བྱམས་པའི་སྒྲུབ་ཐབས།
༄༅། །རྗེ་བཙུན་བླ་མ་དམ་པ་དང༌། འཕགས་པ་བྱམས་པ་ལ་ཕྱག་འཚལ་ལོ། །འཕགས་པ་བྱམས་པ་བསྒོམ་པར་འདོད་པའི་རྟེན་གྱི་གང་ཟག་གིས་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཐོག་མར་གདོང་ལ་སོགས་པ་དག་པར་བྱས་ཏེ། སྟན་བདེ་བ་ལ་འདུག་ནས། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་བྱ་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། དེའི་དོན་དུ་མགོན་པོ་བྱམས་པ་བསྒོམ་སྙམ་དུ་བྱང་ཆུབ་ཀྱི་སེམས་ཡུན་རིང་དུ་བསྒོམ། དེ་ནས་སྙིང་གར་ཟླ་བའི་དཀྱིལ་ དེ་ལས་མང་་་
