རྗེ་བླ་མའི་གསོལ་འདེབས་གདུང་སེལ་མ།
རྗེ་བླ་མའི་སྐུ་ལ་གསོལ་བ་འདེབས།། སྐུ་འདས་པ་མ་རེད་གྱུར་པ་རེད།། ལུས་རྡོ་རྗེ་སྐུ་ཡི་དཀྱིལ་འཁོར་དུ།། ད་གཉིས་སུ་མེད་པར་གྱུར་པ་རེད།། འདི་ངན་པ་མ་རེད་བཟང་པོ་རེད།། སྐུ་གཞོམ་གཞིག་མེད་པར་རྟག་པ་རེད།།རྗེ་བླ་མའི་གསུང་ལ་གསོལ་བ་འདེབས།། གསུང་འགག་པ་མ་རེད་སོང་བ་རེད།། རྩ་ཡི་གེ་གསུང་གི་དཀྱིལ་འཁོར་དུ།། ད་གཉིས་སུ་མེད་པར་སོང་བ་རེད།། འདི་སྡུག་པོ་མ་རེད་ཡག་པོ་རེད།། གསུང་འགག་པ་མེད་པར་གྱུར་པ་རེད།། དེ་ལས་མང་་་
