ངང་སྒུག
ཏག་ཏག་དེ་རིང་འདི་ནས་ཞིབ་རྩིས་ཤིག་བརྒྱབ་ན། ངས་ཁྱེད་ལ་“བདེ་མོ་ཡིན་ནམ”ཞེས་སྐད་ཆ་ཞིག་ཀྱང་མ་འཕྲོད་པར་ཁྱེད་རང་གང་ཞིག་གི་ཆེད་དུ་མནར་གཅོད་ཀྱི་ལོ་ཟླའི་ཁྲོད་དུ་ལུས་ནས་ལོ་ངོ་གཅིག་ཙམ་ལོན་པའི་དོ་ནུབ། ངས་འུ་གཉིས་ཀྱི་ཕ་ཡུལ་དང་བར་ཐག་ཕྱེ་ལེ༡༦༠ཙམ་ཡོད་པའི་རང་རྫོང་གི་མགྲོན་ཤག་ཅིག་ཏུ་ཁྱེད་རང་དྲན་དེ་ཁྱེད་ཀྱི་བརྩམས་ཆོས་བཀླགས་ཤིང་ཁྱེད་ཀྱི་འདྲ་པར་དག་ལ་ཡང་ཡང་བལྟས་ནས་དུས་ཚོད་སྐྱེལ་བཞིན་ཡོད། གལ་ཏེ་ད་ དེ་ལས་མང་་་
