བདུད་རྩི་འབྱུང་བ།

༼པ༽

༄༅། །བདུད་རྩི་འབྱུང་བ་བཞུགས།།

༄༅། །བདུད་རྩི་འཁྱིལ་པ་ལ་ཕྱག་འཚལ་ལོ། །དངོས་གཞི་ལྔ་དང་བརྡ་ལྔ་དང༌། །ཁ་བ་ཚ་བ་རྡོ་རྗེར་དབུལ་བ་དང༌། །ཨ་ཀ་རུ་གནག་ཀྱེའི་རྡོ་རྗེ་ལ་སོགས་པ་ཕྱོགས་ཕྱོགས་སུ་བཀོད་ནས། བགེགས། སྡིག་པ། དྲི་མ་རྣམས་སྦྱངས་ནས། སྭ་བྷཱ་ཝས་སྟོང་པར་བསམས་པའི་ངང་ལས། སོ་སོའི་ས་བོན་ལས་སོ་སོ་བསྐྱེད་ནས་སོ་སོའི་རིགས་དང་མཐུན་པའི་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་ལ། གཟུགས་སྦྱོང་ཞིང་སྐུའི་དངོས་གྲུབ་སྟེར་བའི་ངོ་བོར་དམིགས་ཏེ། ཨོཾ་ཨཱཿགོ་ཧཱུྃ་ཕཊ་སྭཱ་ཧཱ། ལ་སོགས་པ་བརྗོད། ན་དང་ག་ཧ་དང་པོ་དང༌། །དང་པོའི་ཤྭ་དང་གང་གི་མཐར། །ཤ་ལྔ་རྣལ་འབྱོར་པ་ཡིས་བཟའ། །འདི་དག་ཤ་ལྔའི་མཆོག་ཡིན་ཏེ། །རྒྱལ་བ་ཡབ་ལྔའི་ངོ་བོ་ཉིད། །དངོས་གྲུབ་རྒྱ་མཚོ་འགུགས་བྱེད་པའི། །ལྕགས་ཀྱུ་རྣམ་པ་ལྔ་ཡང་ཡིན། །རིགས་དང་དངོས་གྲུབ་གསལ་བ་ཡི། །སྒྲོན་མ་ལྔ་ཡང་འདི་ཡིན་ནོ། །ཨོཾ་ཨཱཿམ་ཧཱ་པཉྩ་མཾ་ས་ཧཱུྃ་ཕཊ། ཅེས་བརྗོད་དོ། །དེ་བཞིན་དུ་ས་བོན་ལས་རྣམ་པར་སྣང་མཛད། གཏི་མུག་སྦྱོང་ཞིང་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་དུ་དམིགས་ལ། ཨོཾ་ཨཱཿབི་ཧཱུྃ་ཕཊ་ལ་སོགས་པ་བརྗོད་ནས། མི་བསྐྱོད་བསྟེན་པའི་རྣལ་འབྱོར་ལ་སོགས་པ་འདི། འདི་ལྔ་བདུད་རྩིའི་མཆོག་ཡིན་ཏེ། །རྒྱལ་བ་ཡུམ་ལྔའི་ངོ་བོ་ཉིད། །འཆི་མེད་ཚེ་དང་མཆོག་སྩོལ་བས། །བདུད་རྩི་རྣམ་པ་ལྔ་ཡིན་ནོ། །ཨོཾ་ཨཱཿམ་ཧཱ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཕཊ་སྭཱ་ཧཱ། དེ་ནས་རྫས་གཞན་རྣམས་ཀྱང་དེ་ཉིད་གསུམ་ལས་བསྐྱེད་པ་ལས་འོད་འཕྲོས། སྣོད་བཅུད་དང་ཡེ་ཤེས་ཀྱི་བདུད་རྩིའི་ཚོགས་ལ་ཐིམ་པར་བསམ་ཞིང་དེ་ཉིད་གསུམ་བྱིན་གྱིས་བརླབ་བོ། །གོང་བུ་བྱིན་གྱིས་བརླབ་པའི་སྐབས་ཏེ་དང་པོའོ།།  །།རྡོ་རྗེ་པདྨ་རང་བཞིན་གྱིས། །རྟེན་དང་གཏུན་གྱི་རབ་སྦྱངས་པ། །སྣོད་གཅིག་བླུགས་ནས་ཇི་བཞིན་དུ། །བསྐྱེད་ནས་སྔར་བཞིན་བྱིན་གྱིས་བརླབ། །ཁྱད་པར་ཡང་ནི་འདི་ཡིན་ནོ། །ཨོཾ་ཨཱཿགོ་གོ་རུ་མཾ་ས་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿཀུ་ཀུ་ཀུ་ར་མཾ་ས་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿད་ད་ཏ་མཾ་ས་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿཧ་ཧ་སྟི་མཾ་ས་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿན་ན་ར་མཾ་ས་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿབི་རེ་ཨ་མྲྀ་ཏ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿརཀྟ་ཨ་མྲྀ་ཏ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿཤུ་ཀྲ་ཨ་མྲྀ་ཏ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿམ་ཧཱ་མཾ་ས་ཨ་མྲྀ་ཏ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿམུ་ཏྲ་ཨ་མྲྀ་ཏ་ཧཱུྃ་ཕཊ་སྭཱ་ཧཱ། ས་བོན་སོ་སོའི་ཡེ་ཤེས་ཀྱང༌། །སོ་སོར་བསྐྱེད་ཅིང་བྱིན་བརླབས་ནས། །ཨོཾ་ཨཱཿབྷྲཱུྃ་ཨཱ་དརྴ་ཛྙཱན་ཨ་མྲྀ་ཏ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿཨཱཾ་ས་མ་ཏཱ་ཛྙཱ་ན་ཨ་མྲྀ་ཏ་ཧཱུྃ་སྭཱ་ཧཱ། ཨོཾ་ཨཱཿཛྲཱི་པྲ་ཏྱ་བེ་ཀྵ་ཛྙཱ་ན་ཨ་མྲྀ་ཏ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿཁཾ་ཀྲི་ཏྱ་ཨ་ནུཥྛཱ་ན་ཨ་མྲྀ་ཏ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ་དྷརྨ་དྷཱ་ཏུ་ཛྙཱ་ན་ཨ་མྲྀ་ཏ་ཧཱུྃ་ཕཊ་སྭཱ་ཧཱ། རྣམས་སོ། །ཕྱི་མ་བྱིན་རླབས་ཀྱི་སྐབས་ཏེ་གཉིས་པའོ།།  །།མྱོས་བྱེད་ཚ་བ་ཉིང་ཁུ་རུ། །བྱས་པ་ལ་སོགས་ལྡེ་གུར་བྱ། །ཡོངས་སུ་རྫོགས་པར་བསྐྱེད་ནས་ནི། །སྔར་བཞིན་བྱིན་གྱིས་བརླབ་པར་བྱ། །ལྡེ་གུ་བྱིན་གྱིས་བརླབ་པའི་སྐབས་ཏེ་གསུམ་པའོ།།  །།དེ་ནས་རིལ་བུར་བྱས་ལ་སྔར་བཞིན་བསྐྱེད་ཅིང་བྱིན་གྱིས་བརླབས་ལ། ཨོཾ་གྱི་བྱིན་གྱིས་བརླབས་པ་ཡིས། །ཁ་དོག་ཕུན་སུམ་ཚོགས་གྱུར་ཅིང༌། །སྐུ་ཡི་རྡོ་རྗེ་སྤྱན་དྲངས་ནས། །རྣལ་འབྱོར་ལུས་ཀྱི་དངོས་གྲུབ་འགྱུར། །ཨཱཿཡི་བྱིན་གྱིས་བརླབས་པ་ཡིས། །ཕུན་སུམ་ཚོགས་པའི་རོར་ལྡན་ཞིང༌། །གསུང་གི་རྡོ་རྗེ་སྤྱན་དྲངས་ནས། །རྣལ་འབྱོར་ངག་གི་དངོས་གྲུབ་འགྱུར། །ཧཱུྃ་གི་བྱིན་གྱིས་བརླབས་པ་ཡིས། །ནུས་པ་ཕུན་སུམ་ཚོགས་གྱུར་ཅིང༌། །ཐུགས་ཀྱི་རྡོ་རྗེ་སྤྱན་དྲངས་ནས། །རྣལ་འབྱོར་སེམས་ཀྱི་དངོས་གྲུབ་འགྱུར། །ཧ་ཡིས་ཁ་དོག་འཕྲོག་པར་བྱེད། །ཕྲོགས་ནས་འཕགས་པ་མཆོད་བྱེད་ཅིང༌། །སེམས་ཅན་ཐམས་ཅད་ཚིམ་བྱེད་པའི། །ཁ་དོག་དམ་པར་བྱིན་གྱིས་བརླབས། །ཧ་ཧ་ཧ། ཧོས་ནི་དྲི་ནི་འཇིག་པར་བྱེད། །བཤིག་ནས་འཕགས་པ་མཆོད་བྱེད་ཅིང༌། །སེམས་ཅན་ཐམས་ཅད་ཚིམ་བྱེད་པའི། །ནུས་མཆོག་ལྡན་པར་བྱིན་གྱིས་བརླབ། །ཧོཿཧོཿཧོཿཧོཿ ཧྲཱིཿས་ནི་ནུས་པ་འཇིག་པར་བྱེད། །བཤིག་ནས་འཕགས་པ་མཆོད་བྱེད་ཅིང༌། །སེམས་ཅན་ཐམས་ཅད་ཚིམ་བྱེད་པའི། །ནུས་མཆོག་ལྡན་པར་བྱིན་གྱིས་བརླབ། །ཧྲཱིཿཧྲཱིཿཧྲཱིཿཧྲཱིཿ དེ་ནས་ཚེ་བསྒྲུབ་པའི་ཕྱིར་ཚེ་དཔག་མེད་ཡབ་ཡུམ་གྱི་འདུས་སྦྱོར་ལས་བྱུང་བའི་བདུད་རྩིར་བྱིན་གྱིས་བརླབས་པར་བསམ་ཞིང༌། སྔགས་སོ་སོའི་མཐར། ཨཱ་ཡུཿཔུཥྚིཾ་ཀུ་རུ་ཨོཾ། ཨོཾ་པུཎྱེའི་བཟླས་པ་མང་དུ་བྱའོ། །ཐོག་མར་ཞི་བའི་སྦྱིན་སྲེག་བྱ། །རྫོགས་ནས་རྒྱས་པའི་སྦྱིན་སྲེག་བྱ། །ཕུད་ཀྱིས་མཆོད་ནས་སླར་ཡང་ནི། །ཞི་བས་ལྷག་ཆད་ཉེས་པ་སྦྱང༌། །བདུད་རྩི་འབྱུང་བ་ཞེས་བྱ་བ་འཕགས་པས་སྦྱར་བའོ། །འདིས་བསྟན་པ་དང་སེམས་ཅན་མང་པོ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*