བཅད་རྩོམ།

སྐྱོ་གར་སེམས་ཀྱི་རང་སྒྲ།

2024 ལོའི་ཟླ 5 ཚེས 16 ཉིན། ཕར་ནང་དཀོན་རྒྱས་ 0

སེམས་སོང་བྱམས་པ་སྒོམ་པའི་ལོ་ཟླ་དེ། །
མི་རྟག་ལྡོག་མེད་ལས་ཀྱི་མཁའ་དབྱིངས་སུ། །
རྗེས་དྲན་སེམས་ཀྱི་འཇའ་ཚོན་གློ་བུར་ངང་། །
མི་བརྟན་དབྱིངས་ནས་ཡོལ་བ་སེམས་གཏིང་སྐྱོ། །

སྐད་ཅིག་ཡུད་ཅིག་སོང་བའི་རྨི་ལམ་དུ། །
ཞེ་འཇམ་སྙིང་གི་ལྷ་མོ་ཐེངས་ཁྲིར་རྨིས། །
འཇིགས་པའི་སད་སྒྲ་སིལ་མ་ལན་གཅིག་གིས། །
ཡིད་མཛེས་ལས་ཀྱི་ལྷག་མ་ཡོངས་སུ་ཟད། །

ཕྱི་ཡུལ་རབ་རིབ་སྨུག་པས་ནམ་མཁའ་བཟུང་། །
སྐྱོ་བའི་སྙིང་ག་དཀྲུག་པའི་གློག་ཞགས་འཁྲུགས། །
མཚན་ཐུན་རིང་ལ་དྲགས་པའི་ནམ་ཟླ་འདིེར། །
ཞེ་སོང་བྱམས་པ་ཁྱོད་དང་འཐབ་མོ་ལོང་། ། དེ་ལས་མང་་་

བཅད་རྩོམ།

འཁོར་པའི་གྲོང་དག་འདི་ལྟར་བརྒལ་འདོད།

2024 ལོའི་ཟླ 5 ཚེས 16 ཉིན། ཕར་ནང་དཀོན་རྒྱས་ 0

ང་ནི་རི་བོ་འདིའི་ཕར་རོལ་བརྒལ་འདོད་ལ
གཙང་བོ་འདིའི་རྒྱང་གཟུགས་ལྟ་འདོད
ཉག་ཉོག་གི་འཁོར་ཡུག་དང་རླུང་ནག་གི་ཚིག་རྩིབ་ལ་བྲལ་འདོད
ད་རུང་ངས་ཕྱི་ཡུལ་གྱི་མཛེས་ལྗོངས་དང་རྣམ་པ
འཁོར་ཡུག འགྲོ་ལུགས་དང་འདུག་ལུགས
འདོར་ན་བཤད་ལུགས་སོགས་ཀུན་མཐུན་གྱི་སྤྱོད་པ་དང་ལྟ་བ་ལ་མྱོང་རོལ་བྱེད་འདོད

ངན་སྨད་སྡུག་སྨད་ལ་སྔོན་ནས་སུན་དེ
བཟོད་སྒོམ་དང་གུས་བཀུར་གྱི་ཐ་སྙན་ལ་རེ་ཐག་ཆད
གནས་འདི་ནས་འཚོ་སྡད་ཀྱི་ཕུགས་འདུན་མེད་ལ་ཡིད་ཆེས་འང་མེད དེ་ལས་མང་་་

བཅད་རྩོམ།

སྲིད་པའི་ཡུལ་འདིར། འཇིགས་རྟེན་འདིའི་འཁོར་ཡུག

2024 ལོའི་ཟླ 5 ཚེས 16 ཉིན། ཕར་ནང་དཀོན་རྒྱས་ 0

རྐང་གཉིས་གཙོ་བོ་མཚན་བཟུང་དཔེ་བྱེད་རྒྱན། །
སྙིང་རྗེ་བྱང་སེམས་དད་དཔོན་སྟོན་མཆོག་པ། །
འགྲོ་མགོན་ཤཱཀྱའི་སྲས་པོ་གོ་འུ་ཏ་མ། །
སྒོ་གསུམ་དད་པའི་ཞབས་ལ་ཕྱག་གསུམ་འཚལ། །

སྐྱིད་པའི་སྣང་བ་མཐོ་མཐོ་མཁའ་ལ་ལྡིང་། །
མཁའ་ལྡིང་བརྗིད་པའི་གཟི་བརྗིད་རྒྱང་ནས་མཐོང་། །
སྣང་མཐོ་ཚིག་གི་མདའ་མོ་ཀུན་ལ་འཕངས། །
ཀུན་དག་སུན་པའི་སྐྱོ་གླུ་རླུང་ལ་སྐུར། །

སུན་སུན་འཁོར་ཡུག་གླིང་ཀ་མ་ཡིན་ནམ། །
སུན་སུན་དམ་པའི་འཁོར་རྣམས་མ་ཡིན་ལ། །
བཟོད་བཟོད་སྒོམ་པའི་ཚད་ལ་དགག་མེད་ཅིང་། །
མ་བཟོད་མ་བཟོད་ཚིག་གི་སྤུ་གྲི་རེད། ། དེ་ལས་མང་་་

བཅད་རྩོམ།

སྨྲེང་གཞས།

2024 ལོའི་ཟླ 4 ཚེས 30 ཉིན། ཕར་ནང་དཀོན་རྒྱས་ 0

རི་མགོ་སྨུག་པས་བཏུམ་སོང་།
ཁངས་ཆར་འདྲེས་མ་བབས་སོང་། །
ཚོར་བའི་བཟི་ཁ་བཙན་པས། །
ནང་སེམས་སྨྲེང་གླུ་ཤོར་སོང་། །

ནམ་ཟླའི་དྲོད་འཁྱག་བར་གྱི། །
མི་ཚེ་དགའ་སྐྱོ་འདྲེས་མ། །
ཚོར་བ་སྐྱེན་མོའི་གསེང་ནས། །
ངུ་དགོད་སྣང་བརྙན་སྟོན་ཡོང་། །

སྨུག་པ་རི་རྩེར་འཁྲིགས་ཤིང་། །
སྤྲིན་པ་མཁའ་ལ་རྒྱུ་དུས། །
སྨུག་སྤྲིན་ལང་ལོང་བར་ནས། །
སེམས་པ་འཁྱག་པས་འདར་སོང་། །

འཇིག་རྟེན་ཆུ་ཟླའི་སྣང་བརྙན། །
དཔྱིད་གནམ་ཁངས་ཆར་འདྲེས་མ། །
སྐྱིད་སྡུག་གྱ་གྱུའི་རྦ་རླབས། །
མཚོ་མཐའི་བརྒྱུད་ནས་ཤོར་སོང་། ། དེ་ལས་མང་་་

བཅད་རྩོམ།

མི་ཚེའི་ཁ་དོག

2024 ལོའི་ཟླ 4 ཚེས 26 ཉིན། ཕར་ནང་དཀོན་རྒྱས་ 0

མི་ཚེ་ནི
ཀྱག་ཀྱོག་གི་ཁུགས་སོ་མང་ཞིང་མཛེས་སྡུག་ལྡན་པའི་ཡུལ་སྐོར་ཐེངས་གཅིག་ཡིན།
དེ་ནི་ཆེས་སྙན་ཞིང་འཇེབས་པའི་རོལ་དབྱངས་ཞིག་དང་འདྲ་བར་དབྱངས་རྟ་མང་པོས་གྲུབ་ཅིང་།
ལོ་རྒྱུས་ཀྱི་ཁུགས་སོ་རེ་རེེར་བརྩེ་དུང་དང་གཏམ་རྒྱུད་སྣ་ཚོགས་ཤིག་གིས་གྲུབ་ཡོད།

མི་ཚེ་ནི
དགའ་སྐྱོ་གཉིས་ལྡན་གྱི་མཉམ་སྒྲོག་རོལ་དབྱངས་ཐེངས་གཅིག་ཡིན་ཞིང་།
དེའང་ཕུན་སུམ་ཚོགས་པའི་ཉམས་ལེན་ཐེངས་གཅིག་གི་བརྒྱུད་རིམ་ཞིག་ཀྱང་ཡིན།
བརྒྱུད་རིམ་འདི་དག་གི་ཁྲོད་དུ་ངས་དགའ་བ་དང་སྐྱོ་བ། འཛོམས་པ་དང་བྲལ་བ། དྲན་གདུང་དང་མིག་ཆུ། དེ་ལས་མང་་་

བཅད་རྩོམ།

སྒྲ་རྒྱན་ངག་གི་རོལ་མོ།

2024 ལོའི་ཟླ 4 ཚེས 26 ཉིན། ཕར་ནང་དཀོན་རྒྱས་ 0

སྙ༵ན་པའི་དབྱངས་ལ་ཕྱུག་པའི་སྙ༵ན་མཛོད་མ། །
ང༵ག་གི་བདེ་ཕྱགས་དཔལ་མོ་ང༵ག་མཁས་མ། །
མཁ༵ས་པའི་ཚུལ་ལ་རྩེ་མའི་མཁ༵ས་དབང་མས། །
སྙ༵ན་ང༵ག་མཁ༵ས་པའི་ས་བོན་ད་ཅིག་གནོང་། །

རྒྱ༵ལ་བ་རྒྱ༵ལ་སྲ༵ས་སྲ༵ས་བཅས་ཚོགས་རྣམས་ལ། །
ད༵ད་དང་ད༵ད་སེ༵མས་སེ༵མས་ཀྱི་སྲས་བཅས་རྣམས། །
བད༵ག་གིས་བད༵ག་ཡི༵ད་ཡི༵ད་གསུམ་ཞབས་གུས་ལ། །
བྱ༵ང་ཆུབ་བྱ༵ང་སེ༵མས་སེ༵མས་བསྐྱེད་བྱིན་གྱིས་རློབས། །

སྙ༵ན་སྙ༵ན་ཚངས་སྲས་རྔ་སྒྲ་ཐོས་འཚོལ་ནས། །
མཛེ༵ས་མཛེ༵ས་ལྷ་མོའི་སྐུ་གཟུགས་མཇལ་ཐོང་ན། །
དག༵འ་དག༵འ་སེམས་ཀྱི་དགའ་སྤྲོ་རབ་འཕེལ་ནས། ། དེ་ལས་མང་་་

བཅད་རྩོམ།

ཁྱེད་ཉིད་དྲན་ནས་ལོ་ཟླ་བསྐྱལ་ཚུལ།

2024 ལོའི་ཟླ 4 ཚེས 26 ཉིན། ཕར་ནང་དཀོན་རྒྱས་ 0

དྲན་བཞིན་དྲན་བཞིན་ཕྲད་བའི་ཉིན་ལ་རེ། །
ཕྲད་པའི་དུས་ནི་སེམས་ཀྱི་རྣམ་རྟོགས་ཙམ། །
བྲལ་བའི་ལོ་ཟླའི་ཉིན་ཞག་རེས་མོ་ལ། །
ཡིད་སེམས་དབྱངས་ལ་རོལ་ནས་འཚོ་བ་བསྐྱལ། །

མཚན་མོར་ཟླ་འོད་མུན་སེལ་འཕྲོས་པའི་ཁྲོད། །
འཁོར་ར་འཁོར་ཡུག་ལྷོད་འཇམ་མཛེས་པའི་བརྗིད། །
ཁེར་རྒྱང་ཟླ་བ་ངེད་་གཉིས་མཚོ་འགྲམ་ནས། །
ཕན་ཚུན་དྲན་དུང་དྲག་པའི་བརྗོད་གཞི་བྱས། །

སྒུག་བཞིག་སྒུག་བཞིན་བྲལ་བའི་སྟེང་ལ་འཁོར། །
དགའ་བཞིན་དགའ་བཞིན་མི་ཚེའི་གསོན་སྙིང་ཕྱོགས། །
འགལ་བའི་ཚིག་ལ་ཕྱིར་བརྗོད་ཐེངས་གཅིག་གིས། ། དེ་ལས་མང་་་

བཅད་རྩོམ།

ཕྱིར་ལྟས་གཟུགས་རུས།

2024 ལོའི་ཟླ 3 ཚེས 25 ཉིན། ཕར་ནང་དཀོན་རྒྱས་ 0

བལྟ་ན་སྡུག་པའི་མཛེས་བྱེད་བུ་མོ་མེ་ཏོག་པདྨའི་རང་མདངས་བ། །
སྲིད་གསུམ་ཁ་གློ་རབ་ཏུ་འགུག་བའི་ཟླ་བྲལ་རྐུན་མའི་ངང་ཚུལ་བ། །
ངག་གི་རྒྱལ་མོ་དབྱངས་ཀྱི་ཕྱུག་བདག་ངག་དབྱངས་དབུལ་བོའི་མ་མ་ལགས། །
སྙན་པའི་དབྱངས་དང་མཛེས་པའི་ཚིག་ཆ་མ་ལུས་ཁོ་བོ་ད་གཅིག་གནོང་། །

བསམ་མེད་ལོ་ཆུང་གི་བྱིས་བའི་ཁྲོད་ནས། །
བྱམས་བརྩེ་གངས་དཀར་གྱི་རང་མདངས་དྭངས་མ། །
མ་བཅོས་ལྷག་བསམ་གྱི་བརྩེ་བའི་འདུན་པ། །
རི་རབ་ལྷུན་པོ་བཞིན་རྟག་ཏུ་བརྟན་པའི། །
མཚན་ལྡན་དགེ་རྒན་དག་བཀའ་དྲིན་བསམ་ན། ། དེ་ལས་མང་་་

བཅད་རྩོམ།

བཀའ་དྲིན་གསུམ་ལྡན་གྱི་བླ་མར་ཕུལ་པའི་སྔགས་བརྗོད་ཐོག་མ།

2024 ལོའི་ཟླ 3 ཚེས 25 ཉིན། ཕར་ནང་དཀོན་རྒྱས་ 0

དབེན་ཁྲོད་ལྕང་རི་བསམ་གཏན་གླིང་ག་ན། །
མཁས་དབང་གསེར་འཕྲེང་བཞུགས་པ་རབ་མཛེས་ཀྱང་། །
ལས་དང་བསོད་ནམས་དབང་གི་ཁྱེད་ལ་ཕྲད། །
རྙེད་པར་དཀའ་པའི་རྒྱ་མཚོའི་ནོར་བུ་འདི། །
བླ་མར་བསྟེན་པར་ཐུབ་པ་ཡིད་དགའ་མོད། །
བྱམས་དང་ཐུགས་རྗེ་ཅན་དེ་ཁྱེད་གཅིག་པུ།

ཡང་ར་ཡང་གི་གསུང་པའི་བཀའ་ཆོས་དེ། །
རབ་ཏུ་བྱུང་ནི་ཚུལ་ཁྲིམས་གཙང་དགོས་དང་། །
དབང་ལུང་ཞུ་ན་རྗེས་མ་དམ་ཚིག་སྲུངས། །
ཐོས་བརྩོན་བྱེད་པ་རང་དོན་ཁོ་ནའོ། །
ཁོང་གི་སྒེར་དོན་ཕྱོགས་ལ་འབྲེལ་མེད་ཀྱང་། ། དེ་ལས་མང་་་

བཅད་རྩོམ།

འབྲོག་ཐང་གི་ཞོགས་པ།

2024 ལོའི་ཟླ 3 ཚེས 21 ཉིན། ཕར་ནང་དཀོན་རྒྱས་ 0

ལམ་ལམ་ཞོགས་པའི་ཉི་ཟེར་རི་རྩེར་ཕོག།
རི་འདབས་མེ་ཏོག་ཚོམ་བུ་མགོ་ལྕོག་ལྡེམ།།
ལྷུང་ལྷུང་ཆུ་བོའི་བཞུར་སྒྲ་གང་སར་མཆེད།།
ཆུ་འགྲམ་འཇག་མ་རྩྭ་ལ་ཟིལ་བ་ཆགས།།

ཀྱུར་ཀྱུར་སྐད་ཅོར་སྨྲ་བའི་བྱ་བྱེའུ་ཚོགས།།
སྒོ་དང་སྒེའུ་ཁུང་འགྲམ་ནས་ཕར་ཚུར་འཕུར།།
སྒྲོ་གཤོག་སྙི་མོའི་སྣེ་རུ་འོད་ཐིགས་འབབ།།
ཤིན་ཏུ་སྐྱིད་པའི་ཚུལ་གྱིས་ལྡིང་སྐོར་རྒྱག།

ལང་ལོང་དུད་སྤྲིན་ཡོལ་བ་དགུང་དུ་འཐེན།།
ཨ་སྔོན་ནམ་མཁའི་དབྱིངས་སུ་མཛེས་སྡུག་བཀྲ།།
ཟིམ་ཟིམ་ཆར་པའི་ཐིགས་པ་ས་རུ་འཐོར།། དེ་ལས་མང་་་

བཅད་རྩོམ།

བརྩེ་བའི་གཤེད་མ།

2024 ལོའི་ཟླ 3 ཚེས 21 ཉིན། ཕར་ནང་དཀོན་རྒྱས་ 0

ལང་མཚོ་མཚར་སྡུག་མངར་བའི་ཡིད་འཕྲོག་མ། །
ངོམ་མཚར་རྨད་དུ་བྱུང་བའི་འཇོ་སྒེག་མཁན། །
དཔྱིད་ཀྱི་སྒེག་གི་བུང་བ་འགུག་མཁས་པའི། །
མཚོ་བྱུང་ལྷ་མོས་ངག་གི་བྱིན་བརླབ་བསྩོལ། །

བརྩེ་བའི་འདུན་མ་གཞན་ལ་མ་བཞག་ལ། །
འཁོར་བའི་སྙིང་པོ་ཡིད་ནས་མ་འདོར་ལ། །
ལུས་ཀྱི་སྒེག་དང་མཛེས་ལ་མ་ཆགས་ལ། །
གློ་བར་ཐོག་གི་གློག་འདན་འཕྲོས་པ་བཞིན། །
སེམས་ཀྱི་སྟེང་འོག་གཞི་ནས་མ་སྡད་ལ། །
ཁྱེད་ཀྱི་ཕྱོགས་ལ་འཁོར་བའི་ངང་ཚུལ་དྲག ། དེ་ལས་མང་་་

བཅད་རྩོམ།

ཕུང་གསུམ་པའི་ང་།

2024 ལོའི་ཟླ 3 ཚེས 21 ཉིན། ཕར་ནང་དཀོན་རྒྱས་ 0

མཁས་ཀྱང་མཁས་པའི་ཁྲོད་ན་ང་མ་ཡོད། །
གླེན་ཡང་ལེ་ལོའི་ཁྲོད་ན་ང་མ་ཡོད། །
བཟང་ངན་བར་ན་གནས་པའི་ཕུང་གསུམ་ང་། །
འདི་ལས་ལྷག་པའི་འཇིག་རྟེན་ང་མི་དགོ །

མཁས་པས་འབད་བརྩོན་ཆུ་སྒྲ་རྒྱུན་མ་ཆད། །
ལེ་ལོ་གཉིད་པའི་ཉོག་སྒྲ་འུར་འུར་འུར། །
ཁོ་བོ་གཉིད་མེད་འབད་མེད་ཕུང་གསུམ་པ། །
རང་ཤེས་འདི་ལྟར་འཛིན་པ་ཆོས་ཉིད་རེད། །

ལོ་ཟླ་རྟག་ཏུ་ཕོང་གསུམ་འཚོ་པའི་རྒྱུད། །
འབད་བརྩོན་ལེ་ལོའི་དབང་ལ་མ་སོང་བ། །
གསེར་རྟག་ངན་རྟག་ཙམ་ཞིག་མ་མཆིས་ར། ། དེ་ལས་མང་་་

བཅད་རྩོམ།

མཛེས་པའི་རང་གཤིས་བཙན་པོ།

2024 ལོའི་ཟླ 3 ཚེས 14 ཉིན། ཕར་ནང་དཀོན་རྒྱས་ 0

མཆོག་གསུམ་ཟླ་བྲལ་བུ་མོ་མཛེས་པའི་དཔལ། །
རིག་པའི་ཤེས་བྱ་དཔལ་ཡོན་རྒྱས་དར་མ། །
འཇོ་སྒེག་གར་གྱི་རོལ་བ་དབྱངས་ཅན་མས། །
རྨད་བྱུང་ངག་གི་དཔལ་ཡོན་བདག་ལ་སྩོལ། །

མཛེས་མཛེས་མེ་ཏོག་ལྡུམ་རའི་ནང་ཚུར་ན། །
གསེར་མདོག་བུང་བ་སྣང་གླུ་འཐེན་པ་ཅན། །
མཁའ་ཡི་མཁའ་ལ་འཕུར་བ་སླ་མོད་ཀྱང་། །
མཛེས་པའི་མེ་ཏོག་མེད་ན་ཨ་ཐང་ཆད། །

བདེ་སྐྱིད་དཔལ་ལ་རོལ་བའི་འདོད་ལྡན་ཚོགས། །
བཙན་དང་རྒོད་པོའི་དབུ་འཕངས་དམན་ལ་གཏུག །
དཔའ་དང་སྙིང་སྟོབས་འཇིགས་བའི་གློ་མེད་ཀྱང་། །
མཛེས་མའི་བདེ་མཆོག་མེད་ན་སྟོབས་ཤུགས་ཉམས། ། དེ་ལས་མང་་་

བཅད་རྩོམ།

དམ་བཅའ་འགལ་བའི་བྱམས་པ།

2024 ལོའི་ཟླ 3 ཚེས 14 ཉིན། ཕར་ནང་དཀོན་རྒྱས་ 0

བརྩེ་མདངས་གཞན་ལ་ཆགས་ནོ་མི་བརྗེད་གི །
དམ་བཅའ་རྡོ་ལ་རྒྱབ་ནོ་མི་སྡང་གི།
བྲལ་ནས་ལོ་དང་ཟླ་པའི་བར་ཁྲོད་ནས། །
བརྩེ་སེམས་ད་རུང་འགྱུར་མེད་ཁྱོའི་ཕྱོགས་ཡོད། །

མི་དགའ་ཞེས་ཅིང་དུང་པའི་སྟེང་ལ་ཕྱོགས། །
མི་མཐུན་ཟེར་ཡང་བརྩེ་པའི་འདུན་མ་ཕྱོགས། །
དགའ་བཞིན་དགའ་བཞིན་སྒུག་པའི་མི་ཚེ་རྒུད། །
མི་ཚེའི་སྙིང་པོ་ད་རུང་མེད་པར་འདྲ། །

མཛེས་བཞིན་མཛེས་བཞིན་བཙོག་པའི་སྟེང་ལ་ཐོན། །
མཐུན་བཞིན་མཐུན་བཞིན་བརྩེ་བའི་རེ་ཐག་ཆད། །
བཤད་ཀྱང་ཡིད་ཆེས་སེམས་ལ་མ་བཞག་པས། ། དེ་ལས་མང་་་

བཅད་རྩོམ།

པི་ཝང་དཀར་པོའི་རང་སྒྲ།

2024 ལོའི་ཟླ 3 ཚེས 5 ཉིན། ཕར་ནང་དཀོན་རྒྱས་ 0

ཡན་ལག་བརྒྱད་ལྡན་ཆུ་གཏེར་ཀློང་ལས་དྲི་མེད་ཆུ་སྐྱེས་རབ་ཏུ་བཞད། །
ཁྲི་ཡི་ཐོག་ཏུ་དབྱངས་ཅན་དགའ་མའི་བཅུ་དྲུག་ལང་ཚོ་ལྟ་ན་སྡུག །
མ་ཟད་རྒྱུད་མངས་སྒྲ་ལས་དྲངས་ནས་སྙན་འཇེབས་ངག་གིས་སྟོང་གསུམ་འགུལ། །
ཚངས་སྲས་མ་ཀྱེ་མགྲིན་པར་བཞུགས་ནས་ངག་གི་དངོས་གྲུབ་ཅི་ཡང་སྩོལ། །

ཟབ་ཡངས་རྒྱ་མཚོའི་ཀློང་ལས་ཐོན་པའི་ཚངས་པའི་སྲས་མོ་སྒྲ་འཛིན་མ། །
ལྡེམ་མྱུར་སོར་མོས་རྩལ་བརྒྱ་ངོམ་ལ་དགུང་སྔོན་དབྱིངས་ནས་འདིར་གཤེགས་ཤིག །
སྙན་ངག་སྨྲ་བས་མགྲིན་པར་གནས་ཏེ་གསུང་དབྱངས་དག་གི་དཔལ་སྟེར་མ།། དེ་ལས་མང་་་

1 2 3 123