟག་གཉིས་ཀྱིས་བཅད། ཊཱི་ཀ བདེ་མཆོག་རྩ་རྒྱུད་ཀྱི་ལེ་འབྲེལ། ས་བཅད། མལ་ལོའི་གསུང་ལ་ཟིན་བྲིས་བྱས་པའི་ཊཱི་ཀ་ཆེ་བ། འཇིགས་བྱེད་རྟོག་བདུན་གྱི་ཊཱི་ཀ་ཆེ་བ་རྣམས་བླ་མ་ས་ཆེན། གན་པ་སྟོན་དར། གན་པ་སོ་སྟོན། གན་པ་ཆོས་རྒྱལ། གན་པ་རིན་རྒྱལ། བླ་མ་ཡེ་ཤེས་དཔལ། ཤེར་རྡོར་རོ། །རྗེ་བཙུན་རྩེ་མོའི་སཾ་པུ་ཊའི་ཊཱི་ཀ རྗེ་བཙུན་པའི་རབ་གནས་དོན་གསལ། ཧེ་རུ་ཀའི་ཆས་དྲུག གཏོར་མ་བརྒྱ་རྩ་རྣམས་བསོད་ནམས་རྩེ་མོ། རྗེ་བཙུན་པ། པཎ་ཆེན་པ། ཞང་མདོ་སྡེ་དཔལ། འཇམ་སྐྱ། དཔལ་ལྡན་པ། ཤེར་རྡོར་རོ། །སྒྲོལ་མ་ཞི་ཁྲོའི་སྒྲུབ་ཐབས་ནི། རྗེ་བཙུན་པ། པཎ་ཆེན་པ། ཤར་པ་ཤེར་འབྱུང༌། ཡེ་ཤེས་འབྱུང་གནས་རྒྱལ་མཚན། དཀོན་མཆོག་འབྱུང་གནས། བདེ་བ་ཅན་པ་ཡེ་ཤེས་མགོན། སེང་གེ་རྒྱལ་མཚན། ཤེར་རྡོར་རོ། །རྗེ་བཙུན་རྩེ་མོའི་མི་གཡོ་བའི་ཆུ་བསྲུང་ནི། རྗེ་བཙུན་སྐུ་མཆེད། ཆོས་རྗེ་པ། མདོ་སྡེ་དཔལ། ལོ་མཆོག བག་སྟོན། ཤེར་རྡོར་རོ། །ཀུ་རུ་ཀུལླེའི་སྒྲུབ་ཐབས་ནི། རྗེ་བཙུན་པ། ཆོས་རྗེ་པ། འུ་ཡུག་པ་བསོད་སེང༌། སྲུ་ལུང་པ་ཀུན་སྨོན། ལ་རུ་པ་ཡོན་ཏན་དཔལ། དགའ་ལྡན་པ་ཀུན་བསོད། བག་སྟོན། ཤར་རྡོར་རོ། །གཉན་གྱི་སྒྲོལ་མ་ཡན་ལག་དྲུག་པ་ནི། རྗེ་བཙུན་ཆེན་པོ། པཎ་ཆེན་པ། ཤར་པ་སྐུ་མཆེད། འཇམ་དབྱངས་ཆེན་པོ། བག་སྟོན་མན་འདྲའོ། །དུར་ཁྲོད་བདག་པོའི་སྒྲུབ་ཐབས་ནི། བྱང་ཆེན་པ། བག་སྟོན་མན་འདྲའོ། །མ་རྒྱུད་ཀྱེའི་རྡོ་རྗེའི་སྦྱོར་དྲུག་ཡང༌། གཞོན་ཚུལ་མན་ཆད་འདྲའོ། །རྡོ་རྗེ་འབྱུང་བའི་ཊཱི་ཀ་ནི། རྗེ་བཙུན་པ། ཆོས་རྗེ་ཁུ་དབོན། སྲུ་ལུང་པ་ཀུན་སྨོན། ཞང་དཀོན་མཆོག་དཔལ། སློབ་དཔོན་རིན་ཆེན་དཔལ། བླ་མ་རྒྱལ་བ་དཔལ། བླ་མ་ཐོགས་མེད་པ། ཤེར་རྡོར་རོ། །དོན་ཞགས་ཀྱི་ལོ་རྒྱུས། ས་བཅད་རྒྱུད་ཆུང་གི་ཊཱི་ཀ ལག་ཏུ་བླང་བའི་རིམ་པ་རྣམས་རྗེ་བཙུན་པ། ཆོས་རྗེ་པཎ་ཆེན་པ། གཙང་སོ་ཞོར་བ། ལ་རུ་པ། གྲགས་ཆེན་པ། འཕགས་འོད། བུ་སྟོན་རིན་པོ་ཆེ། མཁན་ཆེན་དྭངས་མ་པ། ཤེར་རྡོར་རོ། །དྲིལ་བུ་པའི་དབང་ཆུ། སྒྲུབ་ཐབས་གཉིས། པཎ་ཆེན་པ་མན་གཞན་དང་འདྲ་ཞིང༌། དེས་བོ་དོང་རིན་པོ་ཆེ། ཁྲོ་ཕུ་རིན་པོ་ཆེ། ཡང་རྩེ་བ་རིན་ཆེན་སེང་གེ ཀུན་མཁྱེན་རིན་ཆེན་གྲུབ། རིན་པོ་ཆེ་བསོད་ནམས་གྲགས་པ་མན་སྔར་བཞིན་ནོ། །སྡོམ་པ་ཉི་ཤུ་པའི་ཊཱི་ཀ མཚན་བརྗོད་འདོན་ཐབས་རྣམས་རྗེ་བཙུན། ས་པཎ། མཁན་ཆེན་བྱང་ཆུབ་དཔལ། བདེ་བ་དཔལ། བཀའ་བཞི་གྲགས་གཞོན། རིན་པོ་ཆེ་བསོད་ནམས་གྲགས་པ། མཁན་ཆེན་གཞོན་ནུ་མགོན། ཤེར་རྡོར་རོ། །ཀྱེའི་རྡོ་རྗེའི་དབང་ཆུ་ཆེན་མོ། དབང་ཆོག་ནས་གླིང་མ། ཆོས་ལ་འཇུག་པའི་སྒོ། བྱིས་པ་བདེ་བླག་ཏུ་འཇུག་པ་དང༌། མངོན་རྟོགས་ཡན་ལག་དྲུག་པ། བདག་མེད་མངོན་རྟོགས། ལཱུ་ཧི་པའི་མངོན་རྟོགས་གསུམ། ཕག་མོ་ཞལ་གཉིས་མའི་སྒྲུབ་ཐབས། སྔགས་ཀྱི་བྱིན་རླབས། ལས་བཅུ། མཆིམས་ཆོས་སེང་ལ་སྤྲིང་ཡིག གཞན་ཕན་ཉེར་མཁོ། ཨརྒའི་ཆོ་ག ཁ་འབར་མའི་གཏོར་ཆེན་རྣམས་པཎྜི་ཏ། འཕགས་པ། འཇམ་རྒྱལ། བླ་མ་ཨ་མོ་གྷ། ཤེར་རྡོར་རོ། །དྲིལ་བུ་པའི་ལོ་རྒྱུས། རིམ་ལྔ། ཚེས་བཅུའི་མཆོད་པ། ངེས་བརྗོད་བླ་མའི་འཁྲུལ་འཁོར་བྲི་ཐབས་རྣམས་སྟོད་ལོ། །སློབ་དཔོན་ཨ་མོ་གྷ། ཤེར་རྡོར་རོ། སྒྲོལ་མ་ཕྱག་འཚལ་ཉེར་གཅིག་གི་ས་བཅད། ཊཱི་ཀ ཉི་མ་སྦས་པའི་ཉེར་གཅིག་མའི་ལས་ཚོགས་དང་ས་གཅོད་རྣམས་རྗེ་བཙུན་པ། བླ་མ་ཐུབ་པ་མགོན། ཨ་མོ་གྷ། ཤེར་རྡོར་རོ། །རིགས་གསུམ་སྤྱིའི་རིགས་གཏད། ཨ་ར་པ་ཙ་ནའི་མངོན་རྟོགས། དཀྱིལ་ཆོག་རྣམས་ཀྱང་གོང་དང་འདྲའོ། །དཔའ་བོ་གྲུབ་པའི་རྒྱུད་ཀྱི་ཊཱི་ཀ་ནི། རྗེ་བཙུན་པ། ཆོས་རྗེ་པ། ཤོང་པ་བསོད་རིན། སློབ་དཔོན་གཟུངས་འདུས། རིན་པོ་ཆེ་བསོད་ནམས་དབང་ཕྱུག ཤེར་རྡོར་རོ། །བརྟག་གཉིས་ཀྱི་ཊཱི་ཀ་རྣམ་བཤད་ཉི་མའི་འོད་ཟེར། ཆོས་རྗེ་ཁུ་དབོན། དེ་གཉིས་ཀ་ལས་ཤོང་པ་བསོད་རིན། སྲས་ཀུན་རིན། ཤེར་རྡོར་རོ། །རབ་གནས་བཟང་པོ་དྲུག དུས་ཐ་མའི་ཆོ་ག བསྟོད་པ་དཎྜ་ཀ ཀྱེ་རྡོར་དཀྱིལ་འཁོར་གྱི་བཀྲ་ཤིས་རྣམས་འཕགས་པ་རིན་པོ་ཆེ། ཅོག་རོ་སྟོན་གཞོན། ཆོས་བརྩོན། སངས་རྒྱས་རིན་ཆེན། ཤེར་རྡོར་རོ། །འདོད་རྒྱལ་དམར་པོའི་སྒྲུབ་ཐབས། རྡོ་རྗེ་མྱུ་གུས་མཛད་པའི་ཊཱི་ཀ ས་ཆེན། རྗེ་བཙུན་པ། པཎ་ཆེན། ཁམས་པ་དབོན་པོ། རྗེ་བཙུན་རྒ་ལོ། ཨཱ་ཀ་ར། སངས་རྒྱས་རིན་ཆེན། ཤེར་རྡོར་རོ། །ཚོགས་བདག་གི་སྒྲུབ་ཐབས་ཆེ་ཆུང༌། རྗེ་བཙུན་པ། པཎ་ཆེན་པ། སྐྱོབ་པ་དཔལ། གཞོན་ནུ་བཀྲ་ཤིས། རྡོ་རྗེ་དཔལ། གུ་རུབ་ཤེར་རིན། སངས་རྒྱས་རིན་ཆེན་མན་འདྲའོ། །ཀྱེའི་རྡོ་རྗེའི་མངོན་རྟོགས་རྒྱས་པ་ཆོས་རྗེ་བསོད་རྒྱལ། ཤེར་རྡོར་རོ། །གླུའི་བཤད་པ་ལ་སོགས་པ་མངོན་རྟོགས། བསྟོད་པ་ལ་སོགས་པ་དྲུག་ཅུ་རྩ་དགུའི་བརྒྱུད་པ། ས་ཆེན་པ་ཡབ་སྲས་གསུམ། ཆོས་རྗེ་པཎ་ཆེན་པ། དམར་ཆོས་རྒྱལ། གཞོན་ནུ་རྒྱལ་མཚན། བཀའ་བཅུ་པ་གཞོན་ནུ་སེང་གེ ཤེར་རྡོར་རོ། །གཉེན་གྱི་སྒྲོལ་མ་ཡན་ལག་དྲུག་པའི་བརྒྱུད་ལུགས་གཅིག་ནི། ཀླུ་སྒྲུབ་ནས། སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། དཔལ་བདེ་བ། བི་མ་ལ་གུཔྟ། རིན་ཆེན་རྡོ་རྗེ། རིན་ཆེན་གྲགས་པ། རི་སུལ་གྱི་རྣལ་འབྱོར་མ། གཉེན་ལོ་ཙཱ་བ། གནང་ཁའུ་པ། རྗེ་ས་ཆེན། རྗེ་བཙུན་པ། ཆོས་རྗེ་པ། བྱང་ཆུབ་དཔལ། བདེ་བ་དཔལ། བཀའ་བཞི་པ་གྲགས་པ་གཞོན་ནུ། རིན་ཆེན་བསོད་ནམས་གྲགས་པ། རིན་ཆེན་གྲགས་ཚུལ་བ། དེ་ལས་མཁན་པོ་ཤེས་རབ་རྡོ་རྗེས་ཞུས་སོ། །དེ་ནས་མཁན་ཆེན་རྒྱལ་བ་བཟང་པོ། མཁན་ཆེན་བྱང་ཆུབ་སེང་གེ ཐམས་ཅད་མཁྱེན་པ་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག ཡོངས་འཛིན་དཀོན་མཆོག་འཕེལ། དཔལ་ས་སྐྱ་པ་འཇམ་དབྱངས་ཀུན་དགའ་བསོད་ནམས། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། ཤར་ཁང་པ་ཤེས་རབ་རྒྱལ་མཚན། པཎ་ཆེན་ནམ་མཁའ་དཔལ་བཟང༌། བྱམས་པ་ཀུན་དགའ་བཀྲ་ཤིས། མཚུངས་མེད་ནམ་མཁའ་སངས་རྒྱས། རིན་པོ་ཆེ་དཔལ་མཆོག་རྒྱལ་མཚན། དེ་ནས་མཁས་གྲུབ་སངས་རྒྱས་ཕུན་ཚོགས་ལའོ། །ཡང་ན་ཡོངས་འཛིན་དཀོན་མཆོག་འཕེལ། རྗེ་ལྷ་མཆོག་སེང་གེ དཀོན་མཆོག་ལྷུན་གྲུབ། ཤར་པ་མན་འདྲ། ཡང་ན་དཀོན་མཆོག་ལྷུན་གྲུབ། དཀོན་མཆོག་དཔལ་ལྡན། བྱམས་པ་ཀུན་དགའ་བཀྲ་ཤིས་མན་འདྲའོ།།  །།གཉིས་པ་ཆོས་རྗེ་ཁུ་དབོན་གཉིས་ལས། དང་པོ་ས་སྐྱ་པཎྜི་ཏའི་བཀའ་འབུམ་གྱི་བརྒྱུད་པ་ནི། ས་སྐྱ་པཎྜི་ཏ། འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ་བསོད་ནམས་དཔལ། བླ་མ་དོན་ཡོད་རྒྱལ་མཚན། སློབ་དཔོན་འདུལ་འཛིན། ཆོས་རྗེ་བྱང་སེང་བ། ཤར་ཆེན་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག ཡོངས་འཛིན་དཀོན་མཆོག་འཕེལ། ས་སྐྱ་པ་འཇམ་དབྱངས་ཀུན་དགའ་བསོད་ནམས། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། རྗེ་ཤར་ཁང་པ་ཤེས་རབ་རྒྱལ་མཚན། པཎ་ཆེན་ནམ་མཁའ་དཔལ་བཟང༌། བྱམས་པ་ཀུན་དགའ་བཀྲ་ཤིས། རྗེ་ནམ་མཁའ་སངས་རྒྱས། ཐམས་ཅད་མཁྱེན་པ་དཔལ་མཆོག་རྒྱལ་མཚན། དེ་ནས་མཁས་གྲུབ་སངས་རྒྱས་ཕུན་ཚོགས་ལའོ། །ཡང་ན་འཇམ་དབྱངས་ཀུན་དགའ་བསོད་ནམས་ནས། ཤར་ཁང་པ་ཤེས་རབ་རྒྱལ་མཚན་མན་འདྲའོ། །ཡང་ན་དཀོན་མཆོག་འཕེལ། རྗེ་ལྷ་མཆོག་སེང་གེ ཤར་ཁང་པ་ཤེས་རབ་རྒྱལ་མཚན། པཎ་ཆེན་ནམ་མཁའ་དཔལ་བཟང་མན་འདྲའོ།།  །།གཉིས་པ་འགྲོ་བའི་མགོན་པོ་འཕགས་པ་རིན་པོ་ཆེའི་བཀའ་འབུམ་གྱི་བརྒྱུད་པ་ནི། འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ་བསོད་ནམས་དཔལ། བླ་མ་དོན་ཡོད་རྒྱལ་མཚན། སློབ་དཔོན་འདུལ་འཛིན། ཆོས་རྗེ་བྱང་སེང་བ། ཤར་ཆེན་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག ཡོངས་འཛིན་དཀོན་མཆོག་འཕེལ། ས་སྐྱ་པ་འཇམ་དབྱངས་ཀུན་དགའ་བསོད་ནམས། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། པཎ་ཆེན་ནམ་མཁའ་དཔལ་བཟང༌། བྱམས་པ་ཀུན་དགའ་བཀྲ་ཤིས། རྗེ་བཙུན་ནམ་མཁའ་སངས་རྒྱས། ཐམས་ཅད་མཁྱེན་པ་དཔལ་མཆོག་རྒྱལ་མཚན། མཁས་གྲུབ་སངས་རྒྱས་ཕུན་ཚོགས། ཡང་ན་དཀོན་མཆོག་ལྷུན་གྲུབ་ནས། ཤར་ཁང་པ་ཤེས་རབ་རྒྱལ་མཚན། ནམ་མཁའ་དཔལ་བཟང་མན་འདྲའོ། །ཡང་བཀའ་འབུམ་གྱི་བརྒྱུད་པ་ལུགས་གཅིག་ནི། འཕགས་པ་རིན་པོ་ཆེ། དགའ་ལྡན་པ་བཀྲ་ཤིས་དཔལ། དགའ་ལྡན་པ་ཀུན་བསོད། བླ་མ་དཔལ་ལྡན་སེང་གེ བླ་མ་དོན་ཡོད་རྒྱལ་མཚན་མན་འདྲའོ། །ཡང་ན་དཀོན་མཆོག་འཕེལ། རྗེ་ལྷ་མཆོག་སེང་གེ དཀོན་མཆོག་ལྷུན་གྲུབ་མན་འདྲའོ།།  །།སྨྲས་པ། སྐལ་དམན་ལྷ་མིན་མྱང་ཁོམ་མ་བྱུང་བའི། །བཀའ་སོལ་བདུད་རྩི་མཁས་མང་སྔོན་གྱི་ལྷས། །བླངས་ཏེ་བཤད་སྒྲུབ་སྙིམ་པས་སྤེལ་བའི་རྒྱུན། །དེ་འཛིན་ལྷ་རྣམས་ཐར་པའི་བཅུད་ལྡན་འགྱུར། །ཡིད་ལ་ཐར་པ་འདོད་ཀྱང་ཐོབ་བྱེད་ཆོས། །མ་ཤེས་ཟོག་པོའི་ངག་སྒྲོས་བསྒུགས་པའི་ཚེ། །བདེན་གཉིས་ཟུང་འཇུག་བསྟན་པའི་ལམ་འདི་དང༌། །སྟོན་བྱེད་བླ་མ་ཕྲད་རྣམས་ཨ་རེ་འཚེང༌། །ཚེ་འདིའི་དགོས་འདོད་འབྱུང་བའི་ནོར་བུ་ཞིག །དབུལ་པོས་རྙེད་ལ་དགའ་སྤྲོ་བྱེད་ན་དེང༌། །ཚེ་རབས་གཏན་གྱི་དགོས་འདོད་སྒྲུབ་པའི་ཐབས། །འདི་ལ་དགའ་དང་གུས་པ་སུ་མི་བྱེད། །དཔལ་ས་སྐྱའི་རྗེ་བཙུན་གོང་མ་ལྔའི་གསུང་རབ་རིན་པོ་ཆེའི་པར་གྱི་སྒོ་འཕར་འབྱེད་པའི་དཀར་ཆག་འཕྲུལ་གྱི་ལྡེ་མིག་ལས། འཇུག་པ་བདེ་བའི་ཆེད་དུ་བརྩམས་པའི་བསྟན་བཅོས་ངོས་གཟུང་བའི་སྐབས་ཏེ་གཉིས་པའོ།།  །།སྤྱི་དོན་གསུམ་པ་བསྟན་པ་རྒྱས་པའི་ཆེད་དུ་ཆོས་སྦྱིན་པར་དུ་བསྒྲུབ་ཚུལ་ལ་གསུམ་སྟེ། པར་དུ་བསྐུལ་བའི་གང་ཟག པར་དུ་སྒྲུབ་པའི་སྦྱིན་བདག སྒྲུབ་པའི་གྲོགས་དང་གནས་དུས་སོ། །དང་པོ་ནི། དེ་ལྟར་དཔལ་ས་སྐྱའི་རྗེ་བཙུན་གྲུབ་པའི་དབང་ཕྱུག་ཆེན་པོ་རྣམ་པ་ལྔའི་གསུང་རབ་རིན་པོ་ཆེ་འདི་རྣམས་ནི། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བགྲོད་པར་བྱ་བའི་འཇུག་ངོགས། མདོ་རྒྱུད་བསྟན་བཅོས་ཐམས་ཅད་ཀྱི་དགོངས་དོན་མ་ལུས་པ་གསལ་བར་བྱེད་པའི་སྒྲོན་མེ། ལོག་པར་རྟོག་པའི་གྲུབ་མཐའ་ངན་པའི་རི་བོ་རྣམ་པར་འཇོམས་པའི་རྡོ་རྗེ། བློ་དང་ལྡན་པ་རྣམས་གཞུང་ལུགས་རྒྱ་མཚོའི་ཕ་རོལ་ཏུ་སྒྲོལ་བར་བྱེད་པའི་དེད་དཔོན། མི་གནས་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཇུག་པ་རྣམས་ཀྱི་ཐེམ་སྐས། ཡེ་ཤེས་ཀྱི་མཁའ་འགྲོ་རྡོ་རྗེ་བདག་མེད་མ་དང༌། དཔལ་ལྡན་བི་རཱུ་པ་ལ་སོགས་པ་གྲུབ་པའི་འཁོར་ལོས་སྒྱུར་བ་བརྒྱུད་པ་དང་བཅས་པའི་ཐུགས་བཅུད། ཆོས་བདག་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱིས་པདྨའི་དྲི་ལ་བུང་བ་འཁོར་བ་བཞིན་དུ་བསྲུངས་པའི་ཟབ་ཆོས་འདི་རྣམས་ཤིན་ཏུ་གཉེན་པས་མང་དུ་སྤེལ་བ་ལྟ་ཞོག སྣོད་དང་མི་ལྡན་པ་རྣམས་ལ་དམ་དུ་སྦ་ཞིང་གསང་དགོས་པ་ཡིན་ནའང༌། སྡེ་སྣོད་གསུམ་དང་རྒྱུད་སྡེ་ཟབ་མོ་དགོངས་འགྲེལ་བཅས་པའི་འགྱུར་རོ་འཚལ་རྣམས་ཉན་པ་དང་བཤད་པ་དང་སྒོམ་པས་ཉམས་སུ་ལེན་པ་ལ་སོགས་པའི་ཚེ་ན། ལུང་དང་རིགས་པ་དང་རྗེས་སུ་གདམས་པ་སྟེ། མཚན་ཉིད་གསུམ་མམ་གཉིས་གང་རུང་དང་ལྡན་པ་དང༌། དེ་རྣམས་ཀྱི་ནང་ནས་ཀྱང་ཡིད་ཆེས་པའི་ལུང་དང་བརྒྱུད་པ་ཁུངས་ཐུབ་ལས་འོངས་པའི་གདམས་པ་གཙོ་ཆེ་སྟེ། ཤིན་ཏུ་ལྐོག་གྱུར་ལ་སྤྱོད་པ་ལ་ལུང་ཉིད་ཚད་མ་ཡིན་པའི་ཕྱིར་དང༌། ལུང་དོན་མན་ངག་བརྒྱུད་པའི་ངག་འགྲོས་ཀྱིས་མ་བརྒྱན་ན། ལམ་གང་ལའང་བདེ་བར་ཉམས་སུ་མི་ལེན་པ་དུ་མ་ཡོད་པའི་ཕྱིར་དང༌། ལུང་ཚིག་ལ་ཡང་ཇི་བཞིན་མིན་པ་སོགས་ལ་སྒྲ་ཇི་བཞིན་པ་སོགས་སུ་མངོན་པར་ཞེན་ནས་འཁྲུལ་པའང་མང་པོ་ཡོད་དེ། ཟླ་གྲགས་ཀྱིས། མཐའ་དྲུག་བྲལ་བས་ངེས་པར་རྟོགས་ཞེས་གང་སྨྲས་པ། ཟླ་བ་ལྟ་འདོད་སོར་མོའི་རྩེ་ལ་བལྟ་དང་མཚུངས། །ཞེས་གསུངས་པས་སོ། །དེ་བས་ན་རྒྱལ་བའི་དགོངས་དོན་མཐའ་དྲུག་ཚུལ་བཞི་ལ་སོགས་པའི་དོན་གཏན་ལ་ཕབ་སྟེ། གསལ་བར་སྟོན་པའི་བསྟན་བཅོས་ཆེན་པོ་འདི་ལྟ་བུ་ལ་ཡུན་རིང་དུ་སྦྱངས་ཤིང་ཁོང་དུ་ཆུད་པར་མ་བྱས་ན། གང་ཟག་ཕལ་ཆེར་གྱིས་འབད་པ་དོན་དུ་མི་འགྱུར་བའང་མང་དུ་ཡོད་པས་ན་དེ་དག་ལ་ཕན་པའི་ཕྱིར་དང༌། རྗེ་བཙུན་ས་སྐྱ་པའི་རིང་ལུགས་དྲི་མ་མེད་པ་འདི་ཉིད་ཀྱི་རྗེས་སུ་འཇུག་པའི་སློབ་གྲའི་སྐྱེ་བོ་བློ་གསལ་ཞིང་དོན་དུ་ཉེར་བ་རྣམས་ཀྱང་མདོ་སྨད་ཀྱི་ཕྱོགས་འདིར་བཀའ་འབུམ་གྱི་དཔེ་གྲས་དཀོན་པའི་དབང་གིས་ཉན་བཤད་ཀྱི་རྒྱུན་དང༌། ཀློག་འཛིན་བྱེད་པའི་སྲོལ་སོགས་ཉག་ཕྲར་སོང་བ་དེ་དག་ལའང་ཕན་པའི་ཕྱིར་དང༌། དེང་གི་དུས་ཀྱི་འགྲོ་བ་སྐལ་པ་དམན་པ་རྣམས་ནི་བསྟན་པ་རྣམ་དག་གི་རྗེས་སུ་འཇུག་པ་ཆེས་དཀོན་ཞིང༌། ཞུགས་པར་རློམ་པ་རྣམས་ཀྱང་སྡེ་སྣོད་དང་རྒྱུད་སྡེ་དང་དེ་དག་གི་དགོངས་འགྲེལ་ཚད་ལྡན་རྣམས་ཚིག་གི་ན་ཡ་ཙམ་ཡིན་པར་བསམས་ནས་རྣ་བས་ཐོས་པ་ཙམ་ཡང་དོན་དུ་མི་གཉེར་བར། དེ་དག་གི་དགོངས་པ་མི་ཤེས་པའི་གང་ཟག་སྤྱི་བརྟོལ་ཅན་རྣམས་ཀྱིས་ལུང་རིགས་གང་ལའང་མ་འབྲེལ་བའི་རང་བཟོའི་ཚིག་གང་དྲན་སྨྲས་པའི་རྗེས་སུ་འཇུག་ཅིང༌། ཉན་བཤད་སྒོམ་གསུམ་ཡང་དེ་ལྟ་བུ་ལ་བྱེད་པ་མང་ཞིང༌། རྨོངས་དད་ཅན་གྱི་སྙིང་མེད་རྣམས་ཀྱང་སྨིག་རྒྱུའི་ཆུ་ལ་རི་དྭགས་སྲེད་པ་ལྟར་དེ་དག་གི་རྗེས་སུ་འཇུག་པའི་འཇིག་རྟེན་རྨོངས་པ་དེ་དག་དངོས་དང་བརྒྱུད་ནས་མི་བསླུ་ངེས་པའི་ལམ་ཡང་དག་པ་དང་ཕྲད་པར་གྱུར་ན་ཅི་མ་རུང་སྙམ་པའི་བཅོས་མ་མ་ཡིན་པའི་ལྷག་བསམ་དཀར་པོས་རྒྱལ་བས་ལུང་བསྟན་པའི་རྒྱལ་ཚབ་ཆེན་པོ། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ཞེས་ཡོངས་སུ་གྲགས་པའི་གདུགས་དཀར་གྱི་གྲིབ་མར། ལྷ་དང་བཅས་པའི་འགྲོ་བ་མ་ལུས་པའི་ངལ་བསོའི་གནས་སུ་གྱུར་པ། གོང་དེའི་རྒྱུན་མི་འཆད་པའི་ཕྲིན་ལས་དཀར་པོའི་ཁུར་གྱིས་རྣམ་པར་ལྕི་བའི་གདན་ས་སུམ་ཅུ་པ། དགེ་སློང་བཀྲཾ་ཤིཾས་ལྷུནཾ་གྲུབཾ་ཅེས་འབོད་པའི་ངག་ནས། རྗེ་བཙུན་གོང་མའི་གསུང་རབ་འདི་རྣམས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འབྱུང་གནས། གཞུང་མང་པོ་ལ་སྦྱང་བ་དང༌། ལམ་ཡང་དག་པ་དོན་དུ་གཉེར་བ་རྣམས་ལ་མེད་ཐབས་མེད་པའི་ཆོས་ཡིན་པས། བར་དུ་བསྒྲུབས་ན་ལེགས་ཚུལ་གྱི་བསྐུལ་བའི་ཚིག་དགའ་ཐལ་ལོ། །སྨྲས་པ། དད་པ་གཡོན་ཅན་གྲོགས་ཀྱིས་དོན་མེད་བཏང༌། །ཆོས་དང་ཆོས་མིན་དཔྱོད་པའི་བློ་ནུས་བྲལ། །གཏི་མུག་ཆད་སྟོང་མཐའ་ལས་གྲོལ་དུས་མེད། །རྨོངས་ཆེན་སྐྱེ་བོ་སྐལ་མེད་སྙིང་རེ་རྗེ། །དེ་ཚེ་བཀྲ་ཤིས་དགེ་འབྱུང་ཨེ་ཝཾ་བའི། །ལྷུན་གྲུབ་རྒྱུན་མི་འཆད་པའི་ཕྲིན་ལས་ཀྱི། །རྗེས་འཇུག་བདག་གིས་བསྟན་དང་ལུས་ཅན་ལ། །ཕན་རེའི་ལྷག་བསམ་ཚིག་གིས་འདི་སྐད་བསྐུལ། །དགོས་དོན་ཟབ་རྒྱས་འཇམ་དབྱངས་རྣམ་ལྔའི་གསུང༌། །པར་དུ་བསྐྲུན་ན་དགའ་བའི་ཞུ་གསོལ་གདངས། །རབ་སྙན་འགའ་ཞིག་ས་སྤྱོད་མཆོག་གི་ཡིད། །འཕྲོག་འདོད་མགྲིན་པར་ཡིབས་ཏེ་གནས་པ་བཞིན། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།  །།གཉིས་པ་པར་དུ་སྒྲུབ་པའི་སྦྱིན་བདག་ནི། །སྔོན་དུས་འགྲོ་མགོན་འཕགས་པ་དང་སེ་ཆེན་གན་མཆོད་ཡོན་ནས་བཟུང༌། ད་ལྟའི་གོང་མ་ཆེན་པོ་འདི་ཉིད་བཅས་ཀྱི་ལས་ལུང་གི་བཀའ་ཐམ་ཆེན་མོ་རྣམས་སྔོན་གྱི་ཡབ་མེས་སྟོང་དཔོན་ཟླ་བ་བཟང་པོ་ནས་བཟུང་སྟེ་ཆོས་རྒྱལ་ཆེན་པོ་འདི་ཉིད་ཀྱི་བར་དུ་རིམ་པས་ཕེབས་ཤིང༌། སྡེ་བཞི་དང་དགེ་བཅུའི་འབྲས་བུ་ཕུན་སུམ་ཚོགས་པས་མངོན་པར་མཐོ་བའི་ཆབ་སྲིད་ཐ་གྲུ་ཡངས་པོ་ལ་དབང་སྒྱུར་བའི་གདན་ས་པ། ཆོས་དང་སྲིད་ཀྱི་མཁྱེན་དཔྱོད་མདའ་གཞུའི་འཁྲུལ་འཁོར་བསྐྱོད་པ་ཙམ་གྱིས། ཆོས་མིན་སྤྱོད་པ་དང་ཆབ་སྲིད་ལ་རྣམ་པར་འཚེ་བའི་ཕྱོགས་ཀྱི་དགྲ་སྡེ་མགྲིན་པ་བཅུ་པའི་མགོ་བོ་བྲེགས་ཏེ། བོད་ཆེན་ཡངས་པའི་ནོར་འཛིན་གྱི་ཡིད་འཕྲོག་སི་ཏཱ། དཔལ་འབྱོར་མཛེས་པའི་རྒྱན་དང་བཅས་པ། ལས་དབང་སྟོབས་ཀྱི་གྲོགས་པོ་ཧ་ནུ་མནྡའི་རྩལ་གྱིས་བླངས་ཏེ། རང་དབང་དུ་སྒྱུར་བའི་ཆོས་རྒྱལ་དགའ་བྱེད་ཆེན་པོ་སྟེ། མཚན་དངོས་བསྟན་པ་ཚེ་རིང་ཞེས་ཡུལ་གྲུ་ཆེན་པོ་ཀུན་ན་ཡོངས་སུ་གྲགས་པ། གོང་དེའི་ཞབས་སྟེགས་ནོར་བུ་བརྩེགས་པའི་བ་གམ་མཐོན་པོར་རིན་ཆེན་གདུབ་སིལ་མཛེས་པའི་ཞབས་ཟུང་རྣམ་པར་འགོད་ཚེ། བོད་ཆེན་ལྗོངས་ཀྱི་རྒྱལ་བློན་འབངས་དང་བཅས་པ་ཕལ་མོ་ཆེའི་གཙུག་གིས་གུས་པས་འདུད་ཀྱང་ཁེངས་པ་མི་མངའ་ཞིང༌། ཐུགས་རྒྱུད་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་འབྱོངས་པས་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟར་བརྩེ་ཞིང༌། ཁྱད་པར་མགོན་མེད་དང་ཕོངས་པ་དང་ནད་པ་སོགས་ནི་གང་ལ་གང་འོས་ཀྱི་དངོས་པོས་བསྐྱང་བ་དང༌། འཆི་ངེས་པའི་སེམས་ཅན་མང་པོའི་སྲོག་བསྲུང་བ་སོགས་དགེ་བ་བཅུ་དང་རྗེས་སུ་མཐུན་པའི་བཀའ་ཁྲིམས་ཀྱིས་མངའ་འབངས་ཐམས་ཅད་རྫོགས་ལྡན་དུས་ཀྱི་བདེ་སྐྱིད་གསར་པའི་དགའ་སྟོན་ལ་འགོད་ཅིང༌། བསྟན་པ་སྤྱི་དང་བྱེ་བྲག་རྗེ་ས་སྐྱ་པ་དང་ངོར་ཆེན་རྡོ་རྗེ་འཆང་ཡབ་སྲས་བརྒྱུད་པར་བཅས་པའི་བསྟན་པ་བླ་ནས་བླར་འདེགས་པའི་སྙིང་སྟོབས་གཞན་ལས་ཁྱད་པར་འཕགས་ཤིང༌། སླར་ཡང་དེ་ཉིད་རྣམ་པར་དཀར་པའི་བགྱི་བ་གསུམ་གྱི་སྒོ་ནས་ཞིང་འདིས་གཙོས་པའི་ཡུལ་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་པའི་ཆེད་དང༌། རང་ཉིད་ཀྱིའང་བླའི་མཆོད་གནས་ཀྱི་ཆེད་དུ་དམིགས་ཏེ། དཔལ་ཨེ་ཝཾ་ཆོས་ལྡན་ལ་སོགས་པའི་གདན་ས་ཆེན་པོ་རྣམས་ན་བཞུགས་པའི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་སྤྱན་དྲངས་ཏེ། དོན་ཡོད་རྣམ་པ་བཞིས་མཉེས་པར་མཛད་ཅིང༌། དེ་དག་ལས་འོངས་པའི་ཐུགས་བཅུད་རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་ཟབ་མོའི་བསྒོམ་བཟླས་ཀྱིས་ཉིན་མཚན་ཁོར་ཡུག་འདའ་བ་དང༌། བཀའ་འགྱུར་རོ་ཅོག་བཻཌཱུརྻའི་མཐིང་ཤུན་ལ་རིན་པོ་ཆེས་ཚར་མང་དུ་བཞེངས་ཤིང༌། སླར་ཡང་ཆོས་སྦྱིན་པར་དུ་བསྒྲུབས་པས་གཙོས་པའི་བདེ་བར་གཤེགས་པའི་རྟེན་གསུམ་བཞེངས་པ་དང༌། མཆོད་པའི་ཡོ་བྱད་བསྐྲུན་པ་སོགས་རྣམ་པར་དཀར་བའི་མཛད་སྤྱོད་གཏམ་དུ་གླེངས་ན་འཇིག་རྟེན་མེས་པོ་ཡང་ངལ་སྙམ་བྱེད་པ་ཁོ་ན་ཡིན་ཞིང༌། དེ་ལྟ་བུའི་ཆོས་རྒྱལ་ཆེན་པོ་དེ་ཉིད་ཀྱི་སྙན་དབང་རིན་པོ་ཆེར་པར་དུ་བསྒྲུབ་པའི་ཞུ་གསོལ་ཕུལ་ལོ། །དེ་ཉིད་གསན་པའི་མོད་ལ་ཐུགས་དགེས་པའི་རྣམ་འགྱུར་དུ་མ་དང་བཅས་ཏེ། བཞེད་དོན་ཇི་ལྟ་བ་བཞིན་དུ་བསྒྲུབ་བོ་ཞེས་ཞལ་གྱིས་བཞེས་པའི་བཀའ་གསལ་སྙན་པོས་གནྡྷ་རྦའི་གླིང་བུའི་ཁེངས་པ་ཡང་འཕྲོག་སྙམ་བྱེད་པར་གྱུར་ཏོ། །སྨྲས་པ། དེ་ཐོས་ས་སྐྱོང་བཞིན་ལས་སྔོན་མེད་འཛུམ། །བསྟན་ཏེ་བཞེད་དོན་བསྒྲུབ་པར་ཞལ་བཞེས་ཚེ། །རིང་གནས་མཁས་མང་རྣམ་ཤེས་རྣ་བའི་སྒོར། །དབང་མེད་རྒྱུག་སྟེ་མཉན་པ་ཡིན་ནམ་སྙམ། །ཆོས་མཐུན་ཡ་རབས་རྣམས་ནི་མ་བསྐུལ་ཡང༌། །རྟག་ཏུ་དགེ་བའི་ཕྱོགས་ལ་བརྩོན་བགྱིད་ན། །ཆོས་སྨྲའི་ངག་གི་དགེ་བསྐུལ་ཕན་ཡོན་ཅན། །དཀའ་ཡང་སྒྲུབ་པ་རང་གི་ཆོས་ཉིད་ཡིན། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།  །།གསུམ་པ་སྒྲུབ་པའི་གྲོགས་དང་གནས་དུས་ནི། དེ་ལྟ་བུའི་ས་སྤྱོད་བསྟན་པའི་སྦྱིན་བདག་ཆེན་པོས་ཆོས་སྦྱིན་པར་དུ་བསྒྲུབ་པའི་ཉེར་བསྡོགས་ཀྱི་བཀའ་ལུང་རྣམས་ཇི་སྐད་སྩལ་བ་བཞིན་དུ་སྔོན་གྱི་ལས་དབང་རྐང་མགྱོགས་ཀྱི་ཕོ་ཉས་རིང་པར་བོས་ཏེ། ལུགས་གཉིས་ཀྱི་བགྱི་བ་ཀུན་ལ་དབང་སྒྱུར་བའི་དཔའ་མཛངས་འཕྲུལ་ལོན་ཆེན་པོ་རྣམས་ཀྱི་ནང་ནས་བསླབ་སྟོན་པ། སྔོན་བསགས་བསོད་ནམས་ཀྱི་རི་དབང་བརྟན་པོས་ས་ལ་སྤྱོད་པའི་བསྟན་སྲིད་ལྷ་དབང་གི་གྲོང་ཁྱེར་མཐོན་པོར་འདེགས་ལ་ངལ་བ་མེད་ཅིང༌། ཆོས་དང་སྲིད་ཀྱི་མཁྱེན་དཔྱོད་ཉི་ཟླའི་འོད་སྣང་རིང་པོར་འཕྲོ་བའི་གཉེར་པ་ཨ་སྲུང་གཙོ་བོར་བསྐོས། ལས་གཉེར་རྣམས་ཀྱི་མགོ་འཛིན་དང་ཁུར་ལེན་གྱི་གྲོགས་ལྡན་པ། མཁྱེན་དཔྱོད་ཀྱི་མེ་ལོང་གཙང་མར་ཤེས་བྱའི་གཟུགས་བརྙན་འགོག་མེད་དུ་འཆར་བའི་དྲུང་ཡིག་ཚེ་རིང་འཕེལ་དང༌། ཕྱག་མཛོད་གུ་རུ་བཀྲ་ཤིས་གཉིས་ལ་གནང་ནས། དེ་དག་གི་པར་བཀྲམ་སྡུད་སོགས་ཀྱི་གྲོགས་ལྡན་པ་བརྡ་དང་ཡིག་རྩིས་ལ་རྣམ་པར་དཔྱོད་པའི་བློ་མིག་གསལ་བ་པར་དཔོན་གཟུངས་སྐྱབས་བཅས་ཏེ། ཞུ་དག་གི་ཕྱི་མོ་རྗེ་བཙུན་ས་སྐྱ་པའི་བསྟན་འཛིན་དམ་པ་མང་པོ་བྱོན་པའི་གདན་ས། སྐྱོར་མདའ་བསམ་གླིང་ནས་བཀའ་འབུམ་ཤིན་ཏུ་དག་པ་ཆ་གཅིག རྒ་ནས་ཨ་གཉན་དམ་པའི་ཐུགས་དམ་རྟེན་དུ་བཞེངས་པའི་ཆོས་རྗེ་ཁུ་དབོན་གྱི་བཀའ་འབུམ་གསེར་དངུལ་ལས་གྲུབ་ཅིང༌། བཟོ་རྒྱུ་ཁྱད་དུ་འཕགས་པའི་ཆོས་ཆེན་གླེགས་བམ་དྲུག རོང་སྟོན་ཤེས་བྱ་ཀུན་རིག་དང༌། ངོར་ཆེན་རྡོ་རྗེ་འཆང་གི་དངོས་སློབ་བཀའ་རབ་འབྱམས་སྨྲ་བའི་དབང་པོ་ཨཱ་ནནྡ་ཛྙཱ་ནའི་ཐུགས་དམ་རྟེན་གདན་ས་ཐར་ལམ་དགོན་ནས་དཔེ་ཁུངས་ཐུབ་ཆ་གཅིག གདན་ས་ཆེན་པོ་འདི་ཉིད་ན་སྔར་གོང་མ་རྣམས་ཀྱིས་བཞེངས་པ་དང༌། ཕྱིས་ཆོས་རྒྱལ་རང་ཉིད་ཀྱི་ཐུགས་དམ་རྟེན་དུ་གསར་བཞེངས་མཛད་པ་བཅས་ཤིན་ཏུ་ལེགས་པ་ཆ་གཉིས། གཞན་ཡང་ལྕགས་ར་བསམ་འགྲུབ་རྩེ་དང༌། གླིང་ནས་སྤྱན་དྲངས་པའི་ཆ་གཉིས། འཐོར་བུ་ལ་མཁས་གྲུབ་སངས་རྒྱས་ཕུན་ཚོགས་པའི་ཕྱག་དཔེ་དངོས་མ་འགའ་རེ་དང་བཅས་ཏེ། བཀའ་འབུམ་ཡོངས་རྫོགས་ཚར་དྲུག་ཙམ་དང་བསྟུན་ནས། དག་བྱེད་གཙོ་བོ་རང་གི་ཉེ་བ་འཁོར་སྒྲ་དང་སྙན་དངགས་སོགས་ཐ་སྙད་རིག་པའི་གནས་ལ་བྱང་ཆུབ་པ། དགེ་སློང་ཚུལ་ཁྲིམས་རིན་ཆེན་དང༌། གཞན་ཡང་གསར་རྙིང་བརྡའི་ཁྱད་ལ་མཁས་པ་རྨུགས་སངས་པ་སྦྱིན་པ་རྒྱ་མཚོ་དང་བསྟན་འཛིན་རྒྱལ་མཚན་སོགས་བཞི་ཙམ་གྱིས་ཞུས་དག་ནན་ཏན་བགྱིས་ཤིང༌། རྡོ་རྗེའི་ཚིག་གི་དཀའ་འགྲེལ་འགའ་ཞིག་ལ་ཕྱི་མོ་རྣམས་མི་མཐུན་པའི་དོགས་གནས་ཅུང་ཟད་བྱུང་བ་རྣམས་ཀྱང་བཀའ་དང་བསྟན་བཅོས་གང་ཡིན་གྱི་རྩ་བ་ལ་གཏུགས་ཏེ་དེ་དང་མཐུན་གང་ཆེའི་དབང་དུ་བཏང༌། དེ་དག་ཏུའང་མེད་པའི་འདྲ་མིན་འགའ་རེ་བྱུང་འདུག་པ་རྣམས་ནི་བདག་གིས་ཀྱང་དཔྱད་པའི་གྲོགས་བྱས་ཤིང་ཡིད་ལ་ངེས་པ་རྣམས་བཅོས། མ་ངེས་པ་རྣམས་སོར་བཞག་ལ་རྟགས་དང་མཆན་བུ་ཡོད་པར་བགྱིས་ནས་དཔྱད་རུང་བཞག་སྟེ། མདོར་ན་ཡིད་ཆེས་བྱར་རུང་བའི་ཞུས་དག་ནན་ཆེན་བགྱིས། འཕྲུལ་གྱི་ཡིག་གཟུགས་ལ་མཁས་པ་མང་པོའི་ནང་ནས་བཀྲབས་པ་བཅུ་དྲུག་དང༌། པར་བརྐོས་མཁས་པ་བརྒྱ་ལྔ་བཅུ་ཙམ་འདོམས་ཏེ། དེ་རྣམས་ལ་ཡོན་དབུལ་རྟ་ནོར། ཇ་དང་རས། དུ་བ་སོགས་གང་མོས་བྱིན་པ་ནས་ཀྱི་རྩིས་ལ། ཞུས་དག་པ་མི་རེ་ལ་ཉིན་རེ་ནས་འདོང་བཅུ་གཅིག དབུ་ལྷའི་བརྐོས་པ་བརྙན་རེ་ལ་ནས་ཁལ་གཅིག་དང་ཞོ་གཉིས། བྲིས་པར་བཤོག་ལྡེབས་རེ་ལ་ནས་འདོང་བཅོ་ལྔ། འབྲིང་ནས་འདོང་ཕྱེད་དང་བཅོ་ལྔ། ཐ་མ་འདོང་བཅུ་བཞི། བརྐོས་པ་རབ་བར་ལྡེབས་རེ་ལ་ཁལ་གཉིས་ཞོ་གཉིས། འབྲིང་སྟོད་ཁལ་གཉིས་དང་ཞོ་གཅིག་འདོང་ལྔ། འབྲིང་ཁལ་གཉིས་ཞོ་གཅིག ཐ་མ་ཁལ་གཉིས། ཐིག་འདེབས་པ་དང་ཤོག་མཁན་གཉིས་ལ་ཉིན་རེར་འདོང་བཞི་རེ། ཤིང་གཞོག་མཁན་ཤིང་ཤར་བདུན་ལ་ཞོ་གཅིག ཤིང་རིན་ཤིང་ཤར་བཅོ་ལྔ་རེ་ལ་བར་ཁག་བརྩིས་ཏེ་ཐམས་ཅད་ཁྱོན་བསྡོམས་པ་ཇ་ལ་དྲིལ་ན་འཁོར་དྲུག་སྟོང་ཕྲག་གཅིག་དང་བཅུ་གསུམ་གྱིས་ཆོས་སྦྱིན་པར་དུ་བསྒྲུབས་ཏེ། དེའང་བསྒྲུབ་པའི་གནས་ནི་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་བྱང་ཆུབ་པའི་གནས། རྡོ་རྗེའི་གདན་ནས་བྱང་ཕྱོགས་སུ་དཔག་ཚད་བརྒྱ་བགྲོད་པ་ན། རིགས་གསུམ་མགོན་གྱི་རྣམ་པར་འཕྲུལ་པའི་འོད་གསལ་འཁོན་གྱི་གདུང་སྲས་མཁས་ཤིང་གྲུབ་པའི་སྐྱེས་ཆེན་རྒྱུན་མི་འཆད་པ་བྱོན་པའི་གདན་ས་ཆེན་པོ་དཔལ་ས་སྐྱ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཡོད་ལ། དེ་ནས་མེ་མཚམས་སུ་ཞག་གི་ཕུང་པོ་གསུམ་ཙམ་བགྲོད་པའི་བོད་ཆེན་པོར་གྲགས་པའི་སའི་ཆ། སེམས་ཅན་སྤྱི་མཐུན་གྱི་དགེ་བ་སྤྱད་པའི་བདག་པོའི་འབྲས་བུ་ལེགས་པར་སྨིན་པའི་ས་ཕྱོགས་གཟི་མདངས་ཆེ་ཞིང་ཁོད་སྙོམས་པ་ལ། ཁོར་ཡུག་ཀུན་ནས་རི་བོའི་ཚོགས་རྣམས་ནི་རང་རང་གི་བཀྲ་ཤིས་པའི་རྟགས་ཀྱི་དགེ་མཚན་ཐ་དད་པ་བཟུང་ནས་གཅིག་ལ་གཅིག་ངོམ་པ་ལྟར་འཁོད་ཅིང༌། གངས་རི་དང་བྲག་རི་དག་ནི་མ་བཅོས་དྲང་པོའི་ཆ་ལུགས་གཅིག་པུར་འཛིན་ལ། གཞན་རྣམས་ནི་དུས་དུས་སུ་རྒྱལ་མོ་བཞིས་བགོས་པའི་གོས་བཟང་རེ་མོས་སུ་གོན་པ། དེ་དག་གི་བར་མཚམས་རྣམས་སུ་འབྲོག་དགོན་པ་དང༌། གྲོང་དང༌། གྲོང་ཁྱེར་དང༌། ལྗོངས་དང༌། སྐྱེད་མོས་ཚལ་དང༌། འབབ་ཆུ་ལ་སོགས་པ་བཀོད་པ་ལེགས་པས་ཀུན་གྱི་ཡིད་འཕྲོག་པར་ནུས་པའི་རྟེན་དེ་དག་ལ་བརྟེན་པའི་མི་དང་དུད་འགྲོས་བསྡུས་པའི་འགྲོ་བ་དཔག་ཏུ་མེད་པ་རྣམས་ནི་རང་རང་གི་སྔོན་ལས་ཀྱི་བགོ་སྐལ་ཐ་དད་པ་ལ་སྤྱོད་པས། ཆོས་མཛད་རྣམས་ཀྱི་དགེ་བ་བསྒྲུབ་འདོད་དང༌། སྡིག་པ་སྤང་འདོད་ཀྱི་བློ་གོང་ནས་གོང་དུ་སྤེལ་བའི་སྣོད་བཅུད་དགེ་བའི་བཤེས་སུ་གྱུར་པ་དེ་དག་གིས་ཡོངས་སུ་བསྐོར་བའི་ཡུལ་གྱི་ལྟེ་བ། སྔོན་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོའི་ཞབས་ཀྱིས་ལེགས་པར་བཏབ་སྟེ་ལྷུན་གྲུབ་སྟེང་ཞེས་མཚན་དུ་གསོལ་བའི་ཆོས་སྡེ་ཁྱད་པར་ཅན་དེ་ཉིད་དུ་སྡེ་དགེ་ས་སྤྱོད་ཀྱི་གདུང་རྒྱུད་རིམ་པས་བྱོན་པ་རྣམས་ཀྱིས་སངས་རྒྱས་བསྟན་པའི་ལུགས་སྲོལ་རྒྱ་ཆེན་བཙུགས་ཤིང༌། ཁྱད་པར་མཁས་ཤིང་གྲུབ་པའི་གཙུག་རྒྱན་འཇམ་མགོན་དཔལ་མཆོག་རྒྱལ་མཚན། མདོ་རྒྱུད་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་མཁས་མཆོག་བཀྲ་ཤིས་དཔལ་ལྡན། ཡོངས་རྫོགས་བསྟན་པའི་མངའ་བདག་མཁན་ཆེན་སངས་རྒྱས་ཕུན་ཚོགས། མང་དུ་ཐོས་ཤིང་ལུང་རིགས་སྨྲ་བའི་དབང་ཕྱུག་མཁན་ཆེན་བཟང་པོ་རྒྱལ་མཚན། རྒྱུད་སྡེ་རྒྱ་མཚོའི་མངའ་བདག་མཁྱེན་ཡངས་ཀུན་དགའ་ཆོས་འཕེལ་ལ་སོགས་པའི་བསྟན་འཛིན་གྱི་སྐྱེས་ཆེན་རིམ་པས་བྱོན་པ་རྣམས་ཀྱིས་སུམ་ལྡན་རྡོ་རྗེ་འཛིན་པའི་དགེ་འདུན་འདུས་པ་རྒྱ་མཚོ་ལྟ་བུའི་དབུས་སུ། འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བསྟན་པ་རྒྱ་ཆེར་སྤེལ་བའི་གདན་ས་ཆེན་པོ་དེ་ཉིད་ཀྱི་ནང་གསེས། རྣམ་འདྲེན་བསྟན་པའི་སྲི་ཞུ་བ་ཆེན་པོ་སྡེ་དགེ་ཆོས་རྒྱལ་བཞུགས་པའི་རྒྱལ་ཁབ་ཀུན་ལས་རྣམ་པར་རྒྱལ་བའི་ཕོ་བྲང་ཆེན་པོ་འདི་ཉིད་དུ། དུས་ནི་སྟོན་པ་ཤཱཀྱ་སེང་གེ་རྣམ་བྱུང་ས་འབྲུག་ལ་སྐུ་བལྟམས་ནས་ལོ་སུམ་སྟོང་དགུ་བརྒྱ་དང་ཞེ་དྲུག་འདས་ཤིང༌། བརྒྱད་ཅུ་བཞེས་པ་མེ་ཕག་ལ་མྱ་ངན་ལས་འདའ་བའི་ཚུལ་བསྟན། དེ་ནས་ལོ་ཉིས་སྟོང་ལྔ་བརྒྱ་བགྲངས་པའི་མེ་ཡོས་ལ་བོད་དུ་གཉེན་པོ་གསང་བ་བབས་ཏེ་བསྟན་པའི་དབུ་བརྙེས་ནས་ལོ་ཆིག་སྟོང་དང་སུམ་བརྒྱ་རེ་བདུན་བརྒལ། ཆུ་སྤྲེའུ་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ས་སྐྱ་པ་ཀུན་དགའ་སྙིང་པོ་སྐུ་འཁྲུངས་ནས་བགྲང་གཞི་དྲུག་བརྒྱ་ཞེ་གཉིས་འདས་པ་སཾ་སྐྲྀ་ཏའི་སྐད་དུ་ཨཱ་ནནྡ། དེ་ཉིད་བོད་སྐད་དུ་བསྒྱུར་ཚེ་ཀུན་དགའ། མ་ཧཱ་ཙི་ནའི་ཡུལ་གྲུ་ཆེན་པོར་གྱེ་ཡིན། དབང་ཐང་དང་བསྟུན་པའི་མིང་ལ་ཤིང་སྟག་དུ་བོད་པའི་གསར་ཚེས་ཀྱི་གནམ་ལོའི་ཟླ་«༤»ཚེས་«༢༥»དགེ་བ་ལ་མགོ་ཚུགས། དེ་ནས་བཟུང་སྟེ་ཤིང་ཡོས་ཁྲུམས་སྟོད་ཟླ་བའི་ཚེས་བཅུ་བཞི། རྗེ་བརྩེ་བ་ཆེན་པོ་དང་ས་སྐྱ་པཎ་ཆེན་གཉིས་ཀའི་ཐུགས་ཆོས་དབྱིངས་ཟབ་མོར་མཉམ་པར་གཞག་པའི་ཟླ་དུས་ཀྱི་མཆོད་པའི་ཉིན་ཡིག་མཁན་རྣམས་ཀྱིས་མཐའ་རྫོགས་པར་བྲིས་ཟིན་ཅིང༌། མེ་ཕོ་འབྲུག་གི་གནམ་ལོའི་ཟླ་ཚེས་བཟང་པོ་ལ་པར་གྱི་མཐའ་ལེགས་པར་གྲུབ་ནས་བཞུགས་ཁྲི་ལ་མངའ་གསོལ་བའི་གསུང་རབ་རིན་ཆེན་དབང་གི་རྒྱལ་པོ་འདི་ཉིད་ལྷ་དང་བཅས་པའི་འཇིག་རྟེན་པ་ཐམས་ཅད་ཀྱི་གཙུག་ཏུ་རྣམ་པར་རྒྱལ་ནས་ཕན་པ་དང་བདེ་བའི་འདོད་དགུ་ཟད་མི་ཤེས་པའི་འབྱུང་གནས་དམ་པར་གྱུར་ཅིག།  །།སྨྲས་པ། ས་སྤྱོད་བཀའ་ལུང་རིན་ཆེན་ཅོད་པན་ཅན། །མཁྱེན་དཔྱོད་ལང་ཚོས་དྲེགས་པའི་ཆོས་བློན་དབུར། །བཞུགས་པའི་ལས་བྱེད་བློ་གྲོས་ལྡན་མཐོང་ཚེ། །མ་བཟོད་ཕུར་བུ་མཐོ་རིས་བྲོས་ཀྱི་དོགས། །མ་བརྡལ་ཁོད་སྙོམས་གཞི་ལ་ལག་སྟབས་སྟོང༌། །བསྒྱུར་ཏེ་མ་བཅོས་དབྱིབས་ལེགས་རི་བོའི་ཕྲེང༌། །མ་བསྐུལ་དུས་ཀྱི་དགའ་མས་རྒྱན་འབུལ་ཚེ། །མ་བོས་ཀུན་ཡིད་འགུགས་པའི་དགེ་མཚན་ངོམ། །དེ་དབུས་ཆོས་ལྡན་རྒྱལ་པོས་བསྐྱངས་པའི་གནས། །ཕྱི་ནང་ཉེར་འཚེས་དབེན་ཞིང་ཆོས་ཀྱི་སྒྲ། །ལྷུན་གྲུབ་ས་སྟེངས་གྲགས་པའི་རྒྱལ་ཁབ་ནས། །དུས་ཚེས་དགེ་བར་ཆོས་སྦྱིན་ཆེ་འདི་སྤེལ། །དཔལ་ས་སྐྱའི་རྗེ་བཙུན་གོང་མ་ལྔའི་གསུང་རབ་རིན་པོ་ཆེའི་པར་གྱི་སྒོ་འཕར་འབྱེད་པའི་དཀར་ཆག་འཕྲུལ་གྱི་ལྡེ་མིག་ལས། བསྟན་པ་རྒྱས་པའི་ཆེད་དུ་ཆོས་སྦྱིན་པར་དུ་བསྒྲུབ་ཚུལ་གྱི་སྐབས་ཏེ་གསུམ་པའོ།།  །།འདིར་སྨྲས་པ། གངས་ཅན་གདུལ་བྱ་བསྐལ་སྔོན་ཡིད་ཅན་ཤེས་བྱའི་མཁར་འགྲོ་དྲང་པོའི་བསམ་གཏན་བཅུད་ལེན་ཚེ། །རང་དགར་འཁྱོགས་པོའི་བློ་ཅན་གྱིས་བཙལ་ཕྱོགས་ལྷུང་བཟའ་བས་ཉེན་པ་ཕལ་ཆེར་དམ་ཆོས་ཀྱི། །འོད་སྣང་དང་བྲལ་བླང་དོར་འཁྲུལ་པའི་མུན་པར་འཁྱམས་རྣམས་བརྩེ་བའི་སྐྱ་རེངས་སྔོན་འགྲོ་བའི། །ལེགས་བཤད་ཉི་མས་སྨྲ་ངན་མུན་བཅོམ་ཆོས་ཀྱི་ལམ་སྟོན་འཇམ་དབྱངས་རྣམ་ལྔའི་བཀའ་དྲིན་བསམ། ༡ །ཚུལ་གནས་དགེ་བའི་བཤེས་ལས་ཐོས་ན་དད་པའི་རྩ་བ་བརྟན་པའི་རྒྱུ། །བསམས་ན་མ་རྟོགས་ལོག་རྟོག་ཐེ་ཚོམ་རིང་བྲལ་དགའ་བའི་ཡལ་འདབ་བསྐྱེད། །བསྒོམས་ན་བློ་མཆོག་གོང་ནས་གོང་འཕེལ་སངས་རྒྱས་ཡོན་ཏན་འབྲས་སྨིན་བྱེད། །བདེན་གཉིས་དོན་སྟོན་ཚིག་སྦྱོར་བསྡེབས་ལེགས་བཀའ་སྲོལ་དཔག་བསམ་ལྗོན་པ་འདིས། ༢ །མདོ་རྒྱུད་མཐའ་དག་གསལ་བས་སྒྲོན་མེ་སྟེ། །དྲན་དབང་ཀུན་དགའ་བསྐྱེད་ཕྱིར་ལྟད་མོའི་མཛོད། །ལུང་རིགས་འགལ་འབྲེལ་འཆར་པས་ཨཱ་དརྴ། །བདེ་གཤེགས་ཡོངས་ཀྱིས་བགྲོད་ཕྱིར་མ་ནོར་ལམ། ༣ །གསུང་རབ་རིན་ཆེན་གླེགས་བམ་བཅོ་ལྔ་ཡི། །ཆོས་སྦྱིན་པར་སྒོ་གྲངས་མེད་དཀར་ཆག་གི །མིག་འཕྲུལ་ཀུཉྫི་ཀ་ཡིས་ཅིག་ཅར་དུ། །ཕྱེ་དང་བཀའ་གནས་ལྟད་མོ་དུས་གཅིག་བྱུང༌། ༤ །བཟོ་མགར་མཁས་པའི་སྐྱེ་བ་མ་བླངས་ཤིང༌། །བི་ཤྭ་ཀརྨ་ས་འདིར་འོངས་མིན་པར། །མིག་འཕྲུལ་བྱེད་འདི་སུ་ཞེས་ཉི་ཟླས་ཀྱང༌། །གླིང་བཞིར་རྒྱུ་བའི་ཟོལ་གྱིས་བལྟ་ཕྱིར་ལྷགས། ༥ །དད་པས་དམ་ཆོས་འདི་ཀློག་ལན་རེ་ཟུང༌། །བགྱིས་པའི་ཕན་ཡོན་དཔག་ཡས་ཐུབ་དབང་གི །ཞལ་གྱིས་འཆེས་ན་འཛད་མེད་པར་གྱི་མ། །འདི་བསྒྲུབས་དགེ་བ་སྔ་མའི་འབུམ་འགྱུར་ཅན། ༦ །འདིས་མཚོན་དུས་གསུམ་ཀུན་དུ་རང་གཞན་གྱི། །སྒོ་གསུམ་རྗེས་འབྲེལ་ལེགས་བྱས་ཇི་སྙེད་ཀུན། །བདག་ཡིད་ཕོ་ཉ་དྲི་ཡི་གཞོན་པ་ལ། །བསྐྱོན་ཏེ་གཅིག་ཏུ་བསྡུས་ཤིང་བསྡོམས་པའི་མཐུས། ༧ །གནས་སྐབས་མཐར་ཐུག་ཕན་བདེའི་ཆར་རྒྱུན་གྱི། །འབྱུང་གནས་བདེ་གཤེགས་བསྟན་པའི་དབྱར་སྐྱེས་སྤྲིན། །སྐྱེ་དགུའི་ལས་ཉོན་གདུང་སྐྱོབ་གྲིབ་བསིལ་ཅན། །འཇིག་རྟེན་ཁམས་ཀྱི་མཁའ་ཁྱབ་དཀྲིགས་གྱུར་ཅིག ༨ །ལུང་རྟོགས་བསྟན་པའི་མཆོག་ནི་འདིའོ་ཞེས། །ཡིད་ཆེས་ལུང་གི་དཔང་པོ་དབང་བཙན་ཚོགས། །ལྷང་ལྷང་བསྔགས་པ་ས་སྐྱ་པ་ཡི་བསྟན། །བསྐལ་པ་ཇི་སྲིད་ཡུན་འཚོ་འཕེལ་གྱུར་ཅིག ༩ །ཆགས་སྡང་རྒྱུད་འཁྲུགས་རྩུབ་དང་གཏུམ་པ་འགས། །ཤུ་བུས་སྨོད་ཀྱང་ཐུབ་པའི་ཚངས་དབྱངས་གདངས། །སྙན་འགྱུར་དྲུག་ཅུས་རབ་བསྟོད་ཨེ་ཝཾ་པའི། །ལུགས་བཟང་འཇིག་རྟེན་ཁམས་ཀུན་དར་གྱུར་ཅིག ༡༠ །སྡོམ་གསུམ་རིན་ཆེན་ཁུར་པོས་མི་ངལ་ཞིང༌། །བཤད་དང་སྒྲུབ་པའི་གོམ་རླབས་བསྒྱུར་མཁས་པའི། །བསྟན་འཛིན་གླང་ཆེན་ཁྱུ་མཆོག་གྲངས་མེད་ཀྱི། །མཛད་བཟང་གོམ་རྗེ་ས་སྟེངས་ཀུན་ཁྱབ་ཤོག ༡༡ །སྡེ་བཞིའི་འབྲས་བུ་ཕུན་ཚོགས་དགེ་བཅུ་ཡི། །ཁྲིམས་དང་སྟོབས་ཀྱི་འཁོར་ལོས་ས་ཆེན་ཁྱོན། །སྤྱོད་མཛད་བསྟན་པའི་སྦྱིན་བདག་ཡབ་སྲས་བཅས། །སྐུ་ཚེ་མི་ཤིགས་བསྐལ་པའི་རིང་འཚོར་ཤོག །གལ་ཏེ་ཕྱི་ནང་འགལ་རྐྱེན་རྣོ་གདུག་གི །ཚེར་མ་གཟིངས་པའི་ནགས་ཚལ་བདོ་གྱུར་ན། །བསྟན་སྲུང་མཐུ་དཔུང་དྲེགས་པའི་མེ་བོ་ཆེས། །དྲག་སྦྱོར་བསྲེག་པའི་ལས་ལ་བརྩོན་གྱུར་ཅིག ༡༣ །རིག་བྱེད་དཔལ་མོ་འདོད་རྒྱལ་ཚོགས་ཀྱི་བདག །ཐུགས་རྗེ་དཀྱུས་རིང་སྤྲོས་པའི་ཟུར་མིག་གིས། །ཁམས་གསུམ་འགྲོ་བའི་མཛའ་བོ་ཁེངས་ལྡན་ཚོགས། །དཔལ་འབྱོར་སྐྱེས་བཟང་བཅས་པ་རང་དབང་སྩོལ། ༡༤ །ཆོས་འདིའི་དོ་དམ་ཁུར་ལེན་ལས་བྱེད་བཅས། །སྐྱེ་ཀུན་དལ་འབྱོར་ལུས་ཐོབ་དམ་པ་ཡིས། །རྗེས་བཟུང་རྒྱལ་བའི་བསྟན་ལ་ཐོས་བསམ་བསྒོམ། །མཐར་ཕྱིན་རང་གཞན་དོན་གཉིས་ལྷུན་གྲུབ་ཤོག ༡༥ །འཁོར་བའི་ཐང་དུ་སྡུག་བསྔལ་བརྒྱ་ཕྲག་གིས། །དུབ་པའི་མཁའ་མཉམ་འགྲོ་བའི་འཁྱམས་པོ་རྣམས། །དཀོན་མཆོག་ཐུགས་རྗེའི་རྐང་འཐུང་གྲིབ་ཏུ་ངལ། །བསོ་ཞིང་དགེ་བཅུའི་འབྲས་བཟང་སྤྱོད་གྱུར་ཅིག ༡༦ །བླ་མེད་དཀོན་མཆོག་གསུམ་པོར་རྩེ་གཅིག་བློས། །སྐྱབས་སོང་ཐུགས་རྗེ་བྱིན་རླབས་ནུས་པས་གང༌། །བསླུས་པའི་ཚིག་ཙམ་མི་རྙེད་བདེན་པ་འདིས། །བདག་གིས་སྨོན་ལམ་གང་བཏབ་འགྲུབ་གྱུར་ཅིག ༡༧ །དེ་ལྟར་དཔལ་ས་སྐྱའི་རྗེ་བཙུན་གོང་མ་ལྔའི་གསུང་རབ་རིན་པོ་ཆེའི་ཆོས་སྦྱིན་པར་གྱི་སྒོ་འཕར་འབྱེད་པའི་དཀར་ཆག་འཕྲུལ་གྱི་ལྡེ་མིག་ཅེས་བྱ་བ་འདི་ནི། བོད་ཆེན་ལྗོངས་ཀྱི་ཡངས་པའི་ས་སྟེངས་ཀུན་ཏུ་དགེ་བ་བཅུ་དང་རྗེས་སུ་མཐུན་པའི་བཀའ་ཁྲིམས་དང་ལས་དབང་སྟོབས་ཀྱི་འཁོར་ལོས་དབང་སྒྱུར་བའི་ཆོས་རྒྱལ་ཆེན་པོ་ཉིད་ནས། འདི་བཞིན་དགོས་ཚུལ་གྱི་བཀའ་སྩལ་ཕེབས་པར་བརྟེན། སྤྱིར་རྣམ་འདྲེན་མཆོག་གི་བསྟན་པ་རིན་པོ་ཆེ་དང༌། བྱེ་བྲག་རྗེ་བཙུན་ས་སྐྱ་པ་ཡབ་སྲས་བརྒྱུད་པ་དང་བཅས་པའི་རིང་ལུགས་དྲི་མ་མེད་པ་འདི་ཉིད་ལ་མི་ཕྱེད་པའི་དད་པ་དང་ལྡན་ཞིང༌། གསུང་གི་བདུད་རྩིས་སྐལ་བ་སྦོམ་པོར་གྱུར་པའི་དགེ་སློང་བཀྲ་ཤིས་ལྷུན་གྲུབ་ཀྱིས། བོད་ཆེན་གྱི་སའི་ཆ་སྡེ་དགེ་ལྷུན་གྲུབ་སྟེང་གི་ཆོས་གྲྭ་ཆེན་པོར་མེ་འབྲུག་གི་ལོའི་ས་ག་ཟླ་བའི་དཀར་ཕྱོགས་ཀྱི་དགའ་བ་གསུམ་པ། ཉི་མ་མེ་བཞིའི་འགྲུབ་སྦྱོར་འཛོམ་པའི་ཉིན་གྲུབ་པར་བགྱིས་པ་འདི་ལ་ནོངས་པ་མཆིས་ན་མཁས་པའི་ཚོགས་ལ་བཤགས་ཤིང༌། དགེ་བས་འགྲོ་བ་ཐམས་ཅད་ཕན་བདེ་རྒྱ་ཆེན་པོ་འབྱུང་བའི་རྒྱུར་གྱུར་ཅིག།  །།སརྦ་མངྒ་ལཾ་བྷ་ཝནྟུ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*