ཀ་སོགས་སུམ་ཅུ་ལ་སྤེལ་བ།
༄༅། །ཨོཾ་སྭ་སྟི་སིདྡྷཾ། ན་མོ་མཉྫུ་གྷོ་ཥཱ་ཡ། ཀ་ལ་པིངྐའི་དབྱངས་ལྟར་སྙན་གསུང་གིས། །ཁ་ན་མ་ཐོའི་ཚོགས་འཇོམས་ཐར་པའི་གླིང༌། །ག་ལ་བ་དེར་གདུལ་བྱ་འདྲེན་མཛད་ཅིང༌། །ང་དང་ང་ཡིར་འཛིན་སྤངས་དེ་ལ་འདུད། །ཅ་ཅོ་རྩོད་དང་རྣམ་པར་གཡེང་བ་ཀུན། །ཆ་ཤས་ཀྱིས་ནི་རྣམ་པར་སྤང་བྱ་ཞིང༌། །ཇ་སོགས་ཀུན་ལའང་མ་ཆགས་ཟླ་བ་ནི། །ཉ་བ་ལྟ་བུར་ཞི་ཞིང་དེས་པ་བྱ། །ཏ་ལའི་སྡོང་པོ་ཀུན་ནས་རྒྱས་པ་ལྟར། །ཐ་དད་ཡོན་ཏན་ལོ་འདབ་དུ་མས་ཕྱུག དེ་ལས་མང་་་
