བདེ་མཆོག་ནག་པོ་པའི་དབང་གི་སྡོམ་ཚིག
༄༅། །ཨོཾ་སྭ་སྟི་སིདྡྷཾ། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །སྣ་ཚོགས་པདྨའི་ལྟེ་བར་བཞུགས། །འཇིགས་བྱེད་དུས་མཚན་མཉམ་པར་མནན། །སྲིད་དང་ཞི་བའི་བདག་ཉིད་གཙོ། །ཧེ་རུ་ཀ་དཔལ་ལ་ཕྱག་འཚལ། །འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ། །སློབ་མ་དབང་བསྐུར་བྱ་བ་ཡི། །ཆོ་གའི་རིམ་པའི་སྡོམ་གྱི་ཚིག །བླ་མའི་གསུང་བཞིན་བྲི་བར་བྱ། །སྔོན་དུ་བསྙེན་པའི་བྱ་བ་དང༌། །དེ་བཞིན་དངོས་གཞིའི་བྱ་བ་དང༌། །དཀྱིལ་འཁོར་མཇུག་གི་བྱ་བ་སྟེ། །རྣམ་པ་གསུམ་གྱིས་བསྡུས་པ་ཡིན། །ཕན དེ་ལས་མང་་་
