ཁ་བའི་ཁྲོད་ཀྱི་ཉིན་གཅིག་གི་འབྲོག་པ།

རྩོམ་པ་པོ། དབྱུག་འཛིན། 

ད་ནངས་ཞོགས་པའི་ཁ་བ་ད་དུང་མཚམས་མ་ཆེད་པར་དལ་བུར་དལ་བུར་འབབ་ཀྱིན་འདུག ང་ཚོ་ནི་འབྲོག་ཁྱིམ་དཀྱུས་མ་ཞིག དགུན་གཞུང་རིང་མོ་ནི་སེམས་པ་འཁྱག་གིས་སྡོམ་པའི་དུས་ཤིག་ཅི་ལ་མིན། རི་བོ་ནི་ཁ་བས་གཡོག་འདུག རྩྭ་ཐང་ནི་ཁ་བས་བཏུམས་སོང་། སྤྱིར་འབྲོག་པ་ནི་ཁ་བ་ལ་རྒྱུས་མེད་ནས་རྒྱུས་ཡོད་ཅིག་དང་རྒྱུས་ཡོད་ནས་འཚོལ་དགོས་པ་ཞིག་མ་ཡིན་ནམ། ལྷག་ཏུ་ངའི་དྲིན་ཆེ་བའི་ཨ་མ་ནི་ཆུང་དུས་ནས་འབྲོག་ཁྱིམ་ཕལ་བ་ཞིག་ནས་སྐྱེས་ཤིང་། ད་དུང་ཡང་འབྲོག་པ་རྣལ་མ་རྟུལ་ཕོད་ཅན་ཞིག་ཏུ་ཆགས་ཡོད། སྐབས་འདིར་ཨ་མ་ལགས་དོན་ག་གེ་མོ་ཞིག་སྒྲུབ་སར་ཕྱིན་སོང་། དེས་ཕྱིར་དེ་རིང་གི་ཉི་མ་ནི་ང་ལ་མཚོན་ན་ཚོར་སྣང་འཁྱག་པོ་ཞིག་བྱུང་། ང་ཚོས་ཨ་ཕ་དང་མཉམ་དུ་ཕྱུགས་ཟོག་དག་རྩྭ་ས་རུ་གཏོང་། ཨ་ཕས་བཤད་ན། དེ་རིང་ཁ་བ་བབས་པས་ཟོག་རིགས་ལ་རྩྭ་ས་མཐོང་གྱིན་མི་འདུག་ཟེར། ངའི་ནུ་བོ་ཆེ་བ་དང་ཆུང་བ་གཉིས་ཕྱུགས་ཟོག་རྒྱག་ས་རུ་ཕྱིན། ང་དང་ཨ་ཕ་ནུ་མོ་ཆུང་བ་ངེད་ཅག་གིས་དྲོས་ཇ་ལ་གོ་རེ་འགའ་སྲེག་པ་ཡིན། མཚམས་དེར་ནུ་བོ་གཉིས་ཀྱང་སླེབ་བྱུང་། ང་ཚོས་དྲོས་ཇ་ལ་གོ་རེ་སྲེག་སྟེ་ཟོས་པ་ཡིན། དེ་རྗེས། ང་དང་ནུ་བོ་གཉིས་ནུ་མོ་གཅིག་ངེད་ཚང་མ་ལྷས་ར་ནང་དུ་ཡོང་བ་ཡིན། ནུ་བོ་ཆེ་བས་ལྕི་བ་རྒུམ་གྱིན་འདུག ནུ་བོ་འབྲིང་བ་དང་ནུ་མོ་ཆུང་བ་གཉིས་ཀྱིས་བེའུ་དག་ལ་རྩྭ་ཟས་གཏོང་བཞིན་ལྷས་རའི་ནང་གི་བྱེའུ་ཆུང་ཆུང་དག་འཛིན་ཨེ་ཐུབ་ལྟ་ཞོར་པྲ་ཚག་བྱེད་ཀྱིན་འདུག ནུ་བོ་ཆེ་བས་ལྕི་བ་རྒུམ་བཞིན་ང་ལ་གནའ་གཏམ་འགའ་རེ་བཤད་བྱུང་། ཁ་བ་དང་མཉམ་དུ་དེ་དག་ཉན་ཞོར། སྐབས་དེར་རྒྱང་རིང་མ་ཡིན་པའི་རྒྱང་རིང་ཞིག་ལ་ངས་མིག་མདངས་ཀྱིས་ཅེར་ཏེ་ཨ་མ་ཨེ་ཡོང་བལྟས་ཀྱང་། རྒྱང་རིང་ན་ད་དུང་ཁ་བ་འབབ་ཀྱིན་འདུག གྲང་ངར་ཆེ་བའི་དགུན་ཀའི་ཁ་བ་ནི་ཅི་འདྲིས་སེམས་པ་སྡུག་ཏུ་གཏོང་བྱེད་ཅིག

2022-2-22 ཉིན་མོར།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*