དཔལ་ས་སྐྱའི་ས་མཆོད་ཆེན་མོ་བསུ།

༩/༡༤ དཔལ་ས་སྐྱའི་ས་མཆོད་ཆེན་མོ་བསུ།

སྲོལ་འབྱེད་འཁོན་སྟོན་དཀོན་མཆོག་རྒྱལ་པོ།
སྨྲ་བའི་དབང་པོ་བ་རི་ལོ་ཙཱ་རིན་ཆེན་གྲགས།
རྣལ་འབྱོར་དབང་ཕྱུག་ས་ཆེན་ཀུན་དགའ་སྙིང་པོ།

བོད་རྒྱལ་ལོ་༢༡༤༦ ལོའི་ཟླ་༩ པའི་ཚེས་བཅུ་བཞི་དང་ཕྱི་ལོ་༢༠༡༩ ཟླ་༡༡ ཚེས་༡༡ ཉིན་འདི་ནི། དཔལ་ལྡན་ས་སྐྱ་པའི་གྲུབ་མཐའི་སྲོལ་འབྱེད་འཁོན་སྟོན་དཀོན་མཆོག་རྒྱལ་པོ་མཆོག་དང་། སྐད་གཉིས་སྨྲ་བའི་དབང་པོ་བ་རི་ལོ་ཙཱ་བ་རིན་ཆེན་གྲགས་པ། རྣལ་འབྱོར་གྱི་དབང་ཕྱུག་དཔལ་བརྩེ་བ་ཆེན་པོ་ས་ཆེན་ཀུན་དགའ་སྙིང་པོ། བསྟན་པའི་རྩ་ལག་དམ་པ་ཁྱབ་བདག་བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན། ངོར་པའི་གདན་རབས་ང་གསུམ་པ་ཕན་བདེ་མཁན་ཆེན་ཀུན་དགའ་བསྟན་པའི་བློ་གྲོས་བཅས་ཀྱི་དགོངས་རྫོགས་མཆོད་འབུལ་དུས་ཆེན་དང་། རྒྱལ་བའི་ལུང་གིས་ཟིན་པའི་སྐྱེས་བུ་ཆེན་པོ་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྒྱལ་ཚབ་དཔལ་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་དོན་ལྔ་པ་༸སྐྱབས་རྗེ་ངོར་ཨེ་ཝཾ་ཤར་ཆེན་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་འཇམ་དབྱངས་བསྟན་པའི་ཉི་མ་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་མཆོག་དགུང་གྲངས་༨༩ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་དང་། མདོར་ན་ཉིན་འདི་ནི་དུས་ཆེན་དྲུག་འཛོམས་ཀྱི་ཉིན་མོ་ཆེས་ཁྱད་པར་དུ་འཕགས་པ་ཞིག་ཡིན་པས་རྣམ་པ་ཚང་མས་དགེ་སྒྲུབ་སྡིག་སྤོང་གི་ལས་ལ་བརྩོན་རྒྱུ་བཀའ་དྲིན་མི་ཆུང་བ་ཞུ་ཞུ་ཞུ།

མགོན་པོ་བསོད་ནམས་མཆོག་ལྡན།
ངོར་ཕན་བདེ་མཁན་ཆེན་ཀུན་དགའ་བསྟན་པའི་བློ་གྲོས།
རྒྱལ་ཚབ་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་འཇམ་དབྱངས་བསྟན་པའི་ཉི་མ།


རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*