ས་ཆེན་སློབ་གྲྭར་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་ཆིབས་བསྒྱུར་གནང་འདུག

ཁ་རྩང་ཕྱི་ཟླ་ ༡༡ པའི་ཚེས་ ༧ དང་། བོད་ཟླ་ ༩ པའི་ཚེས་ ༡༠ སྐལ་བཟང་གི་ཉིན་མོ་འདིར། ས་གསུམ་འགྲོ་བའི་མགོན་པོ། རྒྱལ་བ་ཐམས་ཅད་ཀྱི་མཁྱེན་པའི་ངོ་བོའི་མི་ཡི་རང་གཟུགས་སུ་བྱོན་པ། བདག་ཅག་སྐྱེས་འགྲོ་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ། ངེས་པར་དོན་གྱི་དཔལ་ལྡན་བླ་མ་དམ་པ། ༧ སྐྱབས་མགོན་༧གོང་མ་༧ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་འདི་ག་ས་ཆེན་སློབ་གྲྭར་ཞབས་ཟུང་གསེར་གྱི་འཁོར་ལོ་མངོན་པར་བསྒྱུར་ཏེ། འདི་གའི་རྟེན་གསུམ་རྣམས་ལ་རབ་གནས་དང་། དགེ་སློབ་ཡོངས་ལ་བུ་གཅིག་པའི་མ་ལྟར་ཐུགས་བརྩེ་བ་ཆེན་པོས། སྒྲོལ་མ་ཉེར་གཅིག་གི་སྐུ་བསྟོད་དང་གང་བློ་མའི་ལྗགས་ལུང་། འདི་ཕྱི་གཉིས་ཕན་གྱི་བཀའ་སློབ་ལམ་སྟོན་ཟབ་མོ་སྩལ་གནང་བའི་བཀའ་དྲིན་ནི་འདི་གའི་དགེ་སློབ་ཡོངས་ལ་མཚོན་ན་སྟོང་གསུམ་གསེར་གྱིས་བསྐངས་ཡང་གཞལ་ཐབས་བྲལ་བའི་བཀའ་དྲིན་ཉག་ཅིག་ལགས་ན། འདི་གའི་དགེ་སློབ་ཡོངས་ནས་སོར་བཅུའི་འདབ་མ་སྙིང་གར་སྦྱར་ཏེ་བཀའ་དྲིན་བླ་ལྷག་ཏུ་ཆེ་ཆེ་ཞུའོ།།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*