ཉི་མ་སྦས་པས་མཛད་པའི་རྒྱུ་གཞུང་གི་ལས་ཚོགས་ཀྱི་སྡུས་དོན།
༄༅། །རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ཉི་ཤུ་རྩ་གཅིག་ཡན་ལག་དང་བཅས་པ་འདི་ལ་གསུམ། ཕྱག་འཚལ་ཉི་ཤུ་རྩ་གཅིག་གི་གཞུང་བདེ་བར་གཤེགས་པའི་བཀའ་དང༌། དེའི་རྗེས་སུ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་སྤྱིའི་སྒྲུབ་ཐབས་དང༌། དེའི་རྗེས་སུ་སློབ་དཔོན་ཉི་མ་སྦས་པས་མཛད་པའི་སྒྲུབ་ཐབས་ཡན་ལག་དང་བཅས་པའོ། །གོང་མ་གཉིས་ནི་རྟོགས་པར་སླའོ། །ཉི་མ་སྦས་པས་མཛད་པ་འདི་ལ་གཉིས། སྒྲུབ་པའི་ཐབས་དང༌། དེ་དག་གི་ལས་ཀྱི་ཡན་ལག་གོ་ དེ་ལས་མང་་་
