ས་པཎ་མཁས་འཇུག་གི་རྩ་འགྲེལ་དེབ་གསར་འགྲེམས་སྤེལ།

ས་པཎ་མཁས་འཇུག་གི་རྩ་འགྲེལ་བསྡུ་བསྒྲིགས།

༧སྐྱབས་མཆོག་འཁོར་ལོའི་མགོན་པོ་ངོར་༧ཤར་ཆེན་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་འཇམ་དབྱངས་བསྟན་པའི་ཉི་མ་མཆོག་གི་སྐུའི་འཁྲུངས་སྐར་གྱ་དགུ་པ་དང་སྟབས་བསྟུན། འཕགས་ཡུལ་དཔལ་ས་སྐྱའི་གདན་ས་ཆེན་མོ་ངོར་ཨེ་ཝྃ་ཆོས་ལྡན་དུ་དཔལ་ས་སྐྱའི་ལྷ་སྡེ་མི་སྡེ་ཡོངས་ནས་བཀའ་དྲིན་རྗེས་དྲན་གྱི་བརྟན་བཞུགས་བསྟར་འབུལ་ཞུ་སྐབས། གུས་པ་གཉིས་ཀྱིས་བསྡུ་སྒྲིག་བྱས་པའི་<<ས་པཎ་མཁས་འཇུག་གི་རྩ་འགྲེལ་བསྡུ་བསྒྲིགས་>> ཞེས་པ། ས་པཎ་རིག་གནས་དཔེ་ཚོགས་དེབ་ཕྲེང་གཉིས་པ་དང་། གསུམ་པ་ཞེས་སྟོད་ཆ་དང་། སྨད་ཆ་འདི་གཉིས། ད་ལན་༧སྐྱབས་མཆོག་གང་ཉིད་ཀྱི་ཕྱག་ནས་དབུ་འབྱེད་རྟེན་འབྲེལ་མཛད་སྒོ་གནང་རྒྱུ་དང་། དགོན་སྡེ་དང་བཤད་གྲྭ། སློབ་གྲྭ་དང་དཔེ་མཛོད་། སློབ་གཉེར་བ་སོགས་ལ་རིན་མེད་ཆོས་སྦྱིན་དུ་འབུལ་རྒྱུ་ཡིན་པས་དགོས་མཁོ་མཆིས་ཚེ་སྤྱི་སྒེར་སུ་ཡིན་རུང་བསྡུ་སྒྲིག་པ་རྣམ་པ་གཉིས་ལ་འབྲེལ་གཏུག་གནང་རོགས།
མདོར་ན། དེབ་ཟུང་འདིས་གདོང་དམར་བོད་ཀྱི་སྐད་ཡིག་ལ་ཞབས་ཏོག་འགྲུབ་པ་དང་། ཆོས་རྗེའི་མཛད་ཕྲིན་མི་ནུབ་སྲིད་མཐའི་བར་དུ་བརྟན་པར་སྨོན་ནོ།།

འབྲེལ་ཡུལ་ཞལ་པར་ཨང་། 7876117259
སྐད་འཕྲིན། tashi9939

བསྡུ་སྒྲིག་པ། འདན་མའི་ལྷ་མདའ་དང་། (གསེར་སྨྱུག་)ངག་དབང་མཁས་གྲུབ་གཉིས་ཀྱིས་སྤྱི་ལོ་༢༠༡༩ ལོའི་ཟླ་༡༠ ཚེས་༢༥ ཉིན་ཕུལ།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

  1. གོང་དུ་༧ས་པཎ་གྱི་མཁས་འཇུག་རྩ་འགྲེལ་བསྡུ་བསྒྲིགས་ཕྱག་དཔེའི་སྟོད་ཆ་དེ་སླུ་ཡོན་གནང་གི་ཡོད་ན།་་་གུས་ལ་ཐོབ་ཐབས་རེ་སྐུལ་ཞུ་རྒྱུ་ཡིན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*