བོད་ཡུལ་དུ་འགྲོ་བ་མིའི་རིགས་བྱུང་ཚུལ།

འུ་ཟི།

དེ་ཡང་འཕགས་མཆོག་ཕྱག་ན་པད་མོའི་ཐུགས་ཀྱི་འོད་ཟེར་གྱིས་ཁྱབ་པའི་བོད་གངས་ཅན་གྱི་ལྗོངས་འདི་ཐོག་མར་ཅི་ལྟར་བྱུང་བའི་ཚུལ་མདོར་བསྡུས་ཏེ་བསྟན་པ་ནི།

ཐུགས་རྗེ་ཆེན་པོ་སྟེ་སྤྱན་རས་གཟིགས་དབང་ཕྱུག་དེ་ཉིད་ཀྱི་བོད་ཁམས་འདུལ་བའི་ཁུར་བསྣམས་ཏེ་ཁ་བ་ཅན་འདིར་བྱོན་ཏེ། སྟོད་མངའ་རིས། བར་དབུས་གཙང་། སྨད་མདོ་ཁམས་སྒང་དྲུག་ཏེ་དེ་དག་ནི་ཆུ་ཡི་འཇིག་རྟེན་ཞིག་ཡིན་ལ་དེར་སེམས་ཅན་མང་པོ་སྡུག་བསྔལ་དྲག་པོས་མནར་བར་གཟིགས་ཏེ་དེ་དག་ལ་ཆོས་བསྟན་ཏེ་གདུལ་བྱར་འགྱུར་བར་བྱིན་གྱིས་རླབས་སོ། ། དེ་ནས་ཁ་བ་ཅན་གྱི་ཡུལ་དབུས་དབུ་རུ་ཤོད་ཆེན་དམར་པོའི་རི་རྩེར་བྱོན་ཏེ་མཐའ་ཡས་པའི་འགྲོ་བ་རྣམས་ཀྱིས་བཟོད་མེད་ཀྱི་སྡུག་བསྔལ་མྱོང་བ་གཟིགས་ཏེ་སྡུག་བསྔལ་དེ་དག་དང་བྲལ་བའི་སྨོན་ལམ་བཏབས་སོ། ། དེས་མཐུས་དམྱལ་བ་སོགས་ཀྱི་སྡུག་བསྔལ་ཞི་བ་དང་མཚོ་དག་རིམ་གྱིས་བྲིན་ཏེ་བོད་ཡུལ་གྱི་རྣམ་པ་གསལ་པོར་དོད་དོ། ། དེ་ནས་བོད་ཡུལ་འདི་མི་མ་ཡིན་པའི་ཡུལ་དུ་གྱུར་ཏེ་གནོད་སྦྱིན་ལ་སོགས་པ་བཅུ་ཡིས་དབང་བྱས་ཏེ་དང་པོར་མཚོན་ཆ་མདའ་གཞི་ལ་སོགས་དེ་ནས་འབྱུང་བར་ཞེས་རིམ་པ་བཞིན་དུ་བཤད་དོ། ། མིའི་འགྲོ་བ་བྱུང་ཚུལ་ནི། བོད་ཡུལ་གྱི་ཡི་དྭགས་དང་དུད་འགྲོའི་འགྲོ་བ་རྣམས་མི་ལུས་ཐོབ་ཏུ་རུང་བར་གཟིགས་ནས། སྤྲེའུ་ཞིག་ལ་ཡོངས་རྫོགས་དགེ་བསྙེན་བྱིན་ནས་ཁ་བ་ཅན་གྱི་ཡུལ་འདིར་སྒོམ་བྱེད་དུ་བཏང་ངོ་། ། དེ་ནས་སྒྲོལ་མའི་སྤྲུལ་བ་བྲག་སྲིན་མོ་འོང་ཏེ་ཆགས་པའི་བརྡ་བསྟན་ཀྱང་སེམས་མ་གཡོས། གལ་ཏེ་ཁྱིམ་ཐབས་མ་བྱས་ན་སྲིན་པོ་ཞིག་དང་འགྲོགས་ཏེ་འགྲོ་བ་སོགས་ལ་གནོད་པ་བྱེད་པར་ངེས་ཞེས་བཤད་དོ། ། དེ་མ་ཐག་པོ་ཏ་ལར་སོང་ནས་སྤྱན་རས་གཟིགས་ལ་ཞུས་པར་དེ་ལྟར་བྱས་ན་གཞན་དོན་ཡོད་ཅེས་གསུངས་ཏེ་གནང་ངོ་། །དེ་ལྟར་དེ་གཉིས་འདུས་ཏེ་འགྲོ་བ་རིས་དྲུག་ནས་འཕོས་པའི་སྤྲེལ་ཕྲུག་དྲུག་བྱུང་བ་དང་། དེ་ལྟར་རིམ་གྱིས་བོད་ཀྱི་མི་ཞེས་བྱ་བ་བྱུང་བའི་ཚུལ་བསྡུས་ཏེ་བསྟན་པའོ། །

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*