གློ་བོ་ཆོས་ལྡན་ཞིང་ས་ཞེས་ཕྱག་དཔེ་གསར་ཐོན།

དེ་རིང་སྐད་བཞི་སྨྲ་བའི་ལོ་ཙཱ་བ་མཁས་དབང་དགེན་བེ་རི་བྱམས་པ་བློ་གསལ་ལགས་ཀྱིས་མཛད་པའི་<< གློ་བོ་ཆོས་ལྡན་ཞིང་ས། >> ཞེས་པའི་ཡུལ་སྐོར་ཟིན་ཐོ་སྤར་བསྐྲུན་ཟིན་ནས་འགྲེམས་སྤེལ་གནང་འདུག མཁས་དབང་ཁོང་གིས་བརྩམས་གནང་བའི་ཕྱག་དཔེ་འདིས་བོད་དང་ཧི་མ་ལ་ཡི་ཆོས་རིག་ལ་སྨན་པའི་བརྩམས་ཆོས་རིན་ཐང་ཅན་མང་པོ་ཡིག་འཇོག་ཐུབ་པའི་ཡིད་ཆེས་ཡོད། ཁོང་ནི་ངེས་པ་དོན་གྱི་སྙན་ངག་པ་དང་། སྒྱུ་རྩལ་བ། ལོ་ཙཱ་བ། རིན་མེད་ཐོག་ཡིག་སྒྱུར་དང་། གསུང་ཞབས་ལོ་མང་གབང་མྱོང་བའི་སྤྱི་ཚོགས་ཞབས་ཞུ་བ་ཞིག་ཡིན་ལར་མ་ཟད། མིག་སྔར་བལ་ཡུལ་ན་བཞུགས་པའི་བོད་མི་ཤེས་ཡོན་སྣ་འཛོམས་ཅན་འགའ་བཞུགས་པའི་ཁྲོད་ནས་འབུར་དུ་ཐོན་པའི་མཁས་དབང་གཅིག་ཡིན་འདུག

རྩོམ་པ་པོ་མཁས་དབང་བེ་རི་བྱམས་པ་བློ་གསལ།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*