གསར་འགྱུར།

༧ སྐྱབས་མགོན་༧ གོང་མ་༧ ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་སྐུ་འཁོར་ལྷན་རྒྱས་བལ་ཡུལ་ཆིབས་བསྒྱུར་གནང་འདུག  

2023 ལོའི་ཟླ 9 ཚེས 25 ཉིན། གདོང་མཁན། 0

ཕྱི་ཟླ་ ༩ ཚེས་ ༢༣ ཉིན། ༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་བལ་ཡུལ་དུ་ཆིབས་བསྒྱུར་ཞབས་སོར་འཁོད་རྒྱུ།
༢༽ ཚེས་ ༢༥ དང༌། ༢༦ ཏེ་ཉིན་གཉིས་རིང་ཐར་ལམ་དགོན་པར་མཛད་ཕྲིན་སྐྱོང་གནང་རྒྱུ།ཀ ཕྱི་ཚེས་ ༢༥ ཉིན། ཐར་ལམ་དགོན་པར་ཞབས་སོར་འཁོད་དེ་སྔ་དྲོ་ཇོ་བོ་རྗེའི་ལུགས་ཀྱི་སྒྲོལ་མ་ལྗང་གུའི་རྗེས་གནང་དང་འཇམ་དབྱངས་དམར་སེར་གྱི་རྗེས་གནང་སྩོལ་གནང་མཛད་རྒྱུ། ། དེ་ལས་མང་་་

གསར་འགྱུར།

༧ དཔལ་ས་སྐྱ༧ གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་རྫོང་གསར་གཙུག་ལག་ཁང་དུ་ཆིབས་བསྒྱུར་བསྐྱངས་གནང་བ།

2023 ལོའི་ཟླ 9 ཚེས 25 ཉིན། གདོང་མཁན། 0

སྤྱི་ཚེས ༢༣་དུས་བཟང་ཁྱད་པར་ཅན་གྱི་ཉིན་མོར་རྗེ་བཙུན་འཇམ་དཔལ་དབྱངས་དངོས་མི་ཡི་གཟུགས་སུ་རྣམ་པར་རོལ་པ་དཔལ་བརྩེ་བ་ཆེན་པོའི་རིང་ལུགས་འཛིན་པ་ཡོངས་ཀྱི་ཁྱུ་མཆོག༸དཔལ་ས་སྐྱའི་༸སྐྱབས་མགོན་གོང་མ་ཁྲི་འཛིན་ཞེ་གསུམ་པ་ཛྙ་ན་བཛྲ་རིན་པོ་ཆེ་མཆོག་ལ་རིང་ནས་གསོལ་བ་བཏབ་པ་ལྟར་དེ་རིང་ས་གནས་འདི་གའི་ལྷ་སྡེ་མི་སྡེ་ཡོངས་ནས་ཕེབས་བསུ་ཤིན་ཏུ་རྒྱས་པ་དང་བཅས་འཕགས་ཡུལ་རྫོང་སར་བཤད་གྲྭར་ཞབས་སོར་བཀའ་དྲིན་བསྐྱངས་གནང་བ་དང་།  ཁ་རྩང་་ཡར་ངོའི་ཚེས་བཅུ་གུ་རུའི་དུས་ཆེན་ཉིན། ༸སྐྱབས་མགོན་གོང་མ་ཛྙ་ན་བཛྲ་རིན་པོ་ཆེ་མཆོག་གིས་འཕགས་ཡུལ་རྫོང་སར་བཤད་གྲྭར་དད་ལྡན་སྟོང་ཚོ་མང་པོ་ལ་རྡོ་རྗེ་ཕུར་པའི་བཀའ་དབང་བསྩལ་གནང་བ་དང་། དགོངས་དྲོར་ཆོས་ཀྱི་མཛད་པ་རྒྱ་ཆེན་པོ་བསྐྱངས་པའི་དགའ་སྟོན་དུ་ས་གནས་འདི་གའི་གཞིས་ཆགས་དང་སློབ་གྲྭ་རྣམས་ནས་གཞས་དང་ཞབས་བྲོའི་མཆོད་སྤྲིན་གནང་འདུག  ཀློག་གྲངས། 78

ངག་རྩོམ།

ས་སྐྱ་༸གོང་མ་རིན་པོ་ཆེའི་འཁྲུངས་སྐར་ལ་ཕུལ་བའི་ཤིས་ཚིག་ཅོ་གའི་གྲེ་གྱུར།

2023 ལོའི་ཟླ 9 ཚེས 17 ཉིན། གདོང་མཁན། 0

ལུམ་བིའི་ཚལ་ལས་ཅུང་ཟད་དམན་མ་གྱུར། །དཔལ་ལྡན་ས་སྐྱ་ཞེས་བྱའི་གནས་མཆོག་ཏུ། །རྨད་བྱུང་ངོ་མཚར་ཐུབ་པ་ཆེན་པོ་བཞིན། །འཁྲུངས་སོ་འཁོན་གྱི་རིགས་ལས་འཇམ་དཔལ་དབྱངས། ། དེ་ལས་མང་་་

ངག་རྩོམ།

༸གོང་བསྟོད་འཇམ་དབྱངས་དགྱེས་གླུ།

2023 ལོའི་ཟླ 9 ཚེས 17 ཉིན། གདོང་མཁན། 0

རབ་དཀར་གངས་རིའི་འོད་མདངས་འཕྲོ་བའི་འཇོ་སྒེག་ཉམས་ལྡན་ཟ་འོག་དར་གྱིས་བཀླུབས།།རབ་སྙན་དྲི་ཟའི་རྒྱུད་མང་དཀྲོལ་ཞིང་སྙན་པའི་ངག་ལ་དབང་འབྱོར་མཚོ་བྱུང་མ།།རབ་བསྔགས་འཁོན་གདུང་མཚན་མཆོག་གསུམ་ལྡན་རིགས་གསུམ་རྣམ་འཕྲུལ་གསེར་རིའི་ཕྲེང་བ་ལས།།རབ་དད་༧གོང་མ་ཁྲི་ཆེན་བསྟོད་ཕྱིར་ཚངས་སྲས་ལྷ་མོ་དེང་འདིར་གཤེགས་ཤིག་ཀྱེ།། དེ་ལས་མང་་་

ངག་རྩོམ།

༄༅། །ཕུར་པ་རྡོ་རྗེ་གཞོན་ནུའི་སྒྲུབ་མཆོད་ལེགས་བྲིས་མ།

2023 ལོའི་ཟླ 9 ཚེས 17 ཉིན། གདོང་མཁན། 0

དྲི་མེད་འཁོན་གདུང་དཀོན་མཆོག་རྒྱལ་པོ་དང་།།ཀུན་དགའ་སྙིང་པོ་ལ་སོགས་ས་སྐྱ་པའི།།ཡབ་ཆོས་ཕུར་པ་རྡོ་རྗེ་གཞོན་ནུ་འདིའི།།སྒྲུབ་མཆོད་ཆེན་མོ་ངོ་མཚར་དཔལ་གྱི་གཞི།། དེ་ལས་མང་་་

ངག་རྩོམ།

༸གོང་མ་རིན་པོ་ཆེའི་སྐུའི་འཁྲུངས་སྐར་བཟང་།

2023 ལོའི་ཟླ 9 ཚེས 17 ཉིན། གདོང་མཁན། 0

ས༵་སྟེང་རྒྱལ་བསྟན་ཡོངས་ཀྱི་མངའ་བདག་ཆེ།།སྐྱ༵་སེར་དབྱེར་མེད་འདི་ཕྱིའི་སྐྱབས་ཀྱི་མཆོག།གོ༵ང་ན་མེད་པའི་སངས་རྒྱས་ཉག་ཅིག་པུ།།མ༵་ཡུམ་གངས་རིའི་མགོན་གྱི་འཁྲུངས་སྐར་བཟང་།། དེ་ལས་མང་་་

ངག་རྩོམ།

༧ས་སྐྱ་གོང་མ་རིན་པོ་ཆེའི་བཀའ་དྲིན་རྗེས་དྲན་གྱི་གཏམ་བཞུགས་སོ།།

2023 ལོའི་ཟླ 9 ཚེས 16 ཉིན། གདོང་མཁན། 0

བདག་ཅག་གི་འདྲེན་མཆོག་དམ་པ་གང་ཉིད་ནི། སྔོན་བསྐལ་བ་དཔལ་གྱི་རྒྱན་ཞེས་བྱ་བའི་དུས་ན་དང་པོའི་སངས་རྒྱས་རྔ་སྒྲའི་རྒྱལ་པོ་ཞེས་བྱ་བའི་དྲུང་ནས་དམ་པའི་ཆོས་ཐོས་ཤིང་། དེ་རྗེས་བསྐལ་བ་མེ་ཏོག་བཀྲམ་པ་ཞེས་བྱ་བའི་ཚེ་ན་རྒྱལ་བ་ཟླ་བའི་འོད་ཟེར་གྱི་དྲུང་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་ཅིང་བྲམ་ཟེའི་རིགས་སུ་འཁྲུངས་པ་དང་། དེ་ནས་བསྐལ་བ་ལྷུན་གྲུབ་བཀོད་པ་རུ་སངས་རྒྱས་མཛེས་པའི་ཏོག་ཅེས་བྱ་བའི་སྤྱན་སྔར་རྒྱལ་རིགས་བློ་གྲོས་དང་ལྡན་པར་སྐྱེས་པ་དང་།སངས་རྒྱས་དྲི་མེད་གཙུག་ཏོར་རྒྱལ་པོ་ཞེས་བྱ་བའི་དྲུང་དུ་རྗེ་རིགས་སུ་སྐུ་འཁྲུངས་ཏེ་བསོད་ནམས་ཟད་མི་ཤེས་པ་བསགས་པ་དང་། སངས་རྒྱས་རྣམ་གཟིགས་ཀྱི་སྤྱན་སྔར་ཁྱིམ་བདག་དེ་ཝ་ན་ཞེས་བྱ་བ་དང་། བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པའི་སྤྱན་སྔར་ཁྱིམ་བདག་ཟླ་བ་བཟང་དང་། དེ་རྗེས་འཕགས་ཡུལ་གྲུབ་ཆེན་ནག་པོ་སྤྱོད་པ། ཨོ་རྒྱན་གྱི་ཡུལ་དུ་གྲུབ་ཆེན་ལྭ་བ་པ། གངས་ཅན་གྱི་ལྗོངས་སུ་ཆོས་བློན་བྷི་ཉྫ་དང་། སློབ་དཔོན་རིན་ཆེའི་སྤྱན་སྔར་མུ་ཏིག་བཙད་པོ། པདྨའི་གསུང་གི་བཀའ་བབ་ངན་ལམ་རྒྱལ་བ་མཆོག་དབྱངས། ཆོས་རྒྱལ་ཁྲི་རལ་བ་ཅན། རྒྱལ་བ་རྒོད་ཚང་པ་སོགས་སྣ་ཚོགས་སྤྲུལ་བའི་རོལ་གར་གྱིས་མཐའ་ཀླས་སྐྱེ་རྒུའི་དོན་འབའ་ཞིག་མཛད་པའི་ཚུལ་ནི་རེ་རེ་ནི་བརྗོད་པའི་ཡུལ་ལས་འདས་པ་དང་། སྐུ་ཚེ་འདིར་ཡང་གངས་ཅན་གྱི་འགྲོ་བ་གཙོ་བོར་གྱུར་པའི་འཛམ་གླིང་ཤར་ནུབ་ཀྱི་ དེ་ལས་མང་་་

ངག་རྩོམ།

དད་དབྱངས་པད་དཀར་ཆུན་པོ།

2023 ལོའི་ཟླ 9 ཚེས 16 ཉིན། གདོང་མཁན། 0

།ད་དབྱངས་པད་དཀར་ཆུན་པོ།སྙན་སྙན་རྒྱུད་མང་དཀྲོལ་བའི་ཚངས་སྲས་མ།།བསྟོད་བསྟོད་དད་དབྱངས་གྱེར་བའི་ནུས་མཐུ་ལས།།ཟབ་ཟབ་སྙན་པའི་ངག་ལ་དབང་འབྱོར་བའི།།སྨྲ་བའི་དངོས་གྲུབ་དེང་འདིར་བདག་ལ་སྩོལ།།ངག་ལ་དབང་ཕྱུག་དཔལ་ལྡན་ས་སྐྱ་པའི།།མཚན་མཆོག་གསུམ་གྱི་མཚན་སྙན་ཅོད་པན་འཆང་།།དྲི་མེད་འཁོན་གདུང་བསྟན་འགྲོའི་དཔལ་མགོན་དུ།།སྲིད་འདིར་གཟུགས་སྐུ་བཞད་པར་ཨེ་མ་རྨད།།སྙིགས་དུས་བསྟན་པའི་མངའ་བདག་ས་སྐྱ་པའི།།རྒྱལ་བསྟན་ཉིན་མོར་བྱེད་པའི་༸གོང་མ་མཆོག།ཀུན་མཁྱེན་བུ་རམ་ཤིང་པའི་རྒྱལ་ཚབ་ཏུ།།ལྔ་བདོའི་དུས་འདིར་བྱོན་པར་ཨེ་མ་རྨད།།
དེ་ལས་མང་་་

གསར་འགྱུར།

གློ་བོ་ཆོས་ལྡན་ཞིང་ས་ཞེས་ཕྱག་དཔེ་གསར་ཐོན།

2023 ལོའི་ཟླ 9 ཚེས 16 ཉིན། གདོང་མཁན། 0

དེ་རིང་སྐད་བཞི་སྨྲ་བའི་ལོ་ཙཱ་བ་མཁས་དབང་དགེན་བེ་རི་བྱམས་པ་བློ་གསལ་ལགས་ཀྱིས་མཛད་པའི་<< གློ་བོ་ཆོས་ལྡན་ཞིང་ས། >> ཞེས་པའི་ཡུལ་སྐོར་ཟིན་ཐོ་སྤར་བསྐྲུན་ཟིན་ནས་འགྲེམས་སྤེལ་གནང་འདུག མཁས་དབང་ཁོང་གིས་བརྩམས་གནང་བའི་ཕྱག་དཔེ་འདིས་བོད་དང་ཧི་མ་ལ་ཡི་ཆོས་རིག་ལ་སྨན་པའི་ དེ་ལས་མང་་་

ལོ་རྒྱུས།

༧ སྐྱབས་རྗེ་དཔེ་ཝར་སྤྲུལ་སྐུའི་མགུལ་གའུ་ནང་གི་གུ་རུའི་སྐུ་ཚབ།

2023 ལོའི་ཟླ 9 ཚེས 16 ཉིན། གདོང་མཁན། 0

ན་མོ་གུ་རུ་པདྨ་ཀ་རཱ་ཡེ།གུ་རུ་པད་འབྱུང་མཁྱེན་བརྩེའི་དབང་།།དབྱེར་མེད་གཅིག་བསྡུས་གུས་བཏུད་ནས།།དབང་གི་གུ་རུའི་སྐུ་ཚབ་ཀྱི།།བྱུང་ཚུལ་མདོར་བསྡུས་སྨྲ་ལ་སྤྲོ།།དེའང་དབང་གི་གུ་རུའི་སྐུ་ཚབ་ཚེ་དབང་རིག་འཛིན་ནི། དཔེ་ཝར་སྤྲུལ་སྐུ་རིན་པོ་ཆེ་འཆི་མེད་རྡོ་རྗེ་མཆོག་གིས་མགུལ་དུ་གསོལ་བའི་དངུལ་གྱི་གའུ་ནང་བཞུགས་པའི་སྐུ་འདིར་ཡིན་ལ། དེ་ལས་མང་་་

གསར་འགྱུར།

༧དཔལ་ས་སྐྱ་༧གོང་ཁྲི་ཆེན་མཆོག་གི་འཁྲུངས་སྐར་སྲུང་བརྩི་གནང་བ།

2023 ལོའི་ཟླ 9 ཚེས 15 ཉིན། གདོང་མཁན། 0

འཕགས་ཡུལ་བྱེས་ཀྱི་གདན་ས་ར་པུར་དཔལ་ས་སྐྱ་ཆོས་སྒར་དུ་དེ་རིང་བོད་ཟླ་ ༨ ཚེས་ ༡ ཉིན་བདག་ཅག་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ། འཛམ་གླིང་སྐྱེས་འགྲོ་ཡོངས་ཀྱི་མགོན་སྐྱབས། འཇིག་རྟེན་ཞི་བདེའི་དེད་དཔོན། རྡོར་འཛིན་བྱེ་བའི་གཙུག་རྒྱན། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་དཔལ་ས་སྐྱའི་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་ དེ་ལས་མང་་་

གསར་འགྱུར།

འཇམ་མགོན་དགྱེས་པའི་ཞལ་ལུང། དེབ་གསར།

2023 ལོའི་ཟླ 9 ཚེས 15 ཉིན། སྟག་ལྗོངས་འཆི་མེད། 0

འདི་འདྲའི་ཚད་ལྡན་གྱི་གཞུང་ཆ་ཚང་བ་བཀའ་ཁྲིད་དང་སྒྲ་ཕབ་ཐུབ་པ་དགོས་གལ་ཤིན་ཏུ་ཆེ་བ་སྨོས་ཅི་ཞིག་དགོས་ཏེ། ལེགས་བཤད་འདི་ལྟ་བུ་དག་གི་ཚིགས་བཅད་རེ་ཙམ་གྱི་དོན་གཞན་ལ་ངོ་སྤྲོད་ཐུབ་ན་ཡང་། ད་ལྟ་དང་མ་འོངས་པའི་མི་རིགས་འདིའི་ཆོས་རིག་གང་ཅིར་ཕན་པ་ཧ་ཅང་ཆེ་བས་སོ། །དེས་ན་དེབ་འདི་སུའི་ཕྱག་ཏུ་འབྱོར་རུང་། དགེ་བའི་བཤེས་གཉེན་བཟང་པོ་ཞིག་དང་འཕྲད་པ་ལྟ་བུའི་སྒོ་ནས་རང་གིས་ཀློག་ཅིང་གཞན་ལ་སྤེལ་བའི་ཐབས་སུ་ དེ་ལས་མང་་་

གསར་འགྱུར།

༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རིན་པོ་ཆེའི་འཁྲུངས་སྐར།

2023 ལོའི་ཟླ 9 ཚེས 15 ཉིན། སྟག་ལྗོངས་འཆི་མེད། 0

དེ་རིང་ནི་ལྷ་དང་བཅས་པའི་མ་འདྲེས་པའི་བཤེས་གཉེན་དམ་པ་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ ༧༩ པ་ཡིན། ཉིན་དེར་བྱེས་ཀྱི་གདན་ས་ས་སྐྱ་ཆོས་སྒར་གཙོ་བོར་གྱུར་པའི་འཛམ་གླིང་ས་ཕྱོགས་གང་སར་ཁོང་གི་རྗེས་འཇུག་པ་ཡོངས་ཀྱིས་སྐུ་བའི་འཁྲུངས་སྐར་བསུ་བཞིན་ཡོད། འདིར་རྒྱལ་ཡོང་ས་ཆེན་དྲ་བའི་རྩོམ་སྒྲིག་པ་ཚོས་ཀྱང་རིན་པོ་ཆེ་གང་ཉིད་སྐུ་ཚེ་མི་གཤིས་རྡོ་རྗེའི་རང་ཁམས་སུ་བརྟན་ཅིང་རླབས་ཆེན་འཕྲོན་ལས་ཀྱི་
དེ་ལས་མང་་་

གསུང་འཕྲིན།

༧ སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེས་ལོན་ཌིན་གཙུག་ལག་ཁང་ནས་ཕྱག་ཁྱེར་གནང་བའི་སྐབས་དུ་བསྩལ་བའི་གསུང་བཤད།

2023 ལོའི་ཟླ 9 ཚེས 9 ཉིན། གདོང་མཁན། 0

ང་ལ་གཟེངས་རྟགས་ལག་ཁྱེར་ཐོབ་དུས་ཕྱོགས་གཅིག་ནས་ཡིད་མ་ཆེས་པ་ལྟ་བུ་ཞིག་བྱུང་སོང་། སྤྱིར་བཏང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་འདོད་ཀྱི་བསམ་མནོ་རྒྱུན་དུ་ཡོད་མཁན་ཞིག་ཡིན་ནའང་། སྤྱི་ཚོགས་ལ་ད་བར་འདི་རེད་ཅེས་པའི་ཞབས་ཕྱི་ཞུ་ཐུབ་པ་གང་ཡང་བྱུང་ཡོད་མ་རེད། ཡིན་ནའང་(SOAS) འཛམ་གླིང་ཤར་ཕྱོགས་དང་ཨ་ཧྥི་རི་ཀའི་གཙུག་ལག་སློབ་གྲྭ་ཆེན་མོ་ཞེས་པ་འདི་ཡིས། ང་ལ་ཆེ་མཐོང་གི་གཟེངས་རྟགས་ལག་ཁྱེར་སྩལ་རྒྱུའི་དགོངས་པ་བཞེས་པ་ཙམ་ལའང་། གུས་འདུད་དང་བཅས་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་ཡིན། དེ་ལས་མང་་་

རྒྱུན་ཤེས།

སྐར་མ་རྀ་ཥྀ།

2023 ལོའི་ཟླ 9 ཚེས 8 ཉིན། གདོང་མཁན། 0

བོད་མེ་བྱ་ལོའི་ཟླ་བདུན་པའི་ཚེས་བཅོ་བརྒྱད་དང་སྤྱི་ཟླ་དགུ་པའི་ཚེས་དགུ་ཉིན་གྱི་ཐོ་རེངས་ལ་སྐར་མ་རྀ་ཥྀ་འཆར། དེ་ཡང་སྐར་མ་རྀ་ཥྀའམ་ཡོངས་གྲགས་སྐར་མ་རི་འདོར་ཞེས་པ་ནི། རྩིས་གཞུང་ལས་ནོར་བུ་ཀེ་ཏ་ཀ་ལས་གྲུབ་པའི་སྐར་ཁྱིམ་ཞིག་ཡིན་པར་གསུངས་པ་དང་། འདི་ཉིད་དུས་རགས་པར་སྟོན་ཟླ་འབྲིང་པོ་མོན་གྲུ་ཟླ་བའི་ཞག་བདུན་རིང་ཡན་ལག་བརྒྱད་ལྡན་གྱི་ཆར་བབས་པའི་དུས་སུ་འཆར་བས། འདིའི་ནུས་པས་རྩྭ་ཆུ་ཐམས་ཅད་སྨན་དང་བདུད་རྩིར་འགྱུར་ཏེ། སྐབས་འདིར་ཆུ་ལ་ཞུགས་ན་མི་གཙང་བའི་གྲིབ་དང་། དེ་ལས་མང་་་

1 2