བོད་ལྗོངས། འོད་འཛིན་མ།
བུ་མོ།
ངས་ནམ་རྒྱུན་ཁྱོད་ཀྱི་འབྱུང་འགྱུར་གྱི་ལོ་ཟླའམ།
འབྱུར་འགྱུར་གྱི་མི་ཚེ་དང་འཚོ་བའི་ངོ་གདོང་ལ་སེམས་ཁུར་བྱེད་བཞིན་ཡོད།
གང་ཡིན་ཞེ་ན།
ནམ་ཞིག་ཁྱོད་རང་ལས་དབང་གིས་འདེད་ངེས་ལ།
ལུགས་སྲོལ་གྱིས་བརྫང་ངེས།
མཚམས་ལན་རེ།
ངས་འུ་གཉིས་བྱང་ཁོག་གཅིག་ནས་སྐྱེས་ཏེ།
ཁྱིམ་གཞི་གཅིག་ནས་ནར་སོན་པའི་ལས་ཡོད་ཀྱང་།
ཅིའི་ཕྱིར་གསོན་གསོན་དུ།
ཁ་འབྲལ་དགོས་པ་ཡིན་ནམ་སྙམ།
བུ་མོ།
གྱེས་བྲལ་གྱི་རྨ་ཁ་རེ་རེ་ནི།
ཤིན་ཏུ་བཟོད་དཀའ་བ་ཞིག་ཡིན་ནའང་།
ལས་དབང་འདིར་ལྡོག་ཐབམས་མེད་པས།
ཉིན་དེར་ངས་མིག་ཆུས་སྐྱེལ་མ་མི་བྱེད་ལ།
ཁྱོས་སྡུག་ཡུས་ཀྱི་ལག་པ་མི་གཡུག་རོགས།
ཉིན་དེར།
ངས་ཁྱོད་ཀྱི་མ་འོངས་པའི་དངོས་པོ་མཐའ་དག
ཁྱེད་རང་གི་ཞེ་ལ་འཛའ་ཞིང་།
ཁྱེད་ཀྱིས་ཀྱང་ཉེ་འཁོར་གྱི་མི་དང་།
འཚོ་བ་ལ་གཅེས་སྤྲས་ཤེས་པའི་སྨོན་ལམ་འདེབས།
ནུ་མོ་ལགས།
ཡང་གཅིག་བཤད་ན།
ཁྱེད་ཀྱིས་ཞེ་འཚེར་མ་གནང་དང་།
མེ་ཏོག་ཁ་ཁར་བཞད་ཀྱང་།
འདབ་མ་གཅིག་ཏུ་གནས་ཆོག་པ་བཞིན།
འུ་གཉིས་ཀྱི་མི་ཚེའི་ལམ་ཁ་མི་གཅིག་ཀྱང་།
ནང་སེམས་ཀྱི་སྐྱིད་སྡུག་སྔར་ལས་ཀྱང་མཉམ་གནས་ཆོག་པ་མ་ཡིན་ནམ།


དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།
You must be logged in to post a comment.