གསར་འགྱུར།

༸སྐྱབས་མཆོག་ཀླུ་ལྡིང་མཁན་ཆེན་སྐུ་འཁོར་ལྷན་རྒྱས་རྡོ་རྗེ་གདན་དུ་ཆིབས་བསྒྱུར་གནང་འདུག

2019 ལོའི་ཟླ 11 ཚེས 18 ཉིན། གདོང་མཁན། 0

༸སྐྱབས་མཆོག་འཁོར་ལོའི་མགོན་པོ་ངོར་ཨེ་ཝཾ་ཀླུ་ལྡིང་ཤར་ཆེན་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་མཆོག་དང་་༸སྐྱབས་རྗེ་འཁོན་གདུང་ཨ་སངྒ་རིན་པོ་ཆེ་མཆོག ༸སྐྱབས་རྗེ་ཀླུ་ལྡིང་མཁན་པོ་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་མཆོག་དང་༸སྐྱབས་རྗེ་ངོར་ཐར་རྩེ་མཁན་རིན་པོ་ཆེ་མཆོག་དང་བཅས་སྐུ་འཁོར་ལྷན་རྒྱས་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་བསྒྱུར་གནང་སྟེ་བོད་བསྟན་སྲིད་ཆེད་དུ་ཐུགས་སྨོན་གསོལ་འདེབས་རྒྱ་ཆེ་མཛད་པ་མ་ཟད། ཁ་རྩང་ རབ་བྱུང་ ༡༧ ས་མོ་ཕག་ལོ་ ཟླ་བ་ ༩ ཚེས་ དེ་ལས་མང་་་

གསར་འགྱུར།

སྤྲུལ་པའི་ལྷ་ཁང་ཆེན་མོ་དུ་ས་མཆོད་དུས་ཆེན།

2019 ལོའི་ཟླ 11 ཚེས 15 ཉིན། ཕར་ནང་ཚང་། དཀོན་མཆོག་དར་རྒྱས། 0

༄༅། །གངས་ལྗོངས་རྡོ་རྗེ་གདན་དཔལ་ས་སྐྱའི་སྤྲུལ་པའི་ལྷ་ཁང་ཆེན་མོར། མི་ལོ་དགུ་བརྒྱ་ལྷག་གི་རིང་ལོ་ལྟར་བཞིན་ས་མཆོད་དུས་ཆེན་བོད་ཟླ་དགུ་པའི་ཚེས་བརྒྱད་ནས་ཚེས་བཅུ་དྲུག་བར་དཔལ་ཀྱེ་རྡོ་རྗེའི་རྡུལ་ཚོན་དཀྱིལ་འཁོར་ལ་བརྟེན་པའི་སྒྲུབ་མཆོད་ཆེན་མོ་མཛད་བཞིན་ཡོད། འདི་ལོའི་ཚོགས་ཀྱི་རྡོ་རྗེ་སློབ་དཔོན་དུ་རྒྱ་མཚོ་དཔོན་སློབ་མཁན་ཆེན་ཀུན་བཟང་རྒྱལ་མཚན་མཆོག་གིས་དབུས་བཤད་གྲྭའི་མཁན་པོ་དགེ་འདུན་རྒྱ་མཚོ་མཆོག་དང་མཁན་པོ་འཇམ་དཔལ་ཡེ་ཤེས་མཆོག རྫོང་ཆུང་དཔོན་ དེ་ལས་མང་་་

གསར་འགྱུར།

དཔལ་ས་སྐྱའི་ས་མཆོད་ཆེན་མོ་བསུ།

2019 ལོའི་ཟླ 11 ཚེས 14 ཉིན། གདོང་མཁན། 0

བོད་རྒྱལ་ལོ་༢༡༤༦ ལོའི་ཟླ་༩ པའི་ཚེས་བཅུ་བཞི་དང་ཕྱི་ལོ་༢༠༡༩ ཟླ་༡༡ ཚེས་༡༡ ཉིན་འདི་ནི། དཔལ་ལྡན་ས་སྐྱ་པའི་གྲུབ་མཐའི་སྲོལ་འབྱེད་འཁོན་སྟོན་དཀོན་མཆོག་རྒྱལ་པོ་མཆོག་དང་། སྐད་གཉིས་སྨྲ་བའི་དབང་པོ་བ་རི་ལོ་ཙཱ་བ་རིན་ཆེན་གྲགས་པ། རྣལ་འབྱོར་གྱི་དབང་ཕྱུག་དཔལ་བརྩེ་བ་ཆེན་པོ་ས་ཆེན་ཀུན་དགའ་སྙིང་པོ། བསྟན་པའི་རྩ་ལག་དམ་པ་ཁྱབ་བདག་བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན། ངོར་པའི་གདན་རབས་ང་གསུམ་པ་ཕན་བདེ་མཁན་ཆེན་ཀུན་དགའ་ དེ་ལས་མང་་་

གསར་འགྱུར།

༸དཔལ་ས་སྐྱའི་བཙུན་མའི་མཐོ་སློབ་ཀྱི་སྐབས་དང་པོའི་བཀའ་བཅུ་པའི་བསླབ་པ་མཐར་སོན་གྱི་མཛད་སྒོ་ཚོགས་པ།

2019 ལོའི་ཟླ 11 ཚེས 14 ཉིན། གདོང་མཁན། 0

སྤྱི་ལོ ༢༠༡༩ ཟླ། ༡༡ ཚེས། ༡༣ ཉིན་རྒྱ་གར་བྱང་ཕྱོགས་སྡེ་ར་ལྡུན་༸དཔལ་ས་སྐྱའི་བཙུན་མའི་མཐོ་སློབ་ཏུ་ཚོགས་མགོན་དུ་༸དཔལ་ས་སྐྱའི་སྐྱབས་མགོན་གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་ས་སྐྱའི་བཙུན་མའི་མཐོ་སློབ་སྐབས་དང་པོའི་བཀའ་བཅུ་པའི་བསླབ་པ་མཐར་སོན་གྱི་མཛད་སྒོ་དང་ཆོས་ལུགས་རིས་མེད་ཆོས་བརྒྱུད་ཁག་གི་བཙུན་མའི་ཚད་མ་རྣམ་འགྲེལ་ལེའུ་དང་པོའི་ཐོག་ཏུ་བགྲོ་གླེང་ཆེན་མོའི་དབུ་འབྱེད་མཛད་སྒོ་ཚོགས་པ་དང་། ༸དཔལ་ས་སྐྱའི་བཙུན་མའི་མཐོ་སློབ་ནས་ དེ་ལས་མང་་་

གསར་འགྱུར།

༸སྐྱབས་རྗེ་ཀླུ་ལྡིང་མཁན་ཆེན་མཆོག་གི་འཁྲུངས་སྐར་སྲུང་རྩིས་གནང་།

2019 ལོའི་ཟླ 11 ཚེས 14 ཉིན། གདོང་མཁན། 0

བོད་ཟླ་དགུ་པའི་ཚེས་བཅུ་བཞི་ནི་དཔལ་ལྡན་ས་སྐྱ་པའི་སྲོལ་འབྱེད་པ་འཁོན་དཀོན་མཆོག་རྒྱལ་པོ་མཆོག་དང་། སྐད་གཉིས་སྨྲ་བའི་དབང་པོ་བ་རི་ལོ་ཙཱ་བ་རིན་ཆེན་གྲགས། རྣལ་འབྱོར་གྱི་དབང་ཕྱུག་དཔལ་བརྩེ་བ་ཆེན་པོ་ས་ཆེན་ཀུན་དགའ་སྙིང་པོ། བསྟན་པའི་རྩ་ལག་དམ་པ་མགོན་པོ་བསོད་ནམས་མཆོག་ལྡན་བཅས་ཀྱི་དགོངས་རྫོགས་མཆོད་འབུལ་དུས་ཆེན་ཡིན་པ་དང་། རྒྱལ་བའི་ལུང་གིས་ཟིན་པའི་སྐྱེས་བུ་ཆེན་པོ་ངོར་ཆེན་རྡོ་རྗེ་འཆང་གི་རྒྱལ་ཚབ་དཔལ་ཨེ་ཝཾ་ཆོས་ལྡན་གྱི་ དེ་ལས་མང་་་

གསར་འགྱུར།

བྱེས་ཀྱི་ངོར་གདན་ས་ཆེན་མོར་༸སྐྱབས་རྗེ་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་མཆོག་ལ་བརྟན་བཞུགས་བསྟར་འབུལ་གྱི་སྒྲུབ་ཞག་གནང་བཞིན།

2019 ལོའི་ཟླ 11 ཚེས 10 ཉིན། གདོང་མཁན། 0

བོད་ཟླ་ ༩ པའི་ཚེས ༡༤ ནི་དཔལ་ལྡན་ས་སྐྱ་པའི་དམིགས་གསལ་དུས་ཆེན་ཡིན་ཞིག དེ་ཡང་དཔལ་ས་སྐྱའི་ཁྲི་རབས་དང་པོ་འཁོན་དཀོན་མཆོག་རྒྱལ་པོ་མཆོག་དང་ས་སྐྱའི་ཁྲི་རབས་གཉིས་པ་བ་རི་ལོ་ཙཱ་བ་ཆེན་པོ་མཆོག་དང་། ས་སྐྱའི་ཁྲི་རབས་གསུམ་པ་ས་ཆེན་ཀུན་དགའ་སྙིང་པོ་བཅས། ས་སྐྱའི་ཁྲི་རབས་དང་པོ་གསུམ་གྱི་དུས་མཆོད་(འདས་མཆོད) ཡིན་པ་མ་ཟད་དུས་གསུམ་རྒྱལ་བའི་མཁྱེན་བརྩེ་ནུས་པའི་རང་གཟུགས་དཀྱིལ་འཁོར་རྒྱ་མཚོའི་གཙོ་བོ་ཁྱབ་བདག་རྡོ་རྗེ་སེམས་དཔའི་ དེ་ལས་མང་་་

གསར་འགྱུར།

ས་ཆེན་སློབ་གྲྭར་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་ཆིབས་བསྒྱུར་གནང་འདུག

2019 ལོའི་ཟླ 11 ཚེས 8 ཉིན། གདོང་མཁན། 0

ཁ་རྩང་ཕྱི་ཟླ་ ༡༡ པའི་ཚེས་ ༧ དང་། བོད་ཟླ་ ༩ པའི་ཚེས་ ༡༠ སྐལ་བཟང་གི་ཉིན་མོ་འདིར། ས་གསུམ་འགྲོ་བའི་མགོན་པོ། རྒྱལ་བ་ཐམས་ཅད་ཀྱི་མཁྱེན་པའི་ངོ་བོའི་མགྲོན་གཉེར་མི་ཡི་རང་གཟུགས་སུ་བྱོན་པ། བདག་ཅག་སྐྱེས་འགྲོ་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ། ངེས་པར་དོན་གྱི་དཔལ་ལྡན་བླ་མ་དམ་པ། ༧ སྐྱབས་མགོན་༧གོང་མ་༧ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་འདི་ག་ས་ཆེན་སློབ་གྲྭར་ཞབས་ཟུང་གསེར་གྱི་འཁོར་ལོ་མངོན་པར་བསྒྱུར་ཏེ། འདི་གའི་ དེ་ལས་མང་་་

གསར་འགྱུར།

ས་པཎ་མཁས་འཇུག་གི་རྩ་འགྲེལ་དེབ་གསར་འགྲེམས་སྤེལ།

2019 ལོའི་ཟླ 11 ཚེས 2 ཉིན། གདོང་མཁན། 1

༧སྐྱབས་མཆོག་འཁོར་ལོའི་མགོན་པོ་ངོར་༧ཤར་ཆེན་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་འཇམ་དབྱངས་བསྟན་པའི་ཉི་མ་མཆོག་གི་སྐུའི་འཁྲུངས་སྐར་གྱ་དགུ་པ་དང་སྟབས་བསྟུན། འཕགས་ཡུལ་དཔལ་ས་སྐྱའི་གདན་ས་ཆེན་མོ་ངོར་ཨེ་ཝྃ་ཆོས་ལྡན་དུ་དཔལ་ས་སྐྱའི་ལྷ་སྡེ་མི་སྡེ་ཡོངས་ནས་བཀའ་དྲིན་རྗེས་དྲན་གྱི་བརྟན་བཞུགས་བསྟར་འབུལ་ཞུ་སྐབས། གུས་པ་གཉིས་ཀྱིས་བསྡུ་སྒྲིག་བྱས་པའི་<<ས་པཎ་མཁས་འཇུག་གི་རྩ་འགྲེལ་བསྡུ་བསྒྲིགས་>> ཞེས་པ། ས་པཎ་རིག་གནས་དཔེ་ཚོགས་དེབ་ཕྲེང་གཉིས་པ་དང་། གསུམ་ དེ་ལས་མང་་་

གསར་འགྱུར།

རྒྱལ་སྲས་ཞི་བ་ལྷའི་རྣམ་ཐར་འཁྲབ་སྟོན།

2019 ལོའི་ཟླ 11 ཚེས 1 ཉིན། གདོང་མཁན། 0

༢༠༡༩ ལོ་ཕྱི་ཟླ་ ༡༠ པའི་ཚེས་ ༢༨ ཉིན། ༸སྐྱབས་མཆོག་འཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་ནས་འཁྲབ་འཁྲིད་གནང་ཞིང་དཔལ་རྫོང་སར་བཤད་གྲྭའི་དགེ་སློབ་ཁག་གཅིག་གིས་སློབ་ཞོར་དུ་སྦྱོང་བརྡར་གྱིས་ནང་བསྟན་གཙུག་ལག་སློབ་ཆེན་དཔལ་ནཱ་ལེནྜའི་པཎ་གྲུབ་བཅུ་བདུན་གྱི་ཡ་གྱལ་སྦས་པའི་རྣལ་འབྱོར་པ་ཆེན་པོ་རྒྱལ་སྲས་ཞི་བ་ལྷའི་རྣམ་པར་ཐར་པ་གཏམ་བརྗོད་ཟློས་གར་གྱི་ལམ་ནས་འཁྲབ་སྟོན་གནང་ཞིང་། རིན་པོ་ཆེ་མཆོག་ནི་སྤྱིར་སྒྱུ་རྩལ་ལ་དུང་ཞེན་དང་ལྷག་ཏུ་ དེ་ལས་མང་་་

གསར་འགྱུར།

བཀའ་དྲིན་རྗེས་དྲན་གྱི་བརྟན་བཞུགས།

2019 ལོའི་ཟླ 10 ཚེས 31 ཉིན། ཕར་ནང་ཚང་། དཀོན་མཆོག་དར་རྒྱས། 0

༄༅། །མདོ་རྒྱུད་མན་ངག་རྒྱ་མཚོའི་མངའ་བདག འདུལ་འཛིན་བྱེད་བའི་གཙུག་རྒྱན། ངོར་ཆེན་རྒྱལ་བའི་རྒྱལ་ཚབ་༸སྐྱབས་རྗེ་ངོར་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་འཇམ་དབྱངས་བསྟན་པའི་ཉི་མ་མཆོག རྒྱལ་བསྟན་སྤྱི་དང་བྱེད་བྲག་ལ་བླ་ན་མེད་པའི་སྐུ་དྲིན་བསྐྱངས་དང་སྐྱོང་བཞིན་པར། རང་ཅག་དཔལ་ལྡན་ས་སྐྱ་པའི་ལྷ་སྡེ་མི་སྡེ་སྤྱི་ཡོངས་ནས། ༸མགོན་པོ་གང་གི་བཀའ་དྲིན་རྗེས་དྲན་དང་། མ་འོངས་བསྟན་འགྲོའི་སླད་སྐུ་ཚེ་བསྐལ་རྒྱར་བརྟན་ཆེད། སྐུའི་འཁྲུངས་སྐར་གྱ་དགུ་པ་དང་སྟབས་བསྟུན། དེ་ལས་མང་་་

གསར་འགྱུར།

སྨར་ཁམས་གཞིས་བྱེས་གཉིས་ཀྱིས་བརྟན་བཞུགས།

2019 ལོའི་ཟླ 10 ཚེས 2 ཉིན། ཕར་ནང་ཚང་། དཀོན་མཆོག་དར་རྒྱས། 0

༄༅། །ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དགུང་གྲངས་ ༧༥ ཕེབས་པའི་སྐུའི་འཁྲུངས་སྐར་ཉིན། སྨར་ཁམས་གཞིས་བྱེས་ལྷ་སྡེ་མི་ཡོངས་ནས་༸ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་སྐུ་ཚེ་ཡུན་དུ་བརྟན་ཆེད་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་དང་། བརྟན་བཞུགས་མཛད་སྒོའི་སྟེང་ས་སྐྱ་༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་གི་དབུས་པའི་སྐུའི་གདུང་སྲས་རྣམ་པ་དང་། ངོར་དང་ཚར་པའི་ཁྲི་པ་རྣམ་པ། ལྷོ་སྤྱི་གཙོས་པའི་ས་གནས་མགོ་འཛིན་རྣམ་དང་། གཞན་ཡང་སྨར་ དེ་ལས་མང་་་

གསར་འགྱུར།

༸སྐྱབས་རྗེ་འཁོན་གདུང་སྐུ་གཞོན་རིན་པོ་ཆེ་མཆོག་བལ་ཡུལ་ཕྱོགས་སུ་མཛད་འཕྲིན་བསྐྱངས་བཞིན།

2019 ལོའི་ཟླ 10 ཚེས 2 ཉིན། གདོང་མཁན། 0

དེ་རིང་སྤྱི་ཚེས༢ ལ་བལ་ཡུལ་ཧེ་ཊའུ་ཌར་ཡོད་པའི་འཇིག་རྟེན་ཞི་བ་ཆོས་གླིང་དགོན་པ་དང་ཁུལ་དེའི་སེར་སྐྱ་མི་མང་ནས་༸སྐྱབས་རྗེ་འཁོན་གདུང་ཛྙ་ན་བཛྲ་རིན་པོ་ཆེ་མཆོག་ལ་གྲོང་ཁྱེར་གྱི་ལམ་གཞུང་ནས་ཕེབས་བསུ་ཟབ་རྒྱས་དང་བཅས་དགོན་པར་ཕེབས་བསུ་ཞུས། དེ་རིང་ནས་བལ་ཡུལ་ཁུལ་དུ་ཉིན་གསུམ་རིང་༧ སྐྱབས་རྗེ་འཁོན་གདུང་སྐུ་གཞོན་རིན་པོ་ཆེ་དབུ་བཞུགས་ཐོག་དཔལ་ས་སྐྱའི་ཆོས་སྒར་གྱི་ཕྱོགས་བཞུགས་དགེ་འདུན་རྣམས་ནས་དགོན་དེར་ཡི་དམ་རྡོ་རྗེ་གཞོན་ནུའི་ དེ་ལས་མང་་་

གསར་འགྱུར།

༸སྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་ཐེན་ཝ་ལ་ཆིབས་བསྒྱུར་གནང་འདུག

2019 ལོའི་ཟླ 10 ཚེས 2 ཉིན། གདོང་མཁན། 0

༄༅། །ཁ་རྩང་སྤྱི་ཟླ་༡༠ པའི་ཚེས་༡ ་ཉིན་དཔལ་༸སྐྱབས་མགོན་༧ ས་སྐྱ༧ གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་དང་སྐུ་འཁོར་ལྷན་རྒྱས་ཐེན་ཝ་ལ་ཆིབས་བསྒྱུར་གནང་འདུག ཐེན་ཝ་ལ་ཡོད་པའི་དཔལ་ས་སྐྱའི་ཆོས་ཚོགས་ཁག་གི་མཁན་པོ་དང་དགེ་འདུན་པ། དེ་བཞིན་དུ་ཚོགས་མི་དང་འབྲེལ་ཡོད་མི་སྣ་ཁག དད་ལྡན་མང་ཚོགས་མང་པོས་ཕེབས་བསུ་ཟབ་རྒྱས་དང་འབྲེལ་ཐེན་ཝ་ཕྱོགས་སུ་ཆོས་ཕྱོགས་ཀྱི་མཛད་རིམ་ཞིབ་ཕྲ་རྗེས་སུ་གསལ་བསྒྲགས་བྱེད་འཆར་བཅས་ཀྱི་གསར་འགྱུར་སྙིང་བསྡུས། དེ་ལས་མང་་་

གསར་འགྱུར།

༸སྐྱབས་རྗེ་འཁོན་གདུང་ཛྙ་ན་བཛྲ་རིན་པོ་ཆེ་མཆོག་བལ་ཡུལ་དུ་ཁ་རྩང་ཆིབས་བསྒྱུར་གནང་འདུག

2019 ལོའི་ཟླ 10 ཚེས 2 ཉིན། གདོང་མཁན། 0

ཁ་རྩང་སྤྱི་ཟླ་༡༠ པའི་ཚེས་༡ ་ཉིན་ཞོགས་པར་༸སྐྱབས་རྗེ་འཁོན་གདུང་ཛྙ་ན་བཛྲ་རིན་པོ་ཆེ་མཆོག་དང་སྐུ་འཁོར་ལྷན་རྒྱས་བལ་ཡུལ་དུ་ཆིབས་བསྒྱུར་གནང་འདུག། དེ་ཡང་བལ་ཡུལ་ཕྱོགས་སུ་ཟླ་བ་༡༠ པའི་ཚེས་ནས་ཚེས་ ༡༣ བར་དུ་མཛད་རིམ་གྲུབ་མཚམས་རྗེས་སུ་རྒྱལ་གར་དུ་ཕེབས་རྒྱུའི་སྔོན་བརྡ་གསལ་བསྒྲགས་ལྟར་ཁ་རྩང་ཞོགས་པར་སྐུ་འཁོར་ལྷན་རྒྱས་བལ་ཡུལ་ལ་ཞབས་སོར་བདེ་བར་འཁོད་མ་ཐག་གནམ་ཐང་ནས་སྒེར་གཉེར་བ་ཡོ་མ་ཀུ་སུ་མའི་ནང་པའི་བསྟི་གནས་ནས་(Byoma Kusuma Buddhadharma Center)་ཇི་ལྟར་གསོལ་བ་བཏབ་པ་ལྟར་ དེ་ལས་མང་་་

གསར་འགྱུར།

འདི་ལོར་འཕགས་ཡུལ་རྫོང་གསར་བཤད་གྲྭར་དམིགས་བསལ་བགྲོ་གླེང་ཐེངས་དང་པོ་འཚོགས་པ།

2019 ལོའི་ཟླ 9 ཚེས 27 ཉིན། གདོང་མཁན། 0

སྤྱིར་འཕགས་ཡུལ་རྫོང་སར་བཤད་གྲྭའི་ལོ་རེའི་སློབ་མའི་འཆད་རྩོད་རྩོམ་གསུམ་གྱི་བྱེད་སྒོ་སོགས་ལས་འཛིན་རིམ་གོང་འོག་གི་བགྲོ་གླེང་ཟླ་རེ་ལ་ཐེངས་རེ་རྒྱུན་ལྡན་དུ་འཚོགས་བཞིན་ཡོད་མོད། ད་ལོ་ནས་བཟུང་བཤད་གྲྭའི་འཛིན་སྐྱོང་ལྷན་ཚོགས་ཀྱིས་དགེ་ཕན་དུ་མ་ལ་དམིགས་ཏེ་དེང་རབས་དང་མཐུན་པར། རྩོམ་ཤོག་སྒྲོག་སྦྱང་གི་བགྲོ་གླེང་ལོ་རེ་ལ་ཐེངས་གཉིས་དང་། ཐེངས་རེར་འཛིན་རིམ་བཞི་ནས་བགྲོ་གླེང་ལ་མཉམ་ཞུགས་བྱེད་པའི་ཐོག་ནས་འཚོག་དགོས་པའི་ཐག་གཅོད་ལྟར། སྤྱི་ལོ་ ༢༠༡༩ ཟླ་བ་ ༩ པའི་ཚེས་ ༢༣ ཉིན་བཤད་གྲྭའི་ཡིག་ཚད་ཚོགས་ཆུང་གི་གོ་སྒྲིག་འོག་དམིགས་བསལ་བགྲོ་གླེང་ཐོག་མ་དེ་ཚོགས་ཡོད། དེ་ལས་མང་་་

1 10 11 12 13 14 27