ལྷ་བབ་དུས་ཆེན་དང་འཁྲུངས་སྐར་དུས་ཆེན་།

ལྷ་བབ་དུས་ཆེན་དང་འཁྲུངས་སྐར་དུས་ཆེན། 

ཁ་རྩང་ནི་སྤྱི་ལོ་༢༠༡༩ཟླ་བ་༡༡པའི་ཚེས་༡༩ཉིན་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་སེང་གེ་མཆོག་ལྷ་ཡུལ་ལས་བབས་པའི་དུས་ཆེན་ཁྱད་པར་ཅན་གྱི་ཉིན་མོ་དང་དཔལ་བརྩེ་བ་ཆེན་པོའི་རིང་ལུགས་འཛིན་པ།  རྡོར་འཛིན་བྱེ་བའི་གཙུག་རྒྱན༧སྐྱབས་མགོན༧གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་གི་ཕྱི་ལུགས་ཀྱི་སྐུའི་འཁྲུངས་སྐར་ཏེ་དུས་ཆེན་ཁྱད་པར་ཅན་གཉིས་འཛོམས་ཉིན།  བདག་ཅག་རྣམས་ཀྱི་འདྲེན་ཟླ་མཚུངས་ཟླ་མ་མཆིས་པ། རྡོ་རྗེ་བྱེ་བའི་གཙུག་རྒྱན། རིགས་བདག་འཁོར་ལོའི་མགོན་པོ་༧ སྐྱབས་མགོན་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་༧ སྐྱབས་མགོན་གོང་མ་ཁྲི་རིན་པོ་ཆེ་མཆོག་གིས་གཙོས་པའི་འཁོན་གདུང་རྒྱལ་སྲས་རྣམ་པ་དང་།

༧ངོར་ཆེན་རྒྱལ་བའི་རྒྱལ་བའི་ཚབ་༧ངོར་མཁན་ཞབས་རྣམ་པ་དང་དགེ་འདུན་འདུས་པ་རྒྱ་མཚོ་བཅས་སྟོན་འཁོར་རྡོ་གདན་མཆོད་རྟེན་ཆེན་མོའི་སྟོན་པ་རིན་པོ་ཆེ་མཆོད་མཇལ་དང་གསོལ་འདེབས་སྨོན་ལམ་སོགས་གནང་བ་དང་།   ཉིན་དེར་རྒྱལ་བ་ལྷ་ལས་བབ་པའི་དུས་ཆེན་དང་བསྟུན་བསྐལ་བཟང་གི་སངས་རྒྱས་སྟོང་རྩ་གཉིས་ཀྱིས་མངོན་པར་རྫོགས་པར་འཚང་རྒྱལ་བའི་གནས་མཆོག   

རྒྱ་གར་གྱི་ཡུལ་དབུས་མ་ག་དྷའི་གྲོང་ཁྱེར་གྱི་ལྷོ་ནུབ་མཚམས་སུ་ཡོད་པའི་གནས་མཆོག་རྡོ་རྗེ་གདན་དུ་༧སྐྱབས་མགོན་༧གོང་མ་ཡབ་སྲས་རྣམ་གཉིས་དབུ་བཞུགས་ཐོག་ངོར་ཁྲི་པ་རྣམ་གཉིས་དང་མཁན་སྤྲུལ་འདུས་པ་སོགས་ཀྱིས་དཔལ་ས་སྐྱའི་ཆོས་སྒར་ཆེན་མོའི་གཙུག་ལག་ཁང་གསར་བཞེངས་སྒོ་འབྱེད་ཀྱི་མཛད་སྒོ་དང་བསྟན་འགྲོའི་དོན་དུ་ཐུགས་སྨོན་ཟབ་རྒྱས་དང་བསྟན་པ་རྒྱས་ཆོག་གསུང་གནང་མཛད་འདུག 

ལྷ་བབ་དུས་ཆེན་གྱི་དེའི་སྔ་ཉིན་ལ་རབ་བྱུང་ ༡༧ ས་མོ་ཕག་ལོ་ ཟླ་བ་ ༩ ཚེས་ ༢༠ ཉིན་གནས་མཆོག་རྡོ་རྗེ་གདན་ངོར་ཨེ་ཝཾ་ཀླུ་ལྡིང་བླ་བྲང་དུ་སྐྱབས་ཀུན་འདུས་པའི་བདག་ཉིད་༸ངོར་ཨེ་ཝཾ་ཤར་ཆེན་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་གི་དབུས་༸གདུང་སྲས་རིན་པོ་ཆེ་དང་ངོར་གྱི་མཁན་ཞབས་རྣམ་པ་བཅས་སྟོན་འཁོར་ལྷན་རྒྱས་རིན་པོ་ཆེ་བཅས་ནས་བསྟན་སྲུང་དམ་ཅན་རྒྱ་མཚོར་བསྐང་གསོ་ཕྲིན་བཅོལ་མཛད་གནང་འདུག 

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*