བདེ་མཆོག་ནག་པོ་པའི་དཀྱིལ་ཆོག་ལག་ཏུ་བླང་བའི་རིམ་པ།
༄༅། །ཨོཾ་སྭ་སྟི་སིདྡྷཾ། ཧེ་རུ་ཀ་དཔལ་བླ་ཆེན་གྱི། །ཞབས་ལ་དྭང་བས་བཏུད་བྱས་ནས། །བདེ་མཆོག་ཆོ་ག་བླ་མ་ཡིས། །མཛད་པའི་གསལ་བྱེད་བྲི་བར་བྱ། །ནག་པོ་པའི་དཀྱིལ་འཁོར་གྱི་ཆོ་གའི་ལག་ཏུ་བླང་བའི་རིམ་པ་རྗེ་བླ་མས་རས་བྲིས་ལ་བརྟེན་པའི་ཕྱོགས་ནི་སྔར་མཛད་ཟིན་ཏོ། །དེ་ལ་ཡང༌། སློབ་དཔོན་སྤྱོད་པ་བའི་བཞེད་པས་བསྙེན་པ་དང༌། དཀྱིལ་འཁོར་གྱི་སྤྱོད་པ་བདུན་དང༌། བརྟུལ་ཞུགས་ཀྱི་རིམ་པ་བཅུ་བཞི་སྟེ་གསུམ་དུ་འདུས་པ་ལས་བླ་མས་མཛད་པ་དེ་ལས་ དེ་ལས་མང་་་
